CLOSE WINDOW

N3760: glang po rin po che la nor blang ba'i man ngag ces bya ba
Wyliee-texts based on the ACIP/ALL Input

རྗེས་སུ་འདྲང་བའི་གཏོར་མའི་ཆོ་ག་ཞེས་བྱ་བ། འགྲོ་བཟང་སྙིང་པོས་མཛད་པ་རྫོགས་ཤོ།། །།ཡིད་བཞིན་ནོར་བསྒྲུབ་གླད་ཆེན་བཅས་ཆོག་བཞུགས་སོ།། །།རྒྱ་གར་སྐད་དུ། ཧ་སྟི་རང་ན་དྷ་ནཾ་ཡེ་ཏི། ཨུ་པ་དྷེ་ཤ་ན་མ། བོད་སྐད་དུ། གླང་པོ་རིན ་པོ་ཆེ་ལ་ནོར་བླང་བའི་མན་ངག་ཅེས་བྱ་བ། དགོས་འདོད་མ་ལུས་འབྱུང་བའི་རིན་པོ་ཆེ། །རིན་ཆེན་བདུན་ལས་ཁྱད་པར་འཕགས། །གཏེར་མཛོད་ཁྱོད་ལ་ཕྱག་འཚལ་ལོ། །དབུལ་?་པོ་ཆེ་རིན་པོ་ཆེ་ནོར་སླང་བ་མན་ངག་བའི་ཅེས་བྱ་བ་སྡུག་བསྔལ་སེལ་འདོད ་ཅིང། །གང་ཞིག་ནོར་རྫས་སྡུབ་འདོད་པས། །གཏེར་མཛོད་འདི་ལ་འབད་པར་བྱ། །གླང་པོ་གཏེར་མཛོད་ཅེས་བྱ་བའི། །ནོར་སྒྲུབ་གང་ཞིག་བྱེད་འདོད་པས། །བསྲེག་ཐུབ་རྫས་བཟང་པོ་ལ། །རང་ན་སྣ་ལྔ་བདར་བྱས་ཏེ། །རྒྱ་གར་གླང་པོ་ཆེའི་གཟུགས།། ་ཉམ་ཕག་ཆོ་ཤིང་ལྟ་ན་མཛེས། །ཡན་ལག་ཐུང་ཤིང་གསུས་པ་ཆེ། །མགོ་ལ་ཡིད་བཞིན་ནོར་བུས་བརྒྱན། །མཁས་པས་ནང་དང་ལྡན་པར་བྱ། །དེ་ཉིད་མེ་ཡི་སྨིན་བྱ་སྟེ། །དེ་ཡི་ནང་དུ་གཞུག་པ་ནི། །སྔགས་དང་རྫས་སུ་ཤེས་པར་བྱ། །དང་པོ་སྔགས ་ཀྱི་མཚན་ཉིད་ནི། །གྲུབ་ན་གསེར་གྱི་བྲི་བར་བྱ། །མ་གྲུབ་རྒྱ་ཤོག་དཀར་པོ་ལ། །རྒྱ་སྣག་དག་གིས་བྲི་བར་བྱ། །དྲི་བཟང་ལྔ་ཡི་ཙ་ནན་བྱ། །དེ་ཡི་སྔགས་ནི་འདི་ལྟ་སྟེ། །ོཾ་མ་ཧ་ཧ་སྟི་རད་ན་སརྦ་སིདྷི་ཕ་ལ་ཧཱུཾ། རང་ན་པུ་ན་སིདྷི་སིདྷི་ཧཱུཾ། རིན་པོ་ཆེ ་གཏེར་གྱི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག་།དྷ་ནཾ་མེ་དྷི་ཏི་སིདྷི་ཧཱུཾ། ལ་རད་ན་བསལ་ནོར་ཟས་དང་ལོངས་སྤྱོད་ཀྱི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག་།ནན་ཁེད་དྷི་སིདྷི་སིདྷི་ཧཱུཾ། ཁ་རྦས་ཀྱི་མཆོག་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར ་གྱུར་ཅིག་།དྷ་ལ་ས་སྦོ་སིདྷི་སིདྷི་ཧཱུཾ་ཛ་ཛ། འཁོར་དང་ལོངས་སྤྱོད་ཀྱི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག་།བཀྲ་ཤིས་པར་གྱུར་ཅིག་།སདྱ་ཐE་དན། བི་ཛ་ཡེ་བི་ཛ་ཡེ་ཨུག་གེ་ཨུག་གེ་སྭསྟི་ཏྲ་པ་ཏི་ཨ་ཁུ་མེ། པྲ་ས་ར་དྷ། སྭདྷི། པྲ་ཧ་ཁ། མུ་ནེ་མུ་ནེ ་གུ་ར་ནེ་གུ་ར་ནེ། ཨ་ཁེ་མུ་ཁེ་མུ་ར་གེ་མ་ར་གེ། སྭ་སྟེ་གུར་ན་ཡཱ། སརྦ་པ་སྟི་བྲུཾ་བྲུཾ་བྲུཾ། སྭིསྟི་སྭིསྟི། མུ་ལེ་མུ་ལེ། ཀེ་ཤེ་ཀེ་ཤེ་།ཙུར་ན། བྷི་མ་ལེ་སྭཱཧཱ་།ོཾ་ཀཾ་ཀ་ར། ཀཾ་ཀ་ར། ནིར་གད་ཙ་ཏ་ནི། ནིར་གང་ཙ་ཏ་སྭཱསྟི། ཆེ་གེ་མོ་ཞེས་བགྱི ་བའི་ཁྱིམ་འདི་རུ། ཕོ་བྲང་རིན་པོ་ཆེའི་གཏེར་གྱི་གང་བར་གྱུར་ཅིག། འབྲུ་དང་ལོངས་སྤྱོད་ཀྱི་འཆར་འབབ་པར་གྱུར་ཅིག་།འཁོར་དང་ལོངས་སྤྱོད་སྤྲིན་ལྟར་འདུ་བར་གྱུར་ཅིག་།བུ་ཚ་དང་རིགས་རྒྱུད་ཐམས་ཅད་དར་ཤིང་རྒྱས་པར་གྱུར་ཅིག་། ་སྟན་པ་དང་གྲགས་པ་ནམ་མཁའ་དང་མཉམ་པར་གྱུར་ཅིག་།རྐྱེན་དང་བར་ཆད་ཉེ་བར་ཞི་བར་གྱུར་ཅིག་།ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཅིག། ཚེ་སྲོག་བྲག་པས་སྲ་བར་གྱུར་ཅིག་།ལོངས་སྤྱོད་འཕྲུལ་དགའ་ཨི་ལྷ་དང ་མཉམ་པར་གྱུར་ཅིག་།ཟས་ནོར་ཐམས་ཅད་འཕེལ་བར་གྱུར་ཅིག་།ཟས་ནོར་གྱི་དབྱིག་ཆེན་པོ་ཐོབ་པར་གྱུར་ཅིག་།མི་ནོར་ཟས་གསུམ་ཀྱི་ལུད་ཅིང་གང་བར་གྱུར་ཅིག་།འབྲུའི་བང་བ་ཐམས་ཅད་ཀྱང་ཏིལ་གྱི་གའུ ་བཞིན་དུ་གང་ཞིང་འཕེལ་བར་གྱུར་ཅིག་།འཐོར་བ་ཐམས་ཅད་སྡུད་ཅིག་།ཉམས་པ་ཐམས་ཅད་སོས་ཅིག་།ཟད་པ་ཐམས་ཅད་སྣོན་ཅིག་།དམའ་བ་ཐམས་ཅད་ཁོང་ཅིག། ཁེངས་པ་ཐམས་ཅད་སླུད་ཅིག་།དམུ་ཡང་ཀྱི་ཞིག་ཆེན་པོ་ཕོང་ཅིག ་བདེ་ལེགས་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག་།དེ་ནས་རྒྱ་ཤོག་དཀར་པོ་ལ། །རིན་ཆེན་སྣ་བདུན་བྲིས་བྱས་ལ། །རང་རང་རྒྱབ་དུ་སྔགས་འདི་བྲི། །ོཾ་ཙཀྲ་བདན?