| Wylie | e-texts based on the ACIP/ALL Input |
འབུམ་ཕྲག་གསུམ་པ་དང་ལོ་ཙ་དགེ་སློང་དང་མ་གྲགས་ཀྱི་འགྱུར། གཤིན་རྗེ་ཆོ་བདག་ནག་པོའི་སྒྲུབ་ཐབས་གཏོར་མ་?་ཆོག་དང་བཅས་བ་ནག་པོ་པས་མཛོད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙ་བ་དང་མ་གྲགས་ཀྱི་འགྱུར།། །།རྒྱ་གར་སྐད་དུ། ཤྲཱི་ན་ཏི་མཧཱ་ཀཱ་ལ་ནཱ་མ། བོད་སྐད་དུ། ་དཔལ་མགོན་པོ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཀྱི་རིམ་པ། དཔལ་མགོན་པོ་ནག་པོ་ལ་ཕྱག་འཚལ་ལོ། །འཇིགས་པའི་ཚོགས་རྣམས་འཇིགས་བྱེད་པས། །ནག་པོ་དེ་ལ་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་འདོད་རྣམས ་ཀྱིས། །དོན་བསྟུས་པ་ནི་བཤད་པར་བྱ། །བླ་མ་རྙས་བྱེད་སེམས་ཅན་འཆོ། །དམ་ཚིག་སྨོད་དང་བསྟན་པ་བཤིག་།དེ་རྣམས་སྒྲལ་བར་བྱ་བ་ཡིན། །གཞན་དུ་ནམ་ཡང་བྱ་བ་མིན། །དང་པོ་གནས་བཙལ་བརྟག་པར་བྱ། །སྐྱེ ་གནས་སྒོ་ཅན་དབང་ལྡན་ལྷ། །རི་མ་ཚད་ཚིང་ཕུག་དག་གིས་དུར་ཁོད་དག་གམ་ལམ་ཅན་ནམ། །མཚན་མ་གཅིག་པ་དག་ཏུ་བྱ། །རང་སྙིང་ཧཱུཾ་བསྒོམས་འཕྲོ་འདུ་ལས། །དེ་ལས་ལྷ་ཚོགས་རང་སྣང་འགྱུར། །སྣ་ཚོགས ་མཆོད་པ་རྣམ་གསུམ་བྱ། །བཤགས་པ་བྱེད་དང་སྡོམ་པ་དང། །ཡོངས་སུ་བསྡོ་དང་ལམ་ལ་གནས། །དེ་ནས་བྱམས་དང་སྙིང་རྗེ་དང། །དགའ་དང་བཏང་སྙོམས་བསྒོམ་པར་བྱ། །དེ་ནས་སྟོང་པ་ཉིད་བསྒོམས་ལ། སྔགས ་འདི་ཡིས་ནི་བསྟན་པར་བྱ། །ོཾ་ཤཱ་ནྱ་ཧཱ་ཛྙཱ་ན་བཛྲ་སྭ་བྷཱ་ཨ་ད་མ་ཀོ་ཧཾ། སེམས་དེ་ར་མ་ལས་ཉི་མར་གྱུར། །པཾ་ལས་སྣ་ཚོགས་པདྨར་བསྐྱེད། །དེ་སྟེང་ཧཱུཾ་ནི་མཐིལ་ག་ལས། །གྲི་གུག་སྔོན་པོ་དག་ཏུ་འགྱུར། །པར་འཕྲོས ་ཚུར་ནི་འདུས་པ་ལས། །གཟས་པ་བསྒྱལ?་བའི་གདན་སྟེངས་ན། །སྐུ་མདོག་ནག་པོ་འཇིགས་པ་ཆེ། །ཁམས་གཉིས་མ་འདུས་ཟ་པར་བྱེད། །ཞབས་རྣམས་ས་ལ་རྡེབ་མཛད་ཅིང། །ལྷ་དང་ལྷ་མིན་སྡིགས་པར་བྱེད། །ཞལ ་བཞི་པ་ལ་ཕྱག་དྲུག་པ། །གཡས་པ་དཀར་ལ་གཡོན་པ་དམར། །རྒྱབ་ནི་སེང་གེའི་ཞལ་དང་ལྡན། །རྩ་བའི་ཞལ་ནི་ནག་པོ་སྟེ། །རྩ་བའི་ཕྱག་ནི་གྲི་གུག་དང། །ཐོད་པ་ཁྲག་གིས་བཀང་བ་འཛིན། །བར་མ་གཉིས་ན་དབྱུག་ཏོ་དང།། ་གླང་པོ་ཆེ་ཡི་ཕཊ་?