| Wylie | e-texts based on the ACIP/ALL Input |
ལྷོ་ཕྱོགས་བླ་མ་ར་ཧུ་ལས་མཛད་པའི་སྒྲུབ་ཐབས་ཐུགས་ཀྱི་གཙོ་བོ་རྫོགས་སོ།། །།*། །ཕྱག་དྲུག་ཡེ་ཤེས་མགོན་པོའི་ཆོས་སྐོར་ལས། ནག་པོ་ཆེན་པོ་ཕུང་པར་སྒྲུབ་པའི་ཐབས་བཞུགས་སོ།། །།རྒྱ་གར་སྐད་དུ། མ་ཧཱ་ཀ་ལ ་ཀ་ལ་ཡ་སརྦ་ན་མ། བོད་སྐད་དུ། ནག་པོ་ཆེན་པོ་ཕུར་བར་སྒྲུབ་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བསྟན་པ་གནས་པར་བྱ་བའི་ཕྱིར། །ནག་པོ་ཆེན་པོ་ཕུར་པར་བསྒྲུབ། །ལྕགས་སམ་ནག་པོའི་ཤིང་ལ ་སོགས། །མཁས་པས་འཇིགས་པའི་གཟུགས་བྱས་ནས། །ས་བོན་ལས་བསྐྱེད་འཇིགས་པའི་གཟུགས། །བསྐྱེད་ནས་རབ་གནས་ཆོ་ག་བྱ། །རྡོ་རྗེ་འཆང་གི་སྤྱན་མངའ་རུ། །ཇི་ལྟར་ཁས་བླངས་དམ ་བཅས་ཤིང། །བྱིན་གྱི་བརླབས་པའི་གནས་འདི་ལ། །རབ་གནས་བྱ་ཕྱིར་སྤྱན་འདྲེན་བཞུགས། །ོཾ་མ་ཧཱ་ཀ་ལ་ཧཱུཾ་ཕཊ། །མཆོད་དང་བསྟོད་པ་ཟིན་པའི་མཐར། །ཧེ་རུ་ཀ་ཡི་ཆ་ལུགས་སུ། །གནས་པའི་སྔགས ་པ་བློ་ལྡན་པས། །དྲག་པོའི་དུས་སུ་མགོན་བསྟོད་ལ། །རྡོ་རྗེ་གསོར་ཞིང་ཕུར་བུ་རྡེག་།ཧཱུཾ་ལས་བྱུང་བའི་ནག་པོ་ཆེ། །ཐུང་ལ་སྦོམ་པའི་བསུས་པོ་ཆེ། །འོད་ཟེར་བསྐལ་པའི་མེ་དཔུང་འབར། །དུག་གསུམ་སྲེག་བྱེད་ཀི ་ལ་ཡ། །ཧེ་རུ་ཀའི་སྤྱན་མངའ་རུ། །ཇི་ལྟར་ཁས་སླངས་དམ་བཅས་པ། །དཀོན་མཆོག་བླ་མ་བསྙས་བྱེད་ལ། །འོད་ཟེར་བསྐལ་པའི་མེ་དཔུང་འཕྲོ། །དུས་ལ་བབ་པོ་ཀི་ལ་ཡ། །སྐུ་བསྟོད་ཞལ་གསུམ་ཕྱག་དྲུག་པ། །གྲི་གུག ་ཐོད་ཁྲག་ལས་སོགས་བསྣམས། །སྐུ་སྨད་ཟུར་གསུམ་ཕུར་པའི་དཔལ། །དམ་ཉམས་སྙིང་ལ་ཀི་ལ་ཡ། །ཟུར་གསུམ་རྒྱ་མདུད་ཆུ་སྲིན་ཁ། །བློ་ལྡན་རྡོ་རྗེའི་ཐོ་བ་ཡིས། །གནས་བཅུ་རུ་ནི་གདབ་བར་བྱ། །འོད་ཟེར་འབར་བ་ཀི་ལ་ཡ།། ་ལེགས་ལྡན་ནག་པོ་དྲག་ཤུལ་ཅན། །གདུག་པ་ཅན་གྱི་དགྲ་བགེགས་འདི། །བརྡུལ་དུ་བརླག་པར་ཀི་ལ་ཡ། །ལྷ་མིན་གཡུལ་རྣམས་བཟློག་བྱེད་པ། །ཞལ་གདངས་ཆེ་བརྩིགས་ཁྲག་འཛག་པས། །ཕྲིན་ལས་མཛད་པར་ཀི་ལ་ཡ།། ་དུར་ཁྲོད་བདག་པོ་སྲིན་པོའི་གཟུགས། །ཁཾ་ནག་རལ་པ་གྱེན་དུ་རྫེས། །མ་མོ་འབུམ་གྱིས་འཁོར་གྱིས་བསྐུལ། །བསོང་བྱད་ལས་མཛད་ཀི་ལ་ཡ། །ལང་ཀའི་གྲོང་ཁྱེར་འཇོམ་མཛད་པ། །འཇིག་བྱེད་དཀའ་ཐུབ་ཐོད་ཕྲེང་ཅན། ་འོད་ཟེར་མང་པོ་འཕྲོ་འདུ་བས། །གདུག་པ་རླག་མཛད་ཀི་ལ་ཡ། །ཉི་མ་ལྟ་བུར་དམར་བའི་ཅན། །འོད་ཟེར་སྔོན་པོ་འཁྲུག་ཅིང་འཕྲོ། །སྨིན་མའི་ཁྲོ་གཉེར་གྱེན་དུ་བཟློག་།བདུད་ཚོགས་བསྲེག་མཛད་ཀི་ལ་ཡ། །རྣམ?་བ་ཧ་ཧ་ཆེར ་སྒྲགས་པ། །རི་རབ་བརྡུལ་ཕྲན་བཞིན་དུ་གཏོར། །སྟོབས་ཆེན་བྱང་ཆུབ་སེམས་དཔའ་སྟེ། །ཉོན་མོངས་དགྲ་འཇོམས་ཀི་ལ་ཡ། །ཁམས་གསུམ་དབང་དུ་བསྡུད་མཛད་པ། །དུག་གསུམ་བརྡུལ་དུ་བརླག་མཛད་ཅིང། །གྲོང་ཁྱེར ་སུམ་བརྩེགས་འཇིགས་བྱེད་པའི། །ལོག་འདྲེན་བསོང་བྱེད་ཀི་ལ་ཡ། །དུར་ཁྲོད་མཁའ་འགྲོ་ཕོ་ཉའི་ཚོགས། །དགྲ་བགེགས་མ་ལུས་གསོང་བྱེད་པའི། །ནག་པོ་ཆེན་པོའི་ཞལ་དུ་བཏབ། །བསྐྲོད་བྱེད་དགྲ་བསོད་ཀི་ལ་ཡ། །ོཾ་མ ་ཧཱ་ཀ་ལ་ཀི་ལ་ཡ་ཁ་ཧི་ཁ་ཧི། ཀི་ལ་ཡ། མཱ་ར་མཱ་ར་ཀི་ལ་ཡ། གྷྲིཧྣ་གྷྲིཧྣ་ཀི་ལ་ཡ། བྷན་དྷ་བྷན་དྷ་ཀི་ལ་ཡ། ཧ་ན་ཧ་ན་ཀི་ལ་ཡ། ད་ཧ་ད་ཧ་ཀི་ལ་ཡ། ཕ་ཙ་ཕ་ཙ་ཀི་ལ་ཡ། དེ་ན་མི་གི་ན་ཀི་ལ་ཀི་ལ་ཡ་ཧཱུཾ་ཕཊ། ཆེ་གེའི་སྙིང་ལ ་ཀི་ལ་ཡ། དེ་ལྟར་བློ་ལྡན་ཕུར་པ་ཡིས། །གདུག་པ་ཅན་གྱི་གནས་བཅུར་གདབ། །ནག་པོ་ཆེན་པོའི་ཕུར་བ་གདབ་པ་ཕྲེང་སྔགས་དང་བཅས་པ་རྫོགས་སོ།། །།གལ་ཏེ་དེ་ལ་རྟགས་མེད་ན། །ནག་པོ་ཆེན་པོའི་སྲོག་ཕུང ་ཙམས། །ཕུར་པ་བདག་པོས་དབུ་མནན་ལ། །འགྲིལ་ཞིང་ཞེ་སྡང་ཁྲོ་ཐབས་སུ། །གོང་བཞིན་བྱས་ལ་འདི་ཡང་བརྗོད། །དམ་བཅས་བཞིན་དུ་མ་བྱས་ན། །བདག་གི་བསྒོ་བ་མ་ཉན་ན། །བདག་གི་ཁྱེད་ལ་གཏོར་མ་ཅི་བྱིན་པ། ། ་ཁྱེད་ཀྱི་ལུས་ཀྱི་བདུད་ཡིན་ཏེ། །ལུས་ཉག་ཚལ་པར་འགྲོ་བར་འགྱུར། །དེ་མ་ཐག་ཏུ་དམྱལ་བར་འགྲོ། །དེ་བས་ལས་རྣམས་མྱུར་དུ་བགྱིས། །ཁཱ་ཧི་ཁཱ་ཧི་ཀི་ལ་ཡ། །དམ་བཅས་བཞིན་དུ་མ་བྱས་ན། །བདག་གི་ཁྱེད་ལ་བཟླས་པ་ཅི ་བྱས་པ་།ཁྱེད་ཀྱི་ངག་གི་གནད་ཡིན་ཏེ། །ཁྱེད་ཀྱི་ཡང་དུ་མ་གུར་འགྱུར། །རེ་མ་དེ་བས། མ་ར་ཡ་ཀི་ལ་ཡ། དམ་བཅས?་བཞིན་དུ་མ་བྱས་ན། །བདག་གི་ཏིང་འཛིན་ཅི་བགྱིས་པ། །ཁྱོད་གྱི ་སྙིང་གི་གནས་ཡིན་ཏེ། །ཁྱེད་ཀྱི་སྙིང་ཡང་ལགས་པར་འགྱུར། །དེ་མ་ཐག་ཏུ་དམྱལ་བར་འགྲོ་།དེ་པས་ལས་རྣམས་མྱུར་དུ་མཛོད། །གྷྲིཧྣ་གྷྲིཧྣ་ས་མ་ཡ། ཨོཾ་མཧཱ་ཀ་ལ་ཡ་ས་མ་ཡ། དུཥྚ་ཁ་ཁ་ས་མ་ཡ། ཁཱ་ཧི་ཁཱ་ཧི་ས་མ ་ཡ། དེ་ནི་མི་གེ?་ན་ས་མ་ཡ། ཅེས་དམ་སྐྲག་ཅིང། སྲོག་ཕུར་གྱིས་གདན་དུ་བསྣུན་ཅིང་བརྡེག་གོ་།དེ་ལས་རྣམས་མྱུར་དུ་འགྲུབ་པར་འགྱུར་རོ། །དཔལ་ནག་པོ་ཆེན་པོ་ཕུར་པར་སྒྲུབ་པ་སློབ་དཔོན་བྲམ་ཟེ་?་མཚོགས་?་མཛད་པ ་རྫོགས་སོ། །འདིའི་བརྒྱུད་པ་ནི་བྲམ་ཟེ་མཆོག་སྲེད་?་ལ་ཤར?་ནས?་སངས་རྒྱས་བསྟོན་པ་ཡན?་གཞན་འདྲ། །ཕྱག་དྲུག་ཡེ་ཤེས་མགོན་པོ་ཆོས་སྐོར?་ལས་མགོན་པོ་དབང་གི་རྒྱལ་པོའི་སྒྲུབས་དང?་བཀང་གཉིས?་བཞུགས་སོ།། །།རྒྱ་གར་སྐད་དུ། ཤྲི་མ་ཧཱ་ཀཱ་ལ་ས་དྷ་ན་མ། བོད་སྐད་དུ། དཔལ་ནག་པོ་ཆེན ་