CLOSE WINDOW

N3715: mgon po bkra shis yon tan rgya mtsho
Wyliee-texts based on the ACIP/ALL Input

ཅིག་གིས་མགོན་པོར་བསྐྱེད། དེའི་ཐུགས་ཀར། ཤེས་པ་འཕྱོན་བླ་མ་སེར་པོར་བསྒོམ། ཡིད་མི་དགའ་ཞིང་འཕྱོན་བླ་མ་དམར་པོར་བསྒོམ། །བམས?་འདུས་ལངས་ཤིང། དགོངས་ཕྱོགས་བསྔོད་སྙིང་མི་འདོད ་པ་བྱུང་ན། སྐུ་མདོག་སྔོན་པོར་བསྒོམ། གསོལ་བ་གདབ། དམིགས་པ་གསལ་བ་གལ་ཆེ། ལྟ་སྒོམ་ཉམས་སུ་བླང། རང་རྒྱུད་འཇམ་ཞིང་བགེགས་མི་འཇུག་པའི་གནད་ཡིན། བསྙེན་པ་སྐྱེལ་བའི་དུས་ལྷ་སྐུ་མི་གསལ་བར་གྱུར་ན། ་ནམ་བྱེད་ཀྱི་དུས་སུ་ཐུན་ཞབས་ཐམས་ཅད་ལ། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འགྲོ་བ་སེམས་ཅན་ཐམས་ཅད་འོད་དུ་ཞུ་བར་བསམ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་ཉམས་སུ་བླངས། རང་ལུས་ལྷ་སྐུ་སྣང་སྟོང་དུ་ཉམས་སུ་བླང། ་ཐུན་མགོ་ཐམས་ཅད་དུ་བླ་མ་ལ་གསོལ་བ་འདེབས་པ་གལ་ཆེ། རྫོགས་རིམ་ནི་མགོན་པོའི་གནས་གསུམ་གྱི་ཡི་གེ་བླ་མར་བསྡུ། རང་ལུས་བླ་མར་གསལ་བར་སྒོམ། བླ་མའི་གནས་གསུམ་གྱི་ཡི་གེ་ཐུགས་ཀའི་ཧཱུཾ་ལ་བསྡུ། ཧཱུཾ ་ནད་ལ་ཐིམ། ན་ད་ཐིག་ལེ་ལ། ཐིག་ལེ་སྟོང་པ་ཉིད་ལ་ཐིམ། སེམས་མ་བཅོས་པའི་ངང་ལ་བཞག་།གསལ་སྟོང་དང་བླ་མ་དབྱེར་མི་ཕྱེད་པར་སྒོམ། བསྔོ་བ་བྱ། བཀྲ་ཤིས་བརྗོད། མི་བསྐྱོད་པ་ལ་བརྟེན་ནས་མགོན་པོའི ་གེགས་སེལ་བླ་མ་གནང་སྒྱུར། དཔལ་ལྡན་ཤ་ཝ་རི་པས་མཛད་པ་རྫོགས་སོ།། །།མགོན་པོའི་བཀའ་གང་བྱེད་ཀྱང་གསེར་གྱི་མཎྜལ་ཤིན་ཏུ་གལ་ཆེའོ།། །།ན་མོ་གུ་རུ། མཐར་ཐུག་སྙིང་པོའི་དོན་རྟོགས ་ནས། མཁྱེན་གཉིས་ཡོན་ཏན་རབ་རྒྱས་པ། །མཆོག་གསུམ་བླ་མའི་བཀྲ་ཤིས་ཤོག་།སྣོད་བཅུད་དག་པའི་བདེ་ཆེན་པོ། །སྣང་སྟོང་ཞལ་སྦྱོར་ལྷན་ཅིག་སྐྱེས། །ཕྱི་ནང་གསང་བ་མཆོག་གི་ལྷ། །སྐུ་གསུམ་ཡི་དམ་བཀྲ་ཤིས ་ཤོག་།བཞི་ཡི་དེ་ཉིད་མངོན་དུ་གྱུར། །ལམ་ཤེས་ངོ་བོ་ཉིད་མེད་ཅིང། །རྣམ་མཁྱེན་གསང་བ་བསམ་མི་ཁྱབ། །དུས་གསུམ་སངས་རྒྱས་བཀྲ་ཤིས་ཤོག་།སླུ་མེད་རྒྱུ་འབྲས་སླབ་བྱ་ཕྲ། །ལྷག་བསམ་དགེ་བ་རྒྱ་ཆེན་པོ། །སྨིན ་གྲོལ་ཟུང་འཇུག་ཟབ་པའི་ལམ། །ཐེག་གསུམ་དམ་ཆོས་བཀྲ་ཤིས་ཤོག་།སྙེན་པོས་བསྟན་པ་དུར་སྨྲིག་འཛིན། །ཀུན་ལ་ཕན་སྒྲུབ་རྒྱལ་བའི་སྲས། །སྒོ་གསུམ་གསང་སྔགས་རྣལ་འབྱོར་འཆང། །རིགས་གསུམ་དགེ་འདུན་བཀྲ ་ཤིས་ཤོག་།ཁྲོ་གཏུམ་རྫུ་ཕྲུལ་མཐུ་སྟོབས་འཆང། །ཕྲིན་ལས་ཀུན་བསྒྲུབ་བསྟན་པ་སྐྱོང། །འཁོར་བཞི་དཔའ་བོའི་བཀྲ་ཤིས་ཤོག་།འཇིག་རྟེན་ཁམས་ན་མ་ལུས་པ། །འོད་གསལ་ཆེན་པོའི་བཀྲ་ཤིས་ཤོག་།གནས་འདིར་བདེ་ལེགས ་འཕེལ་གྱུར་ཅིག་།མགོན་པོའི་བཀྲ་ཤིས་ཡོན་ཏན་རྒྱ་མཚོ་ཞེས་བྱ་བ། །དཔལ་ཤ་ཝ་རི་བས་མཛད་པ་རྫོགས་སོ།། །།ཕྱག་དྲུག་ཡེ་ཤེས་མགོན་པོའི་ཆོས་སྐོར་ལས། མགོན་པོ་དམར་པོའི་ཚེ་བསྒྲུབ་བཞུགས་ཤོ?། ན་མོ་གུ་རུ། མགོན་པོ་དམར་པོའི་ཚེ ་བསྒྲུབ་ཀྱི་ཞལ་གདམས་ནི། བདག་བསྐྱེད་གང་མོས་སུ་བསྐྱེད་བའི་མདུན་དུ་ཆོས་འབྱུང་དམར་པོ་གཉིས་རྩེགས། དེའི་ཕྱིར་གཞལ་ཡས་ཁང་གྲུ་བཞི་འཁྱམས་ཕྱོགས་མཚོན་དུར་ཁྲོད་བརྒྱད་དང་བཅས་པ། དེའི་དབུས་སུ་གྷཾ་དམར་པོ་ལས ་ཚོགས་བདག་དམར་པོ། དེའི་སྟེང་དུ་ཧཱུཾ་དམར་ནག། དེ་ལས་འོད་ཟེར་འཕྲོས། གདུག་པ་ཅན་ཐམས་ཅད་ཚར་གཅད། ཚུང་འདུས་ཧཱུཾ་ལ་ཐིམ། ཧཱུཾ་མེར་གྱིས་ཞུ་བ་ལས། ཡིད་བཞིན་ནོར་བུའི་མགོན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག ་དྲུག་པ། ཞབས་གཉིས་གྱད་ཀྱི་དོར་ཐབས་སུ་བཞུགས་པ། ཕྱག་གཡོན་དང་པོ་གཉིས་གྲི་ཐོང་བར་པ་གཉིས་ཚེའི་བུམ་པ་འཛིན་པ། ཐ་མ་གཉིས་ཌཱ་མ་རུ་དང་དྲིལ་བུ་བསྣམས་པ། རྒྱན་ཆ་ལུགས་གཞན་རྣམས་མཐུན་པ། གནོད ་