་འཛིན། །གསུམ་པ་དགྲ་སྟ་ཞཌ་པ་འཛིན། །སྟག་གི་པཌ་པ་སྨད་བཀྲིས་ཤིང། །འཛག་པའི་མགོ་པོས་དོ་ཤལ་བྱས། །ཤིན་དུ་འཇིགས་སུ་རུང་བ་བསྐྱེད། །གཡས་སུ་གཏུམ་མོ་སྔོན་མོ་སྟེ། །གཡས་ན་ཐོད་པ་གཡོན་དང་ནག་།གཡོན ་དུ་གཡུང་མོ་དམར་མོ་སྟེ། །ལུ་གུ་རྒྱུད་ཀྱི་ཞགས་པ་རྣམས། །ར་ག་སི་དང་སིང་གལ། །མོན་མོ་ནག་པོའི་ཚུལ་དུའོ། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །རང་བཞིན་གནས་ནས་སྤྱན་དྲང་སྟེ། །གནས་ནས་འོངས་ནས་དེ་ལ ་ཐིམ། །ཛ:ཧཱུཾ་བཾ་ཧོ:ས་དགུ་ཞུག་བྱ། །རྡོ་རྗེ་རྩེ་ལྔའི་རྒྱ་ཕྱག་ཡིས། །བརྟན་པར་བྱིན་གྱིས་བརླབ་པར་བྱ། །མེ་ཏོག་ནག་འབྲས་བུ་དང། །མི་དབང་འབྲས་དང་དཀར་དམར་དང། །གླ་བ་ན་ཚེ?་མེད་བཞི་དང། །བདུད་རྩི་ལྔ་དང་དབང ་པོ་ནི། ། ལས་བྱུང་བའི་ཀ་པཱ་ལར། །ཟླ་བ་ཉི་མའི་བར་དུ་ནི། །ས་བོན་ལྔ་དང་ལྕགས་ཀྱུ་ལྔ། །འོག་ཏུ་མེ་ཏོག་འབར་བ་ནི། །དྲི་མ་རྣམ་པར་དག་བྱས་ནས། །མི་རྫུག་དྲི་དང་རྣམ་རྟོག་ནི། །ཧ་དང་ཧྲི་དང་ཧོས་སྦྱངས་ནས། །དེ་ནས ་ཆོ་གས་ལྕེ་མྱང་བྱ། །དེ་ལ་དབུལ་བའི་སྔགས་ནི། །ོཾ་བཛྲ་གྱིང་ནི་ཛ(རྒྱུད་འགྲེལ་པ་ཙ་པ་ཙ། ཧཱུཾ་ཕཊ་བྱ་བའི་སྔགས་ཀྱིས་དབུལ། །རྡོ་རྗེ་དྲིལ་འཛིན་དཔའ་བོ་ཡིས། །དབེན་བའི་སྔགས་ཀྱིས་གླུ་བླང་ཞིང། །བསྟོད་པ་འདི་ཡིས་ཡང་བསྟོད། །ཧཱུཾ་སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །གྲོང་ཁྱེར་སུམ་བརྩགས? ་འཇིགས་པར་བྱེད། །ལེགས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གིས་བཙུན་པར་ཁྱོད་བསྟོད་དོ། །འཇིག་རྟེན་འདི་ན་རང་དབང་ཐོབ། །སྔོན་གྱི་བྲམ་ཟེས་སྨྲས་པ་ལྟར། །བཀྲ་ཤིས་མཆོག་བསྒྲུབས་སེམས་བདེར?