| Wylie | e-texts based on the ACIP/ALL Input |
*། ཕྱག་དྲུག་ཡེ་ཤེས་མགོན་པའི་ཆོས་སྐོར་ལས་ཤ་ཝ་རི་དབང་ཕྱུག་གི་མཛད་པའི་བྱིན་བརླབ་ནག?་པའི་བསྒྲུབ་ཐབས་ཞེས་པའི་ལས་མཐུབ་ཅན་བཞུགས་སོ།། །།རྒྱ་གར་སྐད་དུ། ས་ཐི་སྠ་ན་མ་ཧཱ་ཀཱ་ལ་སྭ་ར་ན་མ། བོད་སྐད་དུ། བྱིན་གྱིས་བརླབ་པ ་བའི་ནག་པོའི་སྒྲུབ་ཐབས་ཞེས་བྱ་བ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་བདུག་དང་བཅས་བྱིན་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱི་རྣམ་པར། ་བརྒྱན། །གཡས་པ་འཕྲེང་བ་བར་པ་གྲི་གུག་འཛིན། །ཐ་མ་ཌ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པ་ཐོད་པ་དང་ནི་མདུད་རྩེ་གསུམ། །དེ་བཞིན་ཞགས་པས་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་?་མཚན་རྣམས ་ལར་གཙིགས། །སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་དུ་འབར། །དབྲལ་པར་སིནདྷུ་ར་ཡི་ལེགས་པར་བྱུག་།རིན་ཆེན་ཐོད་རྐ་མ་ལྔ་ཡི་དབུལ་བརྒྱན། །སྤྱི་བོ་མི་བསྐྱོད་པ་ཡི་དབུ་ལ་བརྒྱན། །ཁྲག་འཛག་མི་མགོན?་ལྔ་བཅུའི ་དོ་ཤལ་ཅན། །སྣ་ཚོགས་བར་མ་ཉི་ཟླའི་དཀྱིལ་འཁོར་སྟེང། །ཡེ་ཤེས་མེ་དཔུང་འབར་པའི་དབུས་ནས་བཞེངས། །ཤིང་ལ་བྱིན་ནས་གཏོར་མ་ལེན་པར་དམིགས། །ོཾ་བཛྲ་མ་ཧཱ་ཀཱ་ལ་པས་རྡོ་རྗེ་རིགས་ཀྱི་ལྷ་ཡིན་ཀྵི་ཀྵེ?་ཏཱ་པར། ་ན་ན་བིན་ཡ་ཀ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། བསྙེན་པར་སྔགས་པོ། ཨོཾ་ཤྲི་བཛྲ་མ་ཧཱ་ཀ་ལ་ཀྵི་ཀྵི་ཊ་ཡཱ་ཧ་ན་ཧ་ན། དེ་ཧ་ད་ཧ། པ་ཙ་པ་ཙ། པཱ་ཀྵ་བཱ་ཀྵ་།རུ་ཏི་ར་མཾ་ས་ཧ་ར་སྟཾས། གྷྲི་ཧི་ད་བྷ་སྨི་ཀུ་རུ་ཧྲི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། འཕྲིན་ལས་སྒྲུབ་པའི་སྔགས་སོ།། ཨོཾ་མཧཱ ་ཀཱ་ལ་མ་ཤ་ས་ན། ཨ་པ་?་རི་རི། རེ་ཤ་ཨ་བ་ཙིམ་ཧཱ་ཀ་ལོ་ཡ། ཨཾ?་དེ་ན་ར་དན་ཏྲ་ཡ་ཡ། ཨ་པ་ཀ་ར་ནཾ། ཨ་ཏི་པྲ་ཏིག་ཛྙ་སྨ་ར་སི་སརྦ་དུཥྚ་ན་བྷ་ལི་ཥ་ཁ་ཁ་ཧི་ཁཱ་ཉི་མཱ་ར་མཱ་ར། བྷྲི་སྣ་གྷྲི་ཧྣ། ?