| Wylie | e-texts based on the ACIP/ALL Input |
པ། །དཱི་པདཀ་ར་ཤྲཱི་ཛྙར?་ནས་མཛད་པ་རྫོགས།། །།རྒྱ་གར་གྱི་པཎྜི་ཏ་ནི་རྦཱ་ཎ་ཤྲཱིའི་ཞལ་སྔ་དང། །རྨོངས་པ་ཏ་ར་ནཱ་ཐས་གཡར་ཁྲལ་དུ་བསྒྱུར་བའོ།། །།བུར་མགོན་ལྷ་བཅུ་བདུན་གྱི་སྒྲུབ་ཐབས་བཞུགས་སོ། ། ་རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀ་ལ་སཱ་དྷ་ན་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བླ་མ་ལ་གུས་བདེན་པ་བསྐུར?། །ཕ་རོལ་ཕྱིན་པ་དྲུག་དང་ལྡན། ། ་བསྡུ་དངོས་བཞི་པོས་གཞན་དོན་བྱེད། །སྙིང་རྗེས་བརྩོན་གྲུས་བརྩམས་པ་ཡིས། །སློབ་དཔོན་ལ་དམོད་བསྟན་པ་འཇིག་།དམ་ཚིག་སྤོང་ཞིང་མཚམས་མེད་བྱེད། །དེ་རྣམས་བསྒྲལ་བར་བྱ་བ་ཡིན། །གཞུང་དང་འགལ་ན་དམ་ཚིག ་ཉམས། །དང་པོར་བདག་ཉིད་ཡི་དམ་ལྷར། །རིམ་པ་ཐམས་ཅད་རྫོགས་བསྒོམ་པས། །བསྟན་པ་གནས་པར་བྱ་བ་དང། །བྱང་ཆུབ་དོན་དུ་ནག་པོ་སྒྲུབ། །ཡི་གེ་བྷྲུཾ་གྱིས་གནས་བསྟན་པ། །རྒྱུད་དུ་བསྟན་པ་ཤེས་པར་བྱ། །དེ་དབུས ་ཧཱུཾ་གི་འོད་ཟེར་གྱིས། །བསྒྲུབ་བྱ་བཀུག་ནས་གདན་དུ་བསམ། །དེ་ལས་ཟངས་གྲིར་གྱུར་པར་བསམ། །དེ་ལས་ནག་པོ་ཆེན་པོ་བསྐྱེད། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དུར་ཁྲོད་ནག་པོ་དང་དུར་ཁྲོད་ཆེན་པོའི་རྒྱུད་ལ་སོགས་པའི་པ། །དབུ ་སྐྲ་ནག་པོ་གྱེན་དུ་བརྫེས། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གྲི་དང་ཀ་པཱ་ལག་ན་བསྣམས། །མགོ་བོའི་ཕྲེང་བས་དོ་ཤལ་བྱས། །མཆེ་བ་གཙིགས་ཤིང་སྤྱན་བགྲད་པ། །ཁ་ནས་ཁྲག་འཛག་ཁྲོས་ཙ་ན། །རང་གི ་ཡན་ལག་ཤ་གཅོད་ཅིང། །གཅེར་པུ་སྟག་ལྤགས་སྨད་གཡོགས་ཅན། །ནག་པོ་སྦྲུལ་གྱིས་ཡན་ལག་བརྒྱན། །ཁྲག་གི་རྒྱུན་དང་ཡི་གེ་ཧཱུཾ། །དེ་ཡི་ཞལ་དུ་ཐམ?