| Wylie | e-texts based on the ACIP/ALL Input |
པར་བྱས་ཏེ། རིམ་པར་བན་ཆུང་གིས་ཀྱང་ཞལ་ཞུས་སོ།། །།དམ་ཚིག་འདུས་པའི་དབང་བཞུགས་སོ། །རྒྱ་གར་སྐད་དུ། ས་མ་ཡཱ། ཨ་བྷི་ཤེ་ཀ་ཏ། ཀེ་དུ:། བོད་སྐད་དུ། དམ་ཚིག་འདུས་པའི་དབང། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ ་ལ་ཕྱག་འཚལ་ལོ། །རྡུལ་གྱི་གྲངས་ཀྱི་མགོན་པོ་བཀུག། ཤ་ཁྲག་རྒྱན་པའི་གཏོར་སོགས་དབུལ། །བསྟོད་སོགས་དམ་ཚིག་རྡོ་རྗེ་གཏད། །སྣང་བ་ཞུས་པས་སྣང་བར་བསམ། །ཧཱོ་ཧཱོ(རྒྱུད་འགྲེལ་པོ་དང་ལྷ་མོ་རྣམས་སྙན་གསན་ཅིང་ཐུགས་བཏང་དུ་གསོལ། ཁྱེད་རྣམས་ཀྱི་སྤྱན་སྔར། སངས་རྒྱས་ཀྱི་བསྟན་པ་བསྲུང། དཀོན་མཆོག་གི་དབུ་ཕངས་བསྟོད། དམ་པའི་ཆོས་ཀྱི་ཆུལ་འཛིན། དགེ་འདུན་གྱི་སྡེ་སྐྱོང། དཾ་ཚིག་ཙིག་ལ་གནས་པར་ཁས་བསླངས ་པ་བཞིན་དུ། བདག་དང་སློབ་མ་སངས་རྒྱས་མ་རྒྱས་གྱི་བར་དུ། སྲུང་སྐྱོབ་བ་དངོས་གྲུབ་སྩལ་དུ་གསོལ། །རྟེན་ཅིག་ལ་འདུ་བ་དང། སྙིང་པོ་ཅིག་ལ་འདུ་བ་དང། ཆོས་ཉིད་ཅིག་ལ་འདུ་བ་དང། མཆོད་པ་དང། གཏོར་མ་ཅིག་ལ་འདུ་བ་དང། དམ ་ཚིག་ཅིག་ལ་འདུ་སྟེ། ཕན་ཚན་འཁུ་མ་ལྡོག། ཞེ་མ་སྡང། ཕྲག་མ་དོག། འཁོན་དང་སེལ་མེད་པར་མཛད་དུ་གསོལ། །དེ་ལས་འདས་ན། ཁྱེད་རྣམས་རང་ཤ་རང་གིས་ཟ་བ་དང། རང་ཁྲག་རང་གིས་འཐུང་པ་དང། སངས་རྒྱས་ཀྱི་བཀའ་ཡང་བླུས་སྟ། ་གནར་མེད་པར་གྱུར་ཏེ་རེ། དེ་བས་ན་བདག་དང་སློབ་མ་ལ་འགོ་བ་དང་འདྲེས་པ་དང་གནས་པར་མཛད་དུ་གསོལ། །མགོན་པོ་རྣམས་ཀྱི་རྡོ་རྗེ་འཛིན་པ་ལེགས་སོ་ལེགས་སོ་དེ་བཞིན་དུ་བྱའོ། །ཐབས་ཡིན་ནོ་གསུང། ལེགས་སོ་བརྗོད། ད་ནི་དབང་བསྐུར་ཏེ། ་འདི་ནི་མགོན་པོ་ཀུན་ལ་བྱིན་བའི་གཏོར་མ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བདེན་སྟོབས་ཀྱིས། །བསྟན་པ་བསྲུང་བའི་མགོན་པོ་མ་ལུས་ཀུན། །དམ་ཚིག་ཅིག་ལ་འདུ་བའི་དབང་ཐོབ་ཤོག་།འདི་ནི་མགོན་པོ་ཀུན་གྱིས་མྱངས་པའི་བདུད་རྩིས་ཏེ།། ་འདི་ནི་མགོན་པོ་ཀུན་གྱིས་སྤྱི་བོར་ཁུར་བའི་དམ་ཆོས་སྟེ། །འདི་ནི་མགོན་པོ་ཀུན་གྱིས་བལྟས་པའི་མར་མེ་སྟེ། །འདི་ནི་མགོན་པོ་ཀུན་གྱི་སྙིང་ལ་གནས་པའི་སྲོག་ཡིན་ཏེ། །འདི་ནི་མགོན་པོ་ཀུན་གྱི་ལག་ཏུ་གཏད་པའི་རྡོ་རྗེ་སྟེ། །ལྷག་མ་སྦྱར་ཏེ ་བརྗོད་པར་བྱ། །གང་བཞིན་གསོལ་གདབ་བྱིན་གར་བསམ། འདི་ནི་སངས་རྒྱས་ཀུན་གྱི་དམ་ཚིག་སྒྲུབ་པའི་རིགས་ཡིན་ཏེ། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །བསྟན་པ་བསྲུང་བའི་མགོན་པོ་མ་ལུས་ཀུན། ། ་རིག་འཛིན་འདི་ལ་འགོ་ཞིང་འདྲེས་གྱུར་ཅིག་།ོཾ་མཧཱ་ཀ་ལ་སརྦཱ(རྒྱུད་འགྲེལ་རྫོགས་སོ།། །།ཚུལ་ཤེས་རྒྱུད་རོ། །གཏོར་མ་དབུས་?་གཅིག་པའི་སྔགས་སོ། །ཡོན་དུ་ཧྲེ་ཡལ་གཡས་སུ་བདུད་རྩི། མདོ་རྒྱུད་པོ་ཏི། གཡོན་དུ་མར་མེ། ཡི་གེ་བཅུ་པ། མདུན་དུ་རྡོ་རྗེ་དང་མཆོད་པའོ་ལག་ལེན་ནོ།། ་