་ཧ་ན་ཧ་ན། དེ་ཧ་ད་ཧ ་པ་ཙ་བ་ཙ། དེ་ན་མེ་ཀེ་ནི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ལན་བདུན་བརྗོད་ལ་གཏོར་མ་སྦྱིན། །དཔལ་ལྡན་ནག་པོ་ཚ་བའི་མཆོག་།ཡེ་ཤེས་ཕྱག་དྲུག་བསྒྲུབས་འདོད་ལས་སྦྱོང་དུས་ཆོ་ག་མོ་ཞེས་ལོན་པའི། །རྣལ་འབྱོར་པ་ཡི་འདི་ལྟར་བྱ། །དབེན་ཞིང་ཉམས ་དགའ་ཨི་གནས་མཆོག་ཏུ། །དཀྱིལ་འཁོར་ལས་སྦྱོར་གྱ་སྔགས་སོ་མངའ་གང་གྲུ་བཞི་བྱ། །འཐས་པར་བྱས་ལ་ཆག་ཆག་གདབ། །ཐིག་གདབ་སྒྲོ་བཞི་གྲུ་ཆང་ལྡན། །ཕོ་བྲང་འཁོར་ལོ་རྩིབས་བཞི་འགོད། །ཁ་དོག་ཕྱོགས་དང་མཐུན་པར་བྱ།། ་སྒོར?་ཁྱམ་ནག་པོ་ནང་ཁྱིམ་དམར། །གྲུ་ཆད་སྨུག་པོ་མུ་ཁྱུད་མཐིང། །རྩིབས་མཆེན་དཀར་པོ་ཞི་བར་བྱ། །ཕོ་བྲང་དབུས་སུ་གཏབ་གཏོར་བཅའ་། །ཤར་སྒོར་རྡོ་རྗེ་ལྷོར་གྲི་གུག་།ནུབ་ཏུ་ཐོད་པ་ལྟག་སྤྲོད་ལྔ། །བྱ་བསྒོར་རྒྱུན་གཏོར་བཞག ་པར་བྱ། །ཤ་ཚན་གྲི་ཁྲག་དག་གི་བརྒྱན། །མགོན་པོའི་སྤྲོ་སྲེགས་མར་མེ་བལྟམས། །བདེ་བའི་སྟན་ལ་འདུག་ནས་ནི། །ཡེ་ཤེས་ལྷ་ཡི་རྣལ་འབྱོར་བསྒོམས། །དཀྱིལ་འཁོར་པཾ་ལས་པར་མ་འདབ་བརྒྱད་།དེ་སྟེང་རཾ་ལས་ཉི་མའི ་དཀྱིལ་འཁོར། །དེ་?་བླ་ཐོགས་བགེགས་ཀི་རྒྱལ། །བན་ཡ་ཀ་ཁ་སྒྲུབ་བསྒྱེལ?། །དེ་ཡི་སྟེང་དུ་ཧཱུཾ་ནག་པོ། །དེ་ལས་འོད་འཕྲོས་ལས་བཞི་འགྲུབ། །ཚུར་འདུས་གྲི་གུག་ནག་པོ་ཡི། །ཡུབ་གསེར་གྱི་རྡོ་རྗེས་བྱས། །རྣོ་དཔལ་ཐུར་ལ ་གཏད་པའོ། །རྡོ་རྗེའི་ལྟ་བར་ཉི་མའི་དཀྱིལ་འཁོར། །དེ་ལ་བུ་གང་ནེ་ཡེ་འཛིན་སྟེང་ཧཱུཾ་འཐིང་ནག་པོས་མཚན། །དེ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་པ་ལས་དམ་ཚིག་པའི། །མགོན་པོ་གཞུང་བཞིན་བསྒོམ་པར་བྱ། །ཞབས ་གཉིས་བརྐྱང་བསྐུམ་བགེགས་ཆེན་གཟེར། །རུས་པའི་ཞབས་གདུབ་རྒྱལ་རིགས་ཀླུ། །དཀར་ཁྲའི་སྤྲུལ་གྱི་བརྒྱན་པའོ། །སྟག་གི་ལྕགས་པའི་ཤམ་ཐབས་ཅན། །ལྟོ་བ་ཐུར་ལ་འཕྱང་པ་ལ། །བྷྲུང?་ཞིང ་ཅོམ?