CLOSE WINDOW

N3752: gnod sbyin nag po chen po'i sgrub thabs zhes bya ba
Wyliee-texts based on the ACIP/ALL Input

གཏོང་བའི་དུས་སུ་ཟོར་སྔགས་ལས་སོ། །མགོན་པོ་བྱ་རོག་གདོང་གི་གཏོར་འདོས། །སློབ་དཔོན་འཕགས་པ་ཀླུ་གྲུབ་ནག་པོས་མཛད་པ་རྫོགས་སོ།། །།གནོད་སྦྱིན་ནག་པོ་ཆེན་པོའི་སྒྲུབ་ཐབས་བཞུགས་སོ།། །། ་རྒྱ་གར་སྐད་དུ། ཀ་ལ་ཡཀྵ་མཧཱ་ས་དྷ་ན་ནཱ་མ། བོད་སྐད་དུ། གནོད་སྦྱིན་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། །དཔལ་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཡི། །ཐུགས་ཀྱི་སྲས་ཅིག་གཏུམ་པོ་ལ། །གུས ་པས་བཏུད?་དེ་དེའི་སྲས། །གནོད་སྦྱིན་ནག་པོའི་སྒྲུབ་ཐབས་བྲི། །ཉོན་མོངས་གདུག་པའི་ཚོགས་རྣམས་ལ། །མ་ལུས་པ་ལས་སྒྲུབ་པ་རྣམས། །སྐད་ཅིག་ཙམ་ལས་གྲོལ་འགྱུར་བ། །རྡོ་རྗེ་འཛིན་དང་མཉམ་པར་འགྱུར། །དེ་ལས་དང་པོར་སྒྲུབ ་བ་པོས་དབང་དང་དམ་ཚིག་ཐོབ་ཅིང། །དད་པ་ཕུན་སུམ་ཚོགས་པས། བླ་མ་ལ་གདམས་པ་ཡང་དག་པར་བླངས་ཅིང། ཐེ་ཚོམ་རྣམ་པར་སྤངས་པས་སྒྲུབ་པ་ལ་འཇུག་པར་བྱའོ། །གནས་ནི་དུར་ཁྲོད་དང། བྲག་ནག་པོ་དང། རི་རྩེ་དང་ནགས་ཀྱི ་ཕུག་དང། མི་མ་ཡིན་འདུ་བའི་ས་ལྷ་བརྟེན་ཅན་དུ་བྱའོ།། །།དེར་དང་པོ་བཀྲ་མི་ཤིས་པའི་ས་ལ་དཀྱིལ་འཁོར་བྱ་སྟེ། ལྟེ་བ་གྲུ་གསུམ་པ་མོ་རི་དང་བཅས་པ།། རིགས་ཀྱིས་མཚོན་པའི་སྒོ་དང་ལྡན་པར་བྲི་།། ་མཆོད་པ་དང་གཏོར་མ་བཤམས་ཏེ། གནས་བརྒྱན་པར་བྱའོ། །དེ་ནས་དུར་ཁྲོད་ཀྱི་རས་ལ་ལྟ་བཟོ་མཁས་པས་གནོད་སྦིན་གྱི་སྐུ་བཞེངས་ལ། དེའི་སྙིང་ཁར་དམ་ཚིག་བསྐུལ་བའི་སྔགས་བྲིས་ཏེ། ཨོཾ་བཛྲ་ཡཀྵཱ་ཀ་ལ་ཙན་དྷ་ས་མ་ཡ་མ་ནུ་སྨ་ར ་སིད་ཏི་ཧཱུཾ་ཅེས་བྲིའོ། །དེ་ནས་ཕྱག་གཉིས་དང་ཞབས་གཉིས་ལ་དམ་ཚིག་བསྐུལ་བའི་སྔགས་ནི། ཡཀྵ་པ་ཏ་ལི་ཅེས་བྲི། །ཀྵཾ་མཾ་བྷ་ར་ཅེས་བྲིའོ། །དེའི་རྒྱབ་དུ། ཏད་ཐ་ཏད་ཡ་ཐ། ཨའོཾ་བྷོ་བྷོ་བན་ཡཀྵ། ཨ་ཏི་པ་ཏ་ཡེ། ཨི་དན་ནི་ལཾ་བྷ་ར་བྷ་ར ་ཤ་རི་རཾ། བཛྲ་པ་ནི་ཧྲི་ཏ་ཡན། ཡས་མ་ཏི་ཀྲ་མ་ཏེ། ཨུ་ས་དྷ་ནཾ། བྷ་བི་ཤུད་དྷེ། ཏད་ཡ་ཐཱ། ཨའོཾ་བྷུདྷ་བྷུདྡྷ། བི་བྷུདྡྷ་བི་བྷུདྡྷ། མ་ཧི་ཕྲབ་ཏ་ཧ་ར་ཧ་ར་ཡཀྵ་ན་ན། པྲ་ཧ་ར་པྲ་ཧ་ར་ཡཀྵ་ན་ན། །ཚིན་དྷ་ཚེན་དྷ་ཡཀྵ་ཧྲི་ཏ་ཡ་ནི། དྷིན་དྷ་དྷིན་དྷ་ཡཀྵཱ་དྷ་མ་ནི། །བི ་སི་མ་ཏི། ཡཀྵ་ཤར་རི་ནི། བི་ཕོ་ཏ་ཡ། ཡཀྵ་ན་ཡ་ནི། ཏ་ད་ཡ་ཐཱ། ཨའོཾ་ཨཱ:ཧཱུཾ་ཕཊ་། ཡཀྵ་བི་ད་ར་ན་ཡ་ཧཱུཾ་ཕཊ་། ཡཀྵ་ཀྲོ་ཏ་སྭཱ་ཏྭཱ་ན་ཡ་ཧཱུཾ་ཕཊ། ནི་ལམ་བྷ་ར་ས་ན་ཡ་ཧཱུཾ་ཕཊ། ཨ་པྲ་ཏི་ཧ་ཏ་པ་ལ་ཡ་ཧཱུཾ་ཕཊ། བ་ར་ཀྲ་མ་ཡ་ཕཊ། ཀྲི ་ཏན་ཏྭཱ་ཡ་ཕཊ། ཀྲི་ཏན་ཏྭ་རུ་པ་ཡ་ཕཊ། རོ་ཤ་ན་ཡ་ཕཊ། ཏྲ་ས་ན་ཡ་ཕཊ། ཀུ་སྨན་ན་དྷོད་ས་དྷ་ན་ཡ་ཕཊ་། པྲེ་ཏ་བི་ཤ་རྩ། བི་ན་ཤ་ཀ་ར་ཡ་ཕཊ། ཡཀྵ་ཨ་པ་སྨ་ར་བི་ན་ཤ་ཀ་ར་ཡ་ཕཊ། །ཧ་ས་ཧ་ས། དྷ་ར་དྷ་ར། མ་ར་ཡ་མ་ར་ཡ། ན་ཤ ་ཡ་ན་ཤ་ཡ། སརྦ་ལྷག་ན་ན་བི་ན་ཤ་ཀ་ར་ཡ་ཕཊ། སརྦ་ཤ་ཏྲུཾ་སཾ་གྷ་བི་ན་ཀ་ར་ཡ་ཕཊ། ནི་ལཾ་བྷ་ར་བྷ་ར་བཛྲ་པ་ནི་རཏ་ཛྙ་པ་ཡ་ཏི་སྭཱ་ཧཱ། ཅེས་རྡོ་རྗེའི་ལྟེ་བ་ལ་བྲིའོ།། །།དམ་ཚིག་འཆགས་པ་སྐུའི་རྟེན་ནོ། །གསུང་མི་འགྱུར་བ ་དམ་ཚིག་གི་རྟེན་ནོ། །གྲོ་གའམ་རས་ལ་འཁོར་ལོ་བྲིས་ནས་འཆང་བའོ། །ཐུགས་གསད?་བའི་དམ་ཚིག་གི་རྟེན་ནོ། །ཁྱི་ནག་པོའི་སྙིང་དུ་བླ་རྟེན་དུ་སྐུ་བཞུགས་པའོ། །དེ་ནས་གཏོར་མ་ལ་བཅུགས་ཏེ། དར་ནག་པོས་གུར་ཕུབ་ལ་བཞུག་གོ།། །། ་དེ་ནས་བྱང་ཆུབ་སེམས་བསྐྱེད་ལ། རྡོ་རྗེ་འཛིན་པའི་ཏིང་འཛིན་བསྒོམ། །དེར་རྗེས་དཀྱིལ་འཁོར་ཁང་པ་རུ། །སུམ་ལས་རིན་ཆེན་རི་རབ་སྟེང། །ཧཱུཾ་དམ་ཀྵ་འམ་ཡཾ་ལས་ནི། །འཕྲོས་འདུས་གྱུར་པས་རྡོ་རྗེར་བསམ། ། ་དེ་དང་རྟེན་གསུམ་རྒྱུ་རྐྱེན་ལས། །གནོད་སྦྱིན་ནག་པོ་ཞལ་གསུམ་པ། །ཕྱག་དྲུག་འཇིགས་པའི་ཞབས་གསུམ་པ། །གཡས་པ་འཇིགས་བྱེད་སྟག་གི་གདོང། །གཡོན་པ་སྟོབས་ཆེན་སེང་གེའི་གདོང། །རྩ་ཞལ་ཁྲོ་བོས་ཐམས་ཅད་བསྒོལ། །སྤྱན ་གསུམ་མཆེ་བ་རྣམ་པར་གཙིགས། །དམར་སེར་ཁྲག་གི་རལ་པ་བརྫེས། །ཕྱག་གཡས་དང་པོ་རྡོ་རྗེ་འཛིན། །གཉིས་པ་རྩེ་གསུམ་ཐམས་ཕུར། །གཡོན་པ་དྲི་ལ་བུ་ལྕགས་ཀྱུ་འཛིན། །ཐོད་ཆེན་ཁྲག་ལྡན་ཞལ་དུ་རྡུབ་།གཡས་བསྐུམ ་བདུད་མོ་འཆིང་བྱེད་གནན། །གཡོན་པ་བརྐྱང་པས་ཉི་གདོང་བརྫིས། །ཕུར་ཞབས་མེ་འབར་ཚ་བ་ཡིས། །བསྒྲུབ་བྱ་གང་ཡིན་མགོར་བཏབ་ནས། །ཚངས་པའི་བུ་གར་ཕུག་པར་བྱ། །ཐོད་རློན་རོའི་ལྤགས་པ་གོན། །དུར་ཁྲོད་རུས་པས་ལུས་ལ་བརྒྱན ་ཤ་ཁྲག་ལ་དགྱེས་ཧ་ཧར་བཞད། །མཐིང་ནག་མི་བསྲུན་འཇིགས་པ་ཡི། །སྤྲུལ་པ་གནོད་སྦྱིན་བྱེ་བས་བསྐོར། །བཀའ་ཉན་ལས་ལ་ཐོགས་པ་མེད། །པད་མ་འདབ་མ་བརྒྱད་པ་ལ། །ཤར་ནས་ཉི་མའི་གདོང་པ་དང། །སྐར་མདའ་གདོང ་དང་ལྔ་ཅོན་དང། །ཀུ་བེ་ར་རྣམས་གཡས་ཀྱིས་བསྐོར། །དབང་ལྡན་གཏུམ་འབྱིན་ཡང་དག་རྒྱལ། །ཡང་དག་ཤེས་དང་འབར་གདན་བྲིས། །གཡས་པ་རྡོ་རྗེ་གཡོན་པ་ནི། །རྩེ་གསུམ་པ་དན་འཕྱར་བ་བསམ། །ོཾ་ཨཱ:ཧཱུཾ་གིས་གནས ་གསུམ་བརླབ། །ཡི་གེ་བཞི་ཡིས་ཡེ་ཤེས་བསྟིམ། །ཐུགས་ཀས་རྡོ་རྗེ་དབང་བསྐུར་བྱས། །འབྲུ་ནག་ལ་སོགས་གཏོར་མ་ཡིས། །གནོད་སྦྱིན་མཆོད་པ་གཏོར་མར་བརྗོད། །སླར་མཉེས་བྱ་ཕྱིར་སྔགས་འདི་བརྗོད། །ོཾ་བཛྲ་ཡཀྵ་ཀ་ལ་ཙ་ན་དྷ ་ནི་ལཾ་བྷ་ར་དྷ་ར་ཤ་རི་རཾ་ཧཱུཾ་ཕཊ། རྩ་སྔགས་འབུམ་ལས་མི་ཉུང་བར། །རྟགས་དང་སྦྱར་ལ་བསྙེན་པ་བྱ། །ནག་པོའི་ཆོགས་དང་སྙན་པའི་སྒྲས། །བྱ་དང་བ་དན་སྔོན་པོ་མཐོང། །གནོད་སྦྱིན་གནས་དང་གོས་གཏེར་དང། །གཞོན་པའི་མཆོག་ཏུ ་སྐུ་གཟུགས་གཏོན། །དེ་བྱུང་ལས་ལ་སྦྱར་བར་བྱ། །རྗེས་དང་ཚ་བའི་འབྲུ་དང་ཚ། །འགལ་པའི་རྫས་ལ་ལིང་ག་བྱ། །གནོད་སྦྱིན་སྐུད་པས་འཁོར་ལོ་གདགས། །དམིགས་པ་བཀུག་བསྟིམ་འབྲུ་བ་ཁུང་གཞུག་།ཉུངས་དཀར་ལ་སོགས ་ཐུན་རྫས་ཀྱིས། །དུས་དྲུག་སྔགས་ཀྱིས་སྟེང་ནས་བྲབ། །ོཾ་བཛྲ་ཡཀྵ་ཀ་ལ་ཙན་དྷ་ནི་ལཾ་དྷ་ར་དྷ་ར་སརྦ་ཤ་ཏྲུཾ་བི་ད་ར་ཡ་ཕཊ། ཧ་ར་ཧ་ར་ཕཊ། པྲ་ཧ་ར་པྲ་ཧ་ར་ཕཊ། ཚིན་དྷ་ཚིན་དྷ་ཕཊ། བྷིན་དྷ་བྷི་ན་དྷ་ཕཊ། བི་སྤོ་ཏ་ཡ་བི་སཕོ་ཏ་ཡ་ཕཊ། ་སརྦ་ཤ་ཏྲུཾ་ཀ་ཡ་བག་ཙི་ཏ་བི་ན་ཤ་ཀ་ར་ཡ་ཕཊ། སེམས་ཅན་བ་སད་དང་ཤིང་བཅད་དང། །དམག་འདྲེན་དབང་གདོན་ཟ་བ་དང། །བྱ་ཁྲས་སེམས་ཅན་བསད་པ་དང། །རྟགས་བྱུང་གནན་པ་ཡང་ན་བསྲེག་།དྲག་པོའི་སྔགས་བཏུབ་པར་བྱ།། ་དེས་ནི་ངེས་པར་བསྒྲུབ་བྱ་རྣམས། །ལོངས་སྤྱོད་དང་བཅས་བརླག་པར་འགྱུར། །གལ་ཏེ་ལས་རྣམས་གུལ་བ་ན། །རྟེན་གསུམ་ས་ག་གཏམ་བཅུག་ལ། །སྟེང་ནས་རྡོ་རྗེ་འཛིན་པ་ཡིས། །རྡོ་རྗེའི་ཐོགས་ཆེན་འབེབས་པར་བསམ། །སེང ་ལྡེང་མེ་ལ་གསོ་བར་བྱ། །ཕྲིན་ལས་སྔགས་ཀྱིS་གཟིར་བར་བྱ། །དེའི་མཇུག་ལ་སྔགས་གསུམ་བཟླས་།གནོད་སྦྱིན་སྲོག་གི་འཁོར་ལོ་ཡང། །རྡོ་རྗེ་ཐོགས་ལ་བརྡུང་བར་བྱ་།ངེས་པར་ལས་རྣམས་ཐོགས་པ་མེད། །གལ་ཏེ་ལས་ཀྱི་ཚོགས ་བསྒྲུབ་པར་འདོད་ན། རྒྱལ་རིགས་ཀྱི་ཐོད་པ་ལ། ཧོར་རམ་བྱེ་ཁྲའི་ཁྲག་གིས་གནོད་སྦྱིན་གྱི་གཟུགས་ཕྲིན་ལས་དང་སྦྱར་ལ་བྲིས་ཏེ། རྩ་བའི་སྔགས་ལ་གང་འདོད་པའི་མིང་སྦེལ་བྱས་ལ། རྒྱས་པ་ལ་གྷི་ཧཾ། དབང་ལ་ལི་ཁྲི། ་ཞི་བ་ལ་མོན་སྲན་དཀར་པོའི་ཁུ་བ། དྲག་པོ་ལ་དུར་ཁྲོད་སོལ་པ། བསད་པ་ལ་བྱ་ཁྲ་ལྕགས་ཀྱི་ཁྲག་། རེངས་པ་ཡུང་བ། བཀྲགས་པ་ལུག་གི་ཁྲག་གིས་བྲིས་ལ། ཀེ་ཚེའི་མར་དང། ཆང་དང། སྦོ་སོ་འཆའ་དང། ་པྲི་ཡང་ཀུའི་ཐང་ཆུས་བྲིས་ཏེ། དེ་ཐང་ཀར་བྱས་ལ་རྡོ་རྗེ་འཛིན་པར་བསམ། གཅེར་བུ་སྐྲ་བཤིག་ལ། རྒྱས་པ་ལ་མེ་ཏོག་སེར་པོ། དབང་ལ་དམར་པོ། ཞི་བ་ལ་དཀར་པོ། དྲག་པོ་ལ་ནག་པོ། བསད་པ་ལ་དུད་ཀ། རེངས་པ་སེར་སྐྱ་། ཀླུགས ་པ་དམར་ནག། སྔགས་ལ་གང་འདོད་པའི་མིང་དང་སྤེལ་ལ། ཉི་མ་རེ་ལ་ཐུན་གསུམ་དུ་བརྒྱ་རྩ་བརྒྱད་དུ་བརྡེག་ན། ཞག་བདུན་གྱིས་འགྲུབ་པར་འགྱུར་རོ།། །།བསྲུང་བའི་འཁོར་ལོ་བྱེད་པར་འདོད་པས་། དར་རམ་རས་ལ་ལྟེ ་བར་རྡོ་རྗེ་གཏུམ་པོའི་སྔགས་ལ་ཆེ་གེ་མོ་ལ་རག་ཀྵ་རག་ཀྵ་སྭཱཧཱ། ཞེས་རྟགས་ཏེ་བྲིའོ། །དེའི་ཕྱིར་རྩིབས་བརྒྱད་ལ་གནོད་སྦྱིན་རྩ་སྔགས་བྲི། །མུ་ཁྱུད་ལ་བསད་པའི་སྔགས་བྲི། །དེའི་ཕྱི་རོལ་རེ་དམིག་བཅུ་དྲུག་ལ། གཙོ་བོའི་གསུང་གི་སྔགས་དང་། ་རག་ཀྵ་རེ་རེ་ལ་སྐུ་དང་སྤེལ་ལ་བྲི། དེ་ནས་མུ་ཁྱུད་ལ་ཕྲིན་ལས་བྲི། དེའི་ཕྱིར་སྤྱན་དྲང་བའི་སྔགས་བྲི། དེའི་མཐར་ཀ་ལི། དེའི་མཐར་ཨ་ལི་བྲི། དེའི་མཐར་ཆོས་ཀྱི་དབྱིངས་ཀྱི་སྔགས་བྲི། དེ་གུར་གུམ་གྱིས་བྲིས་ལ། ལ་ཆའི་སྦུགས་སུ་བཅུག་ལ ་བཏགས་ན། ཕན་ཡོན་བརྗོད་ཀྱིས་མི་ལང་ངོ། །བསད་པར་འདོད་ན་སྐར་མ་མགོ་ལ་བབ་པ་དང། ཤིང་ལོ་ལ་ཤ་ཁོག་པར་ཚུད་པར་བྲིས་ལ། དེ་ནས་ཁྱི་ནག་པོའི་གློ་བའི་ཤས་གཏུམས་ཏེ། གནོད་སྦྱིན་གྱིས་བསད་སྔགས་ལ་ཨུ་ཙ་ཏ་ཡ་། ་བཏགས་ཧེ་རི་ལུ་བརྒྱ་རྩ་བརྒྱད་ལ་རྩ་བརྒྱད་བཟླས་ནས་བྱིན་ནS། བྱ་རོག་མཐོང་པའི་བར་དུ་ཡང་བཟླས་ཏེ། རི་ལུ་བརྒྱ་རྩ་བརྒྱད་རྫོགས་ནས་གསོད་པར་འགྱུར་རོ། །དེ་ནས་རམས་དང་མེ་ཏོག་སྔོན་པོའི་ཁུ་བ་ལ་རྩ་བའི་སྔགས་བརྒྱ་ཙ་བརྒྱད་བཟླས་ཁྭ་སྐད་མི ་འདོན་པ་ལ། སྤྲལ་བར་ཐིག་ལེ་བྱས་ན་ཀུན་གྱིས་མཐོང་བར་འགྱུར་རོ། །ཡིད་དུ་འོང་བར་འགྱུར་རོ། །འབྲས་ཆང་དང་གྷི་ཧཾ་དང། ལྟ་གོར་ཤ་སྣ་རྣམས་ལ་སྔགས་བརྒྱ་རྩ་བརྒྱད་བཟླས?