CLOSE WINDOW

N3759: rnam thos sras rjes su 'brang ba'i gtor ma'i cho ga zhes bya ba
Wyliee-texts based on the ACIP/ALL Input

རྣམ་སྲས་ཀྱི་རྗེས་སུ་འབྲང་བའི་གཏོར་མའི་ཆོ་ག་བཞུགས་སོ།། །།རྒྱ་གར་སྐད་དུ། བྷཻ་ཤྲ་པ་ཨ་ནུ་ཛཱ་པ་བྷི་ཏི་བྷ་ལི་ན་མ། བོད་སྐད་དུ། རྣམ་ཐོས་སྲས་རྗེས་སུ་འབྲང་བའི་གཏོར་མའི་ཆོ་ག་ཞེས་བྱ་བ ་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ། །ས་གསུམ་མགོན་པོ་འགྲོ་བ་ཀུན་གྱི་སྐྱབས། །གདུག་པ་འདུལ་མཛད་བཅོམ་ལྡན་གོས་སྔོན་ཅན། ནམ་མཁའ་མཛོད་ཀྱི་གཏེར་འཆང་གནོད་སྦྱིན་ཀུན ་གྱི་རྗེ། །གང་གིས་མཚན་ཐོས་སྐྱོབ་མཛད་ལྷའི་རྒྱལ་པོ་ཕྱག་འཚལ་ནས། །དེ་མཉེས་བྱ་ཕྱིར་གཏོར་མའི་རྗེས་བཟུང་ནས། །རྗེས་སུ་འབྲངས་པའི་ཆོ་ག་བཤད་པར་བྱ། །ཁྲོ་རྒྱལ་གོས་སྔོན་རྣལ་འབྱོར་པས། །ཡི་གེ་བཅོ་ལྔའི་སྙིང་པོ་ལ། །བྱ་བ་ལྔ ་འབུམ་སྔོན་སོང་ནས། །སྔོན་དུ་འགྲོ་དང་བྱིན་རླབས་སོགས། །གཏོར་མའི་ཆོ་ག་སྔར་བསྟན་བཞིན། །སྒྲུབ་པ་པོས་ནི་འདིར་ཤེས་བྱ། །དེ་ནས་མདུན་དུ་བྲུཾ་ལས་ནི། །གཞལ་ཡས་ཁང་གི་ནད་ཉིད་དབུས། །པཾ་ལས་པད་མ་འདབ་བརྒྱད་བསམ། ། ་ལྟེ་བར་བཅོམ་ལྡན་གོས་སྔོན་དང། །བཀའ་སྡོང་རྒྱལ་པོ་རྣམ་ཐོས་སྲས། །ས་བོན་གཉིས་ལས་ཡང་དག་སྐྱེད། །དེའི་ཕྱི་རོལ་འདབ་བརྒྱད་དང། །ཉི་ཤུ་རྩ་བརྒྱད་སུམ་ཅུ་གཉིས། །ས་བོན་གནས་ལས་དེ་རྣམས་དབྱུང། །འདབ་བརྒྱད་གནོད་སྦྱིན ་གོང་རས་ཀླུ། །ཕྱི་རོལ་ཉི་ཤུ་རྩ་བརྒྱད་ལ། །སྡེ་དཔོན་ཉི་ཤུ་རྩ་བརྒྱད་བསྐྱེད། །དེའི་ཕྱི་རོལ་འདབ་མ་ལ། །སྟོབས་ཆེན་སུམ་ཅུ་སོ་གཉིས་སྒྱེད། །གཞན་ཡང་ཀླུ་དང་གནོད་སྦྱིན་རྣམས། །བྱེ་བ་འབུམ་འཕྲག་འཁོར་བཅས་བསམ། །དེ་ནས ་རང་གི་སྙིང་ག་ཡི། །ས་བོན་ཧཱུཾ་གི་འོད་ཟེར་གྱིས། །བཅོམ་ལྡན་རྡོ་རྗེ་གོས་སྔོན་དང། །རྒྱལ་ཆེན་འཁོར་བཅས་སྤྱན་དྲང་བྱ། །ཧཱུཾ་རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ནས། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །རིན་ཆེན་འབར་བའི་གཞལ་ཡས་ནས། །པདྨ་མཛེས ་པའི་གདན་སྟེངས་ནས། །ཀླུ་བརྒྱད་ལུས་སྣོལ་ཉི་ཟླའི་གདན། །ཁྲོ་བོའི་རྒྱལ་པོ་སྐུ་བཞེངས་ཅིབ?། །སྐུ་ལ་ཡེ་ཤེས་འོད་འཕྲོ་བས། །བསྐལ་པའི་མེ་དཔུང་ཆེན་པོ་འབར། །བཅོམ་ལྡན་གསང་བདག་གོས་སྔོན་ཅན། །རྣལ་འབྱོར་སྤྲུལ་པའི་གཞལ ་ཡས་འདིང། །གདུག་པ་སྣོལ་བའི་གདན་སྟེངས་སུ། །འཕྲིན་ལས་མཛད་ཕྱིར་གཤེགས་སུ་གསོལ། །འོཾ་ནི་ལམ་བྷ་ར་དྷ་ར་བཛྲ་པ་ནི། །ས་མ་ཡ་ཛ:ཧཱུཾ་བཾ་ཧོ:། དགུག་གཞུག་བཅིང་དང་དགེས་པར་བྱ། །དེ་རྗེས་དབང་བསྐུར་བྱིན་གྱིས་རླབས། །དེ་ནས ་རྒྱལ་པོ་སྤྱན་དྲང་སྟེ། །ཧཱུཾ་རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ནས། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །རིན་ཆེན་སྤུངས་པའི་གཞལ་ཡས་ནས། །ཁྲོ་རྒྱལ་གསང་བདག་སྤྱན་སྔ་ནས། །དཔལ་ལྡན་རྒྱལ་ཆེན་རྣམ་ཐོས་སྲས། །བཙུན་མོ་སྲས་དང་བློན་པོར་བཅས། །བྱེ? ་བ་འབུམ་ཕྲག་འཁོར་བཅས་རྣམས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །སངས་རྒྱས་བསྟན་པ་བསྤུང?