་པར་བསམ། །འཁོར་ལོ་འདབ་མ་བརྒྱད ་པ་ལ། །མ་མོ་གཤིན་རྗེ་བཅུ་དྲུག་བསྐྱེད། །དེ་དག་རིམ་བཞིན་བསྟན་པ་ནི། །ཤར་ཕྱོགས་སུ་ནི་ཡ་བ་ཏི། །ལྷོ་ཕྱོགས་ཆོས་ཀྱི་རྒྱལ་པོ་སྟེ། །ནུབ་ཕྱོགས་སུ་རྟེལ་པ། བྱང་ཕྱོགས་སུ་གླང་མགོ་ཅན། །བྱང་ཤར་མཚམས་སུ་རལ་པ ་ཚར་དགུ་།ནུབ་བྱང་དུ་དམིགས་པ། བཅོ་པོ་གྲུབ་པ་དང་ཐབས་གཅིག་ཏུ་ལུས་དང་གྲིབ་མ་ལྟ་བུར་འཁོར་ལྷོ་ནུབ་ཏུ་ཕྱ་བསངས། ཤར་ལྷོར་མིག་དམར། དེ་དག་ནི་མདོག་སྔོ་སྐྱ་གྲི་དང་ཐོད་པ་ཐོགས་པའོ། །འདི་དག་ནི་གོ་རིམས་བཞིན་ཏེ། །གཤིན་རྗེ་ཕོ་ཉ་མོ ་དང། གཤིན་རྗེ་མཆེ་བ་མོ་དང། གཤིན་རྗེ་བེ་ཅོན་ནག་མོ་དང། དུས་མཚན་མ་དང། ལྕགས་ཀྱུ་མ་དང། ཞགས་པ་མ་དང། ལུ་གུ་བརྒྱུད་མ་དང། གཡས་གཡོན་གཤིན་རྗེ་འབེབས་མ་དང། འདི་དག་ཀུན་ཤད་ཀྱང་ཞལ་གཅིག ་ཕྱག་ལྷོ་གཉིས་པ། ནུབ་དབུ་སྐྲ་ལྷུག་པར་འདུག་པ། གཅེར་བུ་ལྕེ་བྱང་བྱང་ཤར་འཇིབ་ནུབ་བྱང་བ། མཆེ་བ་ལྷོ་ནུབ་གཙིགས་པ། གདུག་པ་ཐམས་ཅད་ཤར་ལྷོ་འགུགས་པ། ལས་ཐམས་ཅད་ཚུལ་བཞིན་མཛད་པ ་ཁ་དོག་ནག་མོ། ཕྱག་གཉིས་ན་གྲི་གུག་དང་ཐོད་པ་ཐོགས་པའོ། །དེ་ནས་ཐུགས་ཀའི་འོད་ཟེར་དང། །ཚིགས་བཅད་དག་གིས་སྤྱན་དྲང་བ། །རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པ། །བྱིན་གྱིས་བརླབས་པའི ་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་དྲངས་བཞུགས། །མྱུར་བར་འོངས་ནས་དེ་ལ་ཐིམ། །མོན་སྲན་གྲིའུ་འཛམ་བུ་ཏི། །མེ་ཏོག་བདུག་སྤོས་ཤ་ལྔ་དང། །བདུད་རྩི་ལྔ་སྦྱར་གཏོར་མ་སྦྱིན། །དེ་དག་དབུལ་བའི་སྔགས་གསུངས་པ། །ོཾ ་མ་ཧཱ་ཀཱ་ལ་ཡ་ཛྙཱ་ན་ཨ་མྲི་ཏ་ཨོཾ་ཨཱ:ཧཱུཾ་ཧཱུཾ་མ། ཨོཾ་མ་ཧཱ་ཀཱུ་ལ་ཤཱ་ས་ནཱ་པ་ཧ་རི་རེ་ཥཱ་བ་ཤཙ་མ་ཀཱ་ལོ་ཡཾ། ཨི་དཾ་རད་ན་ཏྲ་ཡཱ་ཡ་པ་ཀ་རི་ཎཾ། ཡ་ཏི་པྲ་ཏི་ཛཝཱ?། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚ། ཁ་ཁ། ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲིཧྣ་གྲིཧྣ། བྷན ་དྷ་བྷན་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀ་ན་མཱ་ར་ཡ་ཧཱུཾ་ཕཊ། ནག་པོ་ཆེན་པོ་འཁོར་དང་བཅོས་པ་ཁྱོད་ཀྱིས་སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་པ་བཞིན་དུ། ང་ཡིས་ལས་ཅི་བཅོལ་བ ་གྱིས་ཅིག་།དེ་ལྟར་མ་བྱས་ན་མགོ་བོ་ཨརྫ་ཀའི་རྡོག་པ་བཞིན་དུ་འགས་སོ། །དམ་ཆུ་བླུང། ལག་ཏུ་རྡོ་རྗེ་བྱིན། ད་ནས་སྲོག་གི་སྙིང་པོ་བརྗོད་དོ། །ོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། དེ་ནས་བསྟོད་པ། ཧཱུཾ་སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། ་ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་རྩེགས་འཇིག་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །ཧཱུཾ་མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་ན་གདུག་པའི་ཁྲག་བཀང ་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཧཱུཾ། ཁྲོས་པས་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གང་མོས་རི་རབ་བསྒྱེལ། །དམ་ཚིག་ཉམ་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །དེ་ནས་བསྐུལ་བ། ཧཱུཾ། ་འདས་དང་མ་འོངས་ད་ལྟར་གྱི། །བསྟན་པ་བསྲུང་བར་སེམས་བསྐྱེད་པ། །ནག་པོ་ཁྱོད་ནི་ཡིན་པ་སྟེ། །གདུག་པ་ཚར་གཅོད་འཇིགས་པའི་གཟུགས། །རལ་པ་ནག་པོ་གྱེན་དུ་གཡེངས། །སྟེང་གི་ལྷ་ཚོགས་འཇིགས་པར་བྱེད། །སྤྱན་བསྒྲད? ་འཇགས་འདྲིལ་བར་གྱི་གདོན་ཚོགས་སྡིགས། །གཡས་པའི་གྲི་གུག་གནོད་སེམས་ཅན་ལ་སྡང། །གཡོན་པའི་ཐོད་པར་གནོད་སེམས་ཅན་ཁྲག་གསོལ། །ཞབས་བརྡབས་གནོད་སེམས་ཅན་གྱི་ལུས་ལ་ཉེད། །གང་ཞིག་དཀོན་མཆོག ་གསུམ་དམོད་དང། །བླ་མ་བརྙས་བྱེད་སེམས་ཅན་འཚེ། །གདག་གི་བསྒོ་བ་ཀུན་ཁུག་ལ། །ལིད་ཀ་འདི་ལ་མྱུར་དུ་ཆུག་།འདིའི་ཤ་ཟོ?