| Wylie | e-texts based on the ACIP/ALL Input |
རྫོགས་སོ། །འདིའི་བརྒྱུད་པ་ནི་བྲམ་ཟེ་མཆོག་སྲེད་?་ལ་ཤར?་ནས?་སངས་རྒྱས་བསྟོན་པ་ཡན?་གཞན་འདྲ། །ཕྱག་དྲུག་ཡེ་ཤེས་མགོན་པོ་ཆོས་སྐོར?་ལས་མགོན་པོ་དབང་གི་རྒྱལ་པོའི་སྒྲུབས་དང?་བཀང་གཉིས?་བཞུགས་སོ།། །།རྒྱ་གར་སྐད་དུ། ཤྲི་མ་ཧཱ་ཀཱ་ལ་ས་དྷ་ན་མ། བོད་སྐད་དུ། དཔལ་ནག་པོ་ཆེན ་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དབང་ཐོབ་དམ་ཚིག་ལྡན་པ་ཡི། །ཡིད་དང་མཐུན་པའི་དབེན་གནས་སུ། །མཐུན་པའི་རྐྱེན་རྣམས་ཚོགས་པ་དང། །བདེ་བའི་སྟན་འདུག་སྐྱབས་འགྲོ ་དང། །སེམས་བསྐྱེད་ཚད་མེད་བཞི་བསྒོམས་ནས། །སྭ་བྷཱ་ཝ་ཡི་སྟོང་པར་སྦྱངས། །ེ་ལས་ཆོས་འབྱུང་མཐིང་ཁའི་ནང། །དམར་པོ་པདྨ་ཉི་མ་དང། །བགེགས་ཀྱི་རྒྱལ་པོའི་གདན་ལ་ནི། །རྡོ་རྗེ་ཧཱུཾ་དང་གྲི་གུག་ཨོཾ། །དེ་ལས ་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །དབང་གི་རྒྱལ་པོ་སྐུ་མདོག་དམར། །ཞལ་གཅིག་སྤྱན་གསུམ་དང་པོ་གཉིས། །གྲི་ཐོད་བཟུང་ནས་ཡུམ་ལ་ཁྱུད། །བར་གཉིས་ལྕང་ཏེའུ་རྩེ་གསུམ་འཛིན། ། ་འོག་གཉིས་ལྕགས་དཀྱུ་ཞགས་པ་བསྣམས། །དབུ་སྐྲ་སྤར་སྨིན་མ་སེར། །?་ལྔའི་དབུ་རྒྱན་དང། །རློན་པ་ལྔ་བཅུའི་དོ་ཤལ་བྱས། །སྦང་དུ་གསང་ཡུམ་མཁའ་འགྲོ་མ། །ཆགས་པའི་ཉམས་ཅན་སྐུ་མདོག་དམར། །ཕྱག ་གཉིས་གྲི་ཐོད?་ཡ་བ་པ་སྟོབ། །ཕྱག་རྒྱ་ལྔ་ལྡན་ཡབ་ལ་ཁྲལ། །ཡབ་ལ་སྤྲུལ་རིགས་ལྔ་ཡི་རྒྱན། །འོད་དཔག་མེད་ཀྱི་སྤྱོད་པཎ་འཆང། །མདུན་དུ(རྒྱུད་འགྲེལ་ལྕང་ཏིའུ་སྡིག་འཛུབ་ཅན། །རྒྱབ་དུ་ཛི་ན་མི་ཏྲ་ནི། །ནག་པོ་གྲི་གུག་ཐོད་པ་ཅན། །གཡོན་དུ་ཏྲ་ཀི་ར་ཛེ་སེར། །རྩེ་གསུམ་དང་ནི་སྡིག་འཛུབ་འགྱིང། །ཐམས་ཅད་ཁྲོ་བོའི་ཆོས་ཀྱི་རྒྱན། །དམ་ཅན་རྒྱ་མཚོའི་ཚོགས་ཀྱི་སྐོར། །ཡེ ་ཤེས་མེ་དཔུང་ཀློང་ན་བཞུགས། །ཀུན་གྱི་གནས་གསུམ་ཨོཾ་ཨཱ་ཧཱུཾ། །འོད་ཀྱི་ཡེ་ཤེས་སྤྱན་དྲང་ནས། །ཛ(རྒྱུད་འགྲེལ་མཆོད་ནས་གསོལ་གདབ་དབང་བསྐུར་བས། །རང་རིགས་བདག་པོས་དབུ་ལ་བརྒྱན། །ཡབ་ཡུམ་ཐུགས་ཁར་ཉི་མར་ཧཱུཾ། །ོཾ་བཛྲ་མ་ཧཱ་ཀ་ལ་ཀྵི་ཀྵི་ཊ་བི་གནན་བི་ན་ཡ་ཀ་ཧཱུཾ་ཧཱུཾ་ཕཊ་བྷུ་མ་གུ་ཡེ་སྭཱཧཱ། །འོད་ཟེར་དམར་པོ་སྣོད ་བཅུད་ཁྱབ། །འགྲོ་བའི་ནད་གདོན་སྡིག་སྒྲིབ་སྦྱངས། །བརྟན་གཡོ་ཐམས་ཅད་དབང་དུ་བསྡུས། །བདག་ཉིད་ལྷར་གསལ་དྲུང་དུ་ལྷགས། །དད་ཅིང་གུས་པས་བདུད་པར་བསམ། །དེ་ལྟར་རྩེ་གཅིག་ཏིང་ངེ་འཛིན་གྱི། །ཞག་བདུན ་རྒྱུན་ཆད་མེད་པར་བཟླས། །དངོས་སུ་ཞལ་སྟོན་རྨི་ལམ་དུ། །བསྟས་དང་མཚན་མ་ཅི་རིགས་འབྱུང། །ཐུན་འཚམས་མཆོད་པ་བཞི་རྫོགས་དང། །སྤོས་སྦྱོར་ཞི་ལྡན་གཏོར་མ་དབུལ། །མགོན་པོའི་ནང་སྒྲུབ་རྗེ་མི་ཏྲི་པ་ལ་བདག ་འཁྱུང་པོ་རྣལ་འབྱོར་གྱི་ཞུས་པའོ།། ཨཐིི་།།*། །མགོན་པོའི་རྒྱུ་དུས་བརྟག་པ་བཞུགས་སོ།། །།བླ་མ་མགོན་པོ་དབྱེར་མེད་ཕྱག་འཚལ་ལོ། །འདི་ནི་མགོན་པོ་རྒྱུ་བའི་དུས་སོ། །དུས་གཉིས ་