| Wylie | e-texts based on the ACIP/ALL Input |
རྟགས། །གཎྜེ་ཁྲོ་ཚོགས་སྤྲོ་བསྡུ་བྱེད་པའི་རྟགས། །བཞད་པའི་ཉམས་དགུ་ཁམས་གསུམ་དབང་བསྡུད་རྟགས། །ཞི་ཐུག་དགྲ་བགེགས་དབྱིངས་སུ་སྒྲོལ་བའི་རྟགས། །བཅུ་གསུམ་རྟགས་ལྡན ་བཅུ་གསུམ་ས་བརྙེས་རྟགས། །སྐུ་གསུང་ཐུགས་ལྡན་རྡོ་རྗེ་ནག་པོ་བསྟོད། །བྲམ་ཟེ་བློ་ལྡན་མཆོག་སྲེད་ཀྱིས་དཔལ་ནག་པོ་ཆེན་པོ་ལ་རྟགས་ཀྱི་སྒོ་ནས་བསྟོད་པ་རྫོགས་སོ།། །།པཎྜི་ཏ་ཤྲ་ཏ་ཀ་ར་ཝརྨ་དང། ་གུ་རུ་ཡོན་ཏན་ཤི་ལས་གུ་གེ་ཐོ་ལིང་དུ་བསྒྱུར་བའོ།། །།རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་སྟོད་ཏྲ། བོད་སྐད་དུ། ནག་པོ་ཆེན་པོའི་བསྟོང་པའི་ཕྲེང་བ་ཞེས་བྱ་བ། བླ་མ་དམ་པ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ ་ལོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པའི། །ཧཱུཾ་ལས་བྱུང་བའི་ནག་པོ་ཆེ། །ཞལ་གདངས་མཆེ་གཙིགས་གང་མོ་སྒྲོགས། །འཇིགས་བྱེད་ཁྱོད་ལ་མངོན་པར་བསྟོད། །སངས་རྒྱས་ཀུན་ལ་བསྙེན་ཀུར་རྟགས། །མགུལ ་པ་ཟོད་པའི་ཕྲེང་བས་བརྒྱན། །བགེགས་རྣམས་མ་ལུས་ཚར་གཅོད་པའི། །མགོན་པོ་ཁྱོད་ལ་མངོན་པར་བསྟོང། །སྐུ་མདོག་ཁྲོ་ཚུལ་སྟོན་པ་ནི། །མཁྱེན་གསལ་དབྱིངས་སུ་གཅིག་པའི་རྟགས། །ཐུང་ཞིང་སྤོམ་ལ ་བརྗིད་པའི་སྐུ། །ཐུགས་རྗེ་སྡང་མིག་གཟིགས་ལ་བསྟོད། །དབུ་སྐྲ་ཁམ་ནག་གྱེན་དུ་འབར། །ཐུགས་རྗེ་ཞི་ཁྲོ་ཕྱོགས་བཅུར་འཕྲོ། །ཞལ་གཅིག་ཕྱག་གཉིས་གཡས་ན་གྲི་།འགྲོ་དྲུག་ཐུགས་རྗེས་སྒྲོལ་ལ་བསྟོད། ། ་གཡོན་པ་བན་དྷ་ཁྲག་དང་ཞག། ཤ་ཆེན་ལྔ་དང་སྨན་ལྡས་བཀང། །དུག་གསུམ་མ་ལུས་ཞལ་དུ་གསོལ། །སྐུ་གསུམ་སྲིན་པོའི་གཟུགས་འདྲ་སྟོང། །འོད་དཔུང་དུག་ལྔ་སྲོག་པའི་མེ། །ཁྲོ་གཉེར་སྨིན་མ་རབས་བསྐྱོད ་ཅིང། །ལྗགས་འགྲིལ་ཁྲོས་པ་ཕྲིན་ལས་མཛད། །ཧཱུཾ་སྒྲོགས་ཕད་སྤྲོ་ཁྱོད་ལ་བསྟོད། །མཆོ་གཙིགས་ལྕེ་ལ་མེ་སྟག་འཕྲོ། །བརྐྱང་བསྐུམ་འུར་མེད་ཐུག་ཆེམ་ནི། །ཐུགས་རྗེས་ཞིང་ཁམས་མ་ལུས་གཡོ། །ཐུགས ་རྗེས་སྣ་ཚོགས་སྤྲུལ་ལ་བསྟོད། །གཏུམ་ཆེན་ཁྲོ་བོ་མང་འཕྲོ་བ། །འགྲན་ཟླ་མེད་པས་ཆེ་བ་ལ། །ཕྲིན་ལས་རྒྱ་མཚོ་ལྷུན་གྱིས་གྲུབ། །ཁམས་གསུམ་ཀུན་འདུལ་ཁྱོད་ལ་བསྟོད། །ཕྲ་མེན་ཚོགས་རྣམས་སྐྲག་པར་བྱེད། ། ་ཧ་ཧ་?་ཆེན་གཏུམ་ལ་བཞད། །ཞལ་ནས་ཁྲག་ནི་འཛག་པ་སྟེ། །དཀོན་མཆོག་གསུམ་སྐྱོང་ཁྱོད་ལ་བསྟོད། །བླ་མ་དང་ནི་ཐེག་ཆེན་དང། །སེམས་ཅན་ཀུན་ལ་འཚེ་བྱེད་པ། །སྐད་ཅིག་ཡུད་ལ་བརླག་འགྱུར་བ། །ནག ་པོ་ཆེན་པོ་ཁྱོད་ལ་བསྟོད། །བསྟོད་པའི་ཕྲེང་བ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ལ་ལི་ཏ་བཛྲ་དང། །བོད་ཀྱི་ལོ་ཙཱ་བ་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བའོ། །བྲམ་ཟེ་མཆོག་སྲེད ་ཀྱིས་ཞལ་མཐོང་དུས་དགའ་ནས་བསྟོད་པས། མགོན་པོ་མཉེས་ནས་ཞལ་འཛུམ་མཛད་དོ། །དེ་ནས་ཕྲིན་ལས་བཅོལ་བའི་བསྟོད་པ་མཛད་དོ། །ཞལ་གཟིགས་ཀྱི་བསྟོད་པའོ།། །།ནག་པོ་ཆེན་པོའི་བསྟོད་པ་བཞུགས་སོ། ། ་རྒྱ་གར་སྐད་དུ། མཧཱ་ཀཱ་ལ་སྟོད་ཏྲ། བོས་སྐད་དུ། ནག་པོ་ཆེན་པོ་ལ་བསྟོད་པ། ཧཱུཾ་ལས་རྣམས་ཀུན་བྱེད་མགོན་པོ་ནག་པོའི་སྐུ་།དམར་ནག་མེའི་འོད་ཀྱིས་ཀུན་ནས་བསྐོར། །ཕྱག་གཡས་གྲི་གུག ་འབར་བ་བསྣམས་པ་ནི། །དམ་ཉམས་དགྲ་བོའི་སྲོག་རྩ་དམར་པོ་གཅོད། །གཡོན་པ་ཐོད་པ་དགྲ་བོའི་ཁྲག་བཀང་གསོལ། །ཤངས་ནས་རླུང་བྱུང་འཇིག་རྟེན་རླུང་ནག་འཚུབ། །ཞལ་ནས་ཁྲག་འཛག་འཇིག་རྟེན་ནང་ཀྱིས་འགོངས ་