| Wylie | e-texts based on the ACIP/ALL Input |
རྫོགས་སོ།། །།ཚུལ་ཤེས་རྒྱུད་རོ། །གཏོར་མ་དབུས་?་གཅིག་པའི་སྔགས་སོ། །ཡོན་དུ་ཧྲེ་ཡལ་གཡས་སུ་བདུད་རྩི། མདོ་རྒྱུད་པོ་ཏི། གཡོན་དུ་མར་མེ། ཡི་གེ་བཅུ་པ། མདུན་དུ་རྡོ་རྗེ་དང་མཆོད་པའོ་ལག་ལེན་ནོ།། ་བསྐད?་གསོ་མི་མངོན་མ་བཞུགས་སོ།། །།དཔལ་མགན་པོ་ལ་ཕྱག་འཚལ་ལོ། །དཔལ་ནག་པོ་ཆེན་པོ་བྱ་རོག་མ་ལ་བསྐང་གསོལ་བྱ་བར་འདོད་པས། །དང་པོར་མགོན་གཡག་དང་ལུག་དང་བྱ་ནག་གི་རྒྱལ་མཚན་དང། ཚོགས་དང་གཏོར་མ་དང་མཆོད་པ་ཐམས ་ཅད་ཚོགས་པར་བྱས་ལ་།འདི་སྐད་དུ་གྱེར་བར་བྱའོ། །ཧཱུཾ་མི་མངོན་ནམ་མཁའ་ཨི་དབྱིངས་ཀྱི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་བདེ་མཆོག་འཁོར་ལོ་ལ། །སྐུ་གསུང་ཐུགས་ཀྱི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ལ། །ཕྱི་ནང་གསང ་བར་བཅས་པའི་མཆོད་པའི་ཡོ་བྱད་སྣ་ཚོགས་འབུལ། །སྐུ་གསུང་ཐུགས་དད་འགལ་བ་ཅི་མ་ཆིས་བཟོད་པར་གསོལ། །བསྐད་དོ་བསྐལ་བར་ཐུགས་དམ་བསྐུར། །ཧཱུཾ་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །ཡེ་ཤེས་མགོན་པོ་བྱ ་རོག་མིང་ཆེན་ནང། པོ་ཆེ་།ཞལ་གཅིག་ཕྱག་བཞི་འཇིགས་པའི་གང་དད་བཅས། །སྐུ་ལ་དུར་ཁྲོད་རྒྱན་དང་བཅས་པའི་ཚུལ་གྱིས་བཞུགས། །དོ་ནུབ་སྦྱན་འདྲེན་འདིར་གཤེགས་མཆོད་པ་བཞེས། །བསྐང་དོ་བསྐལ་པར་ཐུགས་དམ་བསྐང། ་དེ་ཡི་སྐུ་གསུང་ཐུགས་ལས་སྤྲུལ་པའི་ཡུམ། །དཀར་མོ་གློག་ཕྲེང་སྐུ་ཡི་ཡུམ། །དམར་མོ་རྩ་འཇིབ་གསུང་གི་ཡུམ། །ནག་མོ་ཅན་ཏི་ཐུགས་ཀྱི་ཡུན། །བསྐད་དོ། །ཧཱུཾ་དམད་ནག་གཏུམ་དྲག་འབར་བའི་དུར་ཁྲོད་ནས། །སྤྲུལ ་པའི་མགོན་པོ་བྱ་རོག་གདོད་ཅན་བཞི། །ཤར་ནས་སྲོག་གཅོད་ལྟས་ངན་གཏོར་པའི་བྱ་རོག་གདོང། །ཚངས་རིས་མགོན་པོ་འབུམ་དང་བཅས། །བསྐད་དོ་བསྐལ་པར་ཐུགས་དམ་བསྐད། །ལྷོ་ནས་ཟ་བྱེད་སྨྱེ་འབོག་གཏོང་བའི་བྱ་རོག་གདོང། །བ?