CLOSE WINDOW

N3754: gnod sbyin nag po chen po la rin po ches bstod pa zhes bya ba
Wyliee-texts based on the ACIP/ALL Input

རྒྱ་གར་གྱི་མཁན་པོ་ཝ་ལ་ཅན?་ཏྲ་དང། ལོ་ཚ་བ་སླན་ཆུང་དར་མ་ཚུལ་ཁྲིམས་ཀྱིས་ལེགས་པར་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཡག་ཀྵ་ཀ་ལ་མཧཱ་སྟུང་ཏ་རད་ན་ནཱ་མ། བོད་སྐད་པུང་ནོད་སྦྱིན་ནག་པོ་ཆེན་པོ་ལ་རིན་པོ་ཆེས་བསྟོད ་པ་ཞེས་བྱ་བ། དཔལ་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་ལ་གུས་བཏུང་ནས། །ཐུགས་ཀྱི་སྲས་གཅིག་གནོད་སྦྱིན་རྒྱལ། །ནག་པོ་གཡུང་དྲུང་ཆེན་པོ་ལ། །གུས་པས་བསྟོད་པ་བྲི་བར་བྱ། །ཧཱུཾ་དཔའ་བོ་ཆེན་པོ་གནོད་སྦྱིན ་ནག་པོ་ནི། །རི་རབ་ཆེན་པོའི་ལྕོག་བཞི་ནས། །ཁྲོས་པའི་སེམས་ཀྱིས་སྐུ་བཞེངས་ལ། །དགྲ་བགེགས་བསྒྲོལ་ལ་ཕྱག་འཚལ་ལོ། །སྟོབས་ཆེན་མཐིང་ནག་འབར་བའི་སྐུ། །གསང་བྱེད་གཡས་པ་སྟག་གི་མགོ། འཇོམས་བྱེད་གཡོན ་པ་སེང་གའི་གདོང། །གདུག་པ་ཚར་གཅོད་ཕྱག་འཚལ་ལོ། །འབར་བའི་ཕྱག་དྲུག་གཡས་པ་ན། །ཡེ་ཤེས་རྡོ་རྗེས་འབྱུང་པོ་འདུལ། །རྩེ་གསུམ་ཉོན་མོངས་དུག་ལས་རྒྱལ་གསོང་པའི་ཕུར་བུ་ཕྱག་འཚལ་ལོ། །གཡོན་པས་ཤེས་རབ ་དྲིལ་བུ་འཁྲོལ། །འགུགས་པར་བྱེད་པའི་ལྕགས་བྱུ་འཛིན། །གདུག་ཁྲག་ཁ་རུ་འདྲེན་མཛད་པ། །གཡོན་པའི་ཕྲིན་ལས་ཕྱག་འཚལ་ལོ། །ཞབས་གསུམ་གཡས་པས་ཤེས་རབ་བདུད། །འཆིང་བྱེད་འདོད་ཆགས་རྩད་ནས་གཅོད། ། ་གཡོན་གྱིས་ཉི་གདོང་ཐབས་ཀྱི་བདུད། །ཞེ་སྡང་རྩད་གཅོད་ཕྱག་འཚལ་ལོ། །ཕུར་བུས་དགྲ་བགེགས་དམིགས་པའི་མགོར། །གཉིས་མེད་བདེ་ཆེན་རོལ་པའི་ཞབས། །མ་རིག་རྩད་ནས་གཅོད་མཛད་པ། །རྟོག་མེད་ཡེ་ཤེས་ཕྱག་འཚལ་ལོ། །འཇིགས ་པའི་རྒྱན་ལྡན་ཧ་ཧ་ར་བཞད། །ལོག་པར་བལྟ་བ་རྩད་ནས་འབྱིན། །རྡོ་རྗེ་འཛིན་པའི་བཀའ་ཉན་ལ། འཇིགས་བྱེད་ཁྲོ་བོ་ཕྱག་འཚལ་ལོ། །གང་ཞིག་བླ་མ་ལ་སྨོད་དང། །སངས་རྒྱས་བསྟན་ལ་སྨད་འབྱིན་ལ། །ལས་ངན་སེམས་ཅན་སྡིག་ཅན ་འཚེ། །བསྒྲུབ་པ་པོ་ལ་གདུང་བ་རྣམས། །སྐད་ཅིག་རྩམ་གྱིས་གནོད་སྦྱིན་གྱིས། །འདིར་བསྡུས་ལིང་ག་འདི་ལ་བསྟིམས། །ནུས་པ་མེད་པར་སྲོག་དང་ཕྲོལ། །སྙིང་ལ་སོགས་པའི་ནང་ཁྲོལ་རྣམས། །རང་གི་སྙིམ་པ་བཀད་ནས་ཀྱང། །གཙོ་བོ་ཉིད ་ལ་བསྟིམས་པ་དང། །མ་ལུས་ཁྲག་གི་རྒྱུན་ཡང་འཐུང། །རུས་པ་རྐང་མར་གླད་པ་ཞག་།མ་ལུས་པར་ནི་གསོལ་བར་མཛོད། །བདག་ལ་གནོད་པའི་བགེགས་ཆེན་རྣམས། །བསོད་ཅིང་བཅིང་བ་མ་བྱས་ན། །གནོད་སྦྱིན་དམ་ཚིག་ཉམས ་འགྱུར་ཏེ། །རྡོ་རྗེ་འཛིན་པའི་བཀའ་མ་གཅག་།སངས་རྒྱས་རྣམས་ཀྱིས་དམ་མ་བསྒྲལ། །ཁྱེད་ཀྱིས་དམ་བཅས་དམ་བསྐྲལ་ན། །མགོ་བོ་ཚལ་པ་བརྒྱར་འགས་ཏེ། །སྙིང་ཡང་དུམ་བུ་སྟོང་དུ་འགྱུར། །བུས?་ལ་བསྐལ་པའི་མེ་འབར་སྟེ། ་སྡུག་བསྔལ་འགྱུར་བར་ངེས་པས་ན། །དའི་ཕྲིན་ལས་མྱུར་དུ་གྱིས། །བསྐལ་དུ་བསྙེར་པའི་ཕྲིན་ལས་འདི། །?་ལྟ་ཉིད་དུ་ཐོགས་མེད་ཀྱིས། །ཀྵ་མ་ན་ཏི་དགྲ་པོ་མ་ལུས་པ་བི་ད་ར་ཡ་བི་ད་ར་ཡ། ཕཊ། ཧཱུཾ་གནོད་སྦྱིན་ཆེན་པོ་ལས་ལ་ཡ། ། ་ནག་པོ་ཆེན་པོ་ལས་ལ་ཡ། །མཁའ་འགྲོ་ཆེན་པོ་ལས་ལ་ཡ། །འཇིགས་བྱེད་གཏུམ་པོ་ལས་ལ་ཡ། །ཐུགས་ཀྱི་སྲས་ཅིག་ལས་ལ་ཡ། །ཡཀྵ་རྣོ་དཔལ་ལས་ལ་ཡ། །ཧཱུཾ་ཀྵ་ཡཀྵ་ས་མ་ཡ་ཕཊ། ་བདག་གིས་བསྟོད་པ་འདི་བྱས་པས། །ནག་པོའི་ཕྲིན་ལས་གྲུབ་ནས་ཀྱང། །སྐལ་དང་མི་ལྡན་སེམས་ཅན་རྣམས། །ཆོས་དང་འགལ་བ་ཚར་གཅོད་ཤོག་།གནོད་སྦྱིན་ནག་པོ་ལ་བསྟོད་པ་རིན་པོ་ཆེ་ཞེས་ཕྱུག ་སློབ་དཔོན་ཀ་ན་རི་པས་བསྟོད་པ་རྫོགས་སོ།། །རྒྱ་གར་གྱི་མཁན་པོ་བླ་མ་ཝ་ལ་ཙན་ཏྲ་དང། བོད་ཀྱི་ལོ་ཙ་བ་སླན་ཆུང་དར་མ་ཚུལ་ཁྲིམས་ཀྱིས་བསྒྱུར་པའོ།། །།མགོན་པོ་ཕྱག་དྲུག་པའི་གཞུང་? ་