| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། མཧཱ་ཀཱ་ལ་ཤྲི་ཨ་དྷིཥྛ་ཝ་ཏི་ས་ཏ་ན་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་བྱིན་བརླབས ་ཅན་གྱི་སྒྲུབ་པའི་ཐབས་ཞེས་བྱ་བ། མྱུར་མཛད་མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དམ་པའི་ཆོས་ཚུལ ་བཞིན་སྒྲུབ་པའི་སྒྲུབ་པ་པོ་ཆེན་པོས་མི་དང་མི་མ་ཡིན་པ་གནོད་པ་རབ་ཀྱིས་དགེ་བའི་བར་དུ་གཅོད་པ་བྱུང་ན། །དགེ་སྦྱོར་ཉིད་ཀྱི ་བར་ཆད་གསལ་བའི་ཕྱིར། །དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་འདི་ལྟར་བྱ་སྟེ། །གནས་དབེན་པ་བཟང་པོར ་མགོན་པོ་ནག་པོ་ཆེན་པོའི་རྟེན་རྫས་དང། མཆོད་རྫས་ལ་སོགས་པ་ཕྱི་རྟེན་ནང་རྟེན་དགོས་པའི་ཡོ ་བྱད་བསགས་ལ་མཎྜལ་ལེགས་པར་བྱས་ཏེ། མེ་ཏོག་ཚོམ་བུ་དང། མཆོད་རྫས་དང་རྟེན་རྣམ་དག་བཀོད་ནས། ཙན ་དན་བེར་ལ་དར་ནག་གདགས། །རང་སྟན་བདེ་བ་ལ་ཤར་དུ་ཕྱོགས་པར་འདུག་སྟེ། རང་ཡི་དམ་ལྷའི་གཞུང་བཞིན་དུ ་འཚམས་གཅད་པ་དང། བྱིན་གྱིས་བརླབ་བྱའི་རྫས་རྣམས་བྱིན་གྱིས་བརླབ་པ་དང། དགེ་སྦྱོར་ཡན་ལག་བདུན་པ་དང། ཚད ་མེད་པ་བཞིས་བསོད་ནམས་ཀྱི་ཚོགས་བསག་།ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ཏེ། ཡེ་ཤེས་ཀྱི་ཚོགས་བསགས་པའི་དང་ལས་རང་ཡི་དམ་ཡེ་ཤེས ་ལྷའི་བསྐྱེད་རིམ་གཞུང་བཞིན་བྱ། དེའི་སྙེན་སྔགས་ཅི་རིགས་པར་བཟླས་ནས། རང་གི་སྙིང་ཁའི་ས་བོན་ལས་འོད་འཕྲོས་པས། བགེགས་ཀྱི་རྒྱལ་པོ ་ལོག་འདྲེན་བཀུག་པའི་སྟེང་དུ། པཾ་ཡིག་ལས་པད་མ་འདབ་བརྒྱད་བསམ། །དེའི་ལྟེ་བར་རཾ་དམར་པོ་ལས་ཉི་མའི་གདན་བསམས་ཏེ། །རང་གི ་སྙིང་ཁིའི་འོད་ཟེར་གྱིས་ལྷོ་ཕྱོགས་ཀྱི་དུར་ཁྲོད་ཙན་དན་གྱི་ཤིང་ཁ་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོ་སྤྱན་དྲངས་ནས་ནམ་མཁའ་ན་ཚུར་བྱོན ་ཏེ། གདན་ཐོག་ཏུ་བཞུགས་པར་བསམས་ལ། ངེས་པར་འབྱོན་ཞིང་བཞུགས་ནས་བདག་ལ་བྱིན་གྱིས་བརློབ་པར་འགྱུར་རོ། །དེ་ལ་ཡིད་མ་ཆེས ་ན་རང་ལྷག་པའི་ལྷར་བསྒོམས་ནས་སྙིང་ཁའི་ས་བོན་ལས་འོད་འཕྲོས་པས་གདན་སྐྱེད་པ་སྔ་མ་བཞིན་བྱས། གདན་ཐོག་ཏུ་ཡི་གེ་ཧཱུཾ་མཐིང་ནག་བསམ། ་དེ་ལས་འོད་འཕྲོས་འདུས་རྡོ་རྗེ་གྲི་གུག་ཧཱུཾ་གིས་མཚན་པ་བསམ། དེ་གྱུར་པ་ལས་ནག་པོ་ཆེན་པོ་བསྐྱེད་དེ། ཁྲོ་བོའི་གཟུགས་བརྙན་སྐུ་མདོག་མཐིང་ནག་འོད ་འབར་བ་རྒྱུད་ནས་གསུངས་པ་བཞིན་ཞལ་གསུམ་པར་སྒོམ་མོ། །དབུས་ཞལ་སྐུ་མདོག་དང་འཐུན་པ། ཞལ་གཡས་དམར་ནག་།གཡོན་པ་ལྗང་ནག་ཏུའོ། ། ་སྔོན་དུ་མཐོང་བ་བཞིན་ཞལ་གཅིག་མཐིང་ནག་ཏུ་སྒོམ། །གང་ལྟར་དུ་སྒོམ་ཡང་ཕྱག་དྲུག་པ་ཁོ་ན་སྟེ། ཕྱག་གཡས་ཀྱི་དང་པོ་མི་མགོའི་ཕྲེང་བ་འགྲང་བ། གཉིས ་པ་ན་གྲི་གུག་།གསུམ་པ་ན་ཌ་མ་རུ་འཁྲོལ་བའོ། །གཡོན་གྱི་དང་པོ་ཐོད་པ་ཁྲག་གིས་བཀང་བ། གཉིས་པ་ན་མདུང་རྩེ་གསུམ་པ། །ཐ་མ་ན་ཞགས་པ་བསྣམས་པ། ། ་དབུ་སྐྲ་གྱེན་དུ་བརྫེས་པའི་སྟེང་ན་སངས་རྒྱས་མི་སྐྱོད་པ་བཞུགས་པ། དཔྲལ་བ་སིན་དྷུ་རས་བྱུག་པ། མཆེ་བ་བརྩིགས་པ། དབུ་དང་སྐུ་ལ། སྦྲུལ་དང་རིན་པོ་ཆེའི་བརྒྱན་གྱིས་བླུངས་པ། མི ་མགོ་ཁྲག་འཇིག་པ་ལྔ་བཅུའི་དོ་ཤལ་བྱས་པ། སྟག་གི་ལྤགས་པའི་ཤམ་ཐབས་ཀྱི་སྟེང་དུ། སྤྲུལ་དང་རིན་པོ་ཆེའི་ཕྲེང་བའི་སྐེ་རགས་བཅིངས་པ། དྲིལ་བུ་གཡེར་ཁས་བརྒྱན་པ། ཞབས་གཉིས་བགྲད ་པས་བགེགས་ཀྱི་རྒྱལ་པོ་མགོ་གཡས་སུ་བསྟན་པ་མནན་པ། སྐུ་ཆེ་ལ་ཡན་ལག་རགས་པ། གཟི་བརྗིད་འབར་བ། ལྷ་མ་ཡིན་སྡེ་བརྒྱད་བྲན་འཁོར་དུ་འདུས་པར་སྒོམས་ལ། ཨོཾ་ཨཱ(རྒྱུད་འགྲེལ་ཐུགས་བྱིན་གྱིས་བརླབ། ལྷ་དབང་སྐུར་བ་བྱ་མི་དགོས་ཏེ། བྱས་ཀྱང་འགལ་བ་མེད་དོ། །རང་དང་མགོན་པོ་གཉིས་ཀའི་ཐུགས་ཁ་ནས་འོད་འཕྲོས་པས་ལྷོ་ཕྱོགས་དུར་ཁྲོད་ཀྱི་ཤིང་ཙན་དན་གྱི་སྡོང་པོ་གཅིག ་གི་སྟེང་ནས་རང་བཞིན་གྱི་དཔལ་ནག་པོ་ཆེན་པོ་སྤྱན་དྲངས་ཏེ། ནམ་མཁའ་ལ་ཚུར་ཌཱ་མ་རུ་དང། དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་པ་བྱོན་ནས་མདུན་གྱི་ནམ་མཁའ་ལ་བཞུགས་པ་ལ། ན་མོ ་མ་ཧཱ་ཀཱ་ལ་ཡ། པོ་དེ་སད་ཏ་མ་ཧཱ་སད་ཏ་ཡ། ཞེས་ཕྱག་བཙལ་ལ། ཤྲཱི་མ་ཧཱ་ཀཱ་ལ་ཛ། ཞེས་མདུན་བསྐྱེད་ནག་པོའི་སྤྱི་བོར་དགུག་།མ་ཧཱ་ཀཱ་ལ་ཡ་ཧཱུཾ་གིས་དམ་ཚིག་པ་ལ་ཡེ་ཤེས་པ་བཞུག། ་མ་ཧཱ་ཀཱ་ལ་ཡ་བཾ་གྱིས་གཉིས་སུ་མེད་པར་འདྲེས་པར་བསམ། མཧཱ་ཀཱ་ལ་ཧོ:ཞེས་པས་མཉེས་པར་བྱའོ། །དེ་ནས་གཞུང་གཞན་བཞིན་དུ་མཆོད་པ་བྱས་ཏེ། ཁྱད་པར་དུ ་ནག་པོ་ཆེན་པོའི་སྤོས་ནི། ཙན་དན་དང། ཉུངས་ཀར་དང། སྒོག་སྐྱ་དང། ཤ་ཆེན་དང། གུ་གུལ་ཆ་མཉམ་པར་སྦྱར་བའི་སྤོས་དབུལ། ཡང་ན་ཙན་དན་དང། ཉུངས་ཀར་། བུ་རཾ་། ་གུ་གུལ་། མི་ཁྲག་གིས་སྤྲུས་པའི་རིལ་བུ་དབུལ་ལོ། །ཡང་ན་གུ་གུལ་མི་ཁྲག་བསྲེས་ལ་དབུལ་ལོ། །སྔགས་ནི་། ཙ་ལ་ན་ནི་པུ་ར་ཛ་ལི། ཛ་ལ་ཀི་ན་རི་ལི་ཀ་པ་ཧཱུཾ་ཀཾ་། ན་ར་ཝ ་པ། ཨུ་ར་དྷ་ཀ་ཧཱུཾ། ཀ་ཕེ་ཀ་ར།། བྷི་བྷི་ན། ཤ་དྷ་པ་དྷ་པི་ལ། དྷ་མ་རུ་ཨེ་པ་ལ་ཨེ་ཀ་ལ། ཧ་ཧི་ལོའི་ཡན། ཨན་དྷེ། ཨེ་པན་ཙ་ལུ་ལ་ཨེ་སན། སི་ར་མ་ལ་། ཀ ་ཧི་ན་ར་ས་ཏ་པ་ཤ་ཨ་ས་མ་ཐི་སྠི། མ་ཧཱ་ཀཱ་ལ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་། ཞེས་བྱའོ། །དེ་ནས་སྟོད་པ་བྱ་སྟེ་། ཧཱུཾ་དཔལ་ལྡན་མགོན་པོ་ནག ་པོ་གཟི་བརྗིད་ཆེ། །ཡེ་ཤེས་རྒྱས་ཕྱིར་དབུ་སྐྲ་གྱེན་དུ་འབར། །དབྱིངས་ན་བཞུགས་ཕྱིར་མི་བསྐྱོད་རྒྱ་ཡི་བཏབ། །མཁའ་འགྲོ་བསྡུད ་ཕྱིར་སིན་དྷུ་ར་ཡིས་བྱུགས། །རིགས་ལྔའི་མཆོག་འདུས་ཐོད་ཕྲེང་དབུ་བརྒྱན་ཅན།། །བམས་གསུམ་ལ་གཟིགས་སྤྱན་རྩ་དམར་ལ་ཟླུམ། །གདུག་པ་འདུལ་ཕྱིར་རྣོ་སྡུག་མཆེ་བ་བརྩིགས། །ཕ་རོལ་ཕྱིན་དྲུག་དགེ་ཕྱིར་ཕྱག ་དྲུག་ལྡན། །བདུད་བཞི་རྣམས་ཅོད་རྡོ་རྗེ་གྲི་གུག་ཐོགས། སྔགས་རྣམས་མི་བརྗེད་གཟུངས་ལྡན་ཐོད་ཕྲེང་བསྣམས། །གསང་ཆོས་སྒྲོག་ཕྱིར་ཅང་ཏེའུ་དྲག་ཏུ་འཁྲོལ། །ཉོན་མོངས་མ་སྤངས་དག་ཕྱིར་ཐོད་ཁྲག་བསྣམས། །དུག་གསུམ་སྟིང་འབུགས་མདུད་རྩེ་གསུམ ་ལྡན་འཛིན། །གདུར?་བྱ་མི་འདོར་རྟག་ཏུ་ཞགས་པ་བསྣམས། །འཇིགས་པ་བསྐྱོབ་ཕྱིར་སྟག་ལྤགས་སྐུ་སྨད་བཀྲིས། །བསོད་ནམས་ཚོགས་རྫོགས་སྐུ་མདོག་གཟི་བརྗིད་འབར། །འཁོར་བའི་སྐྱོན་གྱིས་མ་གོས་པད་མའི་གདན། །མ་རིག་མུན་སེལ་ཉི་མའི་གདན་སྟེངས་སུ། ་ཉོན་མོངས་ཚད་སལ་ཟླ་བའི་གདན་ལ་གཞུགས། །གདུག་པ་འདུལ་རྟགས་བགེགས་རྒྱལ་ལོག་འདྲེན་མནན། །ཆོས་སྐུ་མི་འགྱུར་ཐོབ་ཕྱིར་སྐུ་མདོག་མཐིང་ནག་འབར། །དགོས་འདོད་སྐོང་ཕྱིར་ཙན་དན་སྟེང་ན་བཞུགས། །ནག་པོ་ཆེན་པོ་དཔལ་ལ་ཕྱག་འཚལ ་ལོ། །སྔོན་གྱི་ཞལ་བཞེས་རྗེས་སུ་དྲན་མཛོད་ལ། །བདག་གིས་བཙོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཅེས་བསྟོད་དོ། །དེ་རྗེས། སྐུ་རིམ་གྱིས་གསལ་བར་སྒོམ། །དེའི་རྗེས་ལ་དཔལ་ནག་པོ་ཆེན་པོའི་ཐུགས་ཁར་བད་མ་དང་ཉི་མའི་གདན་ལ་ཧཱུཾ་ཡིག ་ལ་སྙིང་པོའི་སྔགས་ཀྱིས་བསྐོར་བར་བསམས་ལ་སྔགས་བཟླས་ཏེ། །རང་གི་སྙིང་ཁ་ནས་འོད་ཟེར་སྔགས་ཀྱི་ཡི་གེར་འཕྲོས་པས་མཆོད་པར་གྱུར། །མགོན་པོའི་ཐུགས་ཁ་ནས་འོད་ཟེར་སྔགས་ཀྱི་འཕྲེང་བ་ཚུར་འདུས་པས་བདག་བྱིན་གྱིས་བརླབས་སིང། །དངོས་གྲུབ ་ཐོབ་བར་བསམས་ལ་སྲོག་གི་སྙིང་པོ་འདི་བཟླས། །ོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིག་ནན་བི་ན་ཡ་ཀ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཞེས་གཏམ་གྱི་བར་མ་ཆད་པར་བཟླས་ཏེ། །དེ་ཡང་གྲངས་འབུམ་ཕྲག་གསུམ་མམ། བདུན་ན་མ། བཅུ་བཟླས་པའམ། ཡང་ན་ཙན་དན་གྱི་ ་ཤིང་གི་རྩ་རུ་ཟླ་བ་དྲུག་བཟླས་པའམ། །ཡང་ན་མཚན་རྟགས་སུ་སྔགས་པ་རྣམས་དང། བཙུན་པ་དང། ཆུ་ཆེན་པོ་སྐྱེས་པ་དང། གྲོང་ཁྱེར་མེ་ཡིས་ཚིག་པ་དང། །བུད་མེད་མང་པོ་དང། ཁྱི་ནག་དང། བྱ་ནག་ལ་སོགS ་སོགས་པ་རྨི་བ་དང། གནོད་བྱེད་དང་ཐབས་ནས་རྒྱལ་བ་ལ་སོགས་པ་རྨི་བ་དང། ཡང་དང་ཡང་དུ་འབྱུང་བ་དང། །ཉམས་དགའ་ཞིང་ཏིང་ངེ་འཛིན་གསལ་བ་ལ་སོགས་པ་ཉམས་བྱུང་བྱུང་གི་བར་དུ་ཞག་རེ་ལ་ཐུན་བཞི་རུ་བྱས་ལ་བསྙེན་པ་བྱའོ། ། ་ཐུན་རེའི་མཆོད་པ་དང་བསྟོད་པ་དང། ཉམས་པ་བཤགས་པ་དང། འདོད་པ་བསྒྲུབ་པར་ཞུ་པ་བྱས་ལ། ཡེ་ཤེས་ཀྱི་མགོན་པོ་ནག་པོ་གཤེགས་པར་བྱ། །བསྐྱེད་པའི་ནང་པོ་ཆེན་པོ་རང་ལ་བསྡུ། །སྤྱོད་ལམ་ལ་སོགས་པ་ཆོས་སྤྱི་དང་འཐུན་པ། ། ་དེ་དག་གིས་ནི་བསྙེན་པའི་བྱ་ཐབས་སོ། །སྒྲུབ་པ་ནི། གནས་དུར་ཁྲོད་དམ། ཤིང་གཅིག་གམ། མ་མོའི་ཁྱིམ་མམ། ཆུ་འགྲམ་ལ་སོགས་པར་དགོས་པའི་རྫས་བསགས་ལ། དཀྱིལ་འཁོར་ཟླ་གང་གྲུ་བཞི་པ་བྱ། ཐིག་ལ་སོགས་པ ་གཞུང་བཞིན་གདབ། །ཚོན་གྲི་བ་ནི་དབུས་གྲུ་གསུམ་མཐིང་ནག་གཙང་གིས་སྐོར། དེའི་མཐར་ཟླུམ་པོ་ཐོད་པའི་ར་བ་བྱ། དེ་གཉིས་བར་གྱི་ཟླ་གམ་གསུམ་དམར་པོ། །ཐོང་རའི་ཕྱིའི་གྲུ་ཆད་བཞི་ལྗང་ཁུ། །སྒོ་ལ་སོགས་པ་གཞུང་ཅི་དང་འཐུན ་པ་བྲིའོ། །དཀྱིལ་འཁོར་དབུས་སུ་དཔལ་མགོན་པོ་ཆེན་པོའི་གཟུགས་བརྙན་དགོད། ཟླ་གམ་གསུམ་ལ་ཕུད་དང། གཏོར་མ་དང་ཁྲག་གི་སྣོད་དགོད། སྒོ་བཞི་ལ་ཤར་དུ་འཕགས་མ་ནམ་གྲུ་མ། ལྷོ་རུ་ནག་མོ་ཆེན་པོ་གྲི་གུག་ཐོད་པ་ཅན། ནུབ་ཏུ། ། ་ལེགས་ལྡན་ནག་པོ་ཆེན་པོ། བྱང་དུ་དཔལ་རེ་མ་ཏི་རྣམས་ཀྱི་རྩ་ཀ་ལི་དགོད། །མགོན་ནག་འཁོར་གྱི་རྟེན་རྫས་རྣམས། མཆོད་རྫས་དང། ལས་སྦྱོར་གྱི་རྫས་རྣམས་ཀྱང་བཤམས་ལ། རང་སྟན་བདེ་པ་ལ་འདུག་སྟེ། བྱང་ཆུབ་མཆོག་ཏུ་སྨོན་པའི་སེམས ་བསྐྱེད་པས། རང་གི་ལྷག་པའི་ལྷ་གསལ་བར་བྱས་ཏེ། སྙིང་པོ་ཅི་རིགས་བཟླས་པར་བྱ། དེ་ནས་དཀྱིལ་འཁོར་མི་དམིགས་པ་ལས་ཡི་གེ་བྲུཾ་སྨུག་ནག་ཏུ་བསམ། དེ་ནས་ལྷའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་དང་ལྡན་པ། རྟ་བབས་བཞི་ཡིས་བརྒྱན་པ ་བསམ་།ནང་གི་དབུས་རིམ་གྱིས་མཐོ་བ། དབུས་གྲུ་གསུམ་མཐིང་ནག་།དེའི་ཕྱིར་ཟླ་གམ་གྲུ་གསུམ་དམར་པོ། དེའི་ཕྱི་མ་ཟླུམ་པོ་མི་མགོའི་རྩིག་པས་གཙང་ཁང་རྩིགས་པ། དེ་ལྕགས་གཟེར་དང་འདྲ་བ་དམ་པོ་ལྕགས་ཀྱིས་བྱས་པ། དེ་རྣམས་འོད་འབར ་བའི་རྣམ་པ་ཅན་སྒོམ་། དེའི་དབུས་སུ་གྲུ་གསུམ་གྱི་ཐོག་ཏུ་པདྨ་དང། བགེགས་ཀྱི་རྒྱལ་པོ་ཙིགས་པའི་སྟེང་དུ་ཧཱུཾ་ལས་དཔལ་མགོན་པོ་ནག་པོ་སྔོན་བཞིན་སྒོམ། སྒོ་བཞིར་ལེགས་ལྡན་ནག་པོ་ཚན་པོ། ལྷོར་ནག་པོ་ཆེན་པོ་གྲི་གུག་ཐོད་པ་ཅན། དེ་གཉིས ་ཡི་གེ་ཧཱུཾ་དམར་ནག་དང། མཐིང་ནག་ལས་བསྐྱེད་དེ། ཞལ་གཅིག་ཕྱག་གཉིས་པའོ། །བད་ནི་ཙན་དན་གྱི་བདེ་དང་ཐིད་ཁྲག་བསྣམས་པ། གྲི་གུག་མ་ནི་རྡོ་རྗེ་གྲི་གུག་དང། ཐོད་ཁྲག་ཐོགས་པའོ། །ཤར་ཇུ་རུ་སྣུག་ནག་ནས་འཕགས་མ་ནམ་གྲུ་མ་ཞལ ་གཅིག་ཕྱག་གཉིས་མ་ཕྱག་ན་རལ་གྲི་དང་ཐོད་ཁྲག། སྐུ་མདོག་སྨུག་ནག་གོ་། བྱང་དུ་ནག་པོ་ཆེན་པོ་ཞལ་གཅིག་ཕྱག་གཉིས་ཡོཾ་མ་ཏཱ་ཀཱ་?་རཀྵ?་དུ་ཛེཌཎི?་ཛ་ཧཱུཾ་ཧཱུཾ་ཇ་པ། ཕྱག་ན་རལ་གྲི་དང་ཕུབ་ཐོགས་ཨོཾ་ཤིན་ཧཱ་ཀཱ་ལ་ཧཱུཾ་ཧཱུཾ་ཕཊ་པ། ནག་པོ་ཆེན་པོ་གསུམ་དང་ནག ་གི་བེར་གསོལ་བ། རིན་པོ་ཆེའི་ཕྲེང་བའི་སྐུ་རགས་དང། ལྷ་སྦྱོ་མ་ཨོ་ནག་མོ་བཎྜཌཧ?་ལ་ཀུ་ལུ་ཀུ་ལུ་ཧཱུཾ་བྷཡོ་པར་རོ་རུ་དུད་སོལ་དང་ཝ་བ་གཅིག་ཀྱང་གདའ་མོའི་སྐུ་བསྟོད་ཞིང་བི་ལྤགས་པ། སྐུ་སྨད་རེ་ལྔེ་རི་ཤམ་བུ་ཅན་ནོ། །མགོན་ཨོ་ཨོཾ་?་མཧཱ་ཀཱ་ལ་སིདྡྷི?་ཡཾ་དུ་ཛ་ཛ་ཧཱུཾ་ཧཱུཾ་ཕཊ་ཕཊ། ལྕམ་བྲལ ་ཀུན་གཤིན་གྱི་གདན་ལ་བཞུགས་པ། མི་མགོའི་ཕྲེང་བའི་དོ་ཤལ་དང། སྦྲུལ་གྱིས་བརྒྱན་ལ་སོགས་པ་དང་ལྡན་པ། ཁྲོ་ཚུལ་ཅན་གཟི་བརྗིད་དང་འོད་འབར་བ། དྲག་ཤུ་ཚལ་མཐུ་རྩལ་ཆེ་བ། འཁོར་ནག་པོ་ཆེན་པོའི་ཚོགས་དང། མ་མོ་དང་། ་མཁའ་འགྲོ་མའི་གཙོ་མོ་ལ་སོགས་པ། ཆོས་སྐྱོང་བའི་ལྷ་མ་ཡིན་དཔག་ཏུ་མེད་པས་ཡོངས་སུ་བསྐོར་བར་བསྒོམ། །དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་དང། ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོ་འཁོར ་བཅས་རྣམས་དུར་ཁྲོད་ཆེན་བོའི་གནས་ནས་སྤྱན་དྲངས་ཏེ་།བསྐྱེད་པའི་དཀྱིལ་འཁོར་བཞུགས་པ་དང། ཕྱག་བཙལ་བ་དང། མཆོད་པ་དང་བསྟོད་པ་རྣམས་བྱས་ལ། དེའི་རྗེས་ལ་བདག་གི་ཐུགས་ཁའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡུལ་ཚོན་གཙོ་བོའི ་ཐུགས་དམ་བསྐུལ། དེ་ལས་འོད་ཟེར་དང། སྤྲུལ་པའི་ཁྲོ་བོ་ཁོ་མོ་བསམ་གྱིས་མི་ཁྱབ་བ་ཕྱོགས་བཅུར་འཕྲོས་པས། ལོ་ཀའི་ཁམས་ཀུན་གྱི་ཆོས་སྐྱོང་ཐམས་ཅད་དབང་དུ་བསྡུས་ཏེ་ལས་ལ་དཀོལ་ནས། དེ་དག་གི་སྔགས་ལ་བདག་གི ་དགྲ་བགེགས་ཐམས་ཅད་དྲག་པོ་མངོན་སྤྱིད་ཀྱིས་བསྒྲལ་བར་བསམ། ཤ་ཁྲག་ཟ་ཞིང་འབྲུར་བར་བསམས་ལ། མགོན་ནག་ཆེན་པོ་འཁོར་བཅས་བོད་པའི་སྔགས་དང། རྦད་པའི་སྔགས་དང། དགྲ་བགེགས་བསད་པའི་སྔགས་དང། གསུམ ་ཚང་བ་འདི་དག་གཞན་དང་མ་འདྲེས་པར་བཟླས། ཨོཾ་མ་ཧཱ་ཀཱ་ལ་ཡ། ཤ་ས་ན། ཨ་པ་ཀ་རི་ནི། རེ་ཤ་མ་ཨཱ་པཙྪི། མ་ཧཱ་ཀ་ལོ་ཡཾ་ཨི་ཏ་ན་ཏ་རད་ན་ཏྲ་ཡ་ཡཱ། ཨ་པ་ཀ་རི་ནན། ཡ་ཏི་པྲ་ཏི་ག་ཛྙི་།སྨར་སི་དྷན་དུ་ཤཾ། སརྦ་དུས་དང། སརྦ་ཏ་ཀ ་ཡ། བྷཾ་ལིཾ། ཁ་ཁ་ཁཱ་ཧི། ཁཱ་ཧི། མཱ་ར་ཡ་མཱ་ར་ཡ། གྷྲིཧྣ་གྷྲིཧྣ་།བྷནདྷ་བྷནདྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དིན་མེ་ཀེ་ནི་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་སྨྲ་པ་གཞན་གྱིས་བར་མ་མཆོད་པར་བཟླས། ཐུན་མཚམས་སུ ་མཆོད་པ་དང། བསྟོད་པ་དང། ཐུགས་དམ་བསྐུལ་བ་དང་ཡེ་ཤེས་བ་ཆ་སྟེ་རང་ལ་?། དམ་ཚིག་ལྷ་ལ་སོགས་པ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པར་བྱ་ཞིང། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ་བལྟས་ཏེ། སྙིང་རྗེ་དང ་བྱམས་པ་བསྒོམ། དེ་ལ་སྒྲུབ་པའི་མཚན་རྟགས་མ་བྱུང་བར་དུ་བསྒྲུབ། མཚན་རྟགས་ནི་སྐྱེས་པ་དང་བུད་མེད་ལ་སོགས་པས་ཚུར་ཕྱག་བྱེད་པཱ་དྲང། སྐྱེ་འགྲོ་མང་པོ་བདག་གི་འཁོར་དུ་འདུག་པ་དང། གཡོག་བྱེད་པ་དང། བྱོལ་སོང་འཁོར་བ་དང། སེམས ་ཅན་ཅི་ཡང་རུང་བ་བསད་པ་རྨི་བ་ལ་སོགས་བྱུང་བྱུང་སྒྲུབ་པར་བྱ། དེ་ཡང་འཁོར་ལྷ?་རྟེན་ནས་སྒྲུབ་པ་དང། མནན་བསྲག་སྦྲག་མ་ལ་བརྟེན་ཏེ་སྒྲུབ་པའོ། །འཁོར་ལོ་ལ་རྟེན་ནས་སྒྲུབ་པ་ལ་གཉིས། བསྲུང་པའི་འཁོར་ལོ་དང། དྲག་པའི་འཁོར་ལོ ་ལ་རྟེན་པའོ། །བསྲུང་བའི་འཁོར་ལོ་ནི། ནང་འཁོར་ལོ་རྩིབས་བརྒྱད། ཕྱི་གྲི་གུག་རྩིབས་བརྒྱད། དེའི་ཕྱི་མེ་རི་འབར་བས་སྐོར་བ་བྲི། འཁོར་ལོའི་རྩིབས་རེ་རེ་ལ་སྙེན་སྔགས་དང། བསྲུངས་ཅིག་སྤྲེལ་ཏེ་། ཨོཾ་བཛྲ་མ་ཧཱ་ཀ་ལ་ཀྵི་ཀྵེ་ཏྲ་བིག་ནན་རིན་ཡག ་ཧཱུཾ་ཧཱུཾ་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་ཤས་ན་ཨ་པ་ཧཱ་རི་ཤ་རི་རི། ཨ་བ་ཙ། མ་ཧཱ་ཀཱ་ལོ་ཡཾ། ཨི་དན་ཏྭ་ཁད་ན་ཏྲ་ཡ་ལ་མ་བཀར་ནི་ན། ཡ་ཏི་པྲ་ཏི་ཛྙ་སྨྲ་ར་སི་ཏན་དུཥྚཾ་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱཧཱ། འདི་ལན་ཅིག་ལམ་ཤོང་ན་སྐྱར་གྱི་བྲིའོ། །བྲི། ནང་གི་མུ་ཁྱུད་ལ་སྔགས་རིངས ་བྲི། ལྟ་བ་ལ་བསྲུང་བྱའི་གཟུགས་མིང་རུས་གནས་བཅས་པ་བྲིས་ལ་གུར་གུམ་མཾ་གྷི་ཝཾ་གྱིས་རྩ་བ་མནན་ནོ། །རབ་གནས་བྱེད་ན། བསྐྱེད་རིམས་ལ་སོགས་པ་བསྒོམས་པ། འཁོར་ལོ་མི་དམིགས་པ་ལས་ཡི་གེ་བྲུཾ་བསམ། དེ་ལས་འཁོར ་ལོ་བསྐྱེད། དེའི་སྟེང་དུ་བཾ་ལས་པད་མ་དང། རཾ་ལས་ཉི་མའི་སྟེང་དུ་སྔགས་ཀྱི་ཡི་གེ་རྣམས་བསམས་ལ། དེ་ལས་འོད་ཟེར་འཕྲོས་པས་ཆོས་སྐྱོང་བཀུག་སྟེ། སྔགས་ཀྱི་ཡི་གེ་ལ་ཐིམ་པས་ཡི་གེ་རྣམས་དཔལ་ནག་པོ་ཆེན་པོར་བསྒོམ ་དེའི་ཐུགས་ཁར་པད་མའི་ལྟེ་བ་ལ་ཉི་མ་གནས་པར་བསམ། དེའི་སྟེང་དུ་སྒྲུབ་སྔགས་བསམས་ནས། བདག་ལྷག་པའི་ལྷར་གསལ་པའི་ཐུགས་ཁ་ནས་འོད་ཟེར་སྔགས་སུ་འཕྲོས་བས། དཔལ་ནག་པོ་ཆེན་པོའི་ཐུགས་ཁར་ཕོག་། ་དེའི་ཐུགས་ཁ་ལས་སྔགས་འོད་བྱུང་ནས་ཞལ་ནས་འཐོན་ཏེ། བདག་གི་ཞལ་ནས་ཐུགས་ཁར་ཐིམ་པས་སྡིག་སྒྲིབ་དག་ཅིང། སྡུག་བསྔལ་ཞི་བར་བྱེད་པའི་མཐུ་སྐྱེད་པར་བསམ། སྔགས་བརྒྱ་རྩ་བརྒྱད་དམ་ཅི་ནུས་བཟླས ་ལ། མཆོད་སྟོད་བྱ། ཡེ་ཤེས་ལྷ་གཤེགས། དམ་ཚིག་ལྷ་ཞུ་ནས། སྔགས་ཀྱི་ཡི་གེའི་གཟུགས་སུ་གྱུར་པར་བསམ། མེ་ཏོག་དཀར་པོ་ལ་རྟེན་འབྲེལ་སྔགས་ཏེ། གཏོར་བས་ཀྱང། སྔགས་ཉིད་མགོན་པོའི་རང་བཞིན་ཡིན་ལ། ་མགོན་ནག་ཉིད་སྔགས་ཀྱི་གཟུགས་སུ་བཞུགས་པས། ཅིས་ཀྱང་གཞོམ་དུ་མེད་པ་རྡོ་རྗེའི་ཡི་གེར་བསམས་ལ་བསྲུང་བྱའི་ཡུལ་ལ་གདགས་ཏེ། དེའི་ལུས་རྡོ་རྗེའི་རང་བཞིན་། ཡི་གེ་བཏགས་པས་ཅིས་ཀྱང་མི་ཚུགས་པར་བསམ། ་ཆོ་ག་གཞན་ཅི་དང་འཐུན་ན། །འཁོར་ལོ་ལ་རྟེན་ཏེ་དྲག་པོའི་སྒྲུབ་པ་བྱེད་ན། འཁོར་ལོ་གཉིས་བྱས་ཏེ། གཉིས་ག་ལ་ཕྱིའི་རི་མོ་ཟླུམ་པོ་བཞི་རིམ་དུ་སྐོར་བའི་མུ་ཁྱུད་སུམ་རིམ་བྱ། རི་མོ་ཕྱི་རོལ་མའི་ཕྱི་མ་རིས་སྐོར། མུ་ཁྱུད་ཕྱི་རིམ ་མ་ལ་སྙེན་སྔགས་ལ་མཱ་ར་ཡ་ཕཊ་བཏགས་པ་དབུ་ཕྱི་རུ་བསྟན་པ་བྲི། པད་མ་ལ་གྲི་གུག་རྣོ་ནང་དུ་བསྟན་བ་ཅི་མང་དུ་བྲིའོ། །ནད་མ་ལ་སྒྲུབ་སྔགས་དབུ་ཕྱི་རུ་བསྟན་པ་འཁོར་བར་དགོད། རི་མོ་ཟླུམ་པ་ནང་མའི་ངོས་སུ་འཁོར་ལོ ་རྩིབས་བརྒྱད་རྩེ་ནང་དུ་བསྟན་པ་བྲི། །རྩིབས་བརྒྱད་ལ་འཁོར་ལོའི་སྔགས་བརྒྱད་བྲིས་ལ། ཁ་ཁ་ཁཱ་ཧི་ཁཱ་ཧི་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། མཱ་ར་ཡ་མཱ་ར་ཡ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། གྷྲིཧྣ་གྲིཧྣ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། བྷནདྷ་གྷནདྷ་ཆེ་གེ་མོ ་མཱ་ར་ཡ་ཧཱུཾ་ཕཊ་།ཧ་ན་ཧ་ན་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ད་ཧ་ད་ཧ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་། བ་ཙ་པ་ཙ་ཆེ་གེ་མོ་མཱ་ར་མ་ཧཱུཾ་ཕཊ་དི་ན་མེ་ཀེ་ནི་ཨ་མུ་ཀ་མཱ་ར་ཡ་ཧཱུཾ་ཕཊ། ཞེས་པ་རྣམས་སོ། །དབུས་སུ་སྒྲུབ་བྱའི་གཟུགས་མིང་དུས ་དང་སྔགས་སུ་བཅས་པ་བྲིའོ། །དེ་ཡང་འཁོར་ལོ་སྟེང་མའི་མདུན་ན་གཡས་ངོས་ན་ཕར་ལ་འཁོར་བར་བྲིའོ། །འོག་མའི་ཡི་གེ་གཡོན་དུ་འཁོར་བར་བྲི། རྩིབས་བརྒྱད་ཀྱི་དབུ་ནང་དུ་བསྟན་པ་བྲི། དེ་རྣམས་ཁྲག་ཆེན་དང་དུག་གིས་བྱུགས་ལ ་འཁོར་ལོ་གཉིས་ཁ་སྦྱར་ཏེ། བར་དུ་ལིང་ག་བྲིས་ལ་བཞུག་།དེ་ཐོད་པར་བཙུག་ལ་ཐོད་པ་འགྲུབ་ཁུབ་དུ་བཅུག་ལ། དེ་ནས་ཡི་དམ་ལྟར་བསྐྱེད། མདུན་དུ་དང་ལ་ནག་པ་ཆེན་པོ་བསྐྱེད་ལ་དགུག་གཞུག་ལ་སོགས་པ་བྱ་སྟེ། བསྙེན་སྔགས་བརྒྱ་ཙམ ་བཟླས། དེའི་རྗེས་སུ་འཁོར་ལོ་སྟོང་པར་བསྒོམས་ལ་དེར་བྲུཾ་ལ། གནམ་ལྕགས་མཆེན་ཆའི་འཁོར་ལོ་མེ་འབར་བར་བསྒོམས་ལ། འཁོར་ལོའི་བར་གྱི་ལིང་ག་ལ་ཎི་འམ། ཏྲི་ལས་སྒྲུབ་བྱ་བསམས་ལ། རང་ལྕགས་ཀྱུའི་ཕྱག་རྒྱ ་བཅས་ཏེ། དཔལ་ནག་པོ་ཆེན་པོ་ལས་སྤྲུལ་པའི་ཁྲོ་ཙོགས་ལ་ལྕགས་ཀྱུ་དང། ཐོབ་ཐོགས་པ་མང་པོ་འཕྲོས་ཏེ། བསྒྲལ་བྱ་རང་རྒྱུད་ཀྱི་གནས་ནས་དགུག་བར་བྱ། ལྕགས་ཀྱུས་སྙིང་ནས་བཟུང། ཐོ་བས་རྒྱབ་ནས་ཕུལ། བཀུག་ནས ་སྔར་གྱི་སྒྲུབ་བྱ་ལ་བཞུགས། དེ་ནས་འཁོར་ལོ་སྐོར་ཏེ། འཁོར་ལོ་དྲག་ཏུ་འཁོར་བ་དང། དཔལ་ནག་པོ་ཆེན་པོའི་སྤྲུལ་པ་དང། འཁོར་དུ་བཅས་པས། མཚོན་ཆའི་ཆར་དུ་ཕབ་པས། བསྒྲལ་བྱ་ལུས་དུམ་བུར་གཏུབ་ཁར་བསམ། ་ཤ་རུས་དུམ་བུ་དང། ཁྲག་ཟགས་པ་ཐོད་པས་བཅུས་ཏེ་གསོལ་བར་མཛད་པ་དང། ཤ་རུས་ལྷག་མ་མེས་བསྲེགས་ཅིང་ཆོས་པ་ཡང་ཐོད་པར་བླངས་ནས་གསོལ་བར་བསྒོམ། ལྷག་མ་ཐལ་བར་ཡང་སོང་བར་བསམ། བསྙེན ་སྔགས་དང་ལས་སྔགས་སྦྲེལ་ལ་ཅི་ནུས་སུ་རང་རེས་སྐབས་སུ་བཟླས་ཤིང་ཐུན་གྱིས་བྲབ་བོ། །དེ་ལྟར་ཞགས་བདུན་ནམ་བཅུ་བཞི་ཉི་ཤུ་རྩ་ཅིག་ཏུ་སྒྲུབ་པར་བྱའོ།། །།མནན་སྲེག་སྦྲག་མ་ལ་རྟེན་ཏེ་སྒྲུབ་ན་། ་འཁོར་ལོ་འམ། འཁོར་ལོ་མེད་པའི་ལིང་ག་བྲེས་པ་ཡང་རུང་ཏེ། རང་གི་མལ་འོག་འགྲུབ་ཁུང་བཅས་པར་བཅུག་ལ། མདུན་དུ་མཆོད་རྫས་དང་མེ་ཐབ་ལ་སོགས་པ་བཤམས་ཏེ། མེ་ཐབ་ཏུ ་ཉིན་གུང་དམ་མཚན་གུང་ལ་ལིང་ཁ་བསྲོ་ཞིང། ཡང་མལ་འོག་ཏུ་མནན་པར་བྱ། ཆོ་ག་གཞན་སྒྲུབ་པ་ཅི་དང་འཐུན་ནོ། །དེ་ལྟར་ཞག་བདུན་ནམ་། བཅུ་བཞི་འམ། ཉི་ཤུ་རྩ་གཅིག་བྱའོ། །གཏོར་མ་ལ་རྟེན་ཏེ་སྒྲུབ་ན་། ་མཎྜལ་སྟེང་དུ་གཏོར་སྣོད་བཞག་ཏེ་བྲེ་གང་ཡན་ཆད་ཀྱི་ཆེ་ལ་གཏོར་མ་བྱ། གཏོར་མ་དེ་ཟུར་གསུམ་པ་རྩབ་ཟླུམ་པོར་བྱས་ལ། གཏོར་མདའ་མདེའུ་ནི་ཐོག་ལྕགས་སམ། མི་བསད་པའི་ལྕགས་དུམ་བུ་གཟུགས་། རས་ཁ་ཚར་མཉམས ་པས་ཡོལ་བ་བྱ། མངའ་ལ་དར་ནག་བཏགས་ལ་གཟུགས། མཎྜལ་སྟེང་དུ་མཆོད་རྫས་ཅི་འབྱོར་པ་ཡང་བཤམ་། མེ་ཏོག་ཚོམ་བུ་ལྔ་དགོད། དཔལ་ནག་པོ་ཆེན་པོའི་རྟེན་ཡོད་ན་སྟེང་དུ་གཟུགས། གཏོར་མའི་ནང་དུ་འཁོར་ལོ ་འམ་ལིང་ག་གཞུག། །དེ་ནས་ཆོ་ག་གཞུང་བཞིན་བྱས་ལ་མཎྜལ་སྟེང་གི་རྟེན་ནམ། མེ་ཏོག་ཚོམ་བུ་ལྟ་བུ་བསྐྱེད་ལ། ཛ:ཧཱུཾ་བ་ཧོ(རྒྱུད་འགྲེལ་བྱས་ལ། མཆོད་པ་དང་བསྟོད་པ་བྱ། དེ་ནས་གཏོར་མ་སྟོང་པར་བསམ་ལ་།དེར་ཀཾ་ལས་གཏོར་སྣོད་ཐོད་པ་ཆེན་པོར་བསམ། དེའི་ནང་དུ་གཏོར་མའི་དངོས་པོ་དང། ལིང་ག་ཡི་གེ་ཎི་འམ་དྲི་ལས། དགྲ་འམ་བགེགས་གང ་འདོད་པར་སྐྱེད་ལ། རང་དང་དཔལ་ནག་པོ་ཆེན་པོའི་ཐུགས་ཁ་ནས་འོད་ཟེར་དཔག་ཏུ་མེད་པ་ལས། ལས་ཀྱི་མགོན་པོ་ཐུགས་ཁ་ནས་ཁྲོ་བོ་དང་ཁྲོ་མོ་རྣམས་སྤྲོས་པས་། གནོད་བྱེད་ཀྱི་ལུས་སེམས་རང་དབང་མེད་པར་བཀུག་པ ་དང། བསྐྱེད་པ་དེ་ལ་སྟིམ་པ་དང། མཚོན་ཆས་བཏུབས་པ་ལ་སོགས་པ་བྱ་ཞིང། ཐུན་རྡེག་ཅིང་སྔགས་རིངས་བཟླས་སོ། །ཡང་སྐུལ་བའི་མ་མོ་དང། མཁའ་འགྲོ་ལག་ན་ཐོད་པ་ཐོགས་པ་མང་པོས་སྒྲལ་བའི་ཤ་ཁྲག་ཐོད་པས་བཅུས་ཏེ། ་ནག་པོ་ཆེན་པོ་ཚོགས་ལ་རོལ། རང་རེ་ཡང་རོལ་པར་བསམ་མ། །ཐུན་འཇོག་ཙམ་ན་མཆོད་པ། བསྟེད་པ། ཉམས་གྲིབ་བཤགས་པ་དང། ལས་ལ་སྐུལ་བར་བྱ། ཡེ་ཤེས་ལྷ་རྟེན་གཤེགས་སུ་མི་གསོལ། རྟེན་ལ་བཞུགས་པར ་བྱ། རང་སྤྱོད་ལམ་དགེ་བ་དང་མི་འབྲལ་བར་བྱའོ། །ཐུན་གཞན་ལ་འཇུག་རྩན། དམ་ཚིག་གི་དཔལ་ནག་པོ་ཆེན་པོ་བྱས་ལ་། ཡེ་ཤེས་པ་སྤྱན་དྲངས་ནས་སྟིམ་པ་ལ་སོགས་པ་སྔ་མ་བཞིན་བྱའོ། །དགྲ་བགེགས་ཚར་གཅོད་པའི ་རྟགས་བྱུང་ན་གཏོང་མ་བཏང་ཏེ། ནང་པའི་གདོན་འདུལ་བ་ཡིན་ན། གཏོར་མའི་ཕུང་ཙམ་ཞིག་བཞག་ལ། དེ་ནས་གཏོར་མ་གནོད་བྱེད་ཕྱོགས་སུ་བཏང་ཏེ། གཏོར་མ་སྐྱེལ་མིས་གོས་ནག་བགོ་།མེད་ན་དར་ནག་གི་འཕན་ལུས་ལ ་གཟུགས། གཏོར་མ་ལ་ལམ་ཕྱེ་སྒོ་ཕྱེ་བྱས་ལ་གཏོར་མ་ཟོར་དུ་འཕང་ངོ་བཏང་ངོ། །དེ་ནས་འཕངས་ནས་ཡོན་ཏན་དཔག་ཏུ་མེད་པ་འབྱུང་བ་ལས། ཕན་ཡོན་མདོར་བསྡུས་པ་དྲུག་སྟེ། ཆོས་སྐྱོང་མཉེས་པ་དང། ཚོགས་སྩོག་པ ་དང། དམ་ཚིག་ཉམས་པའི་དྲི་མ་འདག་པ་དང། བར་ཆར་མི་འབྱུང་བ་དང། དངོས་གྲུབ་སྒྲུབ་པའི་གྲོགས་སུ་འགྲོ་བ་དང། འཕྲིན་ལས་སྒྲུབ་པའི་ཡན་ལག་ཏུ་འགྱུར་བ་སྟེ། དོན་ཆེན་པོར་འགྱུར་རོ། །ནག་པོའི་གཏོར་མའི་ཆོ་གའོ།། ་བྱིས་པ་ཆུང་དུའི་གདོན་བསྲུང་བ་དང། དེ་ལས་སོགས་པའི་མི་སྨྱོ་འབོག་ལ་སོགས་པའི་ནད་གསོ་བ་དང། སེར་བ་བསྲུང་བ་དང། གཞན་གྱི་སྦྱོར་ངན་ཟློག་པ་དང། ཆང་ཉེས་ཞོ་ཉེས་བསྲུང་བ་དང། གཞན་པའི་བསྲུང་བ་ལ་སོགས་པ ་པ་བྱ་བར་འདོད་ན་འདི་ལྟར་བྱ་སྟེ། དང་པོ་ནད་བ་དང། བྱིས་པའི་གདོན་འདུལ་ན་། བསྲུང་བའི་འཁོར་ལོ་སྒྲུབ་པ་སྔར་ལྟར་བྱས་ལ། བསྲུང་བྱའི་སྐྱེ་གདགས་། བསྲུང་དགའ་ན་གཏོར་ཆེན་ལྟར་བཟུང་ལ། འབྲུབ ་ཁུང་བཅས་ལ། ལིང་ཁ་མང་དུ་བྲིས་ལ་བཞུག་། དེ་ནས་མཚམས་བཅས་པ་གྲུབ་ན་ལེགས་མ་གྲུབ་ན་བྱ་བ་གཞན་བཏུས་ལ། དཔལ་ནག་པོ་ཆེན་པོའི་སྐྱེད་རིམ་བསྙེན་པ་བཞིན་བྱས་ལ། བསྙེན་སྔགས་དང་སྔགས་རིངས་ལ་ཐུན་བཞིར ་བཟླས་པ་བྱ་ཞིང་། ཉུངས་དཀར་ལ་སོགས་པས་བྲབ། གྲི་དང་ཕུང?་པ་ལ་སོགས་པ་བརྟེག་།སྐབས་སུ་མཆོད་གཏོར་དང་བསྐུལ་བྱ་འཕྲལ་གཏོར་བཏང་ངོ། །གཡས་རྣོ་པས་དགྲ་བགེགས་ཐུལ་ལོ་ཟེར་རམ། མ་ཐུལ་ཟེར་ཡང་དེ་དག་ལ་ཡིད་བརྟན ་དུ་མི་རུང་པས་། རང་དམ་བསྲུང་བྱའི་གཟའ་ཚོལ་སེམས་ཅན་བསད་པ་དང། ཚིག་པ་ལ་སོགས་པ་བྱུང་གི་བར་དུ། འཕྲིན་ལས་མ་བཤོལ་བར་བྱའོ། །དེ་ནས་བསྲེག་མནན་ཡང་བྱའོ། །སེར་པ་བསྲུང་ན་ལོ་ཆོ་ག་གཞན་བཞིན་བྱས་ལ་། ་ཁྲོ་བོ་བཅུའི་སྔགས་བཟླས་པའི་རྫས་གྱིས་བསྲུང་བསྐོར་ལ། ཐལ་ཆེན་དང་ཉུངས་ཀར་ལ་སྔགས་རིངས་བཟླས་ལ་སྤྲིན་ནག་ལ་གཏོར་རོ། །སྦྱོར་ངན་ཕྱིར་ལ་བཟློག་ལ། རང་དཔལ་ཆེན་པོར་བསྒོམས་ལ། འཁོར་ལོ་རྩིབS་བཅུ་པ་ཕྱི་རུ ་སྒོམ། འཁོར་ལོ་ནང་དུ་ཕྱོགས་སྐྱོང་བཅུ་དགྱེལ་བའི་སྟེང་དུ་ཁྲོ་བོ་བཅུ་བསྒོམས་ལ་འཁོར་ལོ་བསྐོར་རོ། །ཞོ་ཆང་བསྲུང་ན། སྔགས་བཟླས་ནས་ཉུངས་ཀར་བླུགས་པས་ཐུབ། ཞོ་སྐམས་ན་ནུ་མ་ལ་དུང་པས་བདུག་།སྔགས་བཟླས་པའི ་འཛིན་པས་བྱུག། དེ་དག་ལ་སྔོན་དུ་གཏོར་མ་བཏང་པ་གལ་ཆེའོ། །མནན་པ་བྱེད་ན། གཏོར་མ་ཆེན་པོ་བཤམས་ལ། མནན་པའི་འཁོར་ལོ་བྲི་བ་ནི། ཕྱིའི་མུ་གསུམ་བསང་པའི་འཁོར་ལོ་ལྟར་བྱས་ལ། ཁྱད་པར་དུ་ལས་ཀྱིས་ཁ་སྒྱུར ་བ་ནི། མཱ་ར་ཡ་བྱུང་སར་དེའི་ཚབ་མ་སྟཾ་བྷ་ནཾ་ཀུ་རུ་ལཾ་བྲི། དབུས་སུ་མུ་ཁྱུད་སྐོར་ལ་དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་ལ་རྩེ་མོ་ཕྱི་རུ་བསྟན་པ་བྱས་ལ་རྩིབས་ལ་ཁྲོ་བོ་གཅུའི་སྔགས་རེ་བྲིས་ནས་དེ་ནས་དགྲ་འམ་བགེགས་གང་ལ་བྱས་པ་དེ་ལ་འགོད། དེ་ནས་དང ་པོ་དགུག་བཞུག་བྱས་ལ། འབྲུབ་ཁུང་གྲུ་གསུམ་རང་གི་མལ་འོག་ཏུ་བྲུ། ཁ་ཁྱེར་སོར་བཞི་ཕྱིར་སྐྱེད་ལ། སོར་གཉིས་སྤངས་སུ་རྩིག་།ཤོག་བུ་ལ་ལིང་ག་མང་དུ་བྲིས་ཏེ། །གཟུགས་བྱས་པའི་སྙིང་ཁར་བཞུག་།གཟུགས་བརྙན་གྱི་སྐེ་ལ་ཐ? ་གཞུག?