་ནས་རང་གི་སྙིང་ཀར་ཀྵ་བྲིས་ནས་གནོད་སྦྱིན་རྣམས་ཀྱིས་སྟོབས་དང་ལོངས ་སྤྱོད་སྦྱིན་པར་བྱེད་དོ། །མཐིང་རིལ་གྱི་སྒེ་ང་དང། ཁྭ་ཏའི་གུང་ཟློ་དང། ཁྱི་ནག་པོའི་ཆུ་དང། མཚོ་བྱའི་མཐུ་རྣམས་ལ་སྔགས་གཏབ་ལ་།མི་ཁྱིའི་སྒྲ་མི་གྲགས་པའི་གནས་སུ་སྦྲལ་བར་བྱུགས་ན་མི་སྣང་བར་འགྱུར་རོ། །གཞན་ཡང་བཅུད ་ལན་ནམ་མཁར་འཕུར། །གནོད་སྦྱིན་གཏེར་དང་ལོངས་སྤྱོད་དང། །ཕྲིན་ལས་བྱ་བ་སྣ་ཚོགས་པ། །རྡོ་རྗེ་གཏུམ་པོ་མཉེས་པ་དང། །གནོད་སྦྱིན་རིག་པ་རྫོགས་པས་ན། །རྒྱུད་དང་བླ་མའི་གདམ་ངག་ལས། །རིམ་པ་རྒྱས་པར་རྟོགས་པར་བྱ། ། ་གསང་བ་བསྟན་པའི་རྒྱུད་དང་ནི། །བླ་མས་གདམས་པའི་གདམས་པ་ཡིས། །གནོད་སྦྱིན་བསྒྲུབ་པའི་རིམ་པ་འདི། །རང་དགའ་མ་ཡིན་ཉེས་པ་མེད། །གལ་ཏེ་འཁྲུལ་པར་གྱུར་པས་ན། །བླ་མ་དམ་པ་མཁས་རྣམས་དང། །རྡོ་རྗེ་འཛིན་པ་ལས་གྲུབ ་ནས། །རྨི་ལམ་སྒྱུ་མ་ལྟ་བུའི་བློས། །བདག་གིས་ཉེས་ཚོགས་བཟོད་པར་མཛོད།། །།བདག་གིས་སྒྲུབ་ཐབས་བརྩམས་པ་ཡིས། །དགེ་བ་དྲི་མ་མེད་པ་རྣམས། །འཁོར་བའི་བག་ཆགས་གཞོམ་སླད་དུ། །བྱང་ཆུབ་ཆེན་པོར ་ལོངས་སྤྱོད་ཤོག་།གནོད་སྦྱིན་ནག་པོའི་སྒྲུབ་ཐབས་།སློབ་དཔོན་ཆེན་པོ་ལས་ཀྱི་རྡོ་རྗེས་ཀོང་ཁ་ནའི་འོད་མའི་ཚལ་དུ་། རང་གི་སློབ་མ་རྗེ་བཙུན་ཆེན་པོ་ཐང་ལོ་པས་གསོལ་བ་བཏབ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎ་ཌི ་ཏ་ཝ་ལ་ཙན་ཏྲ་དང། བོད་ཀྱི་ལོ་ཙྪ་བ་གླུན་ཆུང་དར་མ་ཚུལ་ཁྲིམས་ཀྱིས་གུས་པར་བསྒྱུར་བའོ།། །།དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་བཞུགས་སོ། །རྒྱ་གར་སྐད་དུ། ཤྲི་མཧཱ་ཀ་ལས་དྷ་ན་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན ་