CLOSE WINDOW

N3712: byin gyis brlabs pa nag po chen po'i sgrub thabs zhes bya ba
Wyliee-texts based on the ACIP/ALL Input

བདག་ཅག་དམ་པའི་ཆོས་སྒྲུབ་པའི། །རྟག་ཏུ་སྟོང་གྲོགས་གཉན་པོ་མཛད་དུ་གསོལ། །དམག་དཔོན་ཆེན་པོ་ཞལ་བཞི་པའི་བསྟོད་པ་ཤོ་ལོ་ཁ་ཉི་ཤུ་པ་ཞེས་བྱ་བ་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། །། ་ཕྱག་དྲུག་ཡེ་ཤེས་མགོན་པོའི་ཆོས་སྐོར་ལས་ཛཱ་བ་རི་པའི་གསང་སྒྲུབ་རྒྱ་གཞུང་གསང་སྒྲུབ་དཔའ་གཅིག་སཱ་བ་རི་པའི་ལུགས། ཤ་བ་རི་པའི་ལུགས་བཞུགས་སོ། །རྒྱ་གར་སྐད་དུ། ཨ་དྷིཥྛ་ན་མ་ཧཱ་ཀ་ལ་ས་དྷ་ན་ནཱ་མ། བོད་སྐད་དུ། བྱིན་གྱིས་བརླབས་པ་ནག ་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། །དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཇི་ལྟར་བདེ་བ་རྒྱས་བྱེད་པའི། །དཔལ་ལྡན་ཐུགས་རྗེའི་བདག་པོ་མཆོག་།སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོའི་སྒྲུབ ་ཐབས་བྲི། །དང་པོ་དང་པ་རབ་བརྟན་ནས། །བྱང་ཆུབ་མཆོག་ཏུ་སེམས་སྐྱེད་དེ། །རང་ཉིད་ཧེ་རུ་ཀར་སྐྱེད་ལ། །དེ་རྗེས་སྟོང་པ་ཉིད་དུ་བསྒོམ། །བླ་མ་སངས་རྒྱས་ཅན་ཀུན་མཆོད། །བསྟོད་དང་བཤགས་པ་ལ་སོགས་བྱ། ། ་བསྔོ་ཞིང་ཚད་མེད་བཞི་པོ་བསྒོམ། །དེ་རྗེས་སྟོང་པ་ཉིད་དུ་བསམ། །སྟོང་པའི་སྔང་ལས་ཨེ་བསམ་ཏེ། །དེ་རྗེས་ཧཱུཾ་ལས་རྡོ་རྗེའི་བྲག་།སྣ་ཚོགས་མདོག་ཅན་རཾ?་ལས་ནི། །ཉི་མའི་དཀྱིལ་འཁོར་དེ་སྟེངས་སུ། །གྷ་ནི་ཤེལ་གྱི་མདོག་འདྲ ་ལས། །བྱི་ན་ཡ་ཀ་བརྡལ་པའི་སྟེང། །ཧཱུཾ་ལས་ནག་པོ་འཇིག་པར་བྱེད། །ཞལ་གསུམ་ཕྱག་དྲུག་རྔམ་པའི་སྐུ། །གཡས་དཀར་གཡོན་པ་དམར་བས་ཏེ། །དབུས་མཐིང་སྟག་གི་བགས་པས་བསྒྲིལ། །རིན་ཆེན་ཞབས་གདུབ་སྦྲུལ ་གྱིས་བརྒྱན། །ཕྱག་གཡས་གྲི་གུག་ཕྲེང་བ་དང། །ཌ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པ་ཐོད་པ་མདུད་རྩེ་གསུམ། །དེ་བཞིན་ཞགས་པས་དགྲ་བོ་འཛིན། །དྲག་པོའི་ཞལ་ལས་མཆེ་བ་གཙིག། །སྤྱན་གསུམ་དབུ་སྐྲ་གྱེན་དུ་འབར། །? ་བ་སིནདྷུ་ར་ཡི་གཡུ་རུང་འཁྱིལ། །མི་སྐྱོད་སྤྱི་བོར་བཞུགས་ལས་བྱིན་གྱིས་བརློབས། །གནས་གསུམ་ལྷ་བསམ་ཡེ་ཤེས་སེམས་དཔའ་བསྟིམ། །དབང་བསྐུར་ནས་ནི་རི་བདག་སོ་སོར་བསམ། །བརྟན་པར་གྱུར་ནས་རང་གི་མདུན། ། ་དཔལ་ལྡན་ཁྲོ་མོ་ཛ་ལི་ནི། །གཡས་པ་གྲི་གུག་ཐོད་ཁྲག་གཡོན། །སྐུ་མདོག་ནག་མོ་འཇིགས་བྱེད་མ། །གཡས་སུ་ཀྵོ་ཏྲ་པ་ལི་མ། །ཌ་མ་རུ་གཡས་སྡིག་འཛུམ་གཡོན། །སྐུ་མདོག་དུ་བའི་མདོག་ཅན་ནོ། །གཡོན་དུ་ཊ ་ཀཱི་ར་ཙ་སེང། །གཡས་བ་རྩེ་གསུམ་སྡིག་འཛུམ་གཡོན། །རྒྱབ་ཏུ་མཧཱ་ཀ་ལི་ནི། །དམར་ནག་གཡས་པ་གྲི་གུག་འཛིན། །གཡོན་པ་ཐོད་ཁྲག་ཞལ་དུ་རྫུབས། །རུས་པའི་རྒྱན་ལྡན་གཅེར་བུ་མོ། །གར་ཐབས་ཀེང་རུས་གདན་ལ་བཞུགས ་མཚེ་གཙིགས་སྤྱན་གསུམ་ཁྲོས་པའི་ཞལ། །གཙོ་བོ་དང་ནི་དུས་མཉམ་སྐྱེད། །ལས་ཀྱི་ལྷ་མོ་བཞི་པོ་ནི། །གདུག་པ་ཅན་ཀུན་འགུགས་བྱེད་ཅིང། །བཟུང་ནས་གཙོ་བོ་ལ་སྟོབས་ཕྱེད། །སྔགས་ཀྱིས་བཟླས་པ་དེ་རྗེས་ཙམ། །ོཾ་ཤྲཱི་མཧཱ་ཀ ་ལ་སི་ཐི་ཐ་ན་མ་མ་ཧཱུཾ་ཧཱུཾ་ཕཊ། །རྩ་བའི་སྔགས་སུ་བསྟན་པ་ནི། །ོཾ་བཛྲ་མཧཱ་ཀ་ལ་ཀྵིཾ་ཀྵིཾ་ཊ་བིག་ནན། །བི་ན་ཡ་ཀ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། །གཙོ་འཁོར་ཉེ་བསྙེན་སྔགས་སུ་བསྟན། །ོཾ་མ་ཧཱ་ཀ་ལི་ཛ་ལི་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀ་ལི་མི ་ཀྵེ་ཏྲ་པ་ལ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རད་ཎི་ཊ་ཀི་རཱ་ཙ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མཧཱ་ཀ་ལི་ནི་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ། འཁོར་གྱི་སྔགས་སུ་བསྟན་པ་ཡིན། །ལྷ་ལ་མཉེས་པའི་གཏོར་མ་ནི། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །ཀ་པ་ལར་བླུག་བྱིན་བརླབས་ཏེ།། ་རབ། བརྩོན་འགྲུས་སེང་གེ། ཚུལ་ཁྲིམས་འབུམ། རྒྱལ་མཚན་འབུམ། བྱམས་པ་དཔལ་བཟང་པོ། བསྒྲུབ་ཆེན་ཆོས་འབྱུང་རིན་ཆེན། གདན་ས་པ་ཀུན་དགའ་དཔལ་བཟང་པོ། ངེས་བདག་ལའོ།། །།བལ་པོའི ་པཎྚི་ཏ་དེ་བ་པུ་རྣམ་ཏི་དང། ལོ་ཙཱ་བ་འགར་ཆོས་ཀྱི་བཟང་པོས་ཀྱང་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ཅེས་བྱམས་པ་གསུང་ངོ། །འདིའི་བཀའ་ཡིག་མཆོག་སྒྲུབ་ཀྱི་བཀའ་ཆུང་པ་དང་འཐུན་པར་མཛད།། །། ་