་ཁྲག་ལ་འཐུང། །རུས་པ་ཀླད་པ་ནད་རོལ་གསོལ། །རིགས་རྒྱུད་རྩད ་ནས་ཆོད་ལ་ཤོག་།འཛའ་བ་ཀུན་དང་ཕྲོལ་ལ་ཤོག་།བདག་གི་བསྒོ་བ་མཉན་ན། །ནག་པོ་ཁྱོད་ནི་ཉམས་པར་འགྱུར། །ཞེས་བསྐུལ་ལོ། །གོང་གི་སྔགས་སམ། ཡང་ན། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཆེ་གེ་མོ་ཧཱུཾ་ཕཊ། སྟོད་རྩ་བརྒྱད་བཟླས། ་རྟགས་དང་མཚན་མ་མཐོང་བ་དེས། །ལས་སྦྱོར་རིམ་པ་བརྩམ་པར་བྱ། །འབྲུ་སྣ་ཚོགས་ཀྱི་ཕྱེ་མ་ལ། །ཚ་བ་གསུམ་ལ་གཟུགས་བརྙན་བྱ། །ལིང་ཀ་སོར་བརྒྱད་ཚང་དུ་བྱ། །དུག་དང་སྐྱེ་ཚེ་ལན་ཚྭ་དང། །རྒྱ་ཚྭ་ཁ་རུ་རྩལ་དུ་ཚ།། ་སྲིན་ལག་ཁྲག་དང་སྨྱོ་བྱེད་ཀྱིས། །ལིང་ཁ་བྲིས་ནས་སྙིང་ཁར་གཞུག་།གདུག་པའི་ཚེར་མས་ལུས་ལ་དགང། །དུར་ཁྲོད་མེ་ལ་ཕུབ་མ་དང། །པདྨར་འཛག་པའི་རཀྟ་དང། །ཚིལ་ཆེན་གུ་གུལ་ནག་པོ་དང། །ད་དུ་ར་ཡི་འབྲས་བུས ་བསྲེག་།སྟོང་རྩ་བརྒྱད་དུ་བྱས་ན་ནི། །གདོན་མི་ཟ་བར་ངེས་བར་འགྱུར། །མནན་པས་གསང་བའི་ཆོ་ཨ་ནི། །རབས་ཆད་ཐོད་པ་གཡོན་གཡོན་ལ། །འཁོར་ལོ་བྲིས་ལ་སྔ་མ་ཡི། །ལིང་ཁ་རབ་ཏུ་གཞུག་པར་བྱ། །དེ་ནས་ཉི་མ ་བདུན་པའི་བར། །སྦྱོར་བ་བཞི་ཡི་ཆོ་ག་བརྩམ། །དེ་ཡང་ཉི་མ་དང་པོ་ལ། །ཡ་མ་རཱ་ཛ་ས་ངོ་མེ་ཡ་ཆེ་གེ་མོ་པྲ་མ་ཡཾ་ཀུ་རུ་ཧཱུཾ་ཕཊ། ཉི་མ་གཉིས་པ་ལ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཆེ་གེ་མོ་མུརྩ་པ་ཡ་ཧཱུཾ་ཕཊ། ཉི་མ་གསུམ་པ་ལ་ཡ ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཆེ་གེ་མོ་རཀྟ་ཙང?་པ་ཡ་ཧཱུཾ་ཕཊ། ཉི་མ་བཞི་པ་ལ། ཡཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཡ་བ་ཏི་དང། ཕྱ་སངས་དང། གཤིན་རྗེ་ལུ་གུ་རྒྱུད་མ་དང། གཤིན་རྗེ་འབེབས་མ་རྣམས་ཀྱིས་བསྒྲུབ་བྱ་མགོ ་འཁོར་དུ་བཅུག་པའོ། །གཤིན་རྗེ་ཏེལ་པ་དང། ཆོས་ཀྱི་རྒྱལ་པོ་དང། གཤིན་རྗེ་ལྕགས་ཀྱུ་མ་དང། གཤིན་རྗེ་ཞགས་པ་མ་རྣམས་ནི་བསྒྲུབ་བྱ་ཁྲག་སྐྱུག?