་ཧྲགས་གེལ་བའི་གཟུགས། །གནག་ཅིང་གཟི་བརྗིད་ཆེ་བ་ལ། །མི་མགོ་ལྔ་བཅུའི་དོ་ཤལ་ཅན། །དྲིལ་བུ་གཡེར་ཁས་བརྒྱན་པའོ། །ཞལ་སྒྲང་མཆེ་གཙིགས་ལྗགས་འགྲིལ་ཞིང། །ག་ཚོམས་སེར་ནག་སྨར་ཅན། །ཤངས? ་རྡོག་ཆེ་ཞིང་ཁྲོ་གཉེར་བསྡུས། །སྤྱན་དམར་གྲུ་གསུམ་སྡང་མིག་གཟིགས། །དམ་ལ་གནས་པའི་རྟགས་ཀྱི་མཆོག་།དཔྲལ་པར་སིན་དྷུ་ར་དག་གི་།ཐིག་ལེ་འབར་བས་མཚན་པའོ། །དབུ་སྐྲ་ཁམ་ནག་གྱེན་ལ་རྫེས། །སངས་རྒྱས་རིགས ་ལྔས་མཚན་པ་ཡི། །ཐོད་རྐམ་ལྔ་ཡི་དབུ་ལ་བརྒྱན། །དམངས་རིགས་ནག་ཁྲའི་སྤྲུལ་གྱི་བཅིངས། །མི་སྐྱོད་པ་ཡི་རྒྱས་གཏབ་ཅིང། །བྲམ་ཟེ་དམར་ཁྲས་མགྲིན་པ་སྙན། །རྗེ་རིགས་སེར་ཁྲས་ཕྱག་གདུབ་བརྒྱན། །གཡས་གྱི་དང ་པོ་ཐོད་འཕྲེང་འཛིན། །བར་པ་རྡོ་རྗེ་གྲི་གུག་འཕྱར། །ཐ་མ་ཐོད་པ་ལྟག་སྤྲོད་ལྔ། །དྲིལ་བུ་གཡེར་ཁས་བརྒྱན་པའོ། །གཡོན་གྱི་དང་པོ་ཐོད་ཁྲག་གསོལ། །བར་བ་ཁ་ཊི་རྩེ་གསུམ་འཛིན། །ཐ་མ་རྡོ་རྗེ་ལྕགས་སྐྲེག་གི་།ཞགས་པ ་དགྲ་བགེགས་ལུས་ལ་འདེབས། །དེ་ཡི་ཐུགས་ཀར་པད་ཉིའི་སྟེང། །ཧཱུཾ་ནག་འབར་བས་མཚན་པར་བསམས། །འོད་འཕྲོས་ཌ་མ་རུ་ཡི་སྒྲས། །ལྷོ་ཕྱོགས་དུར་ཁྲོད་བསིལ་ཚལ་གྱི་། །ཚན་དན་སྡོང་པོའི་སྟེང་དག་ནས། །ཡེ་ཤེས ་སེམས་དཔའ་སྤྱན་དྲངས་ཏེ། །ཛ:ཧཱུཾ་བཾ་ཧོཾ་ས་གཉིས་མེད་སྟིམ། །ཐུགས་ཀར་ས་བོན་ཧཱུཾ་ནག་ལས། །རྩ་བའི་སྔགས་ཀྱིས་བསྐོར་པར་ལྟ། །ཕུབ་རལ་ཅན་དང་གྲི་གུག་པེར། །དཔལ་ལྡན་ལྷ་མོ་ལ་སོགས་པའི། །བཀའ་སྡོད་ལས ་མཁན་ཕྱོགས་བཞིར་བགོར། །གང་བཅོལ་འཕྲིན་ལས་སྒྲུབ་པར་བསམ། །དེ་ནས་བདག་གི་སྔགས་བཟླས་པས། །གཙོ་བོའི་ཐུགས་ཀའི་གསང་བའི་སྔགས། །གྱེན་དུ་ཕུང་?་ཞལ་ནས་འཐོན། །བདག་གི་ཞལ་?་དངོས་གྲུབ་ཐོབ། ་ཐུགས་ཀ་ནས་ཐོན་ཐུགས་ཀར་ཐིམ། །ཐུགས་དམ་བརྒྱུད་བསྐུལ་འགལ་མེ་ཡི། །འཁོར་ལོའི་ཚུལ་གྱི་སྔགས་བཟླས་པས། །སྔགས་ལས་?་ལས་?་ཡི་འོང། །འཕྲོས་ནས་ལས་བཞི་བྱས་བར་ལྟ། །དེ་?་བཞིར་བརྗོད་བྱ ་དང། །ཐུན་མཚམས་དག་ཏུ་གཏོར་མ་སྔོ། །ཡི་གེ་བརྒྱ་པ་ཉམས་ཆགས་བསྐང། །ཡེ་ཤེས་མི་ཤེས་སྔ་སོར་བཞག། །སེམས་ཅན་དོན་དུ་བསྔོ་བ་བྱ། །བདག་ཉིད་ལྷ་ཡི་རྣལ་འབྱོར་གྱི། །?་ཆག་ཉ་པ་འདུག་སྤྱོད་ལམ་བཞིས། ། ་དུས་དང་ཡི་གེའི་གྲངས་དང་ནི། །རྟགས་རྣམས་མ་རྫོགས་པར་དུ་བཀླས། །དུས་གྱི་སྙེན་བ་ཟླ་བ་དྲུག་།ཡི་གེའི་དབྱེ་བ་ཁྲག་གཉིས་ཏེ། །གྲངས་གི་བསྙེན་པ་འབུམ་ཚོ་གཉིས། །རྟགས་ནི་སྒྲུབ་ལ་བརྩོན་པ་ཡི། །ལུས་ངག་ཡིད་གསུམ ་གཡེང་བ་སྤངས། །དམིགས་པ་རྩེ་གཅིག་གསལ་པར་བཟླས། །བྱ་ནག་ལྡིང་དང་ཁྱིས?་ནག་འཁོར། །སྔགས་པས་ཆས་གོས་ནག་པོ་ཅན། །བྲན་གཡོག་ཚུལ་དུ་འགྲོགས་བྱེད་ཅིང། །ཟས་ནོར་སྟེར་བ་རྨི་བའོ། །དེ་དག་ཁྲོ་ཞིང་རྒྱགས ་པ་བར། །བདག་གི་ལང་མོ་སྣ་ཚོགས་བྱེད། །མིག་ལོག་མཆུ་མེད་བྱེད་པ་རྣམས། །ལས་མགོན་ཁྲོས་པའི་རྟགས་ཡིན་པས། །གཏོར་མ་བཏང་ཞིང་བཤགས་པ་བྱ། །དེ་ལ་གཏོར་མའི་མན་ངག་ནི། །རིན་ཆེན་སྣོད་དང་ཀ་པ་ལར། ། ་འབྲུ་ནས་འབྲས་ཁྲོ་སྣ་གསུམ་གྱི་ཟན་གྱི་གང། །གྲི་ཤ་གྲི་ཁྲག་ལ་སོགས་པའི། །རྒྱན་གྱིས་བརྒྱན་ཏེ་ཆང་གི་བྲན། །དེ་ནས་སེམས་བསྐྱེད་ཡི་དམ་བསྒོམས། །སྭ་བྷ་ཝ་ཡི་སྔགས་ཀྱིས་ནི། །ཕྱི་ནང་སྣོད་བཅུང་སྟེང་པར་བསམ། །སྐད ་ཅིག་ཙམ་ལས་སྣོད་ཀྱི་ནང། །རཾ་ལས་ཉི་དཀྱིལ་དེ་སྟེངས་སུ། །ཤ་ལྔ་བདུད་རྩི་ལྔ་ཉིད་ཀྱང། །ས་བོན་གསལ་བར་གྱུར་པ་ལ། །འོག་ཏུ་ཡཾ་དང་རམ་ཉིད་ལས། །ཡཾ་ལས་རླུང་བྱུང་རཾ་ལས་མེ། །འབར་ཏེ་ཡིག་འབྲུ ་ཞུ་བ་ལས། །འབྲུ་ཨོཾ་ཨཱ:ཧཱུཾ་གསུམ་བརྗོད་པས་ཡེ་ཤེས་ཀྱི། །བདུད་རྩི་དཔག་མེད་འཕེལ་པར་བསམ། །དེ་ནས་དམ་ཚིག་མགྲོན་སྙེད་དེ། །ཡེ་ཤེས་སེམས་དཔའ་སྦྱན་དྲངས་ནས། །བསྟིམས་ཏེ་བུ་ལ་བསམ་ཉེས་པར་བསམ། ། ་ཧཱུཾ་བདེ་གཤེགས་བླ་མ་མགོན་དང་བཅས། །ཡེ་ཤེས་ཕྱག་དྲུག་གཙོ་འཁོར་དང། །དམ་ཅན་མཁའ་འགྲོ་ཚོགས་རྣམས་ཀུན། །བསྟན་བསྲུངས་འཕྲིན་ལས་སྒྲུབ་དོན་དུ། །རྣལ་འབྱོར་བདག་གི་གནས་འདིར་གཤེགས། །དུངས ་པའི་སེམས་ཀྱིས་སྤྱན་འདྲེན་ཀྱི། །ཐུགས་དམ་ཐུགས་རྗེའི་དབང་གི་ནི། །ད་ལྟ་ཉིད་དུ་གཤེགས་སུ་གསོལ། །ོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵི་ཅེས་པའི་རྩ་སྔགས་ལན་བདུན་བརྗོད། །སྐར་མདའ་ལམ་དུ་བཞུགས་ཤུལ་གྱི། །གནས་ནས་བྱོན ་ནས་ཐིམ་པར་བསམ། །ཧཱུཾ་མཉམ་མེད་མཐུ་ཆེན་མོ་ལྟར་འབར། །དགྲ་བགེགས་མ་ལུས་ཐལ་བར་རློག་།ཐལ་བྱེད་གཞོན་ནུ་འཇིགས་པའི་སྐུ། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཅེས་པ་སྒོ་གསུམ་གུས་པས་ཕྱག ་བཅོལ། །རྩ་སྔགས་བདུན་ལ་བྷ་ལིང་གདགས། །གཙོ་བོ་ཡེ་ཤེས་པ་ལ་དབུལ། །ལས་སྔགས་བདུན་གྱི་འཁོར་ལ་དབུལ། །བསྟོད་པ་བྱ་ཞིང་འཕྲིན་ལས་བཅོལ། །དེ་ཡི་དུས་གསུམ་སྤོས་བསྲེགས་ཏོ། །བཙན་དུག་ཡུངས་ཀར ་སྒོ་ཀྱ་གསུམ། །གྲི་ཁྲག་དང་སྦྱར་རིམ་བུ་བྱ། །ཡང་ན་གུ་གུལ་ནག་པོ་དང། །བཙན་དུག་ཡུངས་ཀར་བུ་རམ་རྣམས། །གྲི་ཤ་དག་དང་སྦྱར་བྱས་ཏེ། །རིལ་བུ་སྲན་མ་ཙམ་བྱས་ནས། །སོལ་བའི་མེ་ལ་སྲེགས་པར་བྱ། །ལྷ་རྣམས ་འདུ་ཞིང་བགེགས་རྣམས་བསྐྲད། །དེ་ལས་དངོས་གྲུབ་ཐོབ་པར་འགྱུར། །འདི་ནི་མན་ངག་དམ་པའོ། །དེ་ནས་གསོ་བའི་ལས་སྟན་པ། །འཁོར་ལོ་རྩེ་ཐག་བླ་ཕུར་རྣམས། །བསྲུང་བྱའི་གོ་ཁྲབ་རྡོ་རྗེ་ཡིན། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད ་ལྡན། །ལྟེ་བར་རྩ་སྔགས་བསྲུང་བྱའི་མིང། །མུ་ཁྱུད་ནང་མ་སྒྲུབ་སྔགས་ཏེ། །ཕྱི་མ་རྟེན་འབྲེལ་སྔགས་ཀྱི་སྐོར། །རྩིབས་ལ་ཧཱུཾ་ཆེན་འབར་བ་བརྒྱད། །རྩིབས་མཆན་རྣམས་ལ་ལས་སྔགས་འགོད། །མཆོད་པ་ལྔ་བཤམས་རབ་གནས ་བྱ། །དེ་ཉིད་གང་སྲུང་ལུས་ལ་གདགས། །བགེགས་ཀྱིས་མེ་དཔུང་འབར་བར་མཐོང། །ཚེ་ཡི་ཐག་པས་བསྲུངས་པ་ནི། །དར་རམ་གཡང་མོ་ལུག་གི་སྡུ། །ལེགས་པར་བསྐལ་ཏེ་སུམ་སྒྲིལ་བྱ། །བསྙེན་སྔགས་བསྒྲུབ་པ་ལས་སྦྱོར་སྔགས ་སྟེང?