་བྱེད ་གཤིན་རྗེ་ནག་པོ་འབུམ་དང་བཅས་སོ། །བསྐང་དོ་བསྐལ་བར་ཐུགས་དམ་བསྐང། །ནུབ་ནས་ཁྲག་ནད་ངལ་ཡམས་འགྱེད་པའི་བྱ་རོག་གདོང། །འཕུང་བྱེད་སྦས་བ་མ་མོ་འབུམ་དང་བཅས། །སྐད?་དོ་བསྐལ་པར་ཐུགས་དམ་བསྐད། །བྱང་ནས་བདུད་རྒྱུད་རྩད་ནས ་གཅོད་པའི་བྱ་རོག་གདོང། །སྣང་སྲིད་ལྟ་སྲིན་ཤ་རྦ་འབུམ་དང་བཅས། །བསྐད་པོ་བསྐལ་བར་ཐུགས་དམ་བསྐང། །ཧཱུཾ་ཀེང་རུས་མེ་དཔུང་འདར་བའི་དཀྱིལ་འཁོར་ནས། །མཁའ་འགྲོ་དྲུག་དང་ལྷ་མོ་བརྒྱད། །མཁའ་འགྲོ་མ་དང་ཞི་བྱེད་མ། །བསྲུང ་བྱེད་མ་དང་ཆོས་སྐུ་ཡེ་ཤེས་མཁའ་འགྲོ་མ། །ཚོར་གསང་ནག་མོ་བྱ་རོག་མགོ་།འགུགས་བྱེད་སྔོན་མོ་སྟག་གི་མགོ་།གསོང་བྱེད་ནག་མོ་སེང་གེའི་མགོ། འཇིག་རྟེན་ལས་གྲུབ་མཁའ་འགྲོ་མ། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང། །འཇིག ་རྟེན་འཛིན་པའི་དབང་མོ་ཆེ། །ལས་ཀྱིས་སྤྲུལ་པའི་ལྟ་མོ་བརྒྱད། །དབང་མོ་ཐ་བྱེད་འགུགས་བྱེད་མ། །མྱོས་བྱེད་གསོང་བྱེད་རྐོས་མཁན་མོ། བརླག་བྱེད་མ་དང་མགྱོགས་མའི་ཚོགས། བྱ་རྒོད་ལ་སོགས་མགོ་བརྙན་ཚོགས་སུ་སྤྲུལ། །བསྐད་དོ ་བསྐལ་བར་ཐུགས་དམ་བསྐད། །ཧཱུཾ་སྦྲུལ་པའི་མགོ་བརྙན་བཅུ་དྲུག་ནི། །སྟག་དང་གཟིག་དང་དོམ་དང་དྲེང། །སེང་གོ་སྦྱང་ཀི་ཆུ་སྲིན་མགོ། འཕར་བ་ཁྱུད་དང་འུག་བའི་མགོ། །བྲ་དང་བྱ་རྒོད་ཀཾ་ཀའི་མགོ་།སྤྲུལ་དང་ཤ་ཝ་ངག་གི་མགོ། ཕག་གི་མགོ་ཅན ་ལ་སོགས་པའི། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང། །གཞན་ཡང་མགོན་པོའི་འཁོར་ཆོགས་ཀྱི། །སེང་གེ་གདོད་ཅན་ལ་སོགས་པའི། །ཕོ་བདུད་ཉི་ཤུ་རྩ་གཅིག་དང། །མཁའ་འགྲོ་སྒྲོལ་བྱེད་ལ་སོགས་པའི་དབང་ཕྱུག་ཉི ་ཤུ་རྩ་བརྒྱད་དང། །གང་པོ་མཛེས་པ་ལ་སོགས་པའི། །དྲེགས་པ་སུམ་ཅུའི་ཐུགས་དམ་བསྐང། །ལེགས་ལྡན་ནག་པོ་ལ་སོགས་པའི། །དཔལ་མགོན་བདུན་དུ་རྩ་གཉིས་ཀྱི། །བསྐད་དོ་བསྐལ་པར་ཐུགས་དམ་བསྐང་ཀ་ཧཱུཾ་ཤ་ཁྲག་མཚོ་ལྟར་?