། ། ་ཡིད་མྱུར་གཟུགས་ཅན་ཀུན་ཏུ་གྲགས། །མགོན་པོ་བྱེད་ཅིང་འཇིག་རྟེན་སྐྱོང། །འཐབ་པའི་ཚེ་ན་རྟག་ཏུ་རྒྱལ། །གཤིན་རྗེ་མ་མོ་མངོན་པར་བསྟོད། །དར་གྱི་སྟོད་གཡོགས་སྔོན་པོ་ཅན། །སྡུག་དང་མི་སྡུག་ལུས་སུ ་སྟོན། །མིག་གིས་ཐམས་ཅད་རྔམ་པར་བྱེད། །མཆོག་བསྒྲུབ་དཔག་མེད་སེམས་བདེར་བྱེད། །སྙིང་དང་ལྡན་ཞིང་རབ་ཏུ་དཔའ་། །རྟག་ཏུ་ཁྱོད་ལ་བདག་གིས་བསྟོད། །བདག་གིས་ཉི་མའི་དཀྱིལ་དུ་ནི། །འཕྲེད་བའི་ཚུལ ་དུ་གནས་པ་ལ། །བདག་གི་སྙིང་གི་དཀྱིལ་དུ་ནི། །རཾ་ལས་ཉི་མའི་འོད་པདྨ། །གྲི་གུག་དབུས་ནས་འཕྲེང་བ་བྱ། །ཁ་ནས་ལྡེ་བར་འཁོར་ཚུལ་དུ། །འབུམ་ལ་སོགས་པ་ཅི་ནུས་བཟླས། །དེ་ལས་སྔགས་ལས་གྲི ་གུག་འགྱུར། །དེ་ཡིས་བཅད་ཅིང་བཏུབས་པར་བསམ། །ོཾ་མཧཱ་ཀཱ་ལ་ལཾ་གྷུ་ན་ཧྲི་ད་ཨེ་ཀ་ཛ་ཏི་ཧཱུཾ་ཕཊ། །དེ་ནས་རྟགས་ནི་འབྱུང་བར་འགྱུར། །རྟགས་ནི་བརྟན་པར་གྱུར་པ་དང། །གསང་བའི་ལས་ལ་འཇུག ་པར་བྱ། །གོང་གི་སྔགས་དང་སྦྱོར་བ་ཡིས། །གྲུ་གསུམ་ང་ལ་གྲུ་གསུམ་ལ། །བྱུགས་ལ་རལ་གྲི་གྲི་གུག་བྲི། །གྲུ་གསུམ་གདུད་རྩི་མདའ་དང་གཞུའ། །ཁ་དོག་ནག་པོ་བྱས་ནས་སུ། དགྲ་བོའི་གཟུགས་བརྟན་ཁོ་ཅི་འདྲ། །? ་སྦྲུས་བ་དང་ཆུ་དགས་ལ། །རྐང་རྗེས་ཅུར་ཁྲོད་ཐལ་བ་དང། །བདུད་རྩི་ལྔ་དང་བག་བྱེ་དང། །ཁྲག་གིས་བྲུས་ལ་སོར་བརྒྱད་པ། །བྱས་ལ་སྙིང་ཁར་འཁོར་ལོ་གཞུག་།སྔགས་ཀྱི་འོད་ཟེར་ལ་གནོད་སྦྱིན་ནོ། །མོ་རྣམས་གྱིས?་ནི ་དགུག་པར་བྱ། །ཁུགས་ནས་གདུག་པ་ཅན་ལ་བདབ། །ཡང་ན་རབ་ཆད་ཐོད་བ་རུ། །འཁོར་ལོ་ཁྲག་གིས་བྲིས་པར་བྱ། །དེའི་དབུས་སུ་གྲི་གུག་བྲིས། །སྔགས་དང་མིང་སྤེལ་དུག་གིས་དགར། །ཀླུ་ཡོད་གནས་སུ་མར?