| Wylie | e-texts based on the ACIP/ALL Input |
འབྲེན་པ། ཉན་ཐོས་དགྲ་བཅོམ་བརྒྱ། སླད་ཀྱི་རྗེས་འབྲད་བ། བན་དྷེ་ནག་པོ་བརྒྱ། འཁོར་བཅས་ཀུན་ལ་བསྟོད་པ་འདུལ། །སློབ་དཔོན་མཆོག་སྲེད་ཀྱིས་མཛད་པའོ།། །།དཔལ་ལྡན་ལྷ་མོ་དུད་སོལ་མའི་རྗེས་གནང་བཞུགས་སོ། ། ་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོའི་སྒོ་ནས་གཏོར་མའི་རྗེས་གནང་བྱ་བར་འདོད་བས། གནས་ཁང་ཡིད་དང་མཐུན་པར། མཎྜལ་དང་མཆོད་གཏོར་ཚོགས་ཀྱི་ཡོ་བྱད་འཚོགས་པར ་བཤམས་ལ། རང་ཉིད་བསྟན་བདེ་བ་ལ་འདུག་ནས་དགྱེས་པ་རྡོ་རྗེ་འམ། །གདན་བཞིའི་མངོན་རྟོགས་སྒོམ། ཡི་དམ་གྱི་གཏོར་མ་བཏང་བའི་རྗེས་ལ། ལྷ་མོའི་མཆོད་གཏོར་བརྒྱས་པར་བཏང་། ་ཚོགས་ཀྱིས་མཆོད་ནས། སློབ་མས་མཎྜལ་ཕུལ། ལག་པ་མེ་ཏོག་དང་བཅས་པ་ལ། སློབ་དཔོན་གྱི་སློབ་མ་ལ། མདུན་འདི་ན་དགྱེས་པ་རྡོ་རྗེ་འམ། རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་གྱི་འཁོར་ལོ་རྟན་གཞལ་ཡས་ཁང། ་བརྟེན་བ་ལྷ་དང་བཅས་པ་བཞུགས་པ་ཡིན་པས། གཞལ་ཡས་ཁང་གི་ཕྱི་རོལ། རྡོ་རྗེ་རྭ་བའི་ནང་རོལ། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཤར་ཕྱོགས་ནག་པོ་དྲག་པོའི་ཁུལ་ན་ཁྱེད་རང་འདུག་པར་བསྒོམས། མདུན་གྱི་ནམ་མཁའ་ ་འདི་ན་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྩ་བ་དང། བརྒྱུད་པར་བཅས་པའི་བླ་མ་དང་ཡི་དམ་གྱི་ལྷ་ཚོགས་ཆོས་སྐྱོང་བའི་བསྲུངས་མའི་ཚོགས་དང་བཅས་པ་རྣམས་སྤྲིན་ཕུང་སྟིབས་བ་བཞིན ་དུ་ཐིབས་སེ་བཞུགས་བར་བསམས་ལ། མོས་པ་དང་གུས་པ་བགྱིས་ཤིག་བྱས་ལ། ལྷ་མོའི་གཏོར་མ་དེ་སློབ་མའི་མགོ་ཐོག་ཏུ་བཞག་ལ། ལྷ་མོ་དུད་པའི་སོལ་བ་མ་འཁོར་ནག་མོ་འབུམ་སྡེའི་ཚོགས་དང་བཅས་པ་ཁྱེད་རྣམས ་ཀྱིས། སློབ་མ་འདི་ཞེས་བྱ་བའི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་གསུམ་གྱིས་བྱིན་གྱིས་རློབས་སྙམ་དུ་བསམས་ལ། མོས་པ་དང་གུས་པའི་སྒོ་ནས་བླ་མ་ཡི་དམ་ཆོས་སྐྱོང་བསྲུངས་མེ་དཔལ་ལྷ་མོ་དུད་པའི་སོལ་བ་མ ་འཁོར་དང་བཅས་པ་རྣམས་ཀྱི་མགྲིན་གཅིག་ཏུ། པ་ཤིས་པ་འདི་ཁྱེད་རང་རྣམས་ལ་བརྗོད་པར་བསོམས་ཤིག་བྱས་ལ། སློབ་མ་ཤེས་པ་དོ་དམ་སྨྲ་བའི་སངྒེ?