་བའི ་དུར་ཁྲོད་ནས། །རོ་ལངས་མང་པོ་བསྣོལ་བའི་ཁྲི་སྟེངས་ནས་།དྲག་པོ་སྨྱོན་པ་འཇིགས་པའི་གཟུགས། །ནག་པོ་གཅེར་བུ་སྦྲུལ་གྱིས་བརྒྱན། །བྱ་ལ་ཞོན་ནས་དགྲ་བགེགས་འདུལ། རྒྱལ་བོ་ཤ་ལ་ཟ་བའི་རོ་ལངས་བཅུ། །བྲམ་ཚ་?་པ ་པོ་ཁྲག་ལ་འཐུང་བ་བཅུ། །རྗེ་རིགས་གསེར་མདོག་ཚིལ་ལ་འཇབ་པ་བཅུ། །གདོལ་པ་ནག་པོ་རྐང་གཅོག་རུས་པ་མུར་བ་བཅུ། །དམངས་རིག་སྔོ་སྐྱ་བགས་པ་ཟ་བ་བཅུ། །དགེ་སློང་གཙང་མ་དབང་པོ་ཟ་བ་བཅུ། །སྔགས་པ་ནག་པོ་དོན ་སྙིང་ནང་ཁྲོལ་ཟ་བ་བཅུ། །ཁྱིའུ་གཞོན་ནུ་དྲི་ཆུ་སྐོམ་དུ་འཐུང་བ་བཅུ། །བུད་མེད་སྔོན་མོར་རས་གོས་སུ་གྱོན་པ་བཅུ། །ཀེད་རུས་འཇིགས་བ་ཤ་མེད་པགས་མེད་བཅུ། །དེ་ལྟར་རོ་ལངས་ནག་པོ་བརྒྱ་ཡི་ཐུགས་དམ་བསྐང། །བསྐད་དོ་བསྐལ་པར ་ཐུགས་དམ་བསྐད། །ཧཱུཾ་ནག་པོ་སྟོང་གི་ཐུགས་དམ་བསྐང་བ་ནི། །མགྱོགས་བྱེད་ནག་པོ་བྱ་ནག་ཞོན་པ་བརྒྱ། །མོན་བ་ནག་པོ་ཕག་ནག་ཞོན་པ་བརྒྱ། །སེར་སྐྱ་ནག་པོ་སྦྲུལ་ནག་ཞོན་པ་བརྒྱ། །བདུད་པོ་ནག་པོ་རྟ་ནག་ཞོན་པ་བརྒྱ། །དོ་ཟན་ནག་པོ ་འབྲོད?་ནག་ཞོན་པ་བརྒྱ། །ཁྱབ་པ་ནག་པོ་ལུག་ནག་ཞོན་པ་བརྒྱ། བོན་པོ་ནག་པོ་དྲེའུ་ནག་ཞོན་པ་བརྒྱ། །སྒོ་བ་ནག་པོ་རླུང་ནག་ཞོན་པ་བརྒྱ། །ཤན་པ་ནག་པོ་ཁྱི་ནག་ཞོན་བ་བརྒྱ། །ལིངས་པ་ནག་པོ་ཤ་ནག་ཞོན་པ་བརྒྱ། །དེ་ལྟར་ནག་པོ ་སྟོང་གི་ཐུགས་དམ་བསྐད། །བསྐད་ངོ་བསྐལ་པར་ཐུགས་དམ་བསྐང། །ཧཱུཾ་གནོད་སྦྱིན་ཁྲི་ཡི་ཐུགས་དམ་བསྐད་བ་ནི། །དགྲ་བོའི་བླ་སྲོག་མཛའ་ནས་འགུགས་པའི་འབྱུང་པོ་གནོད་སྦྱིན་སྟོང། །དགྲ་བོའི་དབུགས་ལེན་སྲོག་ལ་འཇམ་པའི་འབྱུང་པོ་གཞོད ་དགྲ་བོའི་ལོ་ཐོག་འབྲུ་བཅུད་འཇིབ་པའི་འབྱུང་པོ་གནོད་སྦྱིན་སྟོང། །དགྲ་ལ་མི་ནད་ཕྱུགས་ནད་གཏོང་པའི་འབྱུང་པོ་གནོད་སྦྱིན་སྟོང། །སྐྱེ་འགྲོ་རྩིས་ལ་འདེབས་པའི་འབྱུང་པོ་གནོད་སྦྱིན་སྟོང། །དགྲ་པོའི་དབུགས་ལེན་སྲོག་ལ་འཇབ་པའི་འབྱུང་པོ་གནོད ་སྦྱིན་སྟོང། །དགྲ་བོའི་ཤ་ཟ་རྐོས་ལ་འདེབས་པའི་འབྱུང་པོ་གནོད་སྦྱིན་སྟོང། །དགྲ་པོའི་བདུན་རྒྱུད་མཛའ་ནས་བསྡུད་བའི་འབྱུང་བོ་གནོད་སྦྱིན་སྟོང། །དགྲ་བོའི་རྗེས་གཞི་དུར་ནས་སློང་བའི་འབྱུང་བོ་གནོད་སྦྱིན་སྟོང། །དགྲ་བོའི་གནམ་པ་སྐོར་གྱིས ་འདེབས་བའི་འབྱུང་པོ་གནོད་སྦྱིན་སྟོང། །དེ་ལྟར་འབྱུང་པོ་གནོད་སྦྱིན་ཁྲི་ཡི་ཐུགས་དམ་བསྐང། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང། །ཧཱུཾ་མ་མོ་བྱེ་བའི་ཐུགས་དམ་བསྐང་བ་ནི། །དགྲ་ལ་གར་འཕོག་བླུ་བྲིང་བྱེད་པའི་མ་མོ་ནག་མོ་འབུམ། །དགྲ་བོའི ་མདངས་འཕྲོག་བཅུད་ལ་འཇིབ་པའི་མ་མོ་ནག་མོ་འབུམ། །དགྲ་བོ་ཤའུ་ཁྲམ་ལ་འདེབས་བའི་མ་མོ་ནག་མོ་འབུམ། །དགྲ་པོའི་སྲོག་ལ་འདབ་པའི་མ་མོ་ནག་མོ་འབུམ། །དགྲ་ལ་ནང་རྒྱལ་མཚོན་དྲུབ་འཕེན་པའི་མ་མོ་ནག་མོ་འབུམ། །གླིང་བཞི་སྟོང་གསུམ ་ཉུལ་བའི་མ་མོ་ནག་མོ་འབུམ། །དབུགས་འཕྲོག་སྲོག་ལ་བརྒྱུག་བའི་མ་མོ་ནག་མོ་འབུམ། །ཤ་ཟ་རྐོས་ལ་འདེབས་པའི་མ་མོ་ནག་མོ་འབུཾ། །ཁྲག་འཐུང་རྐང་ལ་ལྡག་པའི་མ་མོ་ནག་མོ་འབུམ། །སྟོང་གསུམ་བརླག་པར་བྱེད་པའི་མ་མོ་ནག་མོ་འབུམ། །དེ་ལྟར ་མ་མོ་ནག་མོ་བྱེ་བའི་ཐུགས་དམ་བསྐང། །བསྐང་ངོ་བསྐལ་བར་ཐུགས་དམ་བསྐད། །ཧཱུཾ་ཤ་ཟ་འབུམ་གྱི་ཐུགས་དམ་བསྐང་བ་ནི། །བར་སྣང་རོ་ལ་ལྡིང་བའི་བྱ་རྒོད་ཁྲི། །ཤ་ཟ་ཁྲག་ལ་འཐུང་བའི་ལྕེ་སྤྱད་ཁྲི། །པགས་གླང་རྒྱུ་མ་འཁྱེར་བའི་ཝ་ཁྱི་ཁྲི། ། ་རོ་ལ་ཁྱུར་མིང་བྱེད་བའི་སྟག་གཟིག་ཁྲི། །རོ་ཟ་རོ་གོས་གྱོན་པའི་སྲིན་པོ་ཁྲི། །ཀེང་རུས་རྫེས་ལ་སྣོམ་པའི་གཞད་ཀིར་ཁྲི། །སྐད་དང་དྲི་ལ་བརྒྱུག་པའི་དྲི་ཟ་ཁྲི། །ཁྲག་འཐུང་ཤ་རུས་འབྱེད་པའི་འཕར་པ་ཁྲི། །ནང་ཁྲོལ་དོན ་སྙིང་ཟ་བའི་སྤྲུལ་གདུག་ཁྲི། །མདུན་བསུ་ཕྱི་ལ་འབྲང་པའི་ཡི་དགས་གཟུགས་ཅན་ཁྲི། །དེ་ལྟར་ཤ་ཟ་འབུམ་གྱི་ཐུགས་དམ་བསྐང། །བསྐད་དོ་བསྐལ་པར་ཐུགས་དས་བསྐད། །ཧཱུཾ་ཐུགས་དམ་བསྐང་པའི་དམ་རྫས་ནི། །ཐམས་ཅད་སྦྱར་བའི ་བདུད་རྩི་དང། །རཀྟ་དམར་གྱི་ཨརྒ་དང། །ཤ་ཁྲག་དཀྱིལ་བའི་གཏོར་མ་དང། །སྣང་གསལ་འོད་ཀྱི་ཞུན་མར་དང། །ཤ་ཆེན་སྤོས་ཀྱི་དུད་སྤྲིན་དང། །ཚོགས་ཀྱི་ཞལ་ཟས་མང་པོ་དང། །མགོན་ལུག་ནག་པོ་སྤྱི་དཀར་དང། །བྱ་མོ་ནག་མོ་གསེར ་མིག་དང། །ཕྱི་ནང་གསང་བའི་དམ་རྫས་ཀྱིས། །ཆོས་སྐྱོང་ནག་པོ་འཁོར་བཅས་ཐུགས་དམ་བསྐང། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང། །ཧཱུཾ་སྐུ་ཡི་དམ་རྫས་ཡིན་པའི་ཕྱིར། །བྱ་རྒོད་མདའ་ཡིS་ཐུགས་དམ་བསྐང། །རཀྟ་རྣམ་གསུམ་གསུང ་གི་རྟེན། །གསུང་གི་རྟེན་གྱིས། ཙིཏྟ་རྣམ་གསུམ་ཐུགས་ཀྱི་རྟེན། །ཐུགས་ཀྱི་རྟེན་གྱི་ཐུགས་དམ་བསྐང། །གཡག་ལུག་ནག་པོ་ཕྱི་ཡི་རྟེན། །ཕྱི་ཡི་རྟེན་གྱིས་ཐུགས་དམ་བསྐང། །བྱ་ནག་རྒྱལ་མཚན་ནང་གི་རྟེན། །ནང་གི་རྟེན་གྱིས་ཐུགས ་དམ་བསྐད། །གྲི་རྒོད་སྙིང་ཆེན་གསང་བའི་རྟེན། །གསང་བའི་རྟེན་གྱིས་ཐུགས་དམ་བསྐད། །འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས་ཐུགས་དམ་བསྐད། །དམ་ཚིག་གཉན་པོ་བསྲེ་པའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགས ་བར་བསྐད། །རཀྵ་ཞལ་དུ་གསོལ་བའི་ཕྱིད། །དམར་ཆེན་ཨརྒས་ཐུགས་དམ་བསྐད། །ཕྲིན་ལས་རྣམ་བཞི་བསྒྲུབ་པའི་ཕྱིར། །སུ་ར་ཆད་གིས་ཐུགས་དམ་བསྐད། །རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །རྟག་བཏོར་ཆེན་པོའི་ཐུགས ་དམ་བསྐང། །རྒྱུན་དུ་ཕྲིན་ལས་བཅོལ་བའི་ཕྱིར། །རྒྱུན་གྱི་གཏོར་མས་ཐུགས་དམ་བསྐང། །རྦད་བའི་དམ་རྫས་ཡིན་བའི་ཕྱིར། །ཁྱི་ནག་སྙིང་གིས་ཐུགས་དམ་བསྐད། །གསང་བའི་དམ་རྫས་ཡིན་པའི་ཕྱིར། །གྲི་རྒོད་སྙིང་གིས་ཐུགས་དམ་བསྐད། ། ་བསྒྲལ་བའི་དམ་རྫས་ཡིན་པའི་ཕྱིར། །ལུག་ནག་སྙིང་གིས་ཐུགས་དམ་བསྐད། བསྐད་བའི་དམ་རྫས་ཡིན་པའི་ཕྱིར་རོ། །ལུག་ནག་སྤྱི་དཀར་ཐུགས་དམ་བསྐད། །དགྱེས་པའི་དམ་རྫས་ཡིན་པའི་ཕྱིར། །མཁའ་ལྡིད་ནག་པོས་ཐུགས་དམ་བསྐད། །ནལ ་བུའི་ཤ་ཁྲག་གཏོར་ཆེན་འདིས། །ཡུམ་ཆེན་གསུམ་གྱིས་ཐུགས་དམ་བསྐད། །བསང་པའི་ཤ་ཁྲག་སྙིང་སྣ་འདིས། །བྱ་རོག་གདོད་ཅན་བཞིའི་ཐུགས་དམ་བསྐད། །ཚོགས་ཕུད་ཤ་སྣ་འབྲུ་ཆེན་འདིས། །མཁའ་འགྲོ་དྲུག་དང་ལྷ་མོ་བརྒྱད་ཀྱི ་ཐུགས་དམ་བསྐད། །བཤོས་བུ་དམར་ནག་སྙིང་གིས་བརྒྱན་པའི་གཏོར་མ་འདྲིས། །ལེགས་ལྡན་སེང་གེ་གདོད་ཅན་ལ་སོགས་པའི། །ཕོ་བདུད་ཉི་ཤུ་རྩ་གཅིག་ཐུགས་དམ་བསྐད། །ཁྲག་སྣ་སྨན་སྣ་སྦྱར་བའི་གཏོར་མ་འདིས། །མཁའ་འགྲོ་སྒྲོལ ་བྱེད་ལ་སོགས་པའི། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཐུགས་དམ་བསྐང། །དཀར་གསུམ་སྨན་གྱིས་སྦྲན་པའི་གཏོར་མ་འདིས། །གང་པོ་མཛེས་པ་ལ་སོགས་པའི། །དྲེག་པ་སུམ་བཅུའི་ཐུགས་དམ་བསྐང། །འབྲུ་བཅུད་བདུད་རྩིས་བཀང་བའི་གཏོར་མ ་འདིས། །ལེགས་ལྡན་སྨྱོན་པ་ལ་སོགས་པའི། །དཔལ་མགོན་བདུན་བཅུ་རྩ་གཉིས་ཐུགས་དམ་བསྐད། །འབྲུ་གསུམ་དཀར་དམར་བརྒྱན་པའི་གཏོར་མ་འདིས། །རོ་ལངས་ལས་བྱེད་རྣམས་ཀྱི་ཐུགས་དམ་བསྐད། །ནག་པོ་བདུན་གྱི་ཤ་ཁྲག་སྤུང་པའི ་གཏོར་མ་འདིས། །ནག་པོ་སྟོད་གི་ཐུགས་དམ་བསྐད། །ཤ་ཁྲག་སྣ་ཚོགས་སྦྱར་བའི་གཏོར་མ་འདིས། །གནོད་སྦྱིན་འབྱུང་བོ་ཁྲིའི་ཐུགས་དམ་བསྐད། །རཀྟ་བདུད་རྩི་སྨན་གྱིས་སྦྲན་པའི་གཏོར་མ་འདིས། །མ་མོ་ནག་མོ་བྱེ་བའི་ཐུགས་དམ ་བསྐང། །ལྷག་གཏོར་ཁ་ཆུས་སྦྲན་པའི་གཏོར་མ་འདིས། །སྤྲུལ་པ་གཟའའབུམ་གྱིས་ཐུགས་དམ་བསྐད། །ཧཱུཾ་དེ་ལྟར་མགོན་པོའི་ལྷ་ཚོགས་རྣམས། །འདུ་བའི་དམ་རྫས་ཡིན་པའི་ཕྱིར། །མི་རྐང་གླིང་བུས་ཐུགས་དམ་པ་སྣང།། ་མཾ་ས་ཟས་སུ་ཟ་བའི་ཕྱིར། །ཤ་ཆེན་བདུད་རྩིས་ཐུགས་དམ་བསྐད། །སྤྱན་གྱི་དབང་པོ་ཚིམ་མཛད་པའི། །ཚིལ་ཆེན་མར་མེས་ཐུགས་དམ་བསྐད། །ཤངས་ཀྱིས་དབང་པོ་ཚིམ་མཛད་པའི། །བསུར་ཆེན་དུད་པས་ཐུགས་དམ་བསྐང?