CLOSE WINDOW

N3703: dpal lha mo nag mo la bstod pa zhes bya ba
Wyliee-texts based on the ACIP/ALL Input

རབ་རྡོ་ཆར་འབེབས་མཛད་མ། །མཐུ་སྟོབས་བདག་མོ་མ་ཅིག་རེ་མ་ཏི། །བདག་གིས་བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །བདག་གིས་བཙུན་པར་ལྷ་མོ་ཁྱོད་ལ་བསྟོད། །ཁྱོད་གྱིས་བདག་ལ་དངོས ་གྲུབ་བསྩལ་དུ་གསོལ། །དཔལ་ལྷ་མོ་ལ་བྲམ་ཟེ་མཆོག་སྲེད་ཀྱིས་རྟགས་ཀྱི་སྒོ་ནས་བསྟོད་པའོ།། །།ལ་ལི་ཏ་བཛྲ་དང་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲི་ཀཱ་ལི་དེ ་?་སྟོང་ཏྲ་ནཱ་མ། བོད་སྐད་དུ། དཔལ་ནམ་མཁའ་ཨི་ལྷ་ཕྲན་རྣམས་ཀྱིས་བསྟོད་ཟེར་བའང་སྣང་ལྷ་མོ་ནག་མོ་ལ་བསྟོད་པ་ཞེས་བྱ་བ། མ་བཅོས་ཆོས་སྐུ་བདེ་བ་ཆེན་པོ་ནི། །སྲིད་དང་ཞི་བར་མི་གནས་མཉམ་ཉིད་དང། །སྐུ་གསུང་ཐུགས་དང ་ཡོན་ཏན་འཕྲིན་ལས་མཆོད་།དཔལ་དང་ལྡན་པའི་ལྷ་མོ་ཁྱོད་ལ་བསྟོད། །སྐུའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་དང་མཉམ། །མྱ་ངན་མི་འདའ་འཐུན་པར་སྣང་བ་ཉིད། །མཛེས་པའི་རྒྱན་ཆ་མ་ཅིག་རེ་མ་ཏི། །འགྲོ་བའི ་གཉེན་གཅིག་མ་ལ་བདག་བསྟོད་དོ། །ཆོས་སྐུ་མཁའ་ལྟར་དག་བའི་ཤེས་རབ་མ། །ལོངས་སྐུ་བདེ་ཆེན་རྨད་བྱུང་ཐབས་ཚུལ་གྱིས། །མ་རུངས་གདུག་པ་ཅན་རྣམས་ཚར་གཅོད་པའི། །མི་བསྙེལ་ཐུགས་རྗེ་ཅན་ལ་བདག ་བསྟོད་དོ། །དམན་པ་མི་འདོར་རྟགས་སུ་བོང་བུ་ཕྱིབས། །ལྷའི་ལྷར་གྱུར་ལྷ་མིན་སྐྲག་མཛད་མ། །སྦྲུལ་སྐུའི་རྫུ་འཕྲུལ་སྟོང་གསུམ་ཁྱབ་པར་ཉུལ། །བསྟན་པའི་གཉེར་མཛད་མ་ལ་བདག་བསྟོད་དེ། །དཔལ་ལྡན་ལྷ་མོ་མི་འགྱུར ་ཐུགས་རྗེ་ཅན། །བྱིན་གྱིས་བརླབས་པའི་མཆོད་གཏོར་འདི་བཞེས་ལ། །རྣལ་འབྱོར་བདག་གི་འདོད་པའི་དོན་རྣམས་བསྒྲུབས། །བསྟན་པའི་དགྲ་བགེགས་མ་ལུས་མེད་པར་མཛོད། །ཅེས་ལྷ་མ་སྲིན་གྱིས་བསྟོད་པ། ་ལ་ལི་ཏ་བཛྲ་དང་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཤྲཱི་དེ་ཝི་ཀཱ་ལི་སྟོང་ཏྲ་ནཱ་མ། བོད་སྐད་དུ། དཔལ་ལྷ་མོ་ནག་མོ་ལ་བསྟོད་པ་ཞེས་བྱ་བ། སྲིད་གསུམ་ཟིལ་ནོན་འདོད ་ཁམས་དབང་ཕྱུག་མ། །འཇིག་རྟེན་གཙོ་ལ་རྟག་ཏུ་གུས་ཕྱག་འཚལ། །མ་རྣམས་ནང་ན་ཁྱོད་ཉིད་མཆོག་ཡིན་ཏེ། །འཇིག་རྟེན་གསུམ་པོ་ཐམས་ཅད་ཁྱོད་ལ་བསྟོད། །བཞིན་མཛེས་ཡིད་འོང་ལྟ་བས་མི་ངོམས་པའི། །ཡོན ་ཏན་སྣ་ཚོགས་ཀུན་གྱིས་ལུས་རབ་བརྒྱན།། སྤྱན་མཛེས་ཨུཏཔལ་སྔོན་པོའི་མདབ་མ་མཛེས། །བསོད་ནམས་ཡེ་ཤེས་སྣང་བའི་དྲ་བས་བརྒྱན། །ནོར་བུ་རིན་ཆེན་རིན་ཐང་མེད་པ་བཞིན། །དང་བདག་པད་མོ་ཁྱོད་ལ་བསྔགས་པས ་ཀྱང། །སེམས་ལ་གསླ་བ་ཐམས་ཅད་གྲུབ་པར་འགྱུར། །ལྷ་མོ་དགོས་འདོད་འགྲུབ་ལ་ཕྱག་འཚལ་ལོ། །ཡང་དག་ཡེ་ཤེས་གྱ་ནོམ་བཀྲ་ཤིས་འདུད། །པད་མ་ལྟ་བུ་ཤིན་ཏུརྣམ་པར་དག་།ལུས་མདོག་རབ་མཛེས་ཀུན ་ཀྱིས་ལྟ་བས་མོས། །ཡོན་ཏན་རྒྱ་མཚོ་གཏེར་ལ་ཕྱག་འཚལ་ལོ། །དྲི་མེད་ཡེ་ཤེས་འོད་ཟེར་རབ་མཛེས་པ། །དྲན་པ་རྣམས་ཀྱི་ནང་དུ་མཆོག་ཏུ་འགྱུར། །མཐུ་སྟོབས་རྫུ་འཕྲུལ་ཡོན་ཏན་རྩལ་མངའ་བས། །བདུད་རིགས ་གླང་པོའི་གླང་ཆེན་འགེམས་ལ་འདུད། །འདི་ལྟར་གཅན་གཟན་མཆོག་གྱུར་སེང་གེ་ལྟར། །བསྟན་པ་དྲི་མེད་ཡུལ་འཁོར་སྐྱོང་ལ་འདུད། །དེ་ལྟར་སྔགས་ཤིང་བསྟོད་པའི་དགེ་བ་འདིས། །ཀུན་མཁྱེན་མཆོག་ལ་ཀུན་ནས་གནས ་པར་ཤོག་།ཅེས་དྲང་སྲོང་ཀེའུ་ཏྲི་ལས་བསྟོད་པ། ལ་ལི་ཏ་བཛྲ་དང། གྱི་ལྗང་དབུ་དཀར་གྱིས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཤྲཱི་དེ་ཝི་ཀཱ་ལི་སྟོང་ཏྲ་ནཱ་མ། བོད་སྐད་དུ། དཔལ་ལྷ་མོ ་