| Wylie | e-texts based on the ACIP/ALL Input |
བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའོ།། །། ཙ་ར་ར་ཧཱུཾ་ལ་དམར་པོའི་གདམ་ངག་།བླ་མ་གྱི་ལྗང་གིས་ཐུགས་ལ་སྦས་པའོ།། །།སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལས ་དྷ་ན་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་དབུ་དཀར་ལོ། །ཇི་ལྟར་སྔོན་གསུངས་པའི་རིམ་པས་སྟོང་པ་ཉིད་དུ་བསྒོམ་པའི་རྗེས་ལ། སྣ་ཚོགས་པདྨ་ཉི ་མའི་སྟེང་དུ་ཧཱུཾ་ཡིག་ནག་པོའོ། །དེ་ཉིད་ཁོ་ན་ཡོངས་སུ་གྱུར་པ་ལས། །རྗེ་བཙུན་དཔལ་ནག་པོ་ཆེན་པོ་ནི། །ཞལ་གཅིག་ཕྱག་གཉིས། སྐུ་མདོག་ནག་པོ་སྤྱན་གསུམ་པ་ཆེར་འབར་བ། །གཡས་དད་གཡོན་གྱི་ཕྱག ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ། མགོ་བོའི་ཕྲེང་བ་འཕྱེད་པས་བརྒྱན་པ། དབུ་སྐྲ་ཁམ་པ་གྱེན་དུ་འགྲེང་བ། སྐུ་ལུས་རགས་ཤིང་མཆེ་བ་གཙིགས་པ། འཇིགས་སུ་རུང་བ། ལྷོ་འཕྱེས་ལུས་ལ་བརྒྱན་པ། ཡན ་ལག་ཐམས་ཅད་མེའུ?་ཐུད་གི་གཟུགས་བརྙན་ཅན། །ཁ་ནས་ཁྲག་འཛག་པ། སྐད་ཅིག་གིས་བདག་ཉིད་བསྐྱེད་ལ་སྔགས་བཟླ་བར་བྱ་སྟེ། དེ་ལ་འདིར་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། དུག་དང། ཐག ་དང་སྒོག་པ་དང། ཡུངས་ཀར་རྣམས་བསྲེས་པའི་སྤོས་ནག་པོ་ཆེན་པོ་ལ་དབུལ་ལོ། །སྲན་མ། ཤ་ཆེན་དང། ཆང་དང། མེ་ཏོག་དང། བྱུག་པ་དང། སྒྲོན་མ་དང། བདུད་རྩི་ལྔས་ནག་པོ་ཆེན་པོ་ལེ་གསོལ་མཆོད་བྱས་ལ ་གཏོད་མའི་སྔགས་འདིས་སོ། །ོཾ་མ་ཧཱ་ཀཱ་ལ་ཡ། ཤཱ་ཡ་ན། ཨུ་པ་ཧ་རི་ཎི། ཨི་ཥ་ཨ་པཥཙི། མ་ལོ་ཨ་ཡི། ཨི་དི་རཏན་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎི། ཡ་ཏི་པ་ཏི་ཛྙར་སྨ་ར་སི་ཧཱ་དཱ། ཨི་དཾ་དུཥྚ་ཁ་ཁ། ཁཱ་ཧི་ཁཱ ་ཧི། མཱ་ར་མཱ་ར། གྲིཧྣ་གྲིསྣ། བནདྷ་བནདྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན?་མ་ཀེ་ན་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ། དེ་ལ་འདིའི་ཉེ་བར་སྤྱད་པ་ནི། ཚ་བ་གསུམ་ལ་བསྒྲུབ་བྱའི་གཟུགས་སོ་སོར་བྱས་ཏེ། དེའི་ལུས་ལ་ཆར ་མས་བཀང་སྟེ། དུག་དང་སྐེ་ཆེ་དག་གི་ཆོ་ག་བཞིན་དུ་བྱུགས་ལ་མེ་ལ་བདུགས་ན་གང་གི་མིང་ནས་པོས་ན་སྐད་ཅིག་ལ་མི་སྣང་བར་འགྱུར་རོ། །ཡང་སློབ་དཔོན་རྟག་ཏུ་སྨོད་པ། སེམས་ཅན་དཔག་ཏུ་མེད་པ་ལ་གནོད་པར་བྱེད་པ་ནི། ནག ་པོ་ཆེན་པོས་གསོལ་བར་བྱེད་དེ། དེའི་ལུས་ཀྱི་ཤ་?་ཞིང་དེའི་ཁྲག་ཀྱང་འཐུང་པར་བྱེད། རྟག་པར་བྱས་ནས་སྤྱི་བོ་ནས་ཡོངས་སུ་གཟུང་ནས་ཏིལ་ཙམ་དུ་བྱེད་དོ། །ཞེས་བྱ་བ་ལ་སོགས་པ་མང་དུ་ཡིད་ལ་གོ་བར་བྱའོ། །དཔལ་ནག་པོ ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙཱ་བ་ག་རོད་ཀྱིས་བསྒྱུར་བོ།། །།རྒྱལ་ཆ་ལུང་མང་པོ་དང། ཆོས་རྗེ་བསོད་ནམས་ཀྱི་ཕྱག་དཔེ་ལས། ཡར་ལུང ་པ་སེང་གེ་རྒྱལ་མཚན་གྱིས་ཀླུའི་དགོན་པར་ཞུས་དག་བགྱིས་པ་ལས་བཤུས་སོ།། །།*། །ཏ་ཐཱ་ག་ཏ་?་ཏས་མཛད་བའི་སྒྲུབ?་ཐབས་བཞུགས་སོ།། །།རྒྱ་གར་སྐད་དུ། ཙ་ཏུརྨ་ཁ་ས་མ་ཡ་? ་