CLOSE WINDOW

N3724: nag po chen po'i sgrub thabs zhes bya ba
Wyliee-texts based on the ACIP/ALL Input

བླ་མ་རྒྱུད་པ་ནི། དཔལ་ཤ་ཝ་རི་དབང་ཕྱུག་།རྗེ་མི་ཏྲི་པ། ཨ་ནན་ཏ་བཛྲ། ཨ་བྷི་འཛུག་རྟ། བླ་མ་དུ་གུ་པ། ལས་སྟོད་དཀོན་མཆོག་འཁོར།། །།*། །མགོན་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་སྡུས་པ་བྲམ་ཟེ་ཆེན་པོས་མཛད་པ་བཞུགས་སོ།། ་རྒྱ་གར་སྐད་དུ། ཨ་ཐིཥཱུ་ན་མ་ཧཱ་ཀ་ལ་ས་དྷ་ན་ན་མ:། བོད་སྐད་དུ། ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །པཾ་ལས་པད་མ་ཉི་མའི་གདན ་སྟེངས་ན། །བྱེ་ན་ཡ་ཀ་བརྡལ་བའི་ཐག་། །ནག་པོ་ཚེན་པོ་ཞལ་གསུམ་ཕྱག་དྲུག་པ། །སྟག་ལྤགས་དང་ནི་རུས་པའི་རྒྱུན་གྱིས་མཛེས། །སྤྲུལ་ཆེན་རྒྱན་དང་རལ་པ་སྟོང་པའི་དང་ལས་ཐུར་དམ་ལས། དུ་འཕྱང། ་སྲིན་པོའི་ཐོད་ཕྲེང་རུས་པ་ནག་པོ་ཡི། །ཐོད་པས་དབུ་།ཧཱུཾ་ལས་གྲི་གུག་གི་སྤྲོ་བསྡུ་ལས་ལ་རབ་ཏུ་བརྒྱན་པའོ། །གཡས་དཀར་གཡོན་ནི་དམར་ཞིང་སྤྱན་གསུམ་པ། །ཁྲོས་པའི་སོ་གཙིགས་རབ་ཏུ་གཏུམ་པའི་མདོག ་གཡས་པ་གྲི་གུག་བར་པ་བགྲང་ཕྲེང་སྟེ། །ཐམས་ཆོས་སྒྲ་ཌ་མ་རུ། །དྲག་པོ་ཁྲོལ་ཞིང་གར་སྟབས་མཛད། །གཡོན་པ་ཐོད་པ་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པས་དགྲ་པོ་འཛིན་པར་བྱེད། ་བརྐྱང་སྐུམ་གར་ཐབས་མཛད་པའི་ཞབས་བཞི་རོལ། །མི་བསྐྱོད་བྱིན་གྱིས་བརློབ་ཅིང་རྒྱབ་ཏུ་མ་ཧཱ་ཀ་ལ་ནི། །དམར་ནག་གཡས་པས་གྲི་གུག་འཛིན། །གཡོན་པ་ཐོང་ཁྲག་ཞལ་དུ་རྡུབ། །རུས་པའི་རྒྱན ་ལྡན་གཅེར་བུ་མོ། །གར་སྟབས་ཀེང་རུས་གདན་ལ་བཞུགས། །མཆེ་གཙིགས་སྤྱན་གསུམ་ཁྲོས་པའི་ཞལ། །གཙོ་པོ་དང་ནི་དུས་མཉམ་བསྐྱེད། །ལས་ཀྱི་ལྷ་མོ་བཞི་པོ་ཡིས། །གདུག་པ་ཅན་ཀུན ་ཀུན་འགུགས་བྱེད་ཅིང། །བཟུང་ནས་གཙོ་ལ་སྟོབས་བར་བྱེད། །སྔགས་ཀྱི་ཟློས་བ་དེ་རྗེས་བཙལ། །ོཾ་ཤྲི་བཛྲ་ཙན་དྷ་མ་ཧཱ་ཀཱ་ལ་པྲ་ཐི་ཐ་ན་མ་མ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་། རྩ་བའི་སྔགས་སུ་བསྟན་པ ་ཡིན། །ོཾ་ཤྲི་བཛྲ་ཙན་དྷ་མ་ཧཱ་ཀ་ལ་ཛ་ལི་ཁྲེཾ་ཀྵེ་ཏྲ་བིག་ནན་བྷི་ན་ཨཀྵ་ཧཱ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་། གཙོ་འཁོར་ཉེ་སྙིང་སྔགས་སུ་བསྟན་། ཨོཾ ་མཧཱ་ཀ་ལི་ནི་ཧཱུཾ་ཕཊ་། ཨོཾ་མ་ཧཱ་ཀ་ལི་ཁྲེ་ཏ་པ་ལ་ཧཱུཾ་ཧཱུཾ་ཕཊ་། ཨོཾ་རད་ནི་ཏ་ཀི་ར་ཛ་ཧཱུཾ་ཕཊ་། ཨོཾ་མ་ཧཱ་ཀ་ལི་ནི་ཤ་ཏྲུཾ་མ་ར་ཡ་ཧཱུཾ་ཕཊ་། འཁོར་གྱི་སྔགས་སུ་བསྟན་པ་ཡིན་། ་ལྷ་མཉེས་པ་ཡི་གཏོར་མ་ནི། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །ཀ་པ་ལ་བླུགས་བྱིན་བརླབས་ཏེ་། ཙན་དན་ཤིང་ལ་གཙོ་འཁོར་རྣམས། །བབས་ནས་རྣལ་འབྱོར་མདུན་དུ་ནི། །སྒྲ ་དང་བཅས་པས་བྱོན་པ་ལ། །གསང་བའི་སྔགས་འདས་དབུལ་བར་བྱ། །ོཾ་མ་ཧཱ་ཀ་ལ་ཤ་ས་ནན་། ཨ་པ་ཀ་རི་ཤ་རི་ཤཾ་། པས་ཙི་མ་ཧཱ་ཀ་ལིཾ་པཾ་ཨི་རྟཾ་རད་ན་ཏྲ་ཡ་ཨཱ ་པ་ཀ་རི་ནི་ཡ་ཏི་པྲ་ཏི་ཛ་སྨ་ར་སི་ཏད་ཏཾ་། ཨི་དཾ་དུཥྚ་ཁ་ཁ་ཁ་ཧི་ཁ་ཧི་། མ་ར་མ་ར་། གྲིཧྣ་གྲིཧྣ། བྷན་དྷ་བན་དྷ་། ཧ་ན་ཧ་ན། ད་ཧ་ད་ཧ་། པ་ཙ་པ་ཙ། དི་ན ་མཱི་ཀེ་ན་། མ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་། གཙོ་འཁོར་རྣམས་ཀྱི་གསོལ་བས་སམ་། ཨོཾ་མ་ཧཱ་ཀ་ལ་སོ་སྠི་ན་ཙ་ལ་ནཱ་ནེ་། པུ་ར་ད་ལིང་ནི། ཛྙཱ་ཀ་ར་ན་བྷ་གྷྲུཾ་ཀ་ན་ནི་ར་བ་ས་ཝུ་ར་ཧཱུག ་ཀ་ཧཱུཾ་ཀ་ཕེམ་ཀ་ར་བྷི་བྷི་ཤ་ན་། ད་པ་དི་པི་ལ་དྷ་མ་རུ་ཨེ་པ་ལ་ས་ཀ་ཀ་ལ་ཧ་ཧི་། ཨོཾ་ཡ་ནས་ན་ཛོ་ཀི་ནི་ན་ཡ། ཨ་ནེ་དེ་ཨེ་ཙེ་ལུ་ལ་ཨེ་ན་ས་ནི་པྲ་རྣམ་ཝི་ས་ཝུ་ར་ཐིས་སྠ་ན་མ་། ་མ་ཧཱ་ཀ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་། སྔགས་ངེས་ལེགས་པར་བསྟོད་པའོ། །དེ་ལྟར་རྟགས་དང་ལྡན་པ་ཡིས། །སྒྲུབ་པའི་ལས་ལ་བརྩོན་པར་ནི། །སྔགས་ལ ་ཤམ་བུར་གདག་པར་བྱ། །དེ་ནས་གསང་པའི་ལས་བྱ་པ། །གཙོ་འཁོར་སྔགས་ལ་མ་ར་ཡ། །བླ་མས་བསྟན་པ་ཤེས་པར་བྱ། །སྦྱིན་སྲེག་བྱས་ལ་མན་དབང ་བྱ། །རབ་ཆོད་ཐོད་པ་སྟེང་འོག་ལ། །གཙོ་འཁོར་འཁོར་ལོ་བྲིས་བྱས་ལ། །ལྟེ་བར་ནག་པོའི་ལིང་ག་བྲི། །ཁ་སྦྱར་བར་དུ་ལིང་ག་གཞུག་།རོ་རས་དྲིལ་ལ ་མནན་པ་བྱ། །ཡང་ན་བདེ་དམ་འབྲུབ་ཁུང་དུ། །མན་ངག་བཞིན་དུ་མནན་པར་བྱ། །གཏོར་མས་སྟེང་ནས་མནན་ལ་བཞག་།རྟགས་བྱུང་སྐྱེས་པའི་ཙིཏྟ་རུ། ། ་མཧཱ་ཀ་ལིའི་སྙིང་པོ་དང། །འཁོར་དང་བདུད་རྩིར་བཅས་པ་བཞུག། །སྐུ་ཡི་དྲིལ་ལ་དར་ནག་གཏུམ། །རང་རེ་མཆན་ཁུང་གདགས་པར་བྱ། །སྐབས ་སུ་ལག་པས་གཟུང་བྱས་ལ་། །བསང་པའི་སྔགས་ཀུན་བཟླས་པར་བྱ། །བདག་གི་ནག་པོ་སྒྲུབ་པའི་ཐབས། །རང་ཉིད་བྱིན་གྱིས་བརློབས་པ་འདི། ། ་རྩ་མས?། པའི་དགེ་བ་གང་ཡོད་པ། །དཔལ་ལྡན་མགོན་པོའི་ཞལ་མཐོང་ཤོག། །།ནག་པོ་ཆེན་པོས་བྱིན་གྱིས ་བརླབས་པའི་སྒྲུབ་ཐབས་། ས་ཧ་ར་ཧ་ས་མཛད་པ་རྫོགས་སོ།། །། ་རྒྱ་གར་གྱི་བླ་མ་ཨ་ཏ་ཡ་བཛྲ་དང་། ལོ་ཙྪ་བ་ཤངས་པ་ཚུལ་ཁྲིམས་མགོན་གྱིས་བསྒྱུར་བའ། མངྒཱལཾ།། ་