་རྩ་བརྒྱན་ལ་སོགས་པ་བཟླས། །སྔགས་དེ་རྡོ་རྗེ་ལུ་གུ་བརྒྱུད། །གསེར་གྱི་ཁ་དོག་འབར་བ་ལ། །ཡིག་འབྲུ་ཐམས་ཅད་འཁྲིལ་བར་བསམ། །གུས་པ་གསུམ་ལ་སྐུ་གསུང་ཐུགས་།སྒོམས་ཏེ་རབ་ཏུ་གནས་པར་བྱ། །གང་བསྲུངས་ལུས ་ལ་བཏགས་པ་ཡི། །རྡོ་རྗེར་བའི་ནང་ཞུགས་པས། །ལག་འདྲེན་བགེགས་ཀྱིས་མཐོང་མི་འགྱུར། །བླ་ཡི་གྱུར་པ་བཅའ་ཐབས་ནི། །ལྕགས་སམ་སེང་ལྡང་སྨུག་པོ་ལ་།རབ་ཚང་ཁྲུ་གང་ཡོད་པ་ལ། །རྒྱ་འདུད་གཉིས་དང་བཅུངས་ཞོགས ་བརྒྱད། །དཔལ་གསུམ་རྩེ་མོ་རྣོ་བར་བྱ། །སྐུ་གསུངས་ཐུཌ་ཀྱི་ཡིག་འབྲུ་འགོད། །ལས་སྔགས་མགུལ་དུ་རྟགས་ནས་ནི། །ནག་པོར་མངའ་གསོལ་ལ། །གང་བསྲུང་དེ་ཡི་སྔས་སུ་གཟུགས། །བགེགས་རྣམས་སྐྲག་ཅིང་འབྱེར་པར་འགྱུར། ་གལ་ཏེ་འཚེ་ཞིང་ཉོབ?་གྱུར་ན། །ཟབ་མོ་དུ་བ་འཕྲོ་གཅོད་སྔགས། །དྲི་བཟང་སྨན་གྱི་ལེགས་བྲིས་ཏེ། །རབ་གནས་ཚུལ་བཞིན་བྱས་ལ་གདགས། །ཟླ་གཏོར་བརྒྱ་རྩ་མ་ཆག་གཏང། །དེ་ཡི་ཁྲག་བཅད་བཞིན་དུ་འགྲོ། །ོཾ་ན་མོ་མ་ཏྲི་གྷ་ན་སེ ་ཙེའུ་ཆེའུ?་ཏར་རྫོ་སྭཱཧཱ། ཆད་ལྷག་མེད་པ་རབ་ཏུ་གཅེས། །ཚར་ནས་གཏང་རག་དུས་སུ་གཏང། །མིང་ཉིད་ཆོས་སྐྱོང་མཛའ་ཅན་གདགས། །གདུག་པ་ཅན་གྱི་གནོད་བྱེད་ལ། །དང་པོ་ཀླུང་དང་གཏོར་མ་སྦྱིན།། ་ཚད་མེད་བཞི་ཡི་ཏིང་ངེ་འཛིན་གྱི། །ཆོས་བཤད་བདེན་པ་གདར་བར་བྱ། །ལས་ངན་དབང་གི་སྦོག་གྱུར་ན། །དྲག་སྔགས་མེ་ཡི་འཁོར་ལོ་འདི། །ལས་སྦྱོར་སྔགས་ཀྱི་ཤམ་བུར་གདགས། །དུས་བཞི་དག་ཏུ་གཟིར་བར་བྱ། །ོཾ ་མཁ། མ་ཧཱར་ཁ། དྷྲ་ཀ་དྷྲ་ཀི་ནི། བྷ་ར་མ་ར་ཁ་སྲ་པྲེ་ཏ་པྲ་ས་ཙ་ར་རི། །ཧ་ར་ཧཱུཾ་ཕཊ་སྭཱཧཱ། ཨ་བྷི་པ་ག་མཱ་ར་ཡ། ར་ཀ་ས་ཕཊ་སྭཱཧཱ། གདུག་པ་འཇིལ་བྱང་སྔགས་འགོད་འདི། །ཤ་བ་རི་ངས་རབ་ཏུ་གསང། །ལས་ངན་ཅན་གྱི་སྲིད ་ཅན་ལ། །མནན་པའི་ལས་ཀྱིས་འདུལ་འདོད་ན། །ཁམ་པའི་བུམ་པ་གསྲ་བ་གཅིག་།ས་དཀར་ཆོས་ཀིས་ལེགས་བྱུག་ཏེ། །རྒྱལ་གསལ་དཀོར་བ་གང་གནོད་པའི། །མཚན་མ་རྟགས་ལ་ལིང་ཁ་བཅའ་། །དེ་ཡི་སྙིང་གར ་ཡི་གེ་ཏྲི། །དྲི་རྒོད་ཡག་པའི་ཁྲག་གི་བྲི། །ཡེ་ཤེས་ལྷ་ཡི་ང་རྒྱལ་དང། །ཕྱག་རྒྱ་བཞི་ཡི་སྔགས་ཀྱི་དགུག་།ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱི། །གང་ན་གནས་པའི་ས་ཕྱོགས་ནས། །དྲངས་ཏེ་གཉིས་མེད་བསྟིམས་པར་བྱ། །སྒྲུབ་པ ་ཞག་གསུམ་པར་མི་བྱ། །ལིར་ག་བུམ་པར་བཅུག་ནས་ནི། །དེ་ཡི་སྟེང་དུ་དངུལ་ཆུ་དང། །དངུལ་ཐལ་ཟངས་དངར་གན་དང། །འབྲས་དང་ནས་དང་བྲ་བོ་དང། །ཡོངས་སུ་བསྔོས་ཏེ་བླུག་པར་བྱ། །ཁམ་ཕོར་གསར་པས་ཁ ་བཅད་ལ། །ཁ་རྒྱན་ཤུ་དག་ནག་པོས་བྱ། །ལྷ་ཁང་མགོན་པོའི་ཞབས་འོག་གམ། །མཆོད་རྟེན་རྙིང་པོའི་འོག་ཏུ་མནན། །ཡང་ན་རྒྱ་གྲམ་ལམ་དུའོ། །དེ་ཡི་གསང་སྔགས་བསྟན་པ་ནི། །ོཾ་ཀ་མི་ནི་ར་ཏ་སྭཱཧཱ། ཀ་ནིརཀཤ་ནི ་ཕཊ། ཏཾ་བྷ་ན་ཕཊ། མོ་ཧ་ནི་ཕཊ། དང་པོ་ཞིག་གཅིག་ཆོས་སྐྱོང་སྔགས། །དེ་ནས་མན་ཏྲ་འདི་ཉིད་བཟླས། །གང་གནོད་ཐེམ་བུ་བཀག་པ་བཞིན། །འགྲོ་འགྱུར་ཐེ་ཚོམ་མེད་པ་ཡིན། །བསྲེག་པའི་ལིང་ག་དཔལ་འབར་ལ། ། ་མཆོད་གཏོར་དཔལ་བཤོས་ཟོར་གཏོར་རྣམས། །རིམ་པ་བཞིན་དུ་གནས་སུ་གཏང། །རྟེན་གསུམ་བཅའ་བའི་མན་ངག་ནི། །སྐུ་རྟེན་ལུགས་སུ་བླུགས་པ་དང། །འབུར་དུ་གཏོང་དང་རིས་སུ་བྲིས། །ཚད་ལྡན་བླ་མས་རབ་གམས ་པའོ། །གསུང་རྟེན་གསང་སྔགས་གསང་ཡིག་ལ། །ཐུགས་རྟེན་བདེ་གཤེགས་གདུང་ལ་བྱ། །ལས་ཀྱི་བཀའ་ཡི་རྟེན་དག་ནི། །སངས་རྒྱས་བསྟན་པའི་སྤྱི་དགྲ་གཅིག་།གཡུལ་ལམ་པ་ཆེན་ན་པདམེ?་ཡི། །སྐད་ཅིག་ཙམ་གྱི་སྡོག? ་གཅང?་པའི། །དྲི་རྒོད་ཆུ་ཀྲོག་མ་རེག་པའི། །ཙིཏྟ་འབར་བ་གཅིག་ལ་བྱ། །སྲོག་རྟ་དབུ་མར་རིང་བསྲེལ་གཞུག་།གཡས་སུ་གསུང་རྟེན་གཞུག་པར་བྱ། །གཡོན་དུ་རིན་ཆེན་སྣ་ལྔ་དང། །དྲི་བཟང་སྨན་དང་སྤོས་ཀྱི་གར། །དང་སྣ ་ལྔ་ཡི་དྲིལ་བྱས་ཏེ། །རྒྱུན་པར་མཆན་ཁུང་གཡོན་པར་བཅང། །སྒྲུབས་པའི་དུས་སུ་དཀྱིལ་སྟེངས་བཞུགས། །དེ་ཡི་ལུས་དང་གྲིབ་མ་བཞིན། །འཕྲིན་ལས་རྣམ་བཞི་འགྲུབ་པར་འགྱུར། །གོས་དང་གསང་བ་རྣམས་གཉིས ་ལ། །མཆོག་ཏུ་གསོ་བའི་ལས་ལ་ཤིས། །བསད་པའི་ལས་མཛའ་གཞན་དུ་ཤེས། །རྟེན་གྱི་མན་ངག་ཟབ་མོ་འདི། །རྨུ་རྒོད་སེམས་ཅན་འདུལ་དཀའ་རྣམས། །ཆོས་འདོད་སློབ་དཔོན་མི་འདོད་པས། །གདམ་ངག་ཐོབ་ནས་བླ་མ ་སྤོང། །དམ་ཉམས་ལག་ཏུ་ཤོར་པ་སྲིད། །སྣོད་མེད་རྣམས་ལ་གསང་བར་བྱ། །སྦྱོར་བ་དངོས་གཞི་འཇུག་གསུམ་དུ། །རྟགས་འདི་དག་ལ་ཡི་རྟན་བྱ། །ཕྱི་རྟགས་ནད་རྟགས་གསང་བའི་རྟགས། །ཁྲོས་པའི་རྟགས་དང་བཞི་རུ་བཤད། །ཕྱི ་རྟགས་བསྙེན་སྒྲུབ་བྱེད་པའི་དུས། །དཀྱིལ་ལས་འོད་དང་མེ་སྟག་འགྲོས། །སྒྲུབ་ཁངས་ཐོག་ཆོག་བྱ་རོག་ལྡིང། །བོན་པ་ནག་པོ་གླུ་ལེན་ཅིང། །?་ནག་ཐོགས་ནས་འཕྱར་བའོང། །ནང་?་རྟོགས་སློབ་དཔོན་ཆོས ་འཆད་ཅིང། །གདུགས་ཕུབ་སེང་ཁྲིད་སྡོང་པ་དང། །ཕེབས་པར་སྨྲ་དང་ལུང་སྟོན་དང། །བན་དྷེ་མཚན་ལྡན་ཟས་ཀྱི་གནོད། །བྱེད་པར་སྨིན་ལྟ་ཉེ་ཡང། །གསང་རྟགས་མགོན་པོ་རྨི་བ་དང། །དངོས་སུ་ཞལ་སྟོན་གྲི་གུག་དང། །ཐོ་དང ་འཕྲེང་?་ཏེ་ཀ་ལ་ལར། །རྩེ་གསུམ་ཞགས་པ་གཏེར་བ་དང། །སྟག་སེང་མཆོད་པ་སྟོང་བ་དང། །ཤེལ་རི་མཆོད་རྟེན་ལ་འཇོག་ཅིང། །དེ་ལ་བསྐོར་བ་བྱེད་པ་དང། །ཆོས་ནོར་གཏེར་སྟོན་གྲུབ་རྟགས་སོ། ། ཙ་ར་ནག་པོ་འཁྲུགས ་བྱེད་དང། །རལ་གྲིའི་ཆར་པ་འབེབ་པ་དང། །བྱ་ནག་ལུག་ནག་འཐབ་པ་དང། །བུད་མེད་ནག་མོ་ཁྲོ་ཞིང་སྒྲེག་།མི་སྡུག་སྣ་ཚོགས་སྟོན་པ་སོགས། །ཁྲོས་པའི་རྟགས་ཡིན་བཤགས་པ་བྱ། །དམ་རྫས་དཔུང་སྐྱེད་བསྙེན་སྒྲུབ་པ ་ལ། །བརྩོན་འགྲུས་དྲག་པོས་འབད་བར་བྱ། །དེ་ལྟར་བྱས་པས་ལས་འགྲུབ་སྟེ། །ཐེ་ཚོམ་ཡིད་གཉིས་སྤང་བར་བྱ། །ཆོས་སྐྱོང་འདི་ཡི་ཁྱད་པར་ནི། །འཁོར་ལ་མི་གནོད་རྦད་པར་འགྲོ་།དཀར་པོ་དང་ནག་པོ་ཀླུ་བདུད་དང། །བཙན ་དང་ཐེའུ་དང་རྒྱལ་པོ་སོགས། །དགྲ་བགེགས་རྡུལ་དུ་རློག་པར་བྱེད། །ནག་པོ་ཆེན་པོ་ཕྱག་དྲུག་པའི་སྒྲུབས་ཐབས། དཔལ་ཤ་ཝ་རི་དབང་ཕྱུག་གིས་ཞལ་མངོན་སུམ་དུ་གཟིགས་ནས་མཛད་པ་རྫོགས་སོ།། །། ་བླ་མ་རྒྱུད་པ་ནི། དཔལ་ཤ་ཝ་རི་དབང་ཕྱུག་།རྗེ་མི་ཏྲི་པ། ཨ་ནན་ཏ་བཛྲ། ཨ་བྷི་འཛུག་རྟ། བླ་མ་དུ་གུ་པ། ལས་སྟོད་དཀོན་མཆོག་འཁོར།། །།*། །མགོན་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས་སྡུས་པ་བྲམ་ཟེ་ཆེན་པོས་མཛད་པ་བཞུགས་སོ།། ་