་ཕ་ལ། སིབྷི་ཧཱུཾ། ཨོཾ་མཧཱ་རད་ན་ཕ་ལ་སྭཏི་ཧཱུཾ། ཨོཾ་བྷི་ཧི་རད་ན་པ་ལ་སྭི་ཏི་ཧཱུཾ། ་ཨོཾ་མཧཱ་རད་ན་ཕ་ལ་སི་ཏི་ཧཱུཾ། ཨོཾ་ཧ་ཏི་རད་ན། ཕ་ལ་སི་ཏི་ཧཱུཾ། ཨོཾ་དྷ་ན་ར་ག་མ་ཤ་རད་ན་སི་ཏི་ཕ་ལ་ཧཱུཾ། ཨོཾ་གྷ་ཏི་རད་ན་ཕ་ལ་སི་ཏི་ཕ་ལ་ཧཱུཾ། གཞན་འཁོར་ལོ་རིན་པོ་ཆེ་ཡང་རྒྱ་ཤོག་བོར་བུ་རིན་པོ་ཆེ། དཀར་པོ་ལ། །བཙུན་མོ་རིན་པོ་ཆེ་བཀྲ་ཤིས་རྫས ་བློན་པོ་རིན་པོ་ཆེ་བརྒྱད་ཚང་བར་བྲི། ?་དེ་ནས་གླང་ཆེན་ཁོག་པར་གཞུག། རྟ་མཆོག་རིན་པོ་ཆེ་གཉིས་པ་རྫས་ཀྱི་རིམ་པ་ནི། །བྲེ་དམག་དཔོན་རིན་པོ་ཆེ་སྲད་དགུའི་བྲེག་པ་དང། །ཕྱུག་པོ་དགུའི་ཞིང་ས་ཁང་ས་དང། །འཕན་པོ་དགུའི་ཞིངས་ཁངས་དང། །གསེར་དངུལ ་ཟངས་ལྕགས་དུད་དང་མི། །མན་ཤེལ་བྱི་རུ་མུ་ཏིག་དང། །འབྲུ་སྣ་ལྔ་དང་དང་ཟབ་དང། །ཟས་སྣ་མང་པོ་དག་དང་ནི། །དཀར་གསུམ་ཕྱུག་པོ་རིན་པོ་ཆེའི་སྤྱི་བྲེ་སྤྱི་སྲང་དང་དྭང་ནི་མངར་སུམ་ཆེན་པོའི་གསུམ་མི་?་དང། །མཛོ་དང་དྲེའུ་མ་གཏོགས་པ། །ཕྱུག ་མ་ཟལ?་ཕྱགས་དགུ་མི་སྤུ། །རྟ་དང་ར་ལུག་བཟང་པོའི་གྲོ་ཏིལ་དཀར་ནག་སྤུ། །འབྲི་གཡས་གཉིས་བཟང་བགྱི་སྤུ་དང་ནི། །འོ་མ་དང་མར་བཟང་དྲུག་སྨན་དང་མེ་ཏོག་དང། །?་བུ་ནམ་སྦྲང་ཕྱུག་པོ་བདུན་གྱི་ནས་འབྲུ་དང། །བཀྲ་ཤིས་འཛོམ་པའི་ནོར་རྫས་དང།། ་མ་ལུས་གླང་ཆེན་ཁོག་པར་གཞུག་།རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད། །བཟླས་ལ་གོང་གི་རྫས་ལ་གདབ། །དེ་ནས་ཞབས་སྡོམ་ལེགས་པར་བྱ། །སུམ་ཅུ་རྩ་གསུཾ་ལྷ་ཡུལ་ནས། །དགོས་འདོད་མ་ལུས་འབྱུང་བ་ཡི། །གླང་པོ་རིན་ཆེན་སྤྱན་དྲངས་ལ། །དེ་ལ ་གཉིས་སུ་མེད་པར་བསྟིམ། །བསྟིམ་པའི་རྫའི་གླང་པོ་དེ། །གླང་པོ་རིན་ཆེན་ཉིད་དུ་འགྱུར། །གྱུར་པའི་བདག་གི་འདོད་པ་ཀུན། །གླང་པོ་དེ་ལས་འབྱུང་བར་ཏིང་འཛིན་གྱི་སྤྱན་དྲངས་བསམ། །དགོས་འདོད་ཀུན་འབྱུང་འབྱུང་བ་དེ། །རང་ཧ་ཧི་འདོན?་སམ་ཡ་ཧཱུཾ་?་ཞེས་པ་འོད་ཟེར་? ་ལྟ་བུ་གི་མཛོད་དམ་ཕུགས་སུ་གཞུག་།ནས་ཚུགས་སམ་ནི་བང་མཛོད་དུ། །བཞག་པའི་ཐབས་ནི་འདི་ལྟར་ཏེ། །དར་སྣ་ལྔའི་སྣ་ནས་གདག་།སེང་ལྡེང་ཕུར་པ་སོར་བཞི་ལ། །གླང་པོ་རིན་ཆེན་བསྟོད་ལ་བཞག་།དེ་ལ་རབ་གནས་གོང་ལྟར་བྱ། །འབྲང་རྒྱས ་བྱས་ལ་བཀྲ་ཤིས་གསོལ། །དེ་ཚེ་བཞག་ཟེར་དེའི་ཉིན་པར་ལ། །ནས་གྱི་ཁེངས་བའི་བང་བ་གཞུག་ནོར་རྫས་གཏེར་བ་བྱུང་གྱུར་ན། །ཤིན་ཏུ་རྟེན་འབྲེལ་བཟང་བས་ན། །དངོས་གྲུབ་ཆེན་པོ་འབྱུང་བའི་རྟགས། །དེ་ནས་རྫའི་གླང་པོ་དེ། །མི་ཡིས་མཐོང་ཡི་དྷརྨ་དང་ཏིང་འཛིན་གལ་ཆེ་བར་མི་བྱ ་ཞིང། འགོམ་ཤིང་ཐོ་ཡུགས་མི་བཏང་བར། །ཤིན་ཏུ་ཅེས་བཀྲས་གླང་པོའི་རྩ་གཞི་དང་རབ་གནས་བྱེད་ཙན་ལྡན་པར་བྱ། །མི་ལག་འབྲིམ་པར་མི་བྱའོ། །དེ་རང་ལྟར་བྱས་པའི་ཡོན་ཏན་ནི། །བདག་ཉིད་ཤིན་ཏུ་དབང་ཕྱུག་ཅིང། །ལོངས་སྤྱོད་འཕྲུལ་དགའ་ཨི་ལྷ་དང་མཉམ ་ཅི་བསམ་ལྷུན་གྱིས་འགྲུབ་པར་འགྱུར། །སེམས་ཅན་ཀུན་གྱི་སྨོན་པར་འགྱུར། །ནོར་ཟས་སྤྲིན་ལྟར་འདུ་བར་འགྱུར། །མི་རྒྱུད་ནགས་ཚལ་བཞིན་དུ་རྒྱས། །ནད་དང་གདོན་ལས་གྲོལ་འགྱུར་ཏེ། །བདེ་ལེགས་ཕུན་སུམ་ཚོགས་པར་འགྱུར། །མདོར་ན་ཡོན་ཏན ་མ་ལུས་ཀུན། །གླང་པོ་རིན་ཆེན་ཉིད་དང་མཚུངས། །དེ་ཕྱིར་འདི་ལ་འབད་པར་བྱ། །འདི་ལས་དགོས་འདོད་ཐམས་ཅད་འབྱུང། །གླང་པོ་རིན་པོ་ཆེའི་ནོར་གྱི་ཆར་འབེབས་པ་ཞེས་བྱ་བ། ཟས་ནོར་ལོངས་སྤྱོད་ཚེ་དང་བསོད་ནམས་ཐམས་ཅད་སྤྲིན་ལྟར་བསྡུད་པའི ་མན་ངག་།འབྱོར་པ་སྨུ་ཡང་གཏེར་དང་སྤྲོད་པའི་གདམ་དག། ཤིན་ཏུ་ཟབ་པའོ། །སྔགས་ཀྱི་མཆོད། །ོཾ་མ་ཧཱ་ཧཱ་སྟེ་རང་ན་སརྦ་སིདྷི་ཕ་ལ་བཤད་ཀུ་རུ་ཧཱུཾ་ཧཱུཾ། ཅེས་ཤོག་བུ་ལ་མང་དུ་བྲིས་ལ། །གླང་པོ་ཆེའི་ནང ་དུ་གཞུག་གོ། བདག་འཆང་བ་པོའི་ལོངས་སྤྱོད་དང། །འབྱོར་པ་ཐམས་ཅད་སྤེལ་ཅིག་བྱའོ། །འཕགས་པ་ཀླུ་གྲུབ་ཀྱིས་མཛད་བའོ།། །།བླ་མ་གསེར་གླིང་པས་མཛད་པའི་ཚིགས་བདག་གི་སྒྲུབ་ཐབས་ལགས་སོ། །རྒྱ་གར་སྐད་དུ། །ག་ཎ་པ་ཏི་པ་ཏྲ་མ་ཧཱ་སཱ་དྷ་ནཱ་མ། ་