་བ་དང། །སེམས་ཅན་ཀུན་ལ་སྨན་སླད་དུ། །བྱང་ཕྱོགས་གནས་ན་བཞུགས་པ་རྣམས། །ཡིད་བཞིན་སྒྲུལ་པའི་གཞལ་ཡས་འདིར། །འཕྲིན་ལས ་མཛད་ཕྱིར་གཤེགས་སུ་གསོལ། །འོཾ་བྷཻ་ཤ་རཱ་མན་ཡེ་ས་པ་རི་བ་རཱ། བཛྲ་ས་མ་ཡ་ཛ་ཛ། ཛ:ཧཱུཾ་བཾ་ཧོ:། བརྡའ་རྒྱུད་ཕྱག་རྒྱ་བཅས་ནས་ནི། །བྷཻ་ཡིག་སུམ་ཅུ་རྩ་བདུན་སྲིད། །སྙོད་སྙིང་འདོད་དང་མགོ་སྤྲིང་དང། །རང་རང་སྔགས་ཀྱིས་མཆོད་པ་དབུལ། ། ་དགུག་གཞུག་དབང་བསྐུར་བྱིན་རླབས་བཟླས། །འོཾ་ནི་ལམ་བྷ་ར་དྷ་ར་བཛྲ་པ་ནི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨའོཾ་བྷཻ་ཤྲ་མ་ན་ཡེ་སྭཱཧཱ། ཨའོཾ་ཛཾ་བ་པ་ཛཱ་དྷ་ཡ་སྭཱཧཱ། ཨའོཾ་པུ་རྣ་བྷ་ཀྲ་ཡེ་སྭཱཧཱ། ཨའོཾ་མ་ནི་བྷ་ཏྲ་ཡེ་སྭཱཧཱ། ཨའོཾ་ཀུ་བེ་ར་ཡེ་སྭཱཧཱ། ཨའོཾ་ས་མ་པྲ་ཛ་ན་ཡེ་སྭཱཧཱ། ཨའོཾ་གུ་ཧ་སྟ་ན ་ཡེ་སྭཱཧཱ། ཨའོཾ་པན་ཛི་ཏ་ཡེ་སྭཱཧཱ། ཨའོཾ་པི་ཙི་ཀུན་དྷ་ལི་ཡེ་སྭཱཧཱ། །སརྦ་ཡག་ཀྵ། ནག་།རྒྷཾ། དུ་པ། པུས་པཾ། དིའི?་གན་དྷཾ། ནི་པེ་ཏེ། ཤཔཏ། ཨོཾ་ཨཾ་ཧཱུཾ། ཨི་དཾ་བྷ་ལི་གྷྲི་ཧན་དུ། ས་མ་ཡ་རཀྵ་དུ། མ་མ་སིདྡྷི། མེ་པྲ་ཡད་ཙ། སརྦ་ཀརྨ། སྭ་ཏ་ཨ་མོ་ཀ། ་སྭཱཧཱ། །རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད། །བཟའ་བཏུད་ལོངས་སྤྱོད་ཇི་སྙེད་ཀུན། །ཚོགས་མཆོད་རྒྱ་ཆེན་དབུལ་བར་བྱ། །རྟ་དང་གླང་པོ་ཁང་བཟངས་དང། །གསེར་དངུལ་ལ་སོགས་ནོར་གྱི་དབྱིག་།ཕྱི་ནང་གསང་གསུམ་རྟེན་རྣམས་ཀྱང། །མགོན ་པོ་འཁོར་དང་བཅས་ལ་དབུལ། །ནེ་ར་དྷ་ན་ཛ་ན་སྲེག་པ་རླབ། །ལིང་ཁ་བཅས་པ་དགུག་གཞུག་བྱ། །ཕུར་པས་གདབ་ཅིང་མཚོན་གྱིས་བཅང། །དེ་ནས་བཀའ་སྒོ་འཕྲིན་ལས་བཅོལ།། །། ་ཧཱུཾ་བཞེངས་ཅིག་བཞེངས་ཅིག་སྐུ་བཞེངས་ཅིག་།རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ནས། །གནམ་ལྕགས་འབར་བའི་གཞལ་ཡས་ཁང། །དྲེགས་པ་སྣོལ་བའི་གདན་སྟེངས་ནས། །བཅོམ་ལྡན་ཁྲོ་རྒྱལ་གོས་སྔོན་ཅན། །མི་བཟད་དྲག་པོ་སྐུ་བཞེངས ་ཅིག་།ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་ཀྱིས་དམ་ཉམས་དགྲ་བགེགས་འབྱུང་པའི་ཚོགས། །དབང་སྡུད་རྡུལ་དུ་བརླག་པའི་ཕྱིར། །བྱེད་ཀྱི་ཕྲིན་ལས་དུས་ལ་བབ། །ཕྱོགས་བཅུ་ཀུན་ཏུ་ཁྱབ་བྱེད་པའི། །སྤྲུལ་པ་དྲག་པོ་འགྱེད་མཛད་པ། །ཁམས ་གསུམ་ཟ་བྱེད་རྔམ་པའི་ཧཱུཾ་སྒྲ་ཅན། །ཤིན་ཏུ་མི་བཟང་ཁྲོ་ཆེན་འཇིགས་པའི་སྐུ་ལ་ཡེ་ཤེས་འོད་འབར་བས། །བསྐལ་པའི་མེ་འབར་ལམ་སེལ་མས། །གདུག་པའི་དགྲ་བགེགས་མ་ལུས་འདུལ་མཛད་པའི། །ཞབས་བརྒྱད་བརྐྱང་བསྐུམ་ཁྲོ་བོའི ་ཚུལ་དུ་བཞུགས། །དྲེགས་པ་སྟོབས་ཆེན་མ་ལུས་གདན་དུ་མཛད། །རིགས་དྲུག་སེམས་ཅན་ཕྱོགས་སྐྱོང་བཅུ། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །ཁྲོ་བཅུ་འབར་པའི་གདན་སྟེངས་ན། །ཀླུ་ཆེན་བརྒྱད་ཀྱི་ལུས་བསྣོལ་ནས། །པད་མ་ཉི་ཟླ་འབར ་བའི་དབུས། །བཅོམ་ལྡན་སྐུའི་ཆ་ལུགས་བསྟན་པ་ནི། །ཤིན་ཏུ་མི་བཟད་ཁྲོ་པོ་འཇིགས་པའི་སྐུ། །དགྲ་བགེགས་འདུལ་མཛད་ཕྱག་མཚན་སྣ་ཚོགས་བསྣམས། །གཡས་ཀྱི་ཕྱག་བརྒྱད་འབར་བ་ན། །གསོད་ཅིང་སྒྲོལ་བའི་ཕྱག་ཅ་ནི། །རྡོ་རྗེ ་དབྱུག་ཐོ་གླང་ཆེན་མཆེ། །ཉི་མའི་འཁོར་ལོ་ལྕགས་ཀྱུ་དང། །སྡོམ་ཞིང་འཛིན་པའི་ཕྱག་རྒྱ་སྟེ། །ཞགས་པ་གསལ་ཤིང་གྲིལ་ཆེན་དང། །བྱ་ཁྱུང་འཕན་དང་རྒྱལ་མཚན་བསྣམས། །ཞལ་བཞི་ཤིན་ཏུ་ཁྲོས་པ་ནི། །འཕྲིན་ལས་རྣམ་བཞི ་རྫོགས་པར་མཛད། །རྣམ་ཐར་སྒོ་གསུམ་མཚོན་པའི་ཕྱིར། །ཞལ་གསུམ། ཁྲོ་རྒྱལ་རྔམ་པའི་ཞལ། །ཆོས་ཉིད་མི་འགྱུར་སྟེང་ཞལ་གནག་།རལ་པ་དམར་སེར་གྱེན་དུ་འབར། །མི་བསྐྱོད་རིགས་ཀྱི་བདག་པོར་བཞུགས། །གདུག་པ་འབར་བ ་ཐོད་དུ་བཅིངས། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཕྱིར། །རྩེ་གསུམ་འབར་བས་དབུལ་བརྒྱན། །སྨིན་མ་དམར་སེར་གྱེན་དུ་འབར། །སྟོབས་ཆེན་མ་ལུས་ཀུན་འདུལ་བས། །སྨ་ར་ཨག་ཚོམ་དམར་སེར་རྩུག?་།གདུག་པའི་དགྲ་བགེགས་འཇོམS ་པའི་ཕྱིར། །ཞེ་སྡང་ཆེན་པོ་འཁྲུགས་པའི་རྟགས། །སྤྱན་རྩ་མེ་ལྟར་འབར་བ་ཡིས། །འགྲོ་དྲུག་ཐུགས་རྗེས་གཟིགས་པའི་རྟགས། །སྤྱན་གསུམ་སྡང་དམིགས་བགྲང་པ་ཡིས། །སྲིད་གསུམ་ཟིལ་གྱིས་གནོན་པའི་རྟགས། །ཁྲོ་གཉེར་དཔྲལ་བར ་བསྡུས་པ་ནི། །དྲེགས་པ་ཆེན་པོས་འདུལ་བའི་རྟགས། །ཤངས་ནས་རྡོ་རྗེའི་རླུང་ནག་འཚུབས་པ་ནི། །སྟོང་གསུམ་ལོག་འདྲན་ཐམས་ཅད་འཐོར་བའི་རྟགས། །ལྗགས་ནི་གློག་དམར་འཁྱུག་པ་ཡིས། །ཞལ་ནས་སྔགས་རྒོད་དྲག་པོ་འདོན་པའི་རྟགས། ། ་དབུགས་འགྱུ་མེ་ལྟར་འབར་བ་ནི། །འཁོར་བའི་བག་ཆགས་སྲེག་པའི་རྟགས། །འཇིགས་པའི་ཡ་སོས་མ་མཆུ་མནན་པ་ནི། །ཁམས་གསུམ་དྲེགས་པ་དབང་དུ་སྡུད་པའི་རྟགས། ། ལ་ལ་ཡི་གང་རྒྱངས་སྒྲོག་པ་ནི། །ལོག་འདྲེན་བདུད་སོགས ་རེངས་པར་མཛད་པའི་རྟགས། །མཐིང་ནག་ཞལ་དུ་སྤྲུལ་ནག་གསོལ་བ་ནི། །ལོག་འདྲེན་གདོན་གསུམ་ཞལ་དུ་གསོལ་བའི་རྟགས། །ཤིན་ཏུ་འཇིགས་པའི་ཁྲོ་མཆོག་སྐུ་ཉིད་ལ། །ཀླུ་རིགས་སྤྲུལ་བརྒྱད་སྐུ་ལ་བརྒྱན་པ་ནི། །རིགས ་བཞིའི་ཀླུ་རྣམས་དབང་དུ་སྡུད་བའི་རྟགས། །རབ་འཇིགས་སྟག་གིས་སྐུ་སྨད་དཀྲིས་བ་ནི། །ཞེ་སྔ་བ་སྲིན་པོ་དབང་དུ་སྡུད་པའི་རྟགས། །དར་ཁ་སྔོན་པོས་སྟོང་གཡོགས་བྱས་པ་ནི། །རྡོ་རྗེ་རིགས་ཀྱི་ཁྲོ་བོར་བཞུགས་པའི་རྟགས། ། ་ཤིན་ཏུ་མི་སྡུག་གཤིན་རྗེའི་ཆ་བྱང་ཅན། །བསྐལ་པའི་མེ་དཔུང་ནང་ན་དྲེགS་ཤིང་འབྱིང། །དབང་པོ་ཉི་མ་འཕྲག་པ་འཁུར་བ་ནི། །ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས་པའི་རྟགས། །ཞབས་བརྒྱད་རྡོ་རྗེའི་གཞི་ལ་བཏམས ་པ་ཡིས། །སྤྲུལ་པའི་ཕོ་ཉ་ཕྱོགས་བཅུར་འགྱེད་པའི་རྟགས། །བཅོམ་ལྡན་སྐུ་ཡི་ཆ་སྟོད་ནས། །ཁྱུད་དང་ཁྲ་འུག་འོལ་བ་དང། །ཤང་ཤང་དུར་བྱ་ཀང་ཀའི་ཚོགས། །ནམ་མཁའ་ལྡིང་གི་ཚོགས་ཆེན་འཕྲོ། །གནམ་ལྕགས་འབར་བའི་མཆུ་སྔར ་གྱིས། །གདུག་པའི་དགྲ་བགེགས་སྙིང་ནས་འཛིན། །ཁྲོ་རྒྱལ་ཐུགས་དང་སྐྱེད་པ་ལས། །རྡོ་རྗེ་འབྱུང་ཐོ་བཏུན་ཤིང་ཐོགས། །འཁོར་ལོ་རྩེ་གསུམ་བསྣམས་མཛད་པའི། །ཁྲོ་བོ་ཁྲོ་མོའི་ཚོགས་སུ་འཕྲོ། །དམ་ལས་འདའ་བྱེད་དགྲ་བགེགས་ལ། །ལྔ་ཕུད ་ཡན་ལག་རྡུལ་དུ་རློག་།ཁྲོ་རྒྱལ་སྐུ་ཡི་ཆ་སྨད་ནས། །སྟག་དང་ངོམ་དྲེང་གླང་ཆེན་སྦྲུལ། །སེང་གེ་ཆུ་སྲིན་འཇིགས་པའི་ཚོགས། །པ་ཎན?་གཟན་གདུག་པའི་ཚོགས་སུ་འཕྲོ། །བསྟན་པ་གཤིགས་པའི་དགྲ་བགེགས་ཀྱི། །ཤ་ཁྲག་རུས་པའི་ལྟ་བ་ཆོམ། ་དེ་ལྟར་སྦྲུལ་པ་འགྱེད་མཛོད་པའི། །བཅོམ་ལྡན་རྡོ་རྗེ་གོས་སྔོན་ཅན། །དྲི་མེད་སྐྱོན་བྲལ་ཕྱག་འཚལ་སྟོང།། །།ཧཱུཾ་སྔོན་ཚེ་བསྐལ་པ་དང་པོ་ལ། །འཛམ་གླིང་འགྲོ་བའི་མི་རྣམས་ཀྱི། །ཚེ་ལོ་བརྒྱ་པའི་དུས་ཀྱི་ཚེ། །ཤཀྱ་སེང་གེའི ་སྤྱན་སྔ་རུ། །བྱང་ཆུབ་སེམས་དཔའ་རིན་ཆེན་མང། །ཐུགས་དམ་ཞལ་བཞེས་དགོངས་མཛོད་པས། །སངས་རྒྱས་བསྟན་པ་བསྲུང་བ་དང། །འགྲོ་བ་ཀུན་ལ་ཕན་རྟགས་ཕྱིར། །རི་རྒྱལ་ལྷན་པོའི་བྱང་ཕྱོགས་ནས། །ི་ལ་ནི་འདའ་ཨི?་ཞིང་ཁམས་སུ། །ལྕང ་ལ་ཅན་གྱི་ཕོ་བྲང་དེར། །ཡབ་ཅིག་རྣམ་མང་ཐོས་པ་དང། །ལྷ་མོ་དཔལ་ཚུལ་བཟང་མོ་ཡི། །སྲས་སུ་སྐྱེ་བར་སྨོན་ལམ་བཏབ། །སྨོན་ལཾ་ལS་དང་མཐུ་སྟོབས་གྱིས། །བྱང་ཕྱོགས་སྐྱོང་བ་ཡོངས་ཀྱི་རྗེ། །ལྷ་གྱལ་སྲས་ཀྱི་ཐུ་བོང་འཁྲུངས། །ལྕང་ལོ ་ཅན་གྱི་ཕོ་བྲང་དེར། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །མཐུ་སྟོབས་རྩལ་བར་དབང་ཡང་བསྐུར། །བསྟན་པ་བསྲུང་བར་དམ་ཡང་བཅས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །མགོན་པོ་ནོར་འཆང་སྟོབས་པོ་ཆེ། །ཕོ་བྲང་ལྕང་ལོ་ལྡན་པའི་བདག། ་དབུས་མའི་ཕོ་བྲང་སུམ་རྩེག་གི་།རྩེ་མོ་རིན་ཆེན་ནོར་བུས་བརྒྱན། །ཟུར་བཞི་རིམ་གསུམ་ཁང་བརྩེགས་དགུ་།རྣམ་པ་བཅོ་ལྔའི་མཆོག་གིས་སྤྲས། །རིན་ཆེན་ཁང་བརྩེགས་སྒོ་བཞི་སྟེ། །ཀ་བ་སྟོང་ཕྲག་བཅུ་གཉིས་བརྒྱན། །པོ་བྲང་ཕྱི་རོལ་ཕྱོགས ་མཚམས་ན། །བུམ་པ་བཟང་པོ་དཔག་བསམ་ཤིང། །རིན་ཆེན་རྫིང་བུ་འདོད་འཇོའི་པ། །སྤོས་ཀྱི་གླང་ཆེན་ཐལ་སྐྱ་དང། །གྷི་པ་བན་གླང་མ་ཧེ་འི་ཚོགས། །རྟ་དང་ཤིང་རྟ་སྐད་སྙན་དང། །དེ་ན་ལྷ་རྫས་རོལ་མོ་འབྱོར། །ཕྱི་རོལ་དཔག་ཚད ་ཉི་ཤུ་ན། །རིན་ཆེན་འབར་བའི་རབས་བསྐོར། །དབུས་མའི་རིན་ཆེན་ཕོ་བྲང་ན། །གཏེར་སྐྱོང་རྒྱལ་པོ་གཟི་བརྗིད་ཅན། །སྐུ་ལ་རིན་ཆེན་བརྒྱན་གྱིས་སྤྲས། །བཅོམ་མ་གསེར་མདོག་འོད་ཟེར་འབར། །ཆིབས་སུ་སེང་གེ་དཀར་མོ་ཆིབས། །ན་བཟའ་ཆུ་དང ་སྔོན་པོ་གསོལ། །ཕྱག་གཡས་རིན་ཆེན་དབྱུག་ཏོ་བསྣམས། །གནོད་སྦྱིན་འབྱུང་པོ་རྡུལ་དུ་རློག་།ཕྱག་གཡོན་གསེར་གྱི་ནེ་ལེ་བསྣམས། །སྒྲུབ་པ་པོ་ཡི་རེ་བ་བསྐོང། །ཞལ་ནས་རིན་ཆེན་འཆང་པ་འབེབས། །ཐུགས་རྗེས་ཕོངས་པ་སྒྲོལ་བར་མཛོད། །ཕྲག་གོང ་གཡས་གཡོན་ཉི་ཟླས་བརྒྱན། །ཉི་མ་འབུམ་གྱིས་གཟིམ་དངས་ཅན། །དབུ་སྐྲ་རལ་པའི་ཐོར་རྩུགས་ལ། །སྣ་ཚོགས་རིན་ཆེན་བརྒྱན་གྱིས་སྤྲས། །སྐུ་ལ་གསེར་ཁྲབ་སེར་པོ་གསོལ། །ཞབས་གཡས་སེམས་དཔའ་ཨི་དཀྱིལ་ཀྲུང་བཞུགས། །སེང་གེ་ཁ ་དངས་ཡལ་ལེ་ཡལ། །ལྕ་ནི་བར་སྣང་གློག་པས་འཁྱུག་།གཡུར་ལ་སྔོན་པོ་མེ་སྟག་འཕྲོ། །ལྕགས་ཀྱི་སྡེར་ཆན་ཤད་དེ་ཤད། །སེང་གེའི་འཁྱུག་ཚུལ་ཞུངས་སེ་ཞུངས། །སེང་གེའི་ང་རོ་ཆེར་སྒྲོགས་ཤིང། །དར་ཟབ་སྟན་ཆ་ཕུ་རུ་རུ། །ཧ་དང་ལྕང་སྔོན་ ་ལྷ?་བསེ?་ལྟབས། །རྒྱལ་ཆེན་སྐུའི་གཡས་ཕྱོཌ་ནས། །ལྷ་མོ་ཚུལ་བསྲུང་ཟླ་འོད་བཟང། །རྒྱལ་ཆེན་སྐུའི་གཡོན་རོལ་ནས། །ལྷ་མོ་མདངས་ལྡན་མེ་ཏོག་བཟང། །བཙུན་མོ་ཡང་གཡོག་མེ་ཏོག་བཅས། །བུ་མོ་སྟོང་ཕྲག་དྲུག་ཅུ་སྟེ། །ལ་ལ་རྒྱན་དང་རོལ་མོས ་འབྱོར། །ལ་ལ་ལྟབ་ལྷུབ་ན་བཟའ་ཨི་ཚོགས། །རྒྱལ་ཆེན་སྟེང་ན་ལྡིང་བ་ནི། །ཚངས་པའི་བྱ་རྒྱལ་ཀ་རུ་ན། །གསེར་གྱི་ཁྱད་ཆེན་འདབ་གཤོག་བཟང། །གནམ་ལྕགས་ར་དང་མཆུ་སྡེང་ཅན། །མཁའ་ལྡིང་རྒྱལ་པོ་གསེར་གྱི་སྤྱན། །སྡེར་མོ་གནམ་ལྕགS ་རྡོ་རྗེ་ཡིས། །ཀླུ་རྒྱལ་འདབ་བཟངས་ཞལ་དུ་གསོལ། འཁོར་ན་ཚེངས་པའི་བྱ་རྒྱལ་འབུམ། །ལུས་ངན་རྒྱལ་པོའི་སྲས་ཆེན་པོ། །ཀུན་ཏུ་རྒྱལ་བ་མི་ལ་ཞོན། །སྐུ་མདོག་དམར་ནག་འབར་བ་ལ། །ན་བཟའ་མཛའ་བེར་འཁོར་ལོ་རིས། །ཕྱག་ན་ཟངས་ཞགས ་མདུད་ཐུང་བསྣམས་།སྲིན་པོ་ཟངས་ཀྱི་རལ་བ་ཅན། །འཁོར་མང་གནོད་སྦྱིན་བྱེ་བ་འབུམ། །བཙུན་མོ་སྲས་དང་བློན་པོར་བཅས། །ནང་མི་དམག་དཔུང་གཞོན་པར་བཅས། །ཕོ་ཉ་ཡང་གཡོག་དྲན་མོ་རྣམས། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །དབང ་ཕྱུག་ཆེན་པོ་ལྷ་ཆེན་པོ། །ཆིབས་སུ་སེང་གེ་སྔོན་པོ་ཆིབས། །སྐུ་མདོག་དམར་སེར་འཐིང་གི་རལ་པ་ཅན། །དྲང་སོང་སྟོབས་ཆེན་ཕྱག་བཞི་པ། །སེང་གེ་དཀར་པོའི་སྟོང་གཡོགས་ལ། །ཕྱག་ན་རྩེ་གསུམ་འཁོར་ལོ་བསྣམས། །ུ་མ་དང་ཡང་ལྷན ་ཅིག་བཞུགས། །འཁོར་དང་ལྷ་དམག་བྱེ་བ་འབུམ། །ཁྱོད་ནི་དམག་དཔུང་ཆེན་པོ་སྟེ། །དམག་དཔུང་སྐྱེད་ལ་རུ་དང་ཕྱོར། །གླང་ཆེན་རབ་ཏུ་བརྟན་པ་ལ། །ལེགས་ལྡན་ནག་པོའི་དམག་དཔུང་ཞོན། །ལྷ་དང་གནོད་སྦྱིན་དམག་སྡུད་ཅིང། །གྲོང་ཁྱེར་སུམ་རྩེག ་འཇིག་པར་བྱེད། །ལྷ་མིན་གཡུལ་ལས་རྒྱལ་མཛད་པ། །ཕྱག་ན་གསེར་གྱི་བེ?་ཆོན་བསྣམས། །འཁོར་ནི་ལྷ་དམག་བྱ་བ་འབུམ། །ཁྱོད་ནི་དམག་དཔོན་དཔུང་ཆེན་སྟེ། །དམག་དཔུང་བསྐྱེད་ལ་རུ་དར་བྱོར།། །།ཧཱུཾ་རྒྱལ་ཆེན་ལས་ལ ་བསྐྱོད་ཙམ་ན། །ཆིབས་སུ་སྔོན་པོ་ཕུར་ཀར་ཆིབས། །བསེ?་སྒ་སྨུག་པོ་ཝངས་སེ་ཝངས། །གསེ་མཐུར་སྨུག་པོ་ཁྱུགས་སེ་ཁྱུགས། །མི་མགོ་རྟ་མགོ་ཕྲུ་ལུ་ལུ། །གསེར་གྱི་བློ་ནན་ཁྱུགས་སེ་ཁྱུགས། །མུ་མེན་ཡོད་ཆེན་ཁྲ་ལ་ལ། །ན་བཟའ་མཛའ་བེར་དམར་ལྗང་ལོ།། ་སྤྲུལ་ནག་ཤ་ཆིངས་བྲེངས་སེ་བྲེངས། །འཛམ་བུ་ཆུ་བོའི་གསེར་སྒ་ལ། །རིན་ཆེན་མང་པོའི་རྒྱན་ཆ་ཅན། །སྟག་རལ་གཡས་ལ་གཟིག་ཞུབས་གཡོན། །སྐུ་ལ་བསེ་ཁྲབ་སྨུག་པོ་གསོལ། །སྟག་གི་གཡང་གཞི་ཕྲུ་ལུ་ལུ། །ཕྱག་ན་བསེ་མདུང་སྨུག་པོ་རྣམས། ། ་བསེ་མདུང་གནམ་ལྕགས་རྡོ་རྗེ་རྩེ། །རྒྱལ་པོ་ཆེན་པོའི་ཕྱག་གཡོན་ན། །རིན་ཆེན་ཤེལ་གྱི་མཆོད་རྟེན་བསྣམས། །མིའི་རྒྱུ་ཞགས་ཤ་རར། །རྒྱལ་པོའི་འཕྲག་གོང་གཡས་གཡོན་ན། །ཉི་མ་ཟླ་བའི་འོད་ཟེར་འཕྲོ། །སྐུ་མདོག་མཐིང་ནག་གཟི་བྱིན་ཅན། །དབུ་སྐྲ ་མཐིང་རལ་ཐོར་ཚུགས་ལ། །རིན་ཆེན་བསེ་ཡི་རྨོག་ཞུ་ཅན། །ཟབ་ཆེན་འཕན་དར་ལྷབས་སེ?་ལྷབས། །རྒྱལ་པོའི་སྙན་ཆ་གཡས་གཡོན་ནས་།སྦྲུལ་ནག་ཆུན་འཕྱང་ཕྲུ་ལུ་ལུ། །ཁྲོས་པའི་སྤྱན་གསུཾ་སྡང་དམིག་གིས། །ལྟས་པ་ཙམ་གྱིས་སྲིད་གསུམ་འཇིག་།ཁྲོ་གཉེར་སྨིན ་མ་དབྲལ་བར་བསྡུས། །ཁྲོས་པའི་ཤངས་ནི་དུབ་ཀྱིན་འབུང། །སྨ་ར་ཨག་ཚོམ་མེ་ལྟར་འབར། །ཞལ་ནས་དྲག་སྔགས་ཀུ་ཆོ་འབྱིན། །རྒྱལ་པོའི་བཀའ་ལུང་ཐང་ཅིག་གིས། །ཀླུ་རིགས་འབུམ་སྡེའི་དམག་དཔུང་སྡུད། །རྒྱལ་པོའི་བཀའ་ལུང་ཐང་གཉིས་ཀྱིས།། ་ལྷ་དམག་བྱེ་བ་འཁོར་དུ་སྡུད། །ཉིད་ཀྱི་བཀའ་ལུང་ཐང་གསུམ་གྱིས། །གནོད་སྦྱིན་འབུམ་ཕྲག་དབང་དུ་སྡུད། །རྒྱལ་ཆེན་བཞུགས་པའི་སྐུ་མཁར་ནི། །རིན་ཆེན་བསེའི་སྐུ་མཁར་ལ། །མི་མགོའི་ཁ་བད་ཡེངས་སེ་ཡེངས། །སྐུ་མཁར་དེ་ཡི་རྩེ་མོ་ན། །བསེ་མདུད ་དམར་པོ་ལྡེམས་སེ་ལྡེམས། །བསེའི་མདུང་བཟང་རྩེ་མོ་ལ། །མི་སྙིང་རྒྱལ་མཚན་ཡེ་རེ་རེ། །བསེའི་མདུང་བཟངས་སྐྱེད་པ་ལ། །དར་ནག་བ་ངན་ལྷབས་སེ་ལྷབས། །དར་ནག་དུ?