| Wylie | e-texts based on the ACIP/ALL Input |
པ་སེང་གེ་རྒྱལ་མཚན་གྱིས་ཀླུའི་དགོན་པར་ཞུས་དག་བགྱིས་པ་ལས་བཤུས་སོ།། །།*། །ཏ་ཐཱ་ག་ཏ་?་ཏས་མཛད་བའི་སྒྲུབ?་ཐབས་བཞུགས་སོ།། །།རྒྱ་གར་སྐད་དུ། ཙ་ཏུརྨ་ཁ་ས་མ་ཡ་? ་སཱ་དྷ་ནཱ་མ། བོད་སྐད་དུ། ཞལ་བཞི་པའི་དམ་ཚིག་དངོས་གྲུབ་བསྒྲུབ་པའི་ཐབས་ཞེས་བྱ་བ། བླ་མ་དང་ནི་ཡི་དམ་ལྷ། །ཞིང་སྐྱོང་འཁོར་དང་བཅས་ལ་འདུད། །རྩ་ཞལ་ནག་པོ་རོ་ཟ་བ། །གཡས་ཞལ་དཀར་པོ་ཁྲོ་?་འཛུམ།། ་གཡོན?་བ་དམར་ཞིང་རྒྱ་ཆེར་བཞང། །སྟེང་ཞལ་ནག་པོ་ཁྲོ་ཞལ་ནི། །བདུད་དང་སྲིན་པོ་ལྷ་སྲིན་དང། །གཤིན་རྗེ་ལ་སོགས་བཀྲག་པར་མཛད། །དྲག་རྒྱས་དབང་དང་ཞི་བ་ནི། །ཁྲལ་བཞིའི་ཁ་དོག་དག་གི་ཤེས། །དེ་དག་བླ་མའི ་ཞལ་ཤེས་ནི། །ལས་བཞི་བསྒྲུབ་པར་འདོད་པ་ཡི། །ཕུག་དང་ནགས་དང་དུར་ཁྲོད་དང། །དམར་ཞིང་མཐོ་བ་མེ་ཏོག་རྒྱུན། །དབེན་ཞིང་ཉམས་དགའ་བསྒྲུབ་པའི་གནས། །དེར་འདུག་སྤྲོས་པ་བཅད་པར་བྱ། །ཤོག་བུ་གྲོ་ག་དུར་ཁྲོད ་རས། །དུད་དང་གུར་ཀུམ་སིན་དྷུ་ར། །དུར་ཁྲོད་སོལ་པས་སྣག་ཚའོ། །རྩ་བ་དང་ནི་ཤམ་བུའི་སྔགས། །བཏོན་དང་བཅུག་པ་མན་ངག་ཡིན། །བསྙེན་དེ་བསྒྲུབ་པ་ལས་ལ་སྦྱར། །དུང་དང་ར་གན་ཟངས་དང་ལྕགས། །མཎྜལ་སྣོད་ཀྱི ་བྱེ་བྲག་གོ་།ལྷ་དང་འཁོར་ལོ་འོད་ཟེར་ཡང། །བསྒོམ་པའི་རིམ་བ་ཤེས་པར་བྱ། །སྔ་དྲོ་དུས་དང་ཉི་མའི་ཟེར། །ཟླ་བ་ཡར་དོ་མར་ངོ་ཡི། །དེ་དག་དུས་ཀྱང་ཤེས་པར་བྱ། །ཕྲེང་བ་གོས་དང་རྒྱན་རྣམས་ཤེས། །མར་དང་སྦྲང་རྩི་བུ ་རམ་དང། །ཞོ་དང་འབྲུ་དང་རིན་ཆེན་ལྔ། །དུག་ཡུངས་ཁྲག་སོགས་དབྱེ་བ་ཤེས། །མ་རུངས་ཞི་དང་མངོན་སྦྱོར་རྒྱས། །བསྒྲུབ་བྱ་དབང་སྡུད་ཚར་གཅོད་པ། །བསམ་པའི་བྱེ་བྲག་ཤེས་པར་བྱ། །རང་དང་བསྒྲུབ་བྱའི་བསོད་ནམས ་བརྟག་།བསྒྲུབ་པའི་མཚན་ཉིད་དི་ཡིས་ཤེས། །བསྟན་པའི་དོན་སྦྱང་ཐེ་ཚོམ་མེད། །རྒྱལ་ཁམས་དང་ནི་གྲོང་ཁྱེར་གཅིག་།དབྱེ་བའི་རིམ་བ་ཤེད་པར་བྱ། །ལས་མཛའ་སྡུད་པ་མན་ངག་ཡིན། །ཞལ་གྱི་ཨུ་པ་དེ་ཤ་འདི། །རཀཱི་ཏ་ཡིས ་མཛད་པ་ལས། །གཉན་ལོ་དར་མ་གྲགས་ཀྱིས་བསྒྱུར། །བླ་མ་ཡི་དམ་ཆོས་སྐྱོང་ལ། །ཉེས་པ་གང་སྣང་བཟོད་པར་གསོལ།། །།*། །དཔལ་ནག་པོ་ཆེན་པོ་སྲོག་གི་སྦུ་གྲིའི་བསྒྲུབ་ཐབས་བཞུགས་སོ།། །།རྒྱ་གར་སྐད་དུ། ཤཱི་མ་ཧཱ་ཀ ་ལ་ས་དྷ་ན་མ:བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་བསྒྲུབ་ཐབས། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སློབ་དཔོན་སྐུ་ཡི་དགྲོ་བོ་དང། །དཀོན་མཆོག་གསུམ་ལ་གནོད་བྱེད་དང། །བསྟན་པའི་ཆོས་ལ་སྡང་བ་རྣམས། ། ་བསྒྲལ་བར་བྱ་བའི་མན་ངག་ཡིན། །གཞན་དུ་བྱས་ན་དམ་ཚིག་ཉམས། །དེ་བས་མང་དུ་མི་སྤེལ་ལོ། །མན་ངག་འདི་ལ་རྣམ་པ་གཉིས། །བསྒྲུབ་པའི་ཐབས་དང་གསང་པའི་ཐབས། །བསྒྲུབ་པའི་ཐབས་ལ་རྣམ་པ་བདུན། །དུས ་དང་གནས་དང་དཀྱིལ་འཁོར་དང། །དམ་རྫས་བཀོད་པའི་རིམ་པའོ། །ནག་པོ་བསྐྱེད་ཅིང་བསྙེན་པའི་གྲངས། །གནས་ནི་དུར་ཁྲོད་ལ་སོགས་པའོ། །དཀྱིལ་འཁོར་གུ་གསུམ་ལ་འཁོར་ལོ། །རྡོ་རྗེ་དབུས་ཁྲག་འཁོར་ལོའི་དབུས།། ་གྲུ་གསུམ་མཐིང་ནག་འབར་བ་ནི། །དུར་ཁྲོད་རོ་ཡི་སོལ་བས་བྱུག་།ཤི་བའི་ཁྲག་གིས་བརྩིག་པར་བྱ། །གྲུ་ཆང་གསུཾ་ཡང་མཐིང་ནག་སྟེ། །ཟླ་གམ་གསུམ་ཡང་དམར་པོར་བྱ། །དེ་རྒྱབ་མཐིང་ནག་ཟླུམ་པོར་བསྐོར། །རྡོ་རྗེ་གཙོལ་གཞི ་བྱ་བ་ཡང། །ཕྱོགས་དང་ཁ་དོག་རྣམ་པར་གསལ།། །།དམ་རྫས་བཀོད་པའི་རིམ་པ་ནི། །དབུས་ཀྱི་གྲུ་གསུམ་མཐིང་ནག་ལ། །ནག་པོའི་འཕན་དང་རྒྱལ་མཚན་བཙུགས། །གྲི་གུག་ཐོད་ཁྲག་དག་ཀྱང་བཞག་།མི་ ་