CLOSE WINDOW

N3716: mgon po dmar po'i tshe bsgrub kyi zhal gdams
Wyliee-texts based on the ACIP/ALL Input

འཕེལ་གྱུར་ཅིག་།མགོན་པོའི་བཀྲ་ཤིས་ཡོན་ཏན་རྒྱ་མཚོ་ཞེས་བྱ་བ། །དཔལ་ཤ་ཝ་རི་བས་མཛད་པ་རྫོགས་སོ།། །།ཕྱག་དྲུག་ཡེ་ཤེས་མགོན་པོའི་ཆོས་སྐོར་ལས། མགོན་པོ་དམར་པོའི་ཚེ་བསྒྲུབ་བཞུགས་ཤོ?། ན་མོ་གུ་རུ། མགོན་པོ་དམར་པོའི་ཚེ ་བསྒྲུབ་ཀྱི་ཞལ་གདམས་ནི། བདག་བསྐྱེད་གང་མོས་སུ་བསྐྱེད་བའི་མདུན་དུ་ཆོས་འབྱུང་དམར་པོ་གཉིས་རྩེགས། དེའི་ཕྱིར་གཞལ་ཡས་ཁང་གྲུ་བཞི་འཁྱམས་ཕྱོགས་མཚོན་དུར་ཁྲོད་བརྒྱད་དང་བཅས་པ། དེའི་དབུས་སུ་གྷཾ་དམར་པོ་ལས ་ཚོགས་བདག་དམར་པོ། དེའི་སྟེང་དུ་ཧཱུཾ་དམར་ནག། དེ་ལས་འོད་ཟེར་འཕྲོས། གདུག་པ་ཅན་ཐམས་ཅད་ཚར་གཅད། ཚུང་འདུས་ཧཱུཾ་ལ་ཐིམ། ཧཱུཾ་མེར་གྱིས་ཞུ་བ་ལས། ཡིད་བཞིན་ནོར་བུའི་མགོན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག ་དྲུག་པ། ཞབས་གཉིས་གྱད་ཀྱི་དོར་ཐབས་སུ་བཞུགས་པ། ཕྱག་གཡོན་དང་པོ་གཉིས་གྲི་ཐོང་བར་པ་གཉིས་ཚེའི་བུམ་པ་འཛིན་པ། ཐ་མ་གཉིས་ཌཱ་མ་རུ་དང་དྲིལ་བུ་བསྣམས་པ། རྒྱན་ཆ་ལུགས་གཞན་རྣམས་མཐུན་པ། གནོད ་སྦྱིན་བཞི། ལྷ་མོ་གཙང་རིས། དམ་ཅན་རྒྱ་མཚོ་རྣམས་བསྐྱེད་ལ། ཡེ་ཤེས་པ་སྤྱན་དྲངས། དམ་ཚིག་པ་ལ་སྟིམ། གསོལ་བ་གདབ། ཡིག་རྒྱ་བཟླས། བཤགས་པ་བྱ། དེ་ནས་མགོན་པོའི་ཐུགས་ཀར ་ཧཱུཾ་དམར་ནག་གི་མཛའ་མར། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵི་རཏན་གུ་རུ་ཧཱུཾ་ཅེས་བས་བསྐོར་བ་ལ་དམིགས་ལ་ཉེར་གཅིག་བཟླས། བསྙེན་པ་གཞན་རྣམས་ཀྱང་བྱ། སྐུ་གསུང་ཐུགས་ཀྱི་གསོལ་བ་གདབ་བོ། །སློབ་མ་གཞུག་པ་ནི། ་སྔོན་འགྲོ་རྣམས་ཚར་བ་དང། དངོས་གཞི་ནི་མཎྜལ་དབུས་སུ་མགོན་པོ་གོང་བཞིན་གསལ་གདབ། མགོན་པོའི་སྤྱི་པོར་མི་བསྐྱོད་པ་སྔོ་སྐྱ། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས་པ་བསྒོམ། དེའི་ཐུགས་ཀ་ནས་འོད ་འཕྲོས། རྒྱུད་པའི་བླ་མ་སྤྱན་དྲངས་བསྟིམ། མི་བསྐྱོད་པ་ཡང་མགོན་པོ་ལ་བསྟིམ། དབྱེར་མེད་དུ་བསམ། དེ་ནས་མགོན་པོའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ཧཱུཾ་དམར་པོ། དཀྱིལ་འཁོར་གྱི ་དབུས་ལ་བཞི་ངེས་ནས་རང་གི་སྔགས་ཀྱི་སྒྲ་དང་བཅས་པས་སློབ་མའི་སྤྱི་བོར་བྱོན། ལྟ་སྒོམ་སྤྱོད་པ་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲད། དེ་ནས་མགོན་པོའི་དཔྲལ་བའི་ཨོཾ་དཀར་པོ་ལས། འོད་དཀར་པོ་བྱུང། སློབ་མའི་སྤྱི་བོར་ཐིམ་བུམ ་དབང་ཐོབ། ལུས་ཀྱི་དྲི་མ་དག་།མགྲིན་པའི་ཨཱ(རྒྱུད་འགྲེལ་འོད་དཀར་དམར་མཐིང་གསུམ་གཅིག་ཏུ་འདྲེས། དབུ་མའི་ནང་དུ་ལྟེ་བར་སླེབ། ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་།རང་ལུས་ཕྱི་དུང་དཀར་ཕྱིས་པ་ལྟ་བུར་བསམ། དེ་ནས་མགོན་པོ་རང་དབང་མེད ་པར་སྤྱི་པོ་དམར་ཞུགས། སྙིང་གའི་ཧཱུཾ་དང་དཀྲུག་འདྲེས་པས། སྐད་ཅིག་གི་ཕྱག་དྲུག་པར་སྒྲོང་བསྐྱེད། དེ་ནས་ཐུགས་ཀའི་ཧཱུཾ་གི་མཛའ་མང་རྩ་སྔགས་ཀྱིས་བསྐོར་བ་ལ་དམིགས་བ་གཏད། ཧཱུཾ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ་གདུག་པ་ཅན?་ཐམས་ཅད་ཚར་གཅོད?། འོད་ཟེར་ཚུར་འདུས་ཧཱུཾ་ལ་ཐིམ། ཡང་སྔགས་ལས་འོད་ཟེར་འཕྲོས། རང་གི་སྙིང་གི་དཀྱིལ་དུ་འོད་བདེ་སྟོང་དུ་མེའི?་གནས། ཁམས་གསུམ་སྐྲག་ས་ལེ་མཐོང་བར་བསམ། རང་གིས་རང་གི་སྤྱི་བོར ་བུམ་པ་གཞག་།བུམ་པ་ལས་བདུད་རྩི་དཀར་དམར་གསུམ་བབས། ཚེའི་བུམ་དབང་ཐོབ། མགྲིན་པར་སླེབ། གསང་དབང་ཐོབ། སྙིང་གར་སླེབ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རྩ་གསུམ་འཁོར་ལོ་བཞི་བདེ་སྟོང་གིས་ཁོངས། ་རིག་འཛིན་གྱི་ས་ལ་གནས་པར་བསྒོམ། དེ་དུས་ལྟ་སྒོམ་སྣང་སྟོང་ཟུང་འཇུག་ཏུ་ངོ་སྤྲད་དོ། །རྫོགས་རིམ་ནི་དཔྲལ་བའི་ཨོཾ་ཨཱ(རྒྱུད་འགྲེལ་ཕྱག་རྒྱ་ཆེན་པོར་བཞག་གོ་།དཔལ་ཤ་ཝ་རི་པའི་ཚེ་སྒྲུབ་རིག་འཛིན་ཨཐིི(རྒྱུད་འགྲེལ་སང་བློ། མཁས་མཆོག་བློ་བཟང། སྒྲུབ་པོ་སངས་རྒྱས་དང། བྱ་བ་དང། ཡེས་རྡོར། འཇམ་དབྱངས་ནམ་མཁའ་རྒྱལ་པོ། དེས་བདག་བླ་མ་རིན་ཆེན་ལའོ།། །།*། །ཕྱག་དྲུག་ཡེ་ཤེས་མགོན་པོའི་ཆོས་སྐོར་ལས་དཔལ་ལྷ་མོའི་སྲོག་སྒྲུབ་བཞུགས་སོ།། ་