CLOSE WINDOW

N3718: dpal ldan lha mo chen mo'i gsang ba'i bsgrub thabs zhes bya ba
Wyliee-texts based on the ACIP/ALL Input

དཔལ་ལྡན་ལྷ་མོའི་གསང་སྒྲུབ་རྗེ་ན་རོ་པས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཥཱི་ཡ་དེ་བི་མཧཱ་ཀ་ལི་གྷུ་ཧཡ་པཱ་དྷ་ན་མ། བོད་སྐད་དུ། དཔལ་ལྡན་ལྷ་མོ་ཆེན་པོའི་གསང་བའི་བསྒྲུབ་ཐབས་ཞེས་བྱ་བ། དཔལ་ལྷ་མོ་ནག ་མོ་ཆེན་མོ་ལ་ཕྱག་འཚལ་ལོ། །ལྷ་མོའི་གསང་བའི་བསྒྲུབ་ཐབས་ནི། །བསྙེན་བསྒྲུབ་ལས་སྦྱོར་གསུམ་གྱིས་བསྟན། །དེ་ལས་དང་པོ་སྙེན་པ་ནི། །མཚན་ཉིད་ལྡན་པའི་སྒྲུབ་པ་པོས། །ཡིད་འོང་དབྱེན་པའི་གནས་དག་ཏུ། །གཟའ ་སྐར་དུས་ཚོད་བཟང་པོ་ལ། །ནང་གཏོར་ཕྱི་གཏོར་བཏང་ནས་ཀྱང། །གསོལ་བ་གདབ་ཅིང་བདེན་པ་བ་དང། །ཕྱི་ནང་གསང་གསུམ་རྟེན་རྣམས་བཅའ་། །བརྟེན་གཏོར་རྒྱུན་གཏོར་རྟེན་རྣམས་བཅའ་། །དེ་ནས་འཚམས་བཅད་མཎྜལ་བྱ། །བདག ་ཉིད་སེམས་བསྐྱེད་ལྷག་ལྷང་བཻ། །མདུན་དུ་བྷྲུཾ་ལས་གཞལ་ཡས་ཁང། །དེ་ནང་ཐོད་མཁར་མེ་རླུང་དབུས། །ཧཱུཾ་ལས་བསྐྱེད་པའི་ལྷ་མོ་ནི། །སྐུ་མདོག་ནག་ལ་ཤིན་ཏུ་བསྒེག་།ཞལ་གཅིག་མ་ལ་ཕྱག་བཞི་མ། །ཞལ་གཉིས་བཙན་དཀྱིལ ་བརྗིད་ཚུལ་གནས། །གཡས་གཉིས་རལ་གྲི་བྷན་དྷ་བསྣམས། །གཡོན་གཉིས་ཤགས་ཏི་རྩེ་གསུམ་ཐོག། མི་རོ་ཁར་བདུག་མཆེ་བཞི་གཙིགས། །སྤྱན་གསུམ་དབུ་སྐྲ་གྱེན་དུ་མརྫེས། །སྙན་གཡས་སྤྲལ་དང་གཡོན་སེང་ལྡེང། ། ་དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན། །གླུ་ཆེན་གཤིབ་པའི་སྐེ་རགས་ཅན། །ཞབས་གཉིས་ལྕགས་སྒྲོགས་དག་གི་བརྒྱན། །བོད་བུ་དམར་གྭའི་སྟེང་ཉིད་དུ། །བཙན་དཀྱིལ་བརྗིད་པའི་ཚུལ་གྱི་འགྱིངས། །གྲུ་གསུམ་བྷཡོ་ནག་གསུམ་ལས་ཡངས ་ནག་མོ་གཅེར་བུ་རལ་པ་ཅན། །གཡས་པས་མི་སྙིང་གཡོན་བྷན་དྷ། །དུར་ཁྲོད་ཆས་བརྒྱད་བོང་བུ་བཅིབས། །དེ་རྒྱབ་རིགས་བཞིའི་ལྷ་མོ་ནི། །དཀར་སེར་དམར་ལྗང་བོད་བུ་བཅིབས། །གཡས་པས་རང་རྟགས་གཡོན་བྷན་དྷ། །དེ་རྒྱབ ་ཕྲ་མེན་བརྒྱད་པོ་ཡང། །སེང་སྟག་སྤྱང་ཀི་ཅུང་ཀ་དང། །པག་གདོང་དུར་བྱོ་བྱ་རོག་བྱ་རྒོད་གདོང། །ཞལ་གཅིག་ཕྱག་གཉིས་གྲི་དང་ཐོད་པ་འཛིན། །དུར་ཁྲོད་ཆས་བརྒྱད་དྲེལ་ནག་རྐང་གསུམ་བཅིབ། །དེ་རྒྱབ ་ལས་བྱེད་ཕོ་ཉ་རྐང་ཀའི་གདོང། །སྟག་དང་སྤྱང་ཀི་སྤྲེའུ་དྲེལ་ནག་ཞོན། །ཕྱག་མཚན་མངའ་གཞུ་སྤུ་གྲི་བྷ་ན་དྷ་དང། །སྤྲུལ་ཞགས་བྷན་དྷ་རྒྱུ་ཞགས་ནད་རྒྱལ་བསྣམ། །དེ་རྒྱབ་ལས་མཁན་བྱ་བ་འབུམ་གྱིས་བསྐོར། །གཙོ་བོའི་ས ་བོན་ཧཱུཾ་ཉིད་འཁོར་རྣམས་བྷཡོ། །འབྲུ་གསུམ་བྱིན་རླབ་ཡེ་ཤེས་མྱུར་དུ་གཞུག་།སྔགས་ཀྱིས་ཕྲེང་པས་ཁ་དོག་སོ་སོར་གསལ། །འོད་ཟེར་སྤྲོ་བསྡུ་བླ་མ་དག་ལས་དྲིས། །སྲོག་བཟུང་སྲོག་བསྡུ་སྲོག་གིས་དཀྱིལ་ནས་བླང། །གཏོར ་མཆོད་སྟོད་སྐུལ་དུས་བཞིར་བྱས་ནས་ཀྱང། །གང་འདོད་གསོལ་གདབ་རྩེ་གཅིག་དམིགས་པ་བྱ། །གཙོ་འཁོར་འོད་དུ་ཨེ་ཡི་གནས་སུ་བསྟིམ། །ེ་ཉིད་ཆོས་འབྱུང་དེ་དབུས་ལྷ་མོ་བྷཻ། །འཁོར་རྣམས་སྐོར་བསྐོར་བའི་ཚུལ་ཉིད ་དུ། །འོད་ཀྱི་སྤྲོ་བསྡུའི་དམིགས་པ་ངག་ལ་འབད། །དེ་ལྟར་བྱས་པས་བདུན་ནམ་ངེས་མེད་ན། །ལྷ་མོ་གཙོ་འཁོར་ཞལ་མཐོང་གསུང་ཡང་ཐོས། །འབྲིང་གིས་ཉམས་དང་ཐ་མ་རྨི་ལམ་སྟེ། །ལུས་དང་གྲིབ་མ་ལྟར་འཁོར་ཅི ་བསམ་འགྲུབ། །དེ་ལྟར་བསྙེན་བསྒྲུབ་བྱ་བ་ནི། །ཕུང་པ་རྣམས་ལ་བྲུབ་ཁུང་གྲུ་གསུམ་བྱ། །ལིང་ག་གཟུགས་བརྙན་དུག་ཁྲག་གིས་བསྐུས་ནས། །བྲུབ་ཁང་ནག་པོའི་ནང་དུ་གཞུག་པར་བྱ། །གང་འདོད་ཐོད་པར་བཅུག་ནས་སུ། །དགུག ་གཞུག་ལྷ་དང་དབྱེ་བ་བྱ། །མཚོན་དང་ཐུན་རྫས་ཏིང་འཛིན་ལྡན་པས་བྲབས། །ལྕགས་ཀྱིས་སྡིག་པ་ཕྱག་མཚན་ཆོ་ག་བྱ། །ཛ(རྒྱུད་འགྲེལ་ཆིབས?་པ་རྟག་ཏུ་བསྒྱུར། །རང་ཉིད་དེར་བྷཻ་ཕོ་ཉ་ལས་ལ་མངག་།བསྙེན་བསྒྲུབ་སྔགས་ནི་འདི་ཉིད་དག་གིས་ཤེས། །ོཾ་ཧཱུཾ་ཥི་ཡ་དེ་བི་ཀ་ལི་ཀ་ལི་མ་ཧཌ་ཀ་ལི་ཧ་ཀ་ལི་ཧཱུཾ་མཧཱ་ཙི་ཏ་ཧྲིད་ཧྲིད?་ཛ:ཛ:བྷཡོ་ཨེ་ཨ་ར་ལི་ཧྲི་ཛ:ས་མ་ཡ ་བྷཡོ། །ོཾ་ཨཾ་མཧཱ་ཀ་ལི་དེ་བི་ཀ་ར་ལི་བྷི་ཀ་ན་ཏྲ་རག་ཏི་ཙན་དྷ་རུ་པི་ནི་ཧཱུཾ་ཕཊ། བསྙེན་དུས་ཉིན་མཚན་བྱེ་བྲག་ཤེས་པར་བྱ། །སྦད་བསད་གཅིག་ཏུ་དྲིལ་བ་འདི་ལྟར་རོ། །མ་མོ་སྙིང་ལ་ར་ཀ་ཤ་།མ་རཀ་ཤ་།རཀ་མོ་སྙིང་ཁ་དག་། ་ཁྱག་ལམ?