| Wylie | e-texts based on the ACIP/ALL Input |
ཀྱིས་བསྒྱུར་ཞིང་ཞུས་ཏེ་དག་པར་བྱས་ཤོ།། །།ཆོག་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་ཆོག་བཞུགས་སོ།། །།རྒྱ་གར་སྐད་དུ། ཨ་པ་ར་མི་ཏ་དྷ་ག་བཱ་ཏི་ཨ་ཡུ་ཛྙཱ་ན། མཎྜལ་བི་ཏི་ན་མ། བོད་སྐད་དུ། བཅོམ ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོག་ཞེས་བྱ་བ། མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །དང་ལྡན་མགོན་ལ་གུས་པ་ཡི། །ནགས་འདབ་ཆུ་གླིང་མགོན་བར་ནི། །རང་དང་སློབ་མའི་དོན་གྱི་ཕྱིར ་བསྙེན་པ་ས་ཆོག་སྟ་གོན་དང། །དཀྱིལ་འཁོར་ཆེན་པོ་བསྒྲུབ་པར་བྱ། །དེ་ལ་དང་པོ་བསྙེན་པ་ནི། །རབ་དཀྱིལ་འཁོར་ལྷ་ཚོགས་དངོས་སུ་མཐོང་བ་འམ། །འབྲིད་རྨི་ལམ་དུ་མཐོང་བ་ཐ་མ་ཡང་ལུང་བསྟན་ཐོབ་པའོ། །གྲངས་ཀྱི ་བསྙེན་པ་ནི། རབ་འབུམ་ཚེ་བདུན། །འབྲིད་གསུམ། ཐ་མ་ཁྲི་འམ། བླ་མའི་རྗེས་གནད་ཐོབ་པའོ། །སའི་ཆོ་ག་ནི་རྒྱུད་ལས། ས་ནི་བརྟག་དང་བླང་བ་དང། སྦྱང་དང་བྱིན་བརླབས་པའོ། །ཅེས་གསུངས་སོ། །དང་པོ་ས་བརྟག་པ་ནི། ་ཕྱོགས་ཀྱིས་བརྟག་ཏེ། །གྲོང་ཁྱེར་གྱི་བྱང་ཤེར་རིམས་གང་དུའོ། །སའི་མཚན་ཉིད་ནི། དཀར། དམར། སེར། ལྗང། བྱང་ཤར་དུ་འཇོལ་བ། ཚ་སྒོ་སའི་ཉེས་པ་མེད་པའོ། །ལྟོ་འཕྱེ་ནི་གཡོན་གྱིས་ཉལ་ཏེ། ལྟོ་བར་ཆུད་པར ་བྱའོ། །ས་བླད་བ་ནི། འཇིག་རྟེན་དང། འཇིག་རྟེན་ལས་འདས་པའོ། །དང་པོ་མངོན་པ་ལ་བསླང་བ་ནི། གཞི་དེའི་ས་བདག་རྒྱལ་པོ་ལ་སོགས་པ་ལའོ། །མི་མངོན་པ་ལ་སྤྱིར་བླང་བ་ནི། ས་གཞན་ནས་བསླག་བ་འམ། རས་ཡི་སྟེང ་བུ་དྲིའི་ཐིག་ལེ་དང། མེ་ཏོག་གི་ཚོམ་བུ་བྱས་ལ་མཆོད་པ་ལྔ་དང། གཏོར་མ་གསུམ་གཤམ་མོ། །དེ་ནས་སྟོང་པའི་དང་ལས་རང་སྐད་ཅིག་གིས་ཚེ་དཔག་ཏུ་མེད་པར་བསྐྱེད། ཐུགས་ཁའི་ཧཱུཾ་ལས་འོད་འཕྲོས། ནམ་མཁའ་ལ་ལྷ ་ཚོགས་རྣམས་སྤྱན་དྲངས་པར་བསམས་ལ་མཆོད་པ་དང་བསྟོད་པ་བྱ། བར་ཆད་མེད་པར་གསོལ་བ་གདབ། གཏོར་མ་ཡང་ཕྱོགས་སྐྱོད་དང་ལྷ་སྲིན་སྡེ་བརྒྱད་དང་གཞི་བདག་ལ་སྦྱིན་ནོ། །བྱེ་བྲག་ཏུ་སའི་ལྷ་མོ་ལས་བླད་བ་ནི། མཎྜལ ་དབུས་སུ་དྲིའི་ཐིག་ལེའི་སྟེང་དུ་མེ་ཏོག་གི་ཚོམ་བུ་དཀོད། དེ་ཉིད་བཾ་ལས་སའི་ལྷ་མོ། སྐུ་མདོག་གསེར་གྱི་རང་བཞིན་དབུ་སྐྲ་གཡས་སུ་འཁྱིལ་བ་ལྟེ་བ་ཡན་ཆོད་ས་ལས་བྱུང་ཞིང། ཕྱག་གཉིས་བུམ་པ་བསྣམས་པ་བསྐྱེད་ལ། ་ཡེ་ཤེས་གྱི་ལྷ་མོ་སྤྱན་དྲང་བ་ནི། ཧཱུཾ་ཚུར་བྱོན་ཚུར་བྱོན་ལྷ་མོ་ཆེ། །ས་མཆོག་ལྷ་མོ་འཇིག་རྟེན་ཡུམ། །རིན་ཆེན་རྒྱན་གྱིས་རབ་གང་བའི། །རྒྱན་མཆོག་ཨུཏཔལ་རབ་ཏུ་མཛེས། །ཕྱག་ཞབས་མགུལ་རྒྱན་གསེར་གྱིས་བརྒྱན། །སངས ་རྒྱས་ཚོགས་རྣམས་རབ་མཆོད་པའི། །གསེར་མདོག་ལྷ་མོ་ཆེན་མོ་ཁྱོད། །ཕྲིན་ལས་བསྒྲུབ་ཕྱིར་གཤེགྒས་སུ་གསོལ། །ཅེས་བརྗོད་ལ་མཆོད་ཡིན་དབུལ་བ་ནི། ལྷ་མ་ཁྱོད་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། ། ་བདག་གི་མཆོད་ཡོན་བཞེས་ནས་ཀྱང། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ོཾ་པྲ་ཏི་ཨརྐཾ་ས་མ་ཡ་ཧཱུཾ། ཇི་ལྟར་བལྟམས་པ་ཙམ་ཕྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །དེ་བཞིན་བདག་གིས ་ལྷའི་ཆུ། །དག་པ་ཡིས་ནི་སྐུ་ཁྲུས་གསོལ། །པྲ་བ་ས་ད་ཀར་ཏཱི་ཛ་ཧཱུཾ། ཅེས་པས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་ལྷ་མོ་བཞུགས ་སུ་གསོལ། །པདྨ་ཀ་མ་ལ་ཧཱུཾ་ཞེས་པས་གདན་དབུལ་ལོ། །དེ་ནས་ཛ(རྒྱུད་འགྲེལ་ཟུག་པར་བསམས་ལ། ཨོཾ་པྲ་ཏྲི་བྷཡ་ན་མ(རྒྱུད་འགྲེལ་བ་ནི། ཁྱོད་ནི་ས་འཛིན་ལྷ་མོ་སྟེ། །སྐུ་ཕྱེད་འཐོན་པོ་གསེར་གྱི་མདོག་།རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ས་འོག་ལྷ་མོ་ཁྱོད་ལ་འདུད། །གསོལ་བ་གདབ་པ་ནི། ས་ལ་རྒྱུ་བའི་ལྷ་ཀླུ་དང། །གང་ཡང་ས་ལ་གནས་པ་རྣམས།། ་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བྱམས་པའི་སེམས་ཀྱིས་གནང་བར་མཛོད། །ཅེས་བརྗོད་པས་གནང་བ་བྱིན་པར་བསམ། ཡེ་ཤེས་པ་གཤེགས་ལ་དམ་ཚིག་པ་བསྟིམ་མོ། །དེ་ནས་ས་སྦྱན་བ་བཤད་པར་བྱ་སྟེ། ནད ་རྣམས་མི་འབྱུང་བར་བྱ་བའི་ཕྱིར། ས་ཁྲུ་གང་ལ་སོགས་པ་རྐོས་ལ། རུས་པ་དང་གྱོ་མོ་ལ་སོགས་པ་བསལ་བར་བྱའོ། །དེ་ནས་ཡང་བདག་ཉིད་འོད་དཔག་མེད་ཀྱིས་ང་རྒྱལ་གྱིས། །སངས་རྒྱས་རྣམས་ནམ་མཁའ་ལ་བལྟས་ཏེ། ་དེ་དག་གྲི་བདུད་རྩི་འགུག་ལ། ས་ཕྱོགས་གསེར་གྱི་ས་གཞི་གཡའ་དག་བར་བསམས་ལ། ཨོཾ་པུཥཔེ་པུཥཔེ་མཧཱ་པུཥཔེ། ཨ་པར་མི་ཏ་ཨ་ཡུ་ཛྙཱ་སུ་བི་ནི་ཙི་ཏ་ཏེ་ཛྲ་ར་ཛ་ཡ་སྭཱཧཱ། ཞེས་ལྔ་འམ་གསུམ་བརྗོད་པར་བྱའོ། །དཀྱིལ་འཁོར ་གྱི་རྒྱ་ནི་ཁྲུ་བཞི་བ་བྱས་ནས། སྤངས་ནི་ཅི་འབྱོར་བའོ། །དེ་ནས་ས་གཞི་དྲི་བཟངས་ཀྱི་ཆུས་མེ་ལོང་གིངོས་ལྟར་བྱས་ལ། བླ་བྲིས་དང་ཡོལ་བ་དང། འོད་དཔག་མེད་ཀྱི་གཟུངས་རྣམས་བཞུགས་སོ། །དེ་ནས་རང་དང་སློབ་མས་རྒྱུད ་དང་གཟུངས་རྣམས་ཀླག་ཁར་བྱའོ། །སྤྲོ་ནི་ཞ་བའི་སྦྱིན་བསྲེག་ཀྱང་ལན་གསུམ་བྱའོ། །དེ་ལ་འང་སློབ་མ་ལ་དལ་འབྱོར་རྙེད་པར་དཀའ་བ་དང། འཆི་བ་མི་རྟག་པ་དང། འཁོར་བའི་ཉེས་དམིགས་རྣམས་བརྗོད་ལ། ཐུན་མོང་གི ་སྐྱབས་འགྲོ་སོ་སོ་ཐར་པའི་སྡོམ་པ་རྣམས་དབོག་།ཁྱད་པར་གྱི་སྐྱབས་འགྲོ་དང། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱའོ། །དེ་ནི་སའི་ཆོ་ག་རྣམས་བསྟན་ཏོ། །དེ་ནས་སྟ་གོན་བཤད་པར་བྱ་སྟེ། དེ་ཡང་སློབ་དཔོན་བདག ་ཉིད་དགོངས་ཀའི་དུས་སུ་ཁྲུས་བྱས། རས་དམར་པོས་ལུས་ཀྱི་སྟོད་གཡོགས། སྨད་གཡོགས་བྱས་ལ། དཀྱིལ་འཁོར་གྱི་དབུས་སུ་བདེ་བའི་སྟན་ལ་འདུག་ནས། རྟ་མཆོག་གི་བདག་བསྐྱེད་ནས་བཟུང་སྟེ། གསང་བསྒྲུབ་ཡན ་ཆད་བཟླས་པ་དང་བཅས་པ་རྒྱུད་དང་བསྒྲུབ་ཐབས་ལྟར་བསྒོམ། དེ་ནས་ཤར་ཕྱོགས་ཀྱི་ཡུམ་སེམས་དཔའ་དང་བཅས་པ་དང། ལྷོ་དང་ནུབ་དང་བྱང་གི་ཡུམ་སེམས་དཔའ་དང་བཅས་པས་གསོལ་བ་གདབ་པ་ནི། ཉོན་མོངས ་འདམ་གྱིས་ཚོགས་ནང་དུ། །ཐར་མེད་བྱིད་བར་གྱུར་པ་ཡི། །འགྲོ་ཀུན་མ་ལུས་དོན་ཕྱིར་དང། །ཚེ་ཟད་ཚེ་ཉམས་ནད་ཀྱིས་གཟིར། །སྐྱབས་མེད་ཉམས་ཐག་གྱུར་བ་ཡི། །སེམས་ཅན་རྣམས་ལ་ཕན་དོན་དུ། །བཅོམ་ལྡན་མགོན ་པོ་ཆེན་པོ་ཡིས། །འཆི་མེད་རྔ་སྒྲ་ཆེན་པོ་རྣམས། །གསུང་མཆོག་ཚངས་པའི་སྒྲ་དབྱངས་ཀྱིས། །དེ་རིང་བདག་ལ་བསྒྲག་ཏུ་གསོལ། །འཆི་མེད་བདུད་རྩིའིཆུ་རྒྱུན་རྣམས། །དཀྱིལ་འཁོར་གཙོ་བོས་བདག་ལ་གསོལ། ་ཞེས་ཕྱོགས་བཞི་ནས་སྤོས་དང་དྲིལ་བུ་ཐོགས་ནས་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་བདག་ཉིད་དཔལ་རྟ་མགྲིན་རྟ་མགོ་ལྗང་ནག་།དབྱུག་པ་དང་སྡིགས་འཛུབ་མེ་འབར་བ་དང་བཅས་པའི་ང་རྒྱལ་གྱིས་ལངས་ཏེ། རྐང་པ ་གཉིས་ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ། མིག་གཉིས་སུ་མ་དང་ཊ་ལས། ཉི་མ་དང་ཟླ་བའི་བསྒོམ་པའི་དཀྱིལ་འཁོར་རྡོ་རྗེ་འདེགས་པའི་སྔགས་དང་ཕྱག་རྒྱས་ནམ་མཁའ་བཏེག་པ་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་རེ་རེ། སྨིན་འཚམས་སུ་ཉི་ཟླ་འདྲེས་པའི་སྟེང་དུ་ཧཱུཾ་ཅིག་བསམ། ་མིག་གཉིས་དང་སྨིན་འཆམས་ཀྱི་ཧཱུཾ་རྣམས་རྡོ་རྗེ་རེ་རེར་གྱུར་ཏེ། དེའི་ལྟེ་བར་ཧྲི(རྒྱུད་འགྲེལ་བྱང་ཤར་དུ་དགའ་བ་ཡོངས་སུ་གྱུར་པའི་འགྲོས་ཀྱིས་འགྲོ་ཞིང། སྟོང་གསུམ་ཐམས་ཅད་གཡོ་བའི་ང་རྒྱལ་དང་ལྡན་པས་བགེགས་ལ་བཀའ་བསྒོ་བ་ནི། ཧཱུཾ་དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི ་བགེགས་ཆོགས་རྣམས་ཉོན་ཅིག་།ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་འབྲི། །བགེགས་ཀྱི་རིགས་ཚོགས་གང་ཡིན་བྱེར་བར་གྱིས། ཧཱུཾ་ཧཱུཾ་ཧྲཱི(རྒྱུད་འགྲེལ་ཕྱོགས་བཟུང་པོ་དྲི་མ་མེད་པ་འདིར། །བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་འབྲི་ཡིས། འདི་ན་གནས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་གང་དག་གནས་པ་དེ་དག་ཐམས་ཅད་དེངས་ཤིག། ་གང་དག་མི་འགྲོ་བར་སེམས་པ་དེ་དག་།ང་ཡི་ཡེ་ཤེས་རྡོ་རྗེ་རབ་ཏུ་འབར་བ་ཡིས། །མགོ་བོ་ཚལ་བ་བརྒྱར་འགས་པར་འགྱུར་རོ། །ཞེས་ལན་གསུམ་བརྗོད་པར་བྱའོ། །སྤྲོས་པ་ལ་དགའ་ན་གཡས་རྐྱང་ལ་སོགས་པའི་སྟད ་སྟབས་གསུམ་པ་བྱའོ། །ཡང་རྟ་མཆོག་གི་ང་རྒྱལ་གྱིས། ཨོཾ་བཛྲ་པདྨ་ཏ་ཀྲིཏ་ཀྲོདྷ་ཧཱུཾ་ཕཊ། ཞེས་བརྗོད་པ་དང། དཀྱིལ་འཁོར་གྱི་ཕྱོགས་མཚམས་སུ། །སྟོད་རྟ་མགྲིན་ལ། སྨད་ཕུར་པར་དམིགས་ལ། དངོས་སུ་བཏབ་པས་ཕྱོགས ་སྐྱོང་གི་བགེགས་རིགས་ལ་བཏབ་པར་བསམ་མོ། །དེ་ནས་མཎྜལ་དེའི་གས་ཆགས་ལ་སོགས་པ་བསུབས་ལ། །བའི་རྣམ་ལྔ་དང། བདུད་རྩི་ལྔ་དང། དྲི་ལྔ་ཡང་བྱུག་པར་བྱའོ། །དེའི་རྗེས་སུ་ཐིག་བརྒྱད་བཏབ་ལ་དབུས་དང ་ཕྱོགས་རྣམས་སུ་ལྷ་གྲངས་དང་མཉམ་པའི་དྲིའི་ཐིག་ལེ་བྱས་ལ། མེ་ཏོག་གི་ཚོམ་བུ་བཀོད་ལ་དམ་ཚིག་པ་བསྐྱེད། ནམ་མཁའ་ཨི་དཀྱིལ་འཁོར་ཡང་བསྲེས་ནས། དེ་ལ་ཛ(རྒྱུད་འགྲེལ་ལ། དབང་བསྐུར་མཆོད་པ་དང་བསྟོད་པ་རྒྱས་པར་བྱའོ། །དེ་ནི་ལྷ་ལྷག་པར་གནས་པའོ། །དེ་ནས་བུམ་པའི་བཤད་པ་བྱ་སྟེ། དེ་ཡང་སྔ་དྲོའིདུས་སུ་རིན་པོ་ཆེའི་བུམ་པ་རྒྱས་པར་བྱེད་ན་ལྷ་གྲངས་དང་མཉམ་པ་འམ། བསྡུས་པར ་བྱེད་ན་བུམ་པ་ལྔ་ལ་བྱས་ཏེ། ཁྲུས་བྱས་གཙོ་བོའི་བུམ་པ་ལ་པདྨ་འདམ་མ་ལྔ་པ། ཤར་ལ་རྡོ་རྗེ། ལྷོ་རིན་ཆེན། ནུབ་ཏུ་འཁོར་ལོ་བྱང་ལ་རྒྱ་གྲམ་འབྲི་འམ་ཡང་ན་གདགས་པར་བྱའོ། །དེ་ཡང་ཤིན་དུ་བསྡུས་པ་ན། རྣམ་རྒྱལ ་དང?་?་གཉིས་ལ་བྱའོ?། །དེ་ལྟར་བམ་པ་གུ་གུལ་གྱིས་བདུག་ཅིང་བགེགས་སྐད། རས་དམར་པོ་ཁ་ཚར་མཉམས་པས་མགུལ་ཆིངས་བྱས་ལ། རིན་ཆེན་ལྔ། སྨན་ལྔ། འབྲུ་ལྔ། དྲི་ལྔ། སྙིང་པོ་ལྔ་བླུགས་ལ། བ་དམར ་མོའི་འོ་མ་དང། ཆུ་གཙང་མ་དང། དུར་བ་ཡང་བླུགས་པར་བྱའོ། །དེ་ལ་འབྲས་བུ་ཅན་གྱི་ཤིང་དང། རྨ་བྱའི་མདོངས་ཀྱི་སྟེང་དུ་བཞག་ནས་མཆོད་པ་ལྔ་ལྡས་བཀོར་རོ། །བཀོད་པའི་རིམ་པ་ནི ་གཙོ་བོའི་བུམ་པ་རྡོ་རྗེ་མེ་རིས་ཀྱི་ནང་དང། མངའ་ཡབ་ཀྱི་ཕྱིའི་ཤར་དུའོ། །འཁོར་གྱི་བཞི་པོ་ནི་ཕྱོགས་བཞིར་རྡོ་རྗེར་བ་དང་གདུགས་ཀྱི་བར་དུའོ། །ལས་བུམ་ནི་བགེགས་ཀྱི་སྟེང་དུ་བགོད་པར་བྱའོ། །དེ་ནས་སྐྱེད་པའི་རིམ ་པ་ཡང། ལས་བུམ་བྱང་ཤར་མེ་རིའི་སྟེང་དུ་དྲི་བཟངས་དང། རྡོ་རྗེ་བཟུངས་ཐག་ལ་དམིགས་པ་ནི་བུམ་པའི་ནང་དུ། པཾ་ལས་པདྨའི་སྡོང་པོའི་སྟེང་དུ། ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧྲིའི(རྒྱུད་འགྲེལ་པ་ཅན་ཐམས་ཅད་ཚར་གཅད་ནས་ཚུར་འདུས་པ་ལས་རྡོ་རྗེ་དབྱུག་པ་ཧྲིའི(རྒྱུད་འགྲེལ་བསམས་ལ་སྔགས་བཟླས་འོད་དུ་མི་བཞུ་བར་དཀྱིལ་འཁོར་ཆེན་པོའི་ལས་མ་གྲུབ་ཀྱི་བར་དུ་བར་ཆད་བསྲུང་དུ་གསོལ་ཅེས་འཕྲིན་ལས་གཞོལ་ལོ། །གཙོ་བོའི་བུམ་པ་བསྐྱེད་པ་ཡང་ཕྱི་ནང་གི་ཡབ་ཡུམ་དུ་བསྐྱེད། །ཤར། ་ལྷོ། ནུབ། བྱན་གི་བུམ་པར་ཕྱོགས་ཕྱོགས་ཀྱི་ལྷ་རྣམས་བསྐྱེད་པར་བྱའོ། །དེ་ཡང་བུམ་པ་གཉིས་ལ་ནི་རྣམ་རྒྱལ་བུམ་པར་ལྷ་ཚོགས་རྣམས་བསྒྲུབ་ཐབས་བཞིན་བསྐྱེད་བར་བྱའོ། །ལས་བུམ་ལ་ནི་གོང་བཞིན་ནོ། །དེས་ནི་བུམ ་པ་ལྷགས་ནས་བསྟན་ནོ། །དེ་ནས་སྤྲོ་ན་ཙན་དན་གྱི་ཐབ་ཟླུམ་པོ་འམ། ཟླ་གམ་དུ། གྲོ་དང་ནས་དང་ཡུངས་ཀར་དང་དཀར་གསུམ་མདར་གསུམ་རྣམས་བདུད་རྩིར་བྱིན་གིས་བརླབས་ཏེ། ཡབ་ཡུམ་གྱི་ཞལ་དུ་ཕུལ་བས་ཟག་པ ་མེད་ཀྱི་བདེ་བས་རྒྱུད་གང་བས་མཉེས་ཏེ། བདག་གི་སྡིག་སྒྲིབ་དང་ནད་གདོན་ཐམས་ཅད་ཞི་བ་དང། ཚེ་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམས་ལ་རྩ་སྔགས་བཞི་གྱིས་ཀྱི་ཤམ་བུ་གདགས་པར་བྱའོ། དེ་ནས་ཡེ་ཤེས་པ ་གཤེགས་དམ་ཚིག་པ་མི་དམིགས་པར་བྱའོ། །སྦིན་བསྲེག་ལྷགས་གནས་སོ། །དེ་ནས་སའི་ལྷ་མོ་ནི་མཆོད་བསྟོད་གཏོར་མ་རྣམས་གོང་བཞིན་བྱས་ལ་མཆོད་པ་ལྡས་མཆོད་དེ། ལག་པས་སྤོས་ཐོགས་དབུས་བུས་མོ་ས་ལ་རྩུགས་ལ ་སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལམ། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅམ་པ། དེ་བཞིན་བདག་གིས ་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ཅེས་ལན་གསུམ་བརྗོད་པས་ལྷ་མོས་དབན་པོར་ཞལ་གྱིས་བཞེས་པར་བསམ་མོ། །དེའི་རྗེས་སུ་དམ་ཚིག་པ་བསྡུ། ཡེ་ཤེས་པ་གཤེགས་པར་བྱས་པ་ཡི་གེ་བརྒྱ་བ་བརྗོད ་པར་བྱའོ། །དེ་ནི་ས་ཡི་ལྷགས་གནས་བསྟན་ཏོ། །དེ་ནས་སློབ་མ་ལྷགས་གནས་བཤད་པར་བྱ་སྟེ། དེ་ཡན་སློབ་མ་རྣམས་ཁྲུས་བྱས། གོས་གཙང་མགྱོན་ལ་གུགུལ་གྱིས་བདུག་ཅིང་བགེགས་བསྐྲད། སློབ་མིའི་ཟན་བླུད་གཙང ་མ་ཆད་བུ་དང་བཅས་པ་ཆུ་གཙང་མས་བྲན་ནས་གཟི་བརྗིད་ཆེན་མོའི་སྔགས་ཀྱིས་བགེགས་ལ་བཀའ་བསྒོ་བར་བྱའོ། །དེ་ནས་ཡོལ་པའི་ཕྱི་རོལ་དུ་སློབ་མ་རྣམས་གྲལ་ལ་འཁོད་པ་རྣམས་མེ་ཏོག་དང་བཅས་པས་གསོལ ་བ་གདབ་པ་ནི། དགའ་ཆེན་ཁྱོད་བདག་སྔོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པའི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང ་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་སྟེ། །སྐྱབས་གསུམ་དག་ཀྱང་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཅེས་ལན་གསུམ་གསོལ ་བ་གདབ་པར་བྱའོ། །དེ་ནས་བློ་དགུག་པ་ནི། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང། ། ་དེ་བཞིན་གང་དག་མ་བྱོན་དང། །དེ་ལྟར་བཞུགས་པ་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས ་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་པས། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །བདུད་སྡེ་ཤིན་ཏུམི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི ་གྱིས་ཤིག་།ཅེས་པའི་དོན་ཡང་བཤད་པར་བྱའོ། །དེ་ནས་ཉན་པར་རྣ་གཏད་པར་བསྐུལ་བ་ནི། །རྟོག་པ་ཐམས་ཅད་ལགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོའི་ཡིད་ཀྱིས་ཉོན། །བརྗིད་དས་བློ་ལ་ཚེ་དཔག་མེད ་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་བརྗོད་པས་འཇིག་རྟེན་གྱི་རྟོག་པ་ཐམས་ཅད་སྤངས་ནས་རྩེ་གཅིག་ཏུ་ཉོན་ཅིག་པའོ། །དེ་ནས་ལམ་ཡན་ལག་ལྔ་བྱ་བ་ནི། མདུན་གྱི་ནམ་མཁར་བླ་མ་རྣམས ་དང། དཀྱིལ་འཁོར་ལྷ་ཚོགས་ཀྱི་སྤྱན་སྔར། །སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་བསྐྱེད། །ཕྱིས་མི་ཁྱད་བར་དམ་བཅའ་། ད་ལྟའི་སྡིག་པ་རྣམས་རང་བཞིན་མེད་བར་ཤེས་པའི་སྒོ་ནས། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ ་བདག་གི་སྡིག་པ་སྦྱད་བར་བྱ་སྟེ། སློབ་དཔོན་གྱི་རྗེས་བཟློས་བྱ་བ་ནི། །བདག་གི་སྡིག་པ་བགྱིས་བ་དང། །བགྱིད་རྩལ་རྗེས་སུ་ཡིད་རང་གང། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་གཤེགས་པར་བགྱི། ་ཅེས་བརྗོད་དོ། །དེ་ནས་རང་གཞན་ཐམས་ཅད་གྱི་དགེ་བ་ལ་རྗེས་སུ་ཡིད་རང་བ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་དང། རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །བསྒོམ་དང་བཟླས་བརྗོད་བསོད་ནམས་ལ། །དེ་ལ་བདག་ནི་ཡི ་རང་དོ། །དེ་ནས་སངས་རྒྱས་ཚེ་དཔག་མེད་ཡབ་ཡུམ། ཆོས་དེའི་ཞལ་ནས་གསུངས་པའི་སྔགས། དགེ་འདུན་རིགས་བཞིའི་སེམས་དཔའ་སྒོ་བ་དང་བཅས་པ་ལ་སྐྱབས་འགྲོ་བྱ་བ་ནི། སེམས་བསྐྱེད་མངོན་པར་སངས་རྒྱས་དང། ། ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཨི་ཚོགས། །དེ་ལ་བདག་ནི་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། སངས་རྒྱས་འབྱུང་བ་ཇི་ལྟ་བར། །བྱང་ཆུབ་སེམས་དཔའ་ཨི་ཚོགས་བཅས་ཀྱིས། །བྱང་ཆུབ ་སེམས་ནི་བསྐྱེད་པ་ལྟར། །བདག་ནི་བྱང་ཆུབ་སེམས་བསྐྱེད་དོ། །དུས་གསུམ་གྱི་དགེ་བ་བསྔོ་བ་ནི། བདག་གིས་དགེ་བའི་ལས་རྣམས་འདི་དག་གིས། འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཞིང། འགྲོ་ལ་ཕན་ཕྱིར་ཆོས་རྣམས ་སྟོན་བྱེད་ཅིང། །སེམས་ཅན་སྡུག་བསྔལ་གཟིར་ལས་སྒྲོལ་བར་ཤོག་།ཅེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་སློབ་མ་རྣམས་སྐད་ཅིག་གིས་ལྟར་བསྐྱེད་ལ། དེའི་སྤྱི་བོ་མགྲིན་པ་སྙིང་ཁ་རྣམས་སུ། ཨོཾ་ཨཱ(རྒྱུད་འགྲེལ་ལས། འཁོར་ལོ་དང། པང?་དང། རྡོ་རྗེ་རྣམས་ཡི་གེ་གསུམ་གྱིས་མཚན་པར་བསམ་མོ། །དེའི་རྗེས་ལ་དཀྱིལ་འཁོར་ཡི་ཧོར་མཎྜལ་ཟླུམ་པོ་ལ་མེ་ཏོག་གི་ཚོམ་བུ་ལྔ་བཀོད་པ་ཚེ་དཔག་མེད་རིགས་ལྡར་བསྐྱེད་ལ། སོ་ཤིང་སོར ་བཅུ་གཉིས་པ་མེ་ཏོག་དང་བཅས་པ་སོ་དང་ཐལ་མོས་གཟུང་ནས་བྱང་དུ་བལྟས་ལ་དོར་བ་ནི། སློབ་མ་འཐུན་ཞིང་ཚོགས་པ་རྣམས། །བྱང་གི་ཕྱོགས་སུ་ཁ་ལྟས་ནས། །ཐལ་མོ་སྦྱར་ཏེ་འཁོད་པ་ལ། །ཡེ་ཤེས ་གོ་ཆ་བཞིན་དུ་སྦྱིན། །ཅེས་སྤྱི་རྒྱ་ཨུད་ཀྱིས་སར་རྣམས་བཤད་པར་བྱའོ། །དེ་ནས་བུ་རམ་མ་མ་ཀ་ར་སྦྲད་པས་ཀླད་སྦྱུག་པའི་ཆུལ་དུ་རྩིའི་ཆུ་ལ་ཡབ་ཡུམ་དང་སྔགས་རྣམས་བསྟིམ་ལ། ཨོཾ་བཛྲ་ཉཱི(རྒྱུད་འགྲེལ་ཤནྟིང?་ཀུ་རུ་ཡེ་སྭཱཧཱ། ཅེས་བརྗོད་ནས་སློབ་མ་རྩེ་མོ་རང་ལ་བསྟན་ན་མཆོག་།སྟེང་མཁའ་སྤྱོད་སོགས་པ་ལ། །ཕྱོགས་བཞིར་འཕྲིན་ལས་བཞི། མཚམས་བཞིར་དངོས་གྲུབ་ཕྲ་མོ་འགྲུབ་པ། ལ་བླུད་པས། སྡིག་སྒྲིབ་དག་ནས་བར་ཆད་ཀྱིས་མི་ཚུགས་པར་བསམ་མོ། ། ་དེ་ནས་རྟ་མཆོག་གོ་ང་རྒྱལ་གྱིས་སྐུད་པ་དམར་པོ་ལ་མདུད་པ་ལྔ་བྱས་ལ་རྟ་མགྲིན་ལྡས་བསྐོར་བར་བསམས་ལ། སྐྱེས་པའི་དཔུང་བ་གཡོན། བུད་མེད་ཀྱི་གཡས་ལ་གདགས་པར་བྱའོ། །དེ་ནས་ཆོས་བཤད་པར་བྱ་སྟེ། འཇིག ་རྟེན་དུ་ནི་ཀུན་མཁྱེན་རྣམས། །ུ་དུམ་འབར་རའི་མེ་ཏོག་བཞིན། །བརྒྱ་ལམ་ཡང་ནི་རེས་དགའ་ཞིག་།འབྱུང་འགྱུར་ར་མ་ནི་མི་འབྱུང་སྲིད། །གསང་སྔགས་འཆིང་བའི་དུས་སུ་པདྨའི་ཡིག་བརྒྱ་བརྗོད་ལ། སྤྱོད་ཚུལ་ཆོག་འདི། །དེ་བས ་ཀྱང་ནི་དཀོན་པ་སྟེ། །གཉིས་མེད་ཟབ་མོའི་སྤྱོད་ཡུལ་འདི། །སེམས་ཅན་ཐམས་ཅད་སངས་རྒྱས་བྱེད། །བཀལ་བ་གྲངས་མེད་མང་པོར་འདི། །སྔོན་དུ་བྱས་བའི་རྣམ་སྨིན་རྣམས། །ཟབ་མོའི་དཀྱིལ་འཁོརཧ་འདི་མཐོང་བས། །དེ ་དག་ཐམས་ཅད་ཟད་པར་འགྱུར། །དེའི་དོན་ཡང་དག་པར་བཤད་དོ། །དེ་ནས་རྩ་ཀུ་ཤ་ལ་ཨོཾ་ཧྲཱི:བྷྲུཾ་བཛྲ་ཧཱུཾ་ཞེས་བཟླས་ནས་སྟན་ཏུ་སྦྱིན་ནོ། །ོཾ་པུ་ཎྱེ་པུ་ཎྱེ་མཧཱ་པུ་ཎྱེ། ཨ་པར་མི་ཏ་ཨ་ཡུ་ཛྙཱ་ན་སུ་བི་ནི་སྭཱཧཱ། ཅེས་བརྗོད་ནས ་སྡས་སུ་ཁྱིན་ནས། བླ་མ་དང་ཚེ་དཔག་མེད་ལ་མོས་པ་དང་བཅས་པས་ཉོལ་ཅིག་ཅེས་བརྗོད་དོ། །ནང་པར་རྨི་ལམ་དྲིས་ལ་ངན་ན་སྦྱིན་བསྲེག་ལ་སོགས་པས་བཟློག་པར་བྱའོ། །དེ་ནས་སློབ་དཔོན་གྱིས། དཀྱིལ་འཁོར་གྱི་ལྷ་ལ། ་མཆོད་སྟོང་བྱས་ལ་སྤོས་དང་རོལ་མོ་དང་བཅས་པས་གསོལ་བ་གདབ་པ་ནི། བཅོམ་ལྡན་ཚེ་དཔག་མེད་པ་ཡི། །ལྷ་ཚོགས་འཁོར་དང་བཅས་པ་རྣམས། །བདག་ལ་བརྩེ་བས་དགོངས་སུ་གསོལ། །བདག་ཡ་བརྩེ་བས་དགོངས་ནས ་ཀྱང། །སློབ་མ་རྣམས་ལ་ཕན་ཕྱིར་དང། །ཁྱེད་རྣམས་ལ་ཡང་མཆོད་བའི་ཕྱིར། །སང་ནི་དཀྱིལ་འཁོར་བྲི་བར་བྱ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བར་མཛད་པར་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང། ་རང་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །གང་དག་ལ་ཡི་སྤྱན་མངའ་བ། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སང་ནི་བཅོམ་ལྡན་ཚེ་དཔག་མེད། ། ་མགོན་པའི་དཀྱིལ་འཁོར་བཟང་པོ་འདི། །ཆོག་བཞིན་དུ་བྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཅེས་ལན་གསུམ་བརྗོད་པར་བྱའོ། །སྟ ་གོན་གྱི་ལྷ་ནམ་མཁར་བཏེག་ལ་མཆོད་བསྟོད་བྱའོ། །དེ་ནས་རང་ཉིད་གཙོ་བོའི་ང་རྒྱལ་གྱིས་ཉལ་བར་བྱའོ། །དེས་ནི་སྲ་གོན་གྱི་ཆོ་ག་བསྟན་ནོ། །དེ་ནས་དཀྱིལ་འཁོར་ཆེན་པོའི་ཆོ་ག་བཤད་པར་བྱ་སྟེ། དང་པོ་ཆེན་སྣ་ལྔའི་ཐི་གུ་རིགས ་?་ཡབ་ཡུམ་དང་བཅས་པ་བདེ་སྟོང་དབྱེར་མེད་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་མཁའ་ལ་ཡེ་ཤེས་ཀྱི་ཐིག་ཆེན་བརྒྱད་བཏབ་ལ་མཆོད་བསྟོད་བྱས་ལ་སྟ་གོན་གྱི་དམ་ཚིག་གི་ལྷ་དང་དབྱེར་མེད་དུ་བསམ། །དེ་ལྟར་ཡེ་ཤེས་ཀྱི ་ཐིག་གི་རྗེས་སུ། དམ་ཚིག་གི་ཐིག་གདབ་པ་ནི། སློབ་དཔོན་ཤར་དུ་ལྟ། སློབ་མས་ནུབ་ཏུ་ལྷས་ནས། ཚངས་ཐིག་དང་པོ་གདབ། དེ་ནས་ལྷོ། བྱང། འཚམས་རྣམས་སུ་ཐིག་ཆེན་བརྒྱད་གདབ། དེ་ལ ་བཅུ་དྲུག་ཏུ་དགོས་ནས། གསུམ་པ་མན་ཆད་ལ་འདབ་བརྒྱད་ཕྱོགས་ཚོན་དབུས་དམར་པོའོ། །བཞི་པ་ཁྱམས་ལ་ཤར་དཀར་པོ་འམ་མཐིང་ཀའོ། །ལྷོ་སེར། ནུབ་དམར། བྱང་ལྗང་ཁུའོ། །རྩིག་པ་ལྔ་དང་ལྡན་པ་། ་འདོད་ཡོན་དམར། ཕ་གུ་སེར། དྲ་བ་དྲ་ཕྱེད་སྔོ། འདའ་ཡབ་དམར་བ་མཆོད་རྟེན་དང་ལྡན་པ། རྟ་བབས་བཞི་ཆ་མཆོད་རྟེན་དུ་ཡོད་པ། དེ་ལ་རྡོ་རྗེ་མེ་རིས་སུ་འབར་བ་དང་བཅས་པ་བྲི་བར་ནང་ནས་དམར་ལྗག་དཀར། སེང། སྡོང། བྱའོ ་དེ་ཡང་བྱང་ཤར་དུ་སློབ་དཔོན་གྱིས་བན་རེག་སོར་བརྒྱད་བྲིས་ནས་པྲ་བརྟག་པར་བྱའོ། །དེ་ནས་སྐུ་ཙ་ཀ་ལི་འམ། མེ་ཏོག་ཚོམ་བུ་བཀོད་པའམ། ཕྱག་མཚན་རྣམས་དགོད་དོ། །དེ་ལྟར་སྐུ་གསུང་ཐུགས་གང་བདེ་བཀོད ་པའི་རྗེས་ལ། གཙོ་བོའི་བུམ་པ་ཤར་ཕྱོགས་རྡོ་རྗེ་ར་བའི་ནང་དུའོ། །ལས་བུམ་བྱང་ཤར་མེ་རིས་ཀྱི་སྟེང་དུ། བུམ་པ་རྒྱས་པར་འགོད་ན་གོང་བཞིན་ནོ། །དེ་ནས་མཆོད་པ་དང་གཏོར་མ་འབྱོར་པའི་ཡོ་བྱད་ཅི་ཡོད་ཀྱིས ་དཀྱིལ་འཁོར་གྱི་མཛའ་བསྐོར་རོ། །མདའ་དང་ཕུར་པ་དང། རལ་གྲི་བརྒྱད་ཕྱོགས་མཚམས་སུ་བརྩུགས་ལ། སྟེང་འཁོར་ལོ་རྩིབས་བརྒྱད་ལ་ཕྱོགས་དྲ་མིག་ཏུ་ཡོད་པར་བྱའོ། །དེ་ནས་རང་བསྐྱེད་རྫོགས་རང་ཇི་ལྟ་བ་བཞིན ་དུ་སྒོམ། དཀྱིལ་འཁོར་དང་བུམ་པའི་ནང་དུ་ལྷ་ཚོགས་བསྐྱེད་ལ། སྒྲུབ་ཐབས་བཞིན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ལ་རང་གིས་དབང་སློབ་མ་ལ་ཇི་ཙམ་བསྐུར་བ་དེ་བླང་བར་བྱའོ། །དེ་ནས་སློབ་མ་རྣམས་ཁྲུས ་བྱས་ལ་གོས་སོ་མ་ག་ཡོན་ནས་ཡོལ་བའི་ཕྱི་རོལ་དུ་འཁོད་པ་ལ་བགེགས་བསྐྲད། ཀྲི་ཡ་དཔུང་པ་བཟང་པོ་ལྟབ་གཏོར་མ་བཏང། དེ་ནས་སློབ་མ་རྣམས་ཕྱག་བྱས་མེ་ཏོག་དང་བཅས་པས་གོང་བཞིན། །དགའ་ཆེན་ཁྱོད་བདག་སྟོན་པ ་བས། ཅེས་གསོལ་བ་ལན་གསུམ་དུ་གདབ་པར་བྱའོ། །དེ་ནས་སྡིག་པ་གཤེགས་པ་དང། རྗེས་སུ་ཡི་རང་བ་ལ་སོགས་པ་ཡང་གོད་བཞིན་དུ་བྱས་ལ། མེ་ཏོག་དང་བཅས་པའི་གསོལ་བ་གདབ་པ་ནི། སློབ་དཔོན་བདག་ལ ་དགོངས་སུ་གསོལ། །ཐུགས་རྗེ་ཉི་མ་མ་ལུས་པ། །སངས་རྒྱས་རྣམས་ནི་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །སློབ་དཔོན་ཡེ་ཤེས་སྤྱན་མངའ་བ། །སངས་རྒྱས་རོལ་མོ་ལས་བྱུང་བའི། །མི་ལྡོག་འཁོར་ལོའི ་འབྱོར་པ་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག་།གསང་བ་ཆེན་པོས་འཇུག་པར་བགྱི། །གསང་བ་མཆོག་ཏུ་ཐམས་ཅད་དུ། །སློབ་དཔོན་གྱིས་ནི་བདག་གཞུག་འཚལ། །ཕྱིར་མི་ལྡོག་པར་དབང་བསྐུར་བ། །བསྐལ་པ ་ཆེན་པོ་བདག་ལ་གསོལ། །མཚན་རྣམས་ཀུན་གྱིས་རྒྱས་གདབ་ཅིང། །དཔེ་བྱང་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ཡི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་གསོལ། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །སེམས ་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་གསོལ། །ཅེས་ལན་གསུམ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་རྣམས་ལ་དྲི་བ་ནི། །བཅོམ་ལྡན་ཚེ ་དཔག་མེད་པ་ཡི། །གསང་བ་ཆེན་པོ་རིགས་དག་པར། །གསང་བ་ཡོངས་སུ་འཛིན་པ་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །སློབ་མས་འཚལ་ལགས་ཅེས་བརྗོད་དོ། །དེ་ནས་རིགས་ཀྱི་སྡོམ་པའི་དམ་བསྒྲག་པ་ནི། སངས ་རྒྱས་ཆོས་དང་དགེ་འདུན་སྟེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པར་གྱུར་བའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །བློ་ཆེན་ཁྱོད་ཀྱིས་བཟུང་བར་བགྱི།། ་བྱང་ཆུབ་སེམས་གང་རྡོ་རྗེ་དེས། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་ཉིད་ཀྱང་བཟུང་བར་བགྱི། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིགས ་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་ཆོས་དང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་བཟུང་བར་བགྱི། །འདི་ནི ་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ན་ཡིད་དུ་བཟུང་བར་བག་ཡི། །མཆོད་པའི་ལས་ཀྱང་ཅི་རུས་བགྱི། །དེ་ལས ་གཞན་པའི་བཅུ་བཞི་ནི། །སྤང་ཞིང་དོར་བར་མི་བྱ་སྟེ། །ཕས་ཕམ་པར་ནི་རབ་ཏུ་བཤད། །རྩ་བའི་ལྷུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་དུ་བླང་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར ་པས། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ། །འདོད་པ་ལོག་པར་མི་སྤྱད་ཅིང། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་སྟེ། །ཆང་ནི་ཡོངས་སུ་སྤང་བ ་བྱ། །སེམས་ཅན་ངོན་ཕྱིར་མ་གཏོགས་པའི། །བྱ་བ་མ་ཡིན་ཐམས་ཅད་སྤང། །དམ་པ་ཉེ་བར་བརྟེན་བྱ་ཞིང། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང། །དག་གི་ལས་ནི་རྣམ་བཞི་དང། ་ཡིད་ཀྱི་ལས་ནི་རྣམ་གསུམ་པོ། །ཅི་ནུས་པར་ནི་རྣམ་པར་སྤོངས། །ཐེག་པ་དམན་པ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོངས་མི་སྤང། །རྟག་ཏུ་མྱ་ངན་འདའ་མི་བྱ། །ལྷ་དང་ལྷ་མིན་གསང་བ ་ལ། །ཁྱོད་ནི་བརྙས་པར་མི་བྱ་ཞིང། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང། །མཚན་མ་འགོམས་པར་མི་བྱ་ཞིང། །འདི་དག་དམ་ཚིག་ཡིན་པར་གསུངས། །འདི་ལ་རྟག་ཏུ་མི་འདའ་བར། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་གྱིས། །ཅེས ་ལན་གསུམ་བརྗོད་པའི་ཚེ། །སློབ་མས་མཉན་པར་བྱའོ། །དེ་ནས་སློབ་མས་ཁས་འདི་སྐད་བླང་བར་བྱ་སྟེ། །སློབ་དཔོན་དང་འདིར་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ།། ་ཅེས་ཕན?