་པོ་བཏགས་ལ། རང་གི་སྲིན་ལག་གིས་བཟུང་དང་པོ་དང། སྐབས་སྐབས་སུ་དགུག་བཞུག་མང་དུ་བྱ། སྐབས་སུ་འམ་ཟིན་ཟིན་ཐ་གུ་ཤིང་ཕུར་ལ་རྟོད། འབྲུབ་ཁུང་དུ་ལིང་ག་བཅུག་ལ་དེའི་ཁ་གཡམ་པས་བཅད། གཡམ་བདེའི་སྟེང་དུ་རི་རབ་གླིང ་བཞི་དང་བཅས་པ་བྲི། འོག་ངོས་སུ་རྡོ་རྗེ་རྒྱ་གྲམ་བྲིས་ལ་ཁ་བཅད་དེ་ནས་གཏོར་ཆེན་བཤམས་ལ་ཤ་ལྔར་བྱིན་གྱིས་བརླབས། དེའི་སྟེང་དུ་དམ་ཚིག་སེམས་དཔའ་བསྐྱེད་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་སྟིམ། སྔགས་རིངས་བརྒྱ་རྩ་བཟླས ་ཤིང། རང་གི་ཐུགས་ཁ་ནས་འོད་བྱུང་ནས་ཁ་ནས་འཐོན། མགོན་པོའི་ཐུགས་ཁར་ཐིམ། ལྟེ་བ་ནས་ཁྲོ་བོ་དང་ཁྲོ་མོ་འཐོན། །མནར?་བྱ་བཀུག་སྟེ་ལིང་ག་ལ་སྟིམ། ཁྲོ་མོ་ཁྲོ་བོ་རང་གི་སྙིང་ཁར་བསྡུ་བ་ཡང་དང་ཡང་དུ་བསམ། བཟླས་པ་འཕྲོ ་དམག་གྲངས་པ་དང། ཆུ་བོ་ཆེན་པོ་སྐྱེས་པ་དང། གྲོང་ཁྱེར་མེས་ཚིག་པ་དང། བདག་གམ་གཞན་གདོད་བྱེད་ལ་སོགས་པ་ལས་རྒྱལ་བ་དང། སེམས་ཅན་བསད་པ་ལ་སོགས་པ་བྱུང་ན་མནན་པ་བྱ་སྟེ་།གཏོར་ཆེན་སྟེང་ནས་དཔལ་མགོན་པོ ་སྟེག་སྟེ། བར་སྣང་ལ་བཞུགས་པ་ལ་ཡང་ཡེ་ཤེས་ལྷ་སྤྱན་དྲངས་ལ་བཞུག་།མཆོད་པ་བྱ། གཏོར་མ་ལ་ཡང་བྱིན་བརླབས་བྱས་ལ་བསྔོ་བ་བྱ། རང་གི་འོག་གི་འཁོར་ལོ་སྟོན། གཏོར་མའི་ཁར་བཞག ་གནོད་བྱེད་བཀུག་ལ་བསྟིམ། སྔགས་རིངས་བཟླས་ཤིང། མགོན་པོའི་སྤྲུལ་པའི་འཁོར་གྱིས། གནོད་བྱེད་བསད་དེ་བཏུབས་པས་གཏོར་མ་ཤ་ཁྲག་གི་དངོས་པོར་གྱུར་པ་ཆོས་སྐྱོང་འཁོར་བཅས་ལ་བཏབ་པར་བྱའོ། །དེ་ནས་ཡེ་ཤེས ་པ་གཤེགས། དམ་ཚིག་པ་རང་ལ་བསྡུའོ། །དེ་ནས་མནན་པའི་ས་ནི་དགེ་འདུན་གནས་པའི་ཐེམ་པའི་འོག་གམ། མཆོད་རྟེན་རབ་གནས་བྱས་པའི་འོག་ཏུ་བཅུག་ལ་རྡོ་རྗེ་རྒྱ་གྲམ་བྱས་པའི་གཡམ་པས་ཁ ་བཅད་ལ་ཁ་ལས?་དགབ།?་རྐང་པ་གཡས་པས་མནན་དེའི་སྟེང་དུ་གཏོར་མ་བླུགས། དེས་གནོད་བྱེད་མི་འཚོར་རོ། །མནན་པའི་ལས་སོ། །དྲག་པོའི་སྦྱིན་བསྲེག་གིS་བཏུབ་པའམ་བསད་པ་ནི། །མཎྜལ་གྲུ་བཞི་རྒྱར་ཁྲུ་གང་པ་བྱས་ལ ་དེའི་སྟེང་ལོགས་ཀྱི་འཐོ་དང་རྒྱ་མཉམ་པ་ཟླུམ་པོ་འཕངས་སུ་ཁྲུ་གང་པ། ཞེས་སོར་བཞི་རྩིག་།སྟེང་དུ་སྒྱེད་བུ་གཟུགས་།ཕྱོགས་གསུམ་དུ་སྒོར་བྱ། དེའི་ནང་དུ་བུད་ཤིང་སེ་བ་ལ་སོགས་པ་ཆེར་མ་ཅན་གིས་དགའ་།དེའི ་སྟེང་དུ་བྱེ་མ་བླུག་ལ་བཞག་།དེའི་རྩ་རུ་ཡང་འབྲུབ་ཁུང་ལེགས་རེ་ལ་ཁྲུ་རེ་ཡོན་བ་བྱས་ལ་དེའི་ལིང་ག་མང་པོ་བཞུག་།མགོན་པོ་བསྐྱེད། དགུག་བཞུག་བྱ་བ་ལ་སོགས་པ་སྔར་བཞིན་བྱས་ལ། མགོན་པོའི་སྔགས་རིངས ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྟོན་པ་མང་པོ་བཟླས། གནོད་བྱེད་སྐྱེད་ལ་དགུག་བཞུག་ལན་མང་པོ་བྱ། ཁུགས་པའི་ཡིད་ཆེས་པ་བྱུང་ནས། ཕུར་པ་དང་མཚོན་ཆ་བསྣུན། དུམ་བུ་མང་དུ་མ་སོང་བར་དུ་བསད་པར་བསམ་པར་བྱ། ་དེ་ནས་ལིང་གའི་རོལ་ལག་པས་མི་བཟུང་བར་འཛིན་བྱེད་གཞན་གྱིས་བཟུང་ལ་སླར་བཞིན་བསྒྱུར་སྟེ། ཕུར་པའམ་མཚོན་གྱིས་བྱེ་མ་བཀྲུག་།ལིང་ག་ཚིག་པ་དང། རང་གི་འོག་ཏུ་དོང་གྲུ་གསུམ་པ་བྱས་ལ། དེའི་ནང་དུ་ཕྱེ་མ ་བླུག་ལ། གཡམ་པ་ལ་འོག་ཏུ་རྡོ་རྗེ་རྒྱ་གྲམ་། སྟེང་དུ་གླིང་བཞི་དང་བཅས་པའི་རི་རབ་བྲིས་པ་ཅན་གྱི་ཁ་བཅད། དེའི་སྟེང་དུ་རང་བསྡད་ལ་རྨི་ལམ་སྟོན་ཅིག་པར་གསོལ་བ་གདབ། རྨི་ལམ་བཟང་མ་དྲག་པོའི་སྦྱིན་བསྲེག ་བྱ། དནན?