་དུན་དུན་དྲག་མ་རཀ་སྙིང་ཏྲེ་ཀྱཻ་མ་མ་རུ་ལུ་ལ་བྷཡོ་བྷཡོ། སྙིང་ཁ་རག་ས་མ་ཡ་དཾ་དཾ་ཛ:ཛ(རྒྱུད་འགྲེལ་མ་ར?་ཡ་སོད་སོད་མ་ཙི་ཏ་ཛ་ལ་རཾ། ཙི་ཏ་མ་མ་རོལ་ཐུཾ་རིལ་བྷཡོ། མ་མ་ལས་མྱུར་དུ་མཛོད། དགྲ་བོའི་ཀླད་པ་ལ་ཡ། སྙིང་ལ་ཡ། དབང་པོ་ལ་ཡ། མ་མོ་སྙིང་ལ་ཐུན་བྷཡོ། མ་ཁ་དྷར་མ་མོ་བྷཡཽ། ཨོཾ་བྷི་ཏི་ས་ཏི་ས་མ་ཡ་དུ་སྟན ་རྦད?། ཨ་ཀ་རི་སེམས་ས་ལུ་ཤིས་ན་ལི་རྦད། ཁ་དྷས་ཙ་མི་ལ་བྷཡོ་རྦད་འུ་རྦད་ཁྲག་ར་རྦད་མྱོས་ཏེ་བསློ་བཤས་ཏི་ཀཾ་།བསྙེན་བསྒྲུབ་ལས་སྦྱོར་ཐུན་སྔགས་སོ། །དེ་ལྟར་བསྒྲུབ་པས་བསྒྲུབ་བྱ་སྟེ། །སོད་པའི་རྟག་མཚན་ཐོན་པ་དང། ་ད་ནི་ལས་ལ་སྦྱར་བར་བྱ། །ཤ་ཁྲག་གཏོར་མ་བཟད?་དུ་བཤམ། །ཤ་ལིང་ཁྲག་ལིང་ལིང་གསར་དང། །ལིང་གསུམ་དུམ་བུར་གཏུག་ནས་ཀྱང། །ཚེར་མའི་ཤིང་བརྩེགས་གཤེན་མེ་སྦྱར། །མེ་ལྷ་ལྷ་མོར་བསྐྱེད་པའི་ཞལ།། ་བསྒྲུབ་བྱ་བསྲེག་ཅིང་སྔགས་འདི་བརྗོད། །ོཾ་ཧཱུཾ?་ཥི་ཡ་དེ་བི་ཀ་ལི་ཀ་ལི་མཧཱ་ཀ་ལི་ཧཱུཾ་བྷཡ་བྷཡ། །མ་མ་ཤ་ཏྲུང་ཨ་མུ་ཀཾ་མ་ར་ཡ་ཨུད་མན་ཏི་ཧཱུཾ་ཕཊ། བརྒྱ་འམ་སྟོང་ཅི་ནུས་གཅིག་བརྗོད། །མཆོད་བསྟོད་མཐར་ནི་མེ་ལྷ་གཤེགས་ ་དེ་ནས་ཐལ་བ་དུར་སར་མནན། །དེ་ནི་ལས་སྦྱོར་རིམ་པའོ། །དེ་ལྟར་བྱས་པས་བསྟན་དགྲ་རྣམས། །ཞག་བདུན་དག་གིས་འཆི་བར་འགྱུར། །འདི་མེད་གདམས་པ་ཕྱི་པ་རྣམས། །མཚོན་ཆ་མེད ་པའི་དམག་དང་མཚུངས། །སྙིང་མེད་པའི་ལུས་བཞིན་ནོ། །དེ་བས་གསང་བསྒྲུབ་རབ་ཏུ་གཅེས། །སྲུང་བཟློག་ཞི་རྒྱས་ལས་རྣམས་ཀུན། །བླ་མའི་ཞལ་ལ་དྲི་ཞིབ་བརྟགས། །དཔལ་ལྡན་ལྷ་མོའི་གསང་སྒྲུབ་འདི། །དཔལ ་ལྡན་ལྷ་མོས་བྷིར་ཝ་བ་ལ་གནང། །དེ་ནས་ནག་པོ་པ་ནས་ཏི་ལློར་བརྒྱུད། །ན་རོ་པས་ཞུས་མར་པ་བདག་ལ་གནང། །འདི་ནི་གཅིག་རྒྱུད་དམ་པ་ཡིན། །སྤེལ་བའི་གནས་མེད་ཤིན་ཏུ་གསང། །དཔལ་ལྡན་ལྷ་མོའི། ་གསང་སྒྲུབ་རྒྱ་གར་གྱིས་མཁས་པ་ཆེན་པོ་དཔལ་ན་རོ་པས་མཛད་ཅིང། །བོད་ཀྱི་ལོཙྪ་བ་མར་པ་ཆོས་ཀྱིས་བློ་གྲོས་ཀྱིས་བསྒྱུར་ཞིང་ཞུས་པའོ་རྫོགས་སོ།། །།ལྷའི་ཞིའང་རྒྱ་གཞུང་སྒྲུབས་ཞལ་གདངས་བཀའ་སྟོད་པ་རྣམས་བཞུགས་སོ། ། ་