་མཚོན་ཕྱར་ཙམ་ན།། ལྷ་མིན་འབུམ་སྡེ་གཡུལ་ངོ་བཟློག་།སྐུ་མཁར་དེ་ཡི་ཟུར་བཞིན།། ་མི་སྙིང་རྟ་སྙིང་ཧྲི་ལི་ལི། །སྐུ་མཁར་དེ་ཡི་ལོགས་བཞིན། །མི་ཁྲག་རྟ་ཁྲག་ཤ་ལ་ལ། །སྐུ་མཁར་དེ་ཡི་འདྲམ་བཞི་ལ་།མི་རོ་རྟ་རོ་བྲམས་སུ་བརྩིགས། །སྐུ་མཁར་དེའི་ནང་ཤེད་ན། །རྟ་བཏགས་སྐད་འདོན་རྩེ་རེ་རེ། །མི་བཏགས་འདོད ་དང་ལྷང་ངེ་ལྷང། །སྲོག་གཅོད་དུ་སྐད་སྟོངས་སེ་སྟོངས། །བྲག་ཆ་སྐད་དན་ཙེ་རེ་རེ། །སྐུ་མཁར་དེ་ཡི་གཡས་རོལ་ན། །གནོད་སྦྱིན་ཟངས་ཀྱི་རལ་པ་ཅན། །འཁལ་མ་སྙིང་གི་ནང་ཁྲོལ་གྱིས། །སྙིམ་པ་དག་ནི་ཡོངས་སུ་བཀང། །ལག་ན་ཟངས་ཀྱི་བཅུ་སྟ་ཐོགས། །ཡིད་ལ ་གནག་བའི་དགྲ་བོ་ལ། །བཅུ་སྟས་རྡེག་ཅིང་ཞགས་བས་བཟུང། །སྐུ་མཁར་དེ་ཡི་གཡོན་ལོགས་ན། །གནོད་སྦྱི་ནག་པོ་སྐད་རྡངས་ཅན། །རལ་པ་སྤྱི་བཅིངས་ལྕགས་ཀྱིས་སོ། །མི་ལྤགས་གཡང་གཞི་གོས་སུ་གོན། །ལག་ན་ལྕགས་ཀྱི་དགྲ་སྟ་བསྣམས། །ཡིད ་ལ་རྣག་བའི་དགྲ་བོ་ལ། །དགྲ་སྟས་མགོ་དང་ཡན་ལག་ཆོད། །སྐུ་མཁར་དེའི་རྒྱབ་ལོགས་ན། །ཕུང་བྱེད་སྦས་བའི་མ་མོ་བཞི། །ཀུན་ཀྱང་སྲིན་མོ་ཁྲག་མིག་མ། །ཁྲག་གི་རལ་པ་ས་ལ་འདྲུད། །ཁ་ནས་ཁྲག་ལང་གྲོན་མོ་སྐྱུག་།ལག་ན་ཟངས་ཀྱི་སྤུ་གྲི ་བསྣམས། །ཡིད་ལ་རྣག་བའི་དགྲ་བོ་ལ། །སྤུ་གྲིས་མགོ་དང་སྙིང་རྣམས་གཤོགས། །སྐུ་མཁར་ལྕགས་ཀྱི་སྒོ་མོ་ལ། །ཟངས་ཀྱི་ཐ་རམ་སི་ལི་ལི། །སྐུ་མཁར་དེ་ཡི་སྒོ་སྲུངས་ལ། །སྲིན་པོ་ཟངས་ཀྱི་མཆེ་བ་ཅན། །བྱུ་རུའི་རལ་ཅིག་གནམ་དུ་འགྲེང་སྦྲུལ ་ནག་པགས་པའི་སྟོང་གཡོགས་ལ། །ལག་ན་ལྕགས་ཀྱི་ཐོ་ཆེན་ཐོགས། །ཡིད་ལ་རྣག་པའི་དགྲ་བོ་ལ། །ཐོ་བས་སྙིང་དང་ཡན་ལག་ཆོམ། །སྐུ་མཁར་དེ་ཡི་གཡས་ལོགས་ན། །ལྕགས་སེད་གཡལ་གྱིན་མཆེ་བ་འདར། །སྐུ་མཁར་སྒོ་མོའི་གཡོན་དོས་ན།། ་ལྕགས་ཀྱི་དོམ་ནག་དུ་ཞིང་ཟུགས། །སྐུ་མཁར་ཡ་ཁང་རྩེ་མོ་ལ། །ལྕགས་ཀྱི་ཁྱུད་ཆེན་སྔོན་པོ་ཅིག། མཆུ་སྡེང་དགྲ་བོའི་སྙིང་ལ་འཇུམས། །སྐུ་མཁར་བ་གམ་ལོགS་བཞིན། །བྱ་ནག་མང་པོ་ཕུར་ཞིང་ལྡིང། །སྐུ་མཁར་དེ་ཡི་ཡང་སྟེངས་ནས། །རྒྱལ་པོS ་གཡབ་མོས་བཏབ་ཅོན། །གནོད་སྦྱིན་གདུག་པའི་བློན་པོ་བརྒྱད། །རྒྱལ་པོའི་མདུན་ན་རྒྱུག་པ་ནི། །གནོད་སྦྱིན་ཆུ་དབང་བུམ་པའི་ལྟོ། །སྐུ་ནི་གསེར་མདོག་འབར་བ་ལ། །མཛའ་བེར་ལྗང་སྔོན་ཤིང་ལོ་རིས། །གསེར་གྱི་སྐ་ཆེན་ཁྱུགས་སེ་ཁྱུགས། ། ་ཕྱག་ན་བན་དྷ་སྦུ་གྲི་བསྣམས། །ཆིབས་སུ་དམར་ནག་ཞུར་པོ་ཆིབས། །ཀླུ་རིགས་འབུམ་སྡེའི་དམག་དཔོན་མཛད། །ཁྱོད་ནི་དམག་དཔོན་ཆེན་པོ་སྟེ། །དམག་དཔུང་སྐྱེད་ལ་རུ་དར་ཕྱོར། །རྒྱལ་པོའི་གཡས་ནས་རྒྱུག་པ་ནི། །གནོད་སྦྱིན་སྡེ་དཔོན་གང ་བ་བཟང། །སྐུ་མདོག་སེར་ནག་འཇིགས་ཚུལ་ཅན། །མཛའ་བར་སྨུག་ནག་གླང་ཆེན་རིས། །བྱི་རུའི་སྐ་བཟངས་ཁྲོ་ལ་ལ། །མུ་མེན་ཆུན་འཕྱང་ཤ་ར་ར། །ཕྱག་ན་བུམ་པ་བཟང་པོ་བསྣམས། །དམར་སེར་འདོངས་པོ་ཆིབས་སུ་ཆིབས། །འཁོར་དང་གནོད་སྦྱིན ་འབུམ་གྱིས་བསྐོར། །ཁྱོད་ནི་དམག་དཔུང་ཆེན་པོ་སྟེ། །དམག་དཔུང་བསྐྱེད་ལ་རུ་དར་ཕྱོར། །རྒྱལ་པོའི་རྟིང་ནས་རྒྱུག་པ་ནི། །སྡེ་དཔོན་ཆེན་པོ་ནོར་བུ་བཟང། །སྐུ་མདོག་དམར་ཞིང་གདངས་པ་ལ། །མཛའ་བེར་སྔོན་པོ་སེང་གེ་རིས། །ཟངས་ཀྱི་སྐ་བཟངས ་ཁྱུགས་སེ་ཁྱུགས། །ཕྱག་ན་ཤེལ་དཀར་སྐུ་གདུང་བསྣམས། །ཆིབས་སུ་སྔོ་ནག་ཞུར་པོ་ཆིབས། །འདོད་ཁམས་ལྷ་བྲན་གཙོ་བོ་སྟེ། །འཁོར་དུ་ལྷ་བྲན་འབུམ་གྱིས་བསྐོར། །ཁྱོད་ནི་དམག་དཔུང་ཆེན་པོ་སྟེ། །དམག་དཔུང་སྐྱེད་ལ་རུ་དར་ཕྱོར། །རྒྱལ་པོའི ་གཡོན་ནས་རྒྱུག་པ་ནི། །རྟ་བདག་ཆེན་པོ་ཀུ་བར། །སྐུ་མདོག་སྔོ་ནག་འགྱིད་བ་ལ། །མཛའ་བེར་དཀར་སྐྱ་གཞའ་ཚེན་རིས། །དངུལ་གྱི་སྐ་བཟངས་ཁྲོ་ལ་ལ། །ཕྱག་ན་བསེ་ཕུབ་རལ་གྲི་བསྣམས། །དབུ་ལ་དར་སྨུག་འགྱིང་ཞུ་གསོལ། །ཆིབས་སུ ་མཚལ་དམར་འདོངས་པོ་ཆིབས། །འཁོར་དུ་གཤིན་རྗེ་འབུམ་གྱིས་བསྐོར། །ཁྱོད་ནི་དམག་དཔུང་ཆེན་པོ་སྟེ། །དམག་དཔུང་སྐྱེད་ལ་རུ་དར་ཕྱོར། །སྡེ་དཔོན་རྒྱལ་བའི་ཁྱུ་མཆོག་ནི། །སྐུ་མདོག་དམར་སྐྱ་འཇིགས་ཚུལ ་ཅན། །སེང་གེ་དཀར་པོའི་སྟོང་གཡོགས་ལ། །སྟག་ཆེན་རྔམ་པའི་ཤམ་ཐབས་ཅན། །སྦྲུལ་ནག་སྐ་ཆིངས་ཁྱུགས་སེ་ཁྱུགས། །ལྕགས་ཀྱི་རྔ་མོ་ཆིབས་སུ་ཆིབས། །གནམ་ལྕགས་འཁོར་ལོ་ཕྱག་ན་བསྣམས། །གཡོན་པ། ་ཞགས་འདེབས་ཤ་ར་ར། །འཁོར་དང་གནོད་སྦྱིན་དྲུག་འབུམ་སྟེ། །ཁྱོད་ནི་དམག་དཔོན་ཆེན་པོ་སྟེ། །དམག་དཔུང་སྐྱེད་ལ་རུ་དར་ཕྱོར། །སྡེ་དཔོན་ཆེན་པོ་ལྔས་ཆེན་ནི། །སྐུ་མདོག་སེར་སྐྱ་རབ་འཇིགས་བྱེད། །མཛའ་པེར་ཀར་ལྗང་སྐར་མངའ་ ་རིས། །དར་ནག་སྐ་བཟངས་བདུན་ཡུག་འབྱར། །ཕྱག་ན་རིན་ཆེན་ཁང་བཟངས་བསྣམས། །དབུ་ལ་དུང་རྨོག་སུལ་མངས་གསོལ། །ལེ་བརྒན་ཅོད་བན་ལྷབས་སེ?་ལྷབས། །ཚིབས་སུ་རག་པ་ཕུང་མར་ཆི་བས། །འཁོར་ནི་དྲི་ཟ་བདུན་འབུམ་སྟེ། །ཁྱོད་ནི་དམག ་དཔོན་ཆེན་པོ་ཡིན། །དམག་དཔུང་བསྐྱེད་ལ་རུ་དར་ཕྱོགས་།གནོད་སྦྱིན་དབང་པོ་ཡང་དག་ཤེས། །སྐུ་མདོག་སེར་ཞིང་དངས་པ་ལ། །ན་བཟའ་མཛའ་པར་ལྕགས་ཐག་ཅན། །ལེ་བརྒན་དར་གྱི་སྐུ་རགས་ཅན། །དབུ་ལ་རིན་ཆེན་རྨོག་ཞུ་གསོལ་བྱ་བན?་གནམ? ་ལྕགS?་སྒྲ་སྟ་བསྣམས། །དཀར་པོ་རྡོག་དམར་ཆིབས་སུ་ཆིབས། །འཁོར་ནི་མ་མོ་འབུམ་གྱིས་བསྐོར། །ཁྱོད་ནི་དམག་དཔུང་ཆེན་པོ་སྟེ། །དམག་དཔུང་སྐྱེད་ལ་རུ་དར་ཕྱོར། །འབྲོག་གནས་རྒྱལ་པོ་སེར་སྐྱ་ནི། །སྔོ་ཞུར་འཁྱུག་པ་ཆིབས་སུ་ཆིབས། །སྐུ་ལ་དར ་ནག་བར་ཆེན་གསོལ། །རིན་ཆེན་གསེར་གྱི་སྐ་བཟངས་ཅན། །ཕྱག་ན་བསེ་མདུང་སྨུག་པོ་བསྣམས། །ཟབ་ཆེན་བ་ངན་ལྷབས་སེ་ལྷབས། །དར་སྔོན་ཅོད་པན་པུ་རུ་རུ། །མི་ཞོན་རྟ་ཞོན་སྲིན་པོའི་དམག་།དྲུག་འབུམ་བརྒྱད་ཁྲི་དག་གིས་བསྐོར། །ཁྱོད་ནི ་དམག་དཔོན་ཆེན་པོ་སྟེ། །དམག་དཔུང་སྐྱེད་ལ་རུ་དར་ཕྱོར། །དམག་དཔོན་པི་ཙི་ཀུན་དྷ་ལི། །སྐུ་མདོག་དཀར་གསལ་གཟི་བརྗིད་ལྡན། །ན་བཟའ་ཧ་དར་ཕོ་ལོང་རིས། །བསེར?