་པའོ། །གླང་མགོ་ཅན་དང། དམིགས་པ་དང། གཤིན་རྗེ་ཕོ་ཉ་མོ ་དང། །གཤིན་རྗེ་མཆེ་བ་མོ་རྣམས་ཀྱིས་ནི་བསྒྲུབ་བྱ་སྨྱོ་རུ་བཅུག་པའོ། །རལ་པ་ཚར་དགུ་དང། མིག་དམར་དང། གཤིན་རྗེ་མཚན་མོ་ནག་མོ་དང། །བཙེན?་མ་རྣམས་ནི་གསོད་པའི་ལས་བྱེད་པའོ། །ཉི་མ་ལྔ་པ་ལ་ཡི་གེ་བཅུ་པའོ།། ་ཉི་མ་དྲུག་པ་ལ་ཡི་གེ་བདུན་པའོ། །དེ་དག་ལ་ནི་གསད་པའི་ལས་ལ་སྦྱར་བར་བྱའོ། །ཉི་མ་བདུན་པ་ལ་ནག་མོ་ཆེན་མོའི་སྔགས་བརྗོད་ནས་དུར་ཁྲོད་དུ་སྦས་ན་རྒྱུད་མི་ལུས་པར་འགྱུར་རོ། །ཀླུ་ཡོད་པའི་གནས་སུ་ཀླུའི་འཁོར་ལོའི ་བར་དུ་བཅུག་ལ་གོང་གི་སྦྱོར་བ་བརྩམ་པར་བྱའོ། །དུར་ཁྲོད་ཀྱིས་ལ་མཆོད་རྟེན་ནག་པོ་ཁྲུ་གང་བ་བྱས་ལ། དེའི་ནད་དུ་གཟུགས་བརྙན་མགོ་འཇུག་བཟློག་ལ་བཞུགས། །ཕྱོགས་བཞིར་རྩ་བའི་སྔགས་གོང་མ་བཞིན་བྲིས་པ་གཞུག་། ་འཕན་ནག་པོ་དང་དར་ནག་པོའི་རྒྱལ་མཚན་བཙུགས?་ལ། དེ་ལ་གཏང?་ན་ཡང་གང་བསྒོ་བ་འགྲུབ་བར་འགྱུར་རོ། །ཡང་ན་བས་ཁང་པ་ལ་སྦས་ན་ཡང་གང་བསྒོ་བ་འགྲུབ་སྦྱོར་བས་ཁང་པ་ལ་སྦས་ན་ཡང་གང་བསྒོ་བ་འགྲུབ ་པར་འགྱུར་རོ། །ཡང་ན་དུར་ཁྲོད་ཀྱི་རས་བླངས་ལ། དགྲའི་སྣང་མཛད་ལ་སོགས་པས་བྱུགས་ལ་གོང་དུ་བསྟན་པའི་རྫས་རྣམས་ཀྱིས་འཁོར་ལོ་རྩིབས་བརྒྱད་པ་གཉིས་བྲིས་ལ། རྩིབས་བརྒྱད་ལ་དུར་ཁྲོད་ཀྱི་མ་མོ་བརྒྱད་དང། ལས ་ཀྱི་གཤིན་རྗེ་བརྒྱད་བྲིས་ལ། དབུས་སུ་དགྲའི་མིང་རུས་བྲི། །དེའི་རྒྱབ་ཏུ་སྤྲུལ་ནག་པོ་མགོ་བདུན་ཡོད་པས་དཀྲི། །དེའི་ཁང་ཡི་གེ་ཁཾ་དུག་གིས་བྲི། །འཁོར་ལོ་མགོན་པོའི་སྔགས་བྲིས་པ་གོང་དང་མཐུན། །དེ་ནས་ལྷ་རྣམས ་བསྐྱེད་ནས་ནི། །ལིང་ཀ་བར་དུ་གཞུག་པར་བྱ། །ཁ་སྦྱར་བྱས་ལ་ཐོད་པར་གཞུག་།དུག་གིས་བྱུགས་ལ་སྔགས་ཀྱིས་བཅིང། །སྤྲུལ་དང་སྦལ་པ་ལྗོང་མོའི་ཤ་།གོང་དུ་གསུངས་པའི་རྫས་རྣམས་ནི། ། ་དུག་དང་བཅས་པ་དག་ལ་གདུང། །ནག་པོའི་ཕུར་བུས་བཏབ་ནས་སུ། །ཀླུ་ཡོད་བའི་གནས་དག་གམ། །ས་བདག་དྲག་པོའི་གནས་དག་ཏུ། །སྒྱེད་བུ་གསུམ་གྱི་བར་དུ་གཞུག་།དེ་ཡི་སྟོང་དུ་སྦྱིན་སྲེག་བྱ། །ཞག་བདུན་བར་བ ་བྱས་ནས་ནི། །བསྒྲུབ་བྱ་ཚ་བའི་རིམས་ཀྱིས་འཛིན། །མཛེས་འཛིན་པ་ལ་ཐེ་ཚོམ་མེད། །སྔོན་དུ་བསྙེན་པ་སོང་བ་ཡིས། །གནོད་སྦྱིན་ཆེན་པོའི་བསྙེན་པ་ནི། །ཁྲི་ཕྲག་བདུན་དུ་བཟླས་བརྗོད་བྱ། །དེ་ནས་ར་རུ་གཡས་པ་རུ། །འབུམ ་ཚོ་གཅིག་གི་ཡུངས་ཀར་བསག་།ཁ་བཅད་གང་འདོད་གནས་སུ་སྦ། །དེ་ཡི་བསྙེན་སྔགས་བསྟན་པ་ནི། །ོཾ་ཀྲི་སྱི་རི། ཤག་པྲ་མ་ཡ། ཨོཾ་ཀྲི་ལི་ཤག་།ཤར་སེར་དྷྲིལ་བྷཡོ། ཨོཾ་བུ་ཏིང་ཁེ། ཤར་སེར་དྷྲིལ་བྷཡོ། ཨོཾ་ཛ་ཏི་ཁེ་ཤར་སར ་དྷྲིལ་བྷཡོ། ཨོཾ་པྲ་མ་ཡ་གར་གྲི་ཕེབས་བྷཡོ། དེ་ཡི་སྦྱོར་བ་བསྟན་པ་ནི། །ལྷ་རྟེན་བཙུགས་པའི་གནས་དག་ཏུ། །རྣལ་ཏེ་ཤི་བའི་ཐོད་པ་རུ། །དཀར་ཐབ་སྔོ་ཐབ་དམར་ཐབ་བྱ། །ཡི་གེ་དང་པོ་སྤངས་ནས་ནི། །རབས་ཆད་ཐོད་པས ་དགབ་པར་བྱ། །ར་གསོབ་བརྡབ་ཅིང་དུག་མེ་བུད། །སྟོང་རེ་བཟླས་ཤིང་སྤུབ་པར་བྱ། །ར་ཧུ་ལ་དང་སྦྱར་ནས་ནི། །ཐལ་བ་གང་འདོད་གནས་སུ་སྦ། །ཡང་ན་བསྙེན་པའི་ཚུལ་དུ་བྱ། །ཡི་གེ་ལྔ་ཡི་རང་གནས་བསྲུང། །སྦྱིན་སྲེག་བྱས ་པའི་ཐལ་བ་ལ། །ཡུངས་ཀར་དག་ལ་བསྔགས་ནས་ནི། །གཏོར་བས་སེར་བ་འཆད་པར་འགྱུར། །ཡང་ན་ཕུར་བུས་གསང་བ་དང། །སྦྱིན་སྲེག་བྱ་བ་མཆོག་ཏུ་གསུངས། །དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས། །སློབ་དཔོན་བྲམ ་ཟེ་མཆོག་སྲེད་ཀྱིས་མཛད་པ་རྫོགས་སོ།། །། ཙ་ར་ཧཱུ་ལ་དམར་པོ་དང། བོད་ཀྱི་ལོ་ཙཱ་བ་ཀྱི་ལྗང་གིས་བསྒྱུར།། །།འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། ཤྲདྡྷ་ཀཱར?། ་དཱི་པཾ་ཀ་ར། རིན་ཆེན་བཟང་པོ། དགེ་ཚུལ་པུ་རྞ། ལྕགས་རི་གོང་ཁ་བ། རྫིང་བུ་ཁ་པ། སྤེན་མུག་པ། ཞང་ཡ?