་ཡིས ་འཛིན། །ཁྲག་བཀང་དུར་དུ་སྔས་གྱུར་ན། །རིགས་རྒྱུད་རྩད་ནས་འཆད་པར་འགྱུར། །ཞིང་ལ་སྦས་ན་མི་སྐྱེ་འགྱུར། །ཕུར་བུ་གདབ་ཅིང་ཉི་ཟླའི་བར། །གཡུང་དུང་རྩུག་གིས་འུག་པ་རུ། །གསེར་བའི་སེམས་ཀྱིས་གསོད་པར ་འགྱུར། །ཁྲག་དང་དུག་དང་སྐེ་ཚེ་དང། །ཚ་གསུམ་སྙོས་བྱེད་བདུད་རྩི་སྦྱར། །ལུས་ཀུན་ལ་ནི་བྱུགས་གྱུར་ན། །རིམས་ནད་ཀུན་གྱིས་ཐེབས་པར་འགྱུར། །ཐོད་ཁྲག་བཀད་ལ་ལྷ་རྟེན་ལ། །བཟླས་པ་འབུམ་བྱས་ཕུར་པས་གདབ། ་གྲོང་ཁྱེར་ངེས་བར་འཁྲུག་བར་འགྱུར། །ཁྲག་དང་དུག་གིས་རབ་བཀང་ལ། །འགྲམ་རྩ་དག་ཏུ་སྦས་གྱུར་ན། །གྲོང་ཁྱེར་འཇིག་པར་ཐེ་ཚོམ་མེད། །ཉི་མ་ཡི་ནི་ཚེ་དག་ལ། །ཚ་བའི་མར་ཁུ་རབ་སྦྱར་ནས། །རྐང་པ་གཉིས་འཁྱུད་བྱས་ནས། བྱ་རོག ་ཆེན་པོའི་སྐད་བཅིངས་ན། །སྐྲོད་པ་དག་ཏུ་གྱུར་བ་ཡིན། །གྲོག་མཁར་དག་གི་ས་དང་ནི། །གུར་གུམ་གྷི་ཧད?་ཡུང་བ་ལ། །སྲིན་ལག་དག་གིས་སྦྱར་བྱས་ལ། །འཁོར་ལོ་ལེགས་པར་བྲིས་ནས་ནི། །བྲ་ཚིལ་ལིང་ག་བཅུག་བྱས་ནས། ཁ་ནི་ནུབ ་ཏུ་ལྟས་གྱུར་ཏེ། །ཞག་བདུན་དག་གི་ཆོ་ག་ཡིས། །བརྒྱ་བྱིན་ཡང་ནི་དབང་དུ་འགྱུར། །དྷ་དྷུ་ར་ཡི་ཕྱེ་མ་དང། ཤིང་སྲིན་བྲོས་པའི་ཕྱེ་མ་ཡིས། །ཤ་ཆེན་དག་དང་སྦྱར་བྱས་ནས། །ཁར?་བླུགས ་པར་གྱུར་པ་ན། །ངེས་པར་སྨྱོ་བ་དག་ཏུ་འགྱུར། །གྲི་ཡིས་བཏུབ་ཅིང་བཅད་པ་དང། །ཧོ་ལ་ཁུད་སྦྱིན་སྲིག་ཆོ་ག་བྱ། །?་སྟན་བཅས་དར་གྱིས་བཀྲིས། །?་པའི་གནས་སུ་བཞུགས་ནས་ནི། །མེ་ཏོག་ནག་པོ་ལ ་སོགས་པ། །ཤ་ཆེན་སྤོས་དང་གཏོར་མས་མཆོད། །དམ་ཚིག་ལྡན་པས་བྱས་གྱུར་ན། །རང་གི་སེམས་ལ་ཅི་འདོད་འགྲུབ་པར་འགྱུར། །དཔལ་ལྡན་མགོན་པོ་ནག་པོ་ཡི། །བསྒྲུབ་ཐབས་བྱས་བའི་ཕན་ཡོན་གྱིས། །དེ་ནི ་བསྒྲུབ་ལ་དགའ་བ་དག་།མྱུར་བར་དངོས་གྲུབ་ཐོབ་པར་འགྱུར། །དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་ཀྱི་རིམ་པ། །སློབ་དཔོན་?་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་འབུམ་ཕྲག་གསུམ་པ ་དང། །ལོ་ཙཱ་བ་དགེ་སློང་དེར་མ་གྲགས་ཀྱིས་བསྒྱུར་བའོ།། ཁྲོ་བོའི་གཟུགས་།།རྒྱ་གར་སྐད་དུ། མ་ཧཱ་ཀ་ལ་མ་ར་ན་བྷུ་?་ད་ན། བོད་སྐད་དུ། ནག་པོ་ཆེན་པོའི་འཕྲིན་ལས་གསང་བའི་སྒྲུབ་ཐབས། ། ་