་རྨོག་རིན་ཆེན་དངུལ་སྒ་ཅན། །ཕྱག་ན་གཅོད་པའི་རལ་གྲི་བསྣམས། ། ་ཆིབས་སུ་ངང་བ་ཕུང་དམར་ཆིབས། །འཁོར་ནི་དྲང་སྲོང་འབུམ་གྱིས་བསྐོར། །ཁྱོད་ནི་དམག་དཔོན་ཆེན་པོ་སྟེ། །དམག་དཔུང་སྐྱེད་ལ་རུ་ངར་ཕྱོར། །གནོད་སྦྱིན་གདུག་པའི་བློན་པོ་བརྒྱད། བྱེ་བ་འབུམ་ཕྲག་བཅས་འཁོར་བཅས་བསྣམས། །སྔོན ་ཆེ་བདེ་གཤེགས་སྤྱན་སྔ་རུ། །བསྟན་པ་བསྲུང་བར་དམ་དུ་བཅས། །འདོད་པ་སྒྲུབ་པར་ཞལ་གྱིས་བཞེས། །ཐུགས་དམ་སྐུལ་ལོ་རྒྱལ་པོ་ཉིད། །གདུག་པའི་ཀླུ་དང་གནོད་སྦྱིན་ཚོགས། །ལས་ལ་སྐོས་སོ་ཤ་ར་ར། །རྒྱལ་པོ་རྟ་དམག་གཤེགས་ཙམ་ན། །ཁུ? ་སྒྲ་ཐོ་ལེ་ལྷབས་སེ?་ལྷབས། །དགའ་བའི་གཏམ་སྒྲོགས་ཆ་ར་ར། །མི་རྐུན་སྦྱུགས་པ་ཚེ་རེ་རེ། །གསོད་གཅོད་གཏམ་ངན་དི་རི་རི། །བརྡའ?་སྒྲ་དྲག་པོ་ཆེམས། །རྟ་རྒྱུག་རྨིག་སྒྲ་ཧྲབས་སེ་ཧྲབས། །སྲིན་པོ་མ་ཟིན་རྡམ་བའི་གཟུགས། །སྲིན་? ་བཟང་ཚེ་ངས་འདེབས། །མཆོན་ཐོགས་མང་པོ་གནམ་ལ་འཕྱར། །ལ་ལ་ལྕགས་ཀྱུ་ཞགས་པ་ཐོགས། །གཞུ་བ་དུངས་མང་པོ་ཁྱི་ལི་ལི། །སྦྲུལ་བའི་བརྡའ་སྒྲ་འུ་རུ་རུ། །གནམ་ལྕགས་སྐར་མདའ་ཧྲིབས་སེ་ཧྲིབས། །སྲིན་པོ་གནོད་སྦྱིན་བྱ་གག་གཟུགས? ་གཅན་གཟན་གཟུགས་ཀྱི་སྤྲུལ་པ་རྣམས། །མི་སྡུག་བཞིན་སྟོན་ཚེ་སྲོག་གཅོད། །བྱེ་བ་འབུམ་གྱི་དམག་དཔོན་རྣམས། །ལས་སུ་སངས་རྒྱས་བསྟན་པ་སྲུང། །ཟས་སུ་ཤ་དང་ཁྲག་ལ་རོལ། །སྙིང་བརྩེ་མེད་པར་སྒྲོལ་ལ་བརྩོན། །ལོངས་སྤྱོད་དབུགས ་?་དངས་ལ་རོལ། །ཐུགས་དམ་བརྒྱུད་ནས་རྣལ་འབྱོར་བདག་བསྐུལ་ལོ། །བཅོལ་བའི་ཕྲིན་ལས་མྱུར་དུ་གྲུབ་པར་མཛོད། །སྡང་བའི་དགྲ་བོ་ལས་ངན་འདིས། །སངས་རྒྱས་བསྟན་པ་འདི་ཡིས་བཤིག་།དཀོན་མཆོག་དབུ་འཕང་འདི་ཡིས་སྨད། །སྡང་བའི ་དགྲ?་གོངས?་ངན?་འདི། །རི?་རབ་ཟོས་དང་རྒྱ་མཚོའི་གཏིང། །གང་དང་གང་དུ་གནས་པ་དེར། །མི་དང་ལྷ་རུ་ཁྱེད་ཀྱིས་ཕྱེས། །ལུས་དང་སེམས་སུ་ཁྱེད་ཀྱིས་ཕྲོལ། །གནམ་གྱི་འཇུ་ཐག་ཁྱེད་ཀྱིས་ཆོད། །སའི་རྟེན་ཕུར་ཁྱེད་ཀྱིས་ཕྱུང། །དུག་མངའ་འཐོབ? ་ཅིག་དུས་ལ་བབ། །རྒྱལ་པོ་ལས་ལ་བསྐྱོད་པ་ན། །རྔ་ཆེན་རྡུང་ཞིང་དྲིལ་བུ་བསྐྲོལ། །དུང་འདུད་ཟངས་དུང་ཆ་ལང་གདབ། །དར་ཕྱར་སྦྱུགས་པས་གདབ་པར་བྱ། །རྒྱལ་པོ་ལས་ལ་བསྐྱོད་པའི་ཚེ། །རྟ་དུལ་དང་ཤིང ་ཆག་པ་དང། །དར་ཕྱར་སྔགས་པས་གདབ་བར་བྱ། །བློན་པོ་ཡུལ་གྱི་རྒན་རབས་རྣམས། །འཁྲོ་སྦྲུག་འདེབས་ཤིང་དུ་བ་དང། །ལྟས་ཀྱི་རིམ་པ་བྱུང་བ་ན། །སྦོགས་པའི་ཆོ་ག་བརྩམ་པར་བྱ། །རང་ཉིད་ཁྲོ་བོའི་ང་རྒྱལ་གྱིས། །རྒྱལ་པོའི་རྟེན་རྣམས ་འོག་དུ་གཞུང། །ཧཱུཾ་ཛཧཻ་ཤར་?་ཡེ། ཨ་ནུ་ར་ཙ་ཀུ་རུ་ཧཱུཾ། གསང་བའི་སྙིང་པོ་བརྒྱ་རྩ་བརྒྱད། །སེམས་དཔའ་དམ་ཚིག་ཕྱག་རྒྱ་དང། །དམག་དཔོན་ལས་ཀྱི་ཕྱག་རྒྱ་དང། །གནོད་སྦྱིན་གཟིར་བའི་ཕྱག་རྒྱ་ཡིས། །ཁྲོ་བོ་གཟིར་བའི་གཟུངས་སྔགས་ཀྱིས།། ་འཁུ་ན་སྔོན་འགྲོའི་ཆོ་ག་བྱ། །རྒྱལ་པོ་གཟི་བརྗིད་ཆེ་བ་དང། །ལྟས་ཀྱི་རིམ་པ་བཟང་བ་ནི། །འདོད་པའི་དོན་རྣམས་འགྲུབ་པའོ། །འཕྲིན་ལས་དྲག་ཏུ་བཅོལ་བ་དང། །གང་འདོད་དོན་ལ་གསོལ་བ་གདབ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱིས ་རྗེས་སུ་འདྲང་བའི་གཏོར་མའི་ཆོ་ག་ཞེས་བྱ་བ། འགྲོ་བཟང་སྙིང་པོས་མཛད་པ་རྫོགས་ཤོ།། །།ཡིད་བཞིན་ནོར་བསྒྲུབ་གླད་ཆེན་བཅས་ཆོག་བཞུགས་སོ།། །།རྒྱ་གར་སྐད་དུ། ཧ་སྟི་རང་ན་དྷ་ནཾ་ཡེ་ཏི། ཨུ་པ་དྷེ་ཤ་ན་མ། བོད་སྐད་དུ། གླང་པོ་རིན ་