་ཡིས། །ཉོན་མོངས་སྲིད་པའི་ཉེས་པ་སྐྱེ་བའི་ས་གཞོམ་ཕྱིར། ་རྣལ་འབྱོར་ཆོ་གས་ཉོན་མོངས་གཡོ་བ་གཅོད་པའི་ཕྱིར། རྣལ་འབྱོར་དོན་དམ་རྒྱལ་བ་ཉིད་དུ་འགྲུབ་གྱུར་ཅིག་།ཅེས་བརྗོད་པའི་བརྗོད་ལ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་དབང་གིས་བསྟོད་པ་ཚར་གཅིག་བརྗོད། གཏོར་མ ་སློབ་མའི་ལག་ཏུ་གཏད་ནས། དུར་ཁྲོད་བདག་པོ་ཚར་གཅིག་བརྗོད་ལ། དཔལ་ལྡན་དུད་པའི་སོལ་བ་མ་འཁོར་ནག་མོ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ལ་མཆོད་པ་དང། བསྟོད་པ་དང། གཏོང་མ་ལ་སོགས་པ་ཕུལ ་ནས། བདག་གི་སློབ་མ་མིང་དུས་འདི་ཞེས་པ་གཏད་ཀྱི། ཇི་སྲིད་གནས་ཀྱི་བར་དུ། འདིའི་ལུས་ངག་ཡིད་གསུམ་ལ་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས་ལ། སངས་རྒྱས་ཀྱི་བསྟན་པ་གཉན་པོ་བསྲུངས། དཀོན་མཆོག ་གི་མཆེ་བ་ཕྱུང་གཅིག་།བླ་མ་དམ་པའི་འཕྲིན་ལས་སྒྲུབས་ཤིང་།སེམས་ཅན་གྱི་བདེ་སྐྱིད་སྤེལ་གཅིག་།ཁྱད་པར་དཱུང་སློབ་མ་འདི་ཞེས་བྱ་བ་ལ་སྡོད་གྲོགས་དང། བསྲུང་བ་དང། སྐྱབས་པ་དང། སྦ་བ་དང། བྱིན་གྱིས ་བརླབས་པ་ཆེན་པོ་མཛད་དུ་གསོལ། །ནང་དང། གདོན་དང། རྐྱེན་དང། བར་དུ་གཅོད་པ་ཐམས་ཅད་ཞི་བ་དང། བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཅིང། ཚེ་དང། དཔལ་དང། འབྱོར་བ་ལ་སོགས་བ་ཟླ་བ་ཡར ་གྱིས་བཞིན་དུ་རྒྱས་པའི་འཕྲིན་ལས་མཛད་དུ་གསོལ། །ཁྱེད་རྣམས་ཀྱིས་ཀྱང་དུས་འདི་ནས་བཟུང་ནས། སངས་རྒྱས་མ་ཐོབ་ཀྱི་བར་དུ། ཆོས་སྐྱོང་བའི་བསྲུངས་མ་ཡིན་པས། མཆོད་བསྟོད་བསྒོམ་བཟླས་རྒྱུན་མ་ཆད ་པར་མཛོད་ཅིག་།ཅེས་བརྗོད་ལྷ་མོ་དང་དམ་ཚིག་བསྲེ་བའི་ཕྱིར། འཐེབ་ཀྱུ་གཅིག་དང། མ་ད་ན་ཧུབ་གཅིག་བྱིན། བཀའ་བསྒོས་པ་བཞིན་འགྲོགས་ནས་སྟོང་གྲོགས་བྱེད་པར་བསམ་མོ། །གཏོར་མ་ས་གཙང་སང་བཏང། ་སྨོན་ལམ་དང་བསྔོ་བས་རྒྱས་གདབ། དཀོན་མཆོག་གསུམ་དང་ཡི་དམ་གྱི་བཀྲིས་བརྗོད། །དཔལ་ལྡན་ལྷ་མོའི་རྗེས་གནང། སློབ་དཔོན་ཆེན་པོ་ཞེ་སྡང་རྡོ་རྗེས་མཛད་པ་རྫོགས་སོ།། །། ་