། གཟེ་བ་དོན་གྲུབ། བར་ཐང་ཡབ་སྲས། དར་ཤག་།བུ་སྟོན་བསོད་དབང། མཆོག་ལྡན། སྤྱི?་སྟོན་པ། ཀུན་མཁྱེན ་ཆེན་པོ། བྱང་ཆུབ་སེང་གེ་།ས་བཟང་འཕགས་པ། ཆོས་རྗེ་ཀུན་དགའ་བཟང་པོ། མཁས་པ་གཞོན་ནུ་སེང་གེ་།ཆོས་རྗེ་དམར་སྟོན་རྒྱལ་མཚན་འོད་ཟེར་བ། མཁན་ཆེན་རིན་པོ་ཆེ་བདག་ཨཱ་ནནདས་ཞུས། འདིའི་དཀྱིལ་ཆོ་ག་།ས ་ལུགས་ཀྱི་གྲི་གུག་ལྷ་ལྔས་བྱེད་པ་ཕྱག་ལེན་ཡིན། འདི་ལྷ་ལྔ་མའི་བརྒྱུད་བ་ཡིན་པ་འདྲ། གསན་ཡིག་ན་ནི་འདི་ཀ་འདུག་ལྷ་བཅུ་གཉིས་མ་ལ། གཞལ་ཡས་ཁང་གི་དབུས་སུ། འཁོར་ལོ་རྩིབས་དྲུག་པའི་ལྟེ་བར་གུར། །མདུན་དུ ་ཨའེ་ཀ་ཙ་ཏིའི་ལྟོ་བར་ལྷ་མོ། རྩིབས་གཉིས་བར་ཡབ། རྩིབས་གསུམ་བར་ཡུམ། བཞི་བར་མིང་པོ་ཆེ་བ། ལྔ་པར་མིང་པོ་ཆུད་བ། དྲུག་བར་རལ་གཅིག་མ། ཤར་སྒོར་སེང་གདོད་དཀར་མོ་ལྕགས་ཀྱུ་དང་ཐོད་རློན་གྱི་ཕྲེང་བ། ་ལྷོ་སྒོར་གཟིག་གདོང་སེར་མོ་ཞགས་པ་དང་ཐོད་པ། ནུབ་སྒོར་དོམ་གདོང་དམར་མོ་ལྕགས་སྒྲོག་དང་མར་མེ། བྱང་སྒོར་དྲེད་གདོང་ལྗང་ཁུ་ཐོ་བ་དང་ལྕགས་ཀྱུ་འཁོར་ལོ། གསྣམས?་པ། འདིའི་སྒྲུབས་ཐབས་རྒྱས་པ་རིན་ཆེན་གྲགས ་གྱི་ལག་བྲིས་གསར་བཞེངས་ཕྲོར་ན་ཡོད། སྒོ་བ་བཞི་ཕུད་ན་བརྒྱད་ཀྱང་ཡོད། །ལྷ་བཅུ་གཉིས་མ་སོགས་པོ་ཏི་ཚད་མའི་བརྒྱུད་པ་ནི། འཕགས་པ་ཡན་རྗེས་གནང་དང་འདྲ་ལ། དེ་ནས། དགའ་ལྡན་པ་ཀུན་བསོད། དཔལ་ལྡན ་སེང་གེ་།སྙམ་མེད་པ། གཟུངས་ཀྱི་དཔལ། དཔལ་ལྡན་ཚུལ་ཁྲིམས་?་ཤར་པ་ཡེ་རྒྱལ། ཀུན་བཟང་པ། དམར་སྟོན་པ། ཞལ་སྔ་ནས། དེས་བདག་གོ་།ཡང་ན། དཔལ་ལྡན་བླ་མ་དམ་པ ་ཡན་རྗེས་གནང་དང་འདྲ་ལ། །དཔལ་ལྡན་ཚུལ་ཁྲིམས་ཡན་འདྲ། །ཆོས་ཀྱི་རྣམ་གྲངས། ཞལ་སྔ་ནས་ཀྱི་གསན་ཡིག་བརྒྱ་སོ་བདུན་ལ་ཡོད།། །། *། མགོན་པོ་ནག་པོའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པཎྜི?་ཏ ་