་བཟླས་པ་མང་དུ་བྱས་ནས་འོག་གི་བྱེ་མ་ཕྱུག་ལ། དགེ་འདུན་གྱི་ཐེམ་པ་ལ་སོགས་པར་མནན། དེ་ནས་སྦྱིན་སྲེག་བྱའོ། །དྲག་པོའི་སྦྱིན་སྲེག་བྱ་བར་འདོད་ན། མཎྜལ་གྲུ་བཞི་བྱས་པའི ་སྟེང་དུ། རྒྱ་དང་སྤངས་ཁྲུ་རེ་ཙམ་པ་གྲུ་གསུམ་པ་རྩིག་།དེ་དག་ནག་པོར་བྱ། གྲུ་གསུམ་གྱི་མཛའ་མར་མེ་རི་དམར་པོ་བྲི། མདུན་ལ་ཉེ་བར་མཆོད་རྫས་བཤམ། གཏོར་ཆེན་ཡང་བཤམས་ལ་བཞག་། ནས་བྲི་དང། ཤ ་ཆེན་ལ་སོགས་པའི་སྲེག་རྫས་ཡང་ཅི་མང་ཅི་བཟང་དུ་བཤམས། གཡས་སུ་མགོན་པོ་འཁོར་བཅས་ཀྱི་གཏོར་མ་བཤམ། གཡོན་དུ་བགེགས་ཀྱི་གཏོར་མ་བཤམ་པར་བྱ། །མགོན་པོའི་གཏོར་མ་བཤམ་པར་བྱ། མགོན ་པོའི་རྟེན་ཡོད་ན་དགོད། མེད་ན་མདའ་བྱ་རྒོད་མ་དང། དར་ནག་པོ་དང། སྐྱེས་པ་གྲིར་ཤི་བའི་སྙིང་དང་གསུམ། དར་དང་སྙིང་མངའ་ལ་བཏགས་པ་གཟུགས། སྲེག་རྫས་མི་ཁྲག་དང་ཉུངས་ཀར་དང། བཙན་དུག་དང་། ་ཐལ་?་རྣམས་སྦྱར་ལ་། ལིང་ག་དང་སྦགས་ལ་སྲེག་གོ་།འཁྲུལ་འཁོར་བཅས་པ་ཡང་དགུག་བཞུག་བྱས་ལ་མཚན་གྱིས་བཏུབ་ཅིང་། ཨོཾ་མཧཱ་ཀཱ་ལ་གྷྲིཧྣ་གྷྲིཧྣ། ཨོཾ་མ་ཧཱ་ཀཱ་ལ་བྷན་དྷ་བྷན་དྷ། ཨོཾ་མཧཱ་ཀཱ་ལ་ཤྲེ་།ཧ་ན་ཧ་ཧ། ་ཨོཾ་མ་ཧཱ་ཀྵ་ལ་ཡ་དྷ་ར་ཡ་དྷ་ར་ཡ། ཨོཾ་མཧཱ་ཀཱ་ལ་ཤྲི་། གྷྲཾ་ཀརྨཱ་ཀུ་རུ་ཧཱུཾ་ཕཊ། ཞེས་སྔགས་རིངས་ཀྱི་བཤམ་དུ་བཏགས་ལ་མུ་ཁྱུད་ལ་བྲིའོ། །སྔགས་དེ་བཟླས་པར་ཡང་བྱའོ། །རང་གི་འཁྲུལ་འཁོར ་བསད་པ་དང། མཐོན་བསྐྱེད་པ་དང། དགུག་བཞུག་སྔར་?་བྱའོ། །རང་ལྷའི་རྣལ་འབྱོར་ནས་བགེགས་གཏོར་བཏང་།མཚམས་གཅད་།མཆོད་རྫས་བྱིན་གྱིས་བརླབ་།དེ་ནས་ཐབ་ཁུང་དུ་རཾ་ལས་མེ་དཔུང་བསམ་པའི་དབུས ་སུ། ཧཱུཾ་ལས་དམ་ཚིག་མགོན་པོ་བསྐྱེད། ཡེ་ཤེས་མགོན་པོ་སྤྱན་དྲངས། མདུན་གྱི་ནམ་མཁའ་ལ་བྱོན་པ་དང། ཛ(རྒྱུད་འགྲེལ་དེ་ནས་འཁོར་ལོ་དང། ལིང་ག་དང་། བསྲེག་རྫས་བསྲེས་ལ་ལྷ་ལ་དབུལ། བསྲེག་རྫས་ལ་ལག་པ་མི་རེག་པར་དགང་གཟེར་གྱི་བླུགས། རབ་བརྒྱ་རྩ་བརྒྱད། འབྲིང་ལྔ་བཅུ་རྩ་བཞི། སྔགས་རིངས་བཟླས་ལ་དབུལ། སྔགས་ཀྱི་བཤམ་ལ། ་ཨོཾ་ཨག་ནེ་ཡེ་དེ་ཝ་ཏེ་ཛྲ་ལ་ར། ཞེས་བཏགས་ལ་བཟླས་སོ། །དེའི་དུས་སུ་། གསལ་པ་རྣམས་གསུམ་གལ་ཆེ་སྟེ། རང་ཡི་དམ་གསལ་བ། བསྲེག་རྫས་གནོད་བྱེད་དུ་གསལ་བ། མེ་ཆོས་སྐྱོང་དུ་གསལ་བའོ། །རྫས་མ ་ཟད་པར་ཤིང་ཟད་ན། ཤིང་གཞན་གྱིS་གསོལ་ལ་བྱ། རྫས་ཟད་པ་དང། ཡེ་ཤེས་ལྷ་ཕྱེ་ལ་རང་ལ་བཞུག་།དམ་ཚིག་ལྷ་རང་ལ་བཏུས་ལ་སྒྱེད་བུ་གསུམ་གཟུགས་། དེའི་སྟེང་དུ་གླང་བཙུགས་ལ་མར་ཁུ་བླུགས། ་དེའི་འོག་ཏུ་མེ་སྦར་ལ་མར་ཁུ་ཁོལ་བ་དང། རཾ་ལས་མེ་དཔུང་བསྐྱེད་ལ། རེག་བྱ་ཚ་བ་དུས་མཛའ་མེ་ལྟ་བུ་བསམ་ཞིང། སྲེག་རྫས་རྣམས་གནོད་བྱེད་དུ་བསམས་ལ། བསྲེག་ཅིང་ཉུངས་ཀར་དང། ལྕགས་ཆ?་དང་། ་དུག་ཕྱེ་གསུམ་གྱིས་བྲབ་།ཇི་སྲིད་མར་ཁུ་མ་སྐམས་པར་དུ་གནོད་བེད་བཀུག་ཅིང་བྲུབས་ལ། མར་ཁུ་ཟད་པ་དང་གླ་ངའི་ནད་གླང?་ཁ་སྦུབ་པའི་སྟེང་དུ་གཏོར་ཆེན་བཞག་གླང?་ཁ་སྦུབ་པའི་སྟེང་དུ་གཏོར་ཆེན་བཞག ་ལ། མགོན་པོ་འཁོར་དང་བཅས་པ་ལ་གཏོར་ཆེན་དབུལ་།འདོད་དོན་ཞུ་བའི་གསལ་བ་གདབ། གཏོར་མ་རྔ་ལ་སོགས་པའི་སྒྲ་དང་བཅས་པS་གཏང་ངོ། །མགོན་པོ་རང་བཞིན་གྱི་གནས་སུ་གཤེགས། འཁོར་གྱི་གཏོར་མ་བཏང་ངོ། ། ་གཏོར་ཆེན་གྱི་གཏོར་མ་བཏང་ཟིན་པ་དང། གླ་ངལ་སྦྱར་བ་དབྱེ། སོལ་བ་དེ་ས་ཡིས་ཁ་མནན། ནང་པར་ཆགས་ལ་ཆུ་ལ་གདབ། ཡང་ན་རླུང་ལ་ཕྱར་བཏང། སྦྱིན་བསྲེག་ལག་ལེན་ནོ།། །ིཐི། ་དཔལ་ནག་པོ་ཆེན་པོ་འདི། ནག་པོ་གཞན་གང་བས་ཀྱང་བྱིན་བརླབས་མྱུར་ལ་ཆེ་བས། སྒྲུབ་པ་པོ་བཀྲ་ཤིས་ལ་བསམས་པ་འགྲུབ། སྤྱིར་སྔགས་ཐམས་ཅད་ནས་རྡོ་རྗེ་སློབ་དཔོན་ལ་དུས་རྟག་ཏུ་བསྙེན་བསྐུར་བྱ་བ་ལ་སོགས་པའི་དམ་ཚིག་བསྲུང་དགོས་པ ་རྣམས། འདི་སྒྲུབ་པ་པོས་ཀྱང་བསྲུང་ཞིང། སྒྲུབ་པ་བྱས་ན། ཐུན་མོངས་དང་མཆོག་གི་དངོས་གྲུབ་ཐོབ་བོ། །དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས། དཔལ་ཤ་བ་རི་པ་ཆེན་པོས་མཛད་བ་རྫོགས་སོ།། །། ་རྒྱ་གར་གྱི་པཎྜི་ཏ་ཨ་ཏ་ཡ་བཛྲ་དང་།བོད་ཀྱི་ལོཙྪ་བ་ཕུར་བུ་འོད་ཀྱིS་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ། །དཔེ་འདི་ལ་ཤིན་ཏུ་དམ་པའི་བཀའ་རྒྱས་བདེ་མཆོག་སྙིང་པ། བཏབ་བོ། །དཔལ་འབྱོར་ལྷ་མཛེས་ལྷའི་དབང་པོ་དང། །འདྲ་ཞིང ་རྣམ་སྤྱོད་པ་གམ་མི་མཉམ་རྡོ་རྗེ་མཐོ་བ་ཡི། །ཤངས་བདུ་གུ་ལུང་པ་ཕྱག་དཔེ་དགོས་འདོད་རིན་ཆེན་ཕྲེང་བ་འདི། །ག་རུ་ར་བྷ་ཊ་ཁྱུང?་པོ་བཟང་པོ་བདག་གིས་བཟབས་པ་ལགས།། །། ་