། །ལྗགས་ཀྱི ་དབང་པོ་ཆིམ་མཛད་པའི། །བཤོས་བུ་སྙིང་གི་གཏོར་མས་ཐུགས་དམ་བསྐད། །སྙན་གྱི་དབང་པོ་ཚིམ་མཛད་པའི། །རྔ་དང་དྲིལ་བུ་ཅང་ཏེའུས་ཐུགས་དམ་བསྐད། །མཐུན་པའི་དམ་རྫས་ཡིན་པའི་ཕྱིར། །གོས་ནག་ཞྭ་ནག་དག་གིས་བླུགས་དམ་བསྐད། ། ་མཆོད་པའི་དམ་རྫས་ཡིན་པའི་ཕྱིར། །ཉ་ཤ་ལ་ཕུག་སྒོག་ཙོང་ལ་སོགས་ཐུགས་དམ་བསྐད། །དགྱེས་ཤིང་དངོས་གྲུབ་བླང་བའི་ཕྱིར། །ཚོགས་དང་གཏོར་མས་ཐུགས་དམ་བསྐད། །གཡག་ཡུག་ནག་པོ་མར་གྱིས་བྱུགས། །དང་ནག་དུ་མཚོན་རྭ་ལ ་བརྒྱན། །ཕྲག་པར་དགྲ་བགེགས་ལིང་ག་བསྐྱོན། །གསེར་སྐྱེམས་བདུད་རྩིས་བྲན་པ་འདིས། །ནག་པོ་ཆེན་པོའི་ཐུགས་དམ་བསྐང། །ཞེས་བརྗོད་ལ་བཤགས་པ་བྱ་བ་ནི། །དཔལ་ཡེ་ཤེས་ཀྱི་མགོན་པོ་བྱ་རོག་གི་མིང་ཅན་ལ། །སྐུ་གསུང་ཐུགས་ཀྱི ་ཡུམ་གསུམ་དང། །ཕྲིན་ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་བཞིས་བསྐོར་བ། །མཁའ་འགྲོ་མ་དྲུག་དང། ལྷ་མོ་བརྒྱད་དང། མགོ་བརྙན་བཅུ་དྲུག་དང། ཕྱག་བརྙན་ལེགས་ལྡན་སེང་གེ་གདོད་ཅན་ལ་སོགས་པ་ཕོ་བདུད་ཉི་ཤུ་རྩ་གཅིག། ་ཌཱ་ཀི་སྒྲོལ་བྱེད་ལ་སོགས་པ་དབང་ཕྱུག་ཉི་ཤུ་རྩ་བརྒྱད། ཀླུའི་རྒྱལ་པོ་གང་པོ་མཛེས་མ་ལ་སོགས་པ་དྲེགས་པ་ཅན་སུམ་ཅུ་ལགས་ལྡན་ནག་པོ་ལ་སོགས་པ་དཔལ་མགོན་བདུན་ཅུ་རྩ་གཉིས། དྲག་པོ་སྨྱོན་པ་ལ་སོགས་པ་རོ་ལངས་ཆེན་པོ ་བརྒྱ། །མགྱོགས་བྱེད་ནག་པོ་ལ་སོགས་པ་ནག་པོ་སྟོང། །དགྲ་བོའི་བླ་སྲོག་འགུགས་པར་བྱེད་པ་ལ་སོགས་པ་འབྱུང་པོ་གནོད་སྦྱིན་ཁྲི། །གར་བྱེད་ནག་མོ་ལ་སོགས་པ་མ་མོ་བྱེ་བ། ཁྱུད་དང་བྱ་རྒོད་སྤྲུལ་ལ་སོགས་པ་ཤ་ཟ་འབུམ་གྱིས་བསྐོར་བ་རྣམས་ཀྱི་སྤྱན ་སྔར། །བདག་གིས་བཀའ་ལྟར་མ་གྱུར་ཏེ། གཞུང་བཞིན་རྔོ་མ་ཐོགས་པས། བསྙེན་སྒྲུབ་ཚད་དུ་མ་བྱིན་པར་ལས་ལ་སྦྱར་བ་དང། ཚོགས་དང་ཕུད་གཏོར་དུས་སུ་མ་གྲུབ་པ་དང། མཆོད་པའི་འབྱོར་ཚོགས་ཆུངས་པ་དང། ཏིང་ངེ་འཛིན་མ་གསལ་བར་བཟླས ་པ་གྲ་ཆག་པ་དང། ཕྱི་ནང་གསང་བའི་རྟེན་རྫས་མ་ཚོགས་པར་གསང་བ་བསྒྲགས་པ་དང། །སྐུ་གསུང་ཐུགས་དང་ཕྱི་ནང་གསང་བའི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །དཔལ་ནག་པོ་ཆེན་པོ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ། ཁྲག ་འཐུད་གི་རྒྱལ་པོ། བསྟན་པའི་བཀའ་བསྲུངས། དམ་ཉམས་ཀྱི་སྲོག་གཅོད། རིག་འཛིན་གྱི་སྲོག་ཤིང། རྣལ་འབྱོར་གྱི་དགྲ་ལྷ། དུག་གསུམ་གྱི་སྨན་པ། གཙུག་ལག་ཁང་གི་བསྲུངས་མ། བདག་གི་རྣལ་འབྱོར་བསྲུངས་ཤིག་།ཚེ་དང་དབང་ཕྱུག་སྤེལ ་ཅིག་།དཔལ་དང་གྲགས་པ་བསྒྲུབས་ཤིག་།འཁོར་དང་གང་ཟག་སྐྱོངས་ཤིག། སྡང་བའི་དགྲ་དང་བར་ཆད་ཀྱི་རྐྱེན་རྣམས་ཐུལ་ཅིག། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག་ཅིག་།ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བར་མཛོད་ཅིག། ལྟས་ངན་བརྒྱད་ཅུ ་རྩ་བཞི་བསྒྱུར་ཅིག་།ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་བཟློག་ཅིག་།ལོའི་ཀེག་དང་ཟླ་བའི་ཀེག་དང་ཞག་གི་ཀེག་དང་ཟ་མའི་ཀེག་དང་བཱ་ཀྭ?་མི་ཤིས་པ་ཐམས་ཅད་བཟློག་ཅིག་།ཅེས་བརྗོད་པར་བྱའོ། །ཡི་གེ་བརྒྱ་བ་ཅི་ནུས་བཟླས་པར་བྱའོ། །རྣལ་འབྱོར་པ་རྣམས ་ཚོགས་ལ་ལོངས་སྤྱོད་པར་བྱའོ། །དེ་ནས་སྨད་ལས་ཀྱི་དྲག་པོའི་ལས་སྦྱོར་ཡང་བྱའོ། །དཔལ་མགོན་པོ་བྱ་རོག་མའི་བསྐངས་ཀྱི་ཆོ་གའི་རིམ་པ། བླ་མ་ཨ་བྷ་ཡ་ཀཱ་རས། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ། རྡོ་སྐུ་རང་བྱུང་གི་ཙར་མཛད་པའོ། །ཕྱིས་བླ་མ་ཆེན་པོ ་དཔལ་རྒ་ལོས་རང་འགྱུར་མཛད་པའོ།། །།དཔལ་ནག་པོ་ཆེན་པོའི་དངོས་གྲུབ་དང་?་བ་དང་བཟློག་པའི་སྒྲུབ་ཐབས་ཞེས་བྱ་བ་བཞུགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་མཧཱ་ཀ་ལ་སིདྡྷི་ཀྵརྱ་གི་ར་ཛ་དྷ་ན་མ། །བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་དངོས ་