་གསུམ་བརྗོད་པར་བྱའོ། །དེ་ནས་རིགས་ལྔའི་སྡོམ་པ་ཁས་བླང་བ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཇི་ཙམ་དུས་ནས་བཟུང་ནས་སུ། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས ་སུ། །ནམ་ཞིག་བྱང་ཆུབ་སྙིང་པོ་ལ། །ཡོངས་སུ་གནས་ཀྱི་བར་དག་ཏུ། །བདག་གིས་བྱང་ཆུབ་མཆོག་གི་སེམས། །མ་ལུས་པར་ནི་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང ་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང། །དགེ་བའི་ཆོས་ནི་བསྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས ་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་བདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བཙམས་ཏེ་བཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤོང་ངོ། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། ། ་ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམས་བཞི་རྟག་ཏུ་སྦྱིན། ། ་བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག ་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང། །མ་གྲོལ་བ ་རྣམས་གྲོལ་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་དཔུང་བ་དབུགས་འབྱུང་ཞིང། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད། །དེ་ནས་སེམས་བསྐྱེད་པ་ནི། །སློབ་མ་སྐད་ཅིག་གིས ་དཔག་མེད་མགོན་པོར་བསྐྱེད་ཡ། རྡོ་རྗེས་དྲིའི་ཐིག་ལེ་སྙིང་ཁར་བྱས་ལ། །དེའི་ཟླ་བའི་དཀྱིལ་འཁོར་དུ་བསམས་ནས། ཨོཾ་ཧྲཱི:བྷྲུཾ་ཨ་ཡུ་ཛྙཱ་ན་བཛྲ་ཡོ་ག་ཙིཏྟ་ཨུད་པ་ཧ་ཡ་མི། ཅེས་བརྗོད་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། ། ་ཡང་སྙིང་ཁར་རྡོ་རྗེ་བཞག་ལ་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་སྒོམ་དུ་གཞུག་།དེ་ནས་ཨོཾ་བཛྲ་སུ་ར་ཏེ་ས་མ་ཡ་ཏྭཾ་བོ་དྷི་ཙིཏྟ་ཡ་དེ་སུ་ཁཾ་ས་མ་ཡ་སྟཝཾ། ཅེས་དོན་དམ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ལྟར་སློབ་མ་ལྟར་བསྐྱེད ་པ་དེ་སྐུ་གསུང་ཐུགས་བྱིན་གྱིས་བརླབ། །མཆོད་པ་ལྔ་དབུལ་བར་བྱའོ། །དེའི་རྗེས་ལ་སློབ་མ་རྣམས། ཤར་སྒོ་དང། ལྷོ་སྒོ། ནུབ་སྒོ། བྱང་སྒོ་རྣམས་ནས་ཡིད་ཀྱིས་གཞུག་པར་བྱའོ། །དེ་ནས་སློབ་མ་རྣམས་ལ་སྤྲོ་བ་བསྐྱེད་པའི་སྒོ ་ནས་དམ་བསྒྲགས་ནི། སྙིང་ཁར་རྡོ་རྗེ་བཞག་ལ། མི་ཡི་སྲིང་པ་ལེགས་པར་ཐོག་།དུས་འདིར་སངས་རྒྱས་རིགས་སུ་ཆུད། །ང་ཡིས་ཡེ་ཤེས་དབང་བྱིན་པས། །ཚེ་འདི་ཉིད་ལ་སངས་རྒྱས་ཐོབ། །གང་ཞིག་འདི་ཉིད་མ་མཐོང ་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག་།གལ་ཏེ་སྨྲས་ན་དམ་ཚིག་ཉམས། །ངེས་ན་མཆོག་ཏུ་གསང་བར་གྱིས། །ལན་ཅིག་བརྗོད་དོ། །དེ་ནས་ཡེ་ཤེས་སེམས་དཔའ་ཨི་སྒོ་ནས་དམ་བསྒྲག་པ་ནི། །སློབ་པའི་སྤྱི་བོར་རྡོ་རྗེ་བཞག ་ནས། དེ་ཚེ་དཔག་ཏུ་མེད་པར་བསམས་ནས་ལུས་པ་བསྟིམས་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཏེ། །གང་ལ་སྨྲས་ན་གླང་པ་འགས། །སྲོག་ལ་བབ་ཀྱང་མི་སྨྲའོ། །གསངས་དང་དངོས་གྲུབ་མཆོག་ཏུ་འགྱུར་ཅེས་བརྗོད་དོ་།དེ ་ནས་དམ་ཚིག་གི་ཆུ་སྦྱིན་པ་ནི། སྦྲང་གི་ཆུ་ཡབ་ཡུམ་གཉིས་སུ་མེད་པར་བསམས་ལ་སློབ་མ་ལ་བྱིན་ནས། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་མ་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །ཡེ་ཤེས ་བདུད་རྩིའི་ཆུ་འདི་འཐུར། །ོཾ་ཧྲཱི:བྷྲུཾ་ཛྙཱ་ན་བཛྲ་སཏྭ་ཧཱུཾ་ཞེས་བརྗོད་དོ། །དེ་ནས་ཁྱད་པར་དུ་རྡོ་རྗེ་སློབ་དཔོན་གྱི་དམ་བསྒྲག་པ་ནི། རྡོ་རྗེ་དང་དྲིལ་བུ་མགོར་བཞག་ལ། དུས་འདི་ཉིད་ནས་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱི། ་དུ་ཡིས་ཇི་སྐད་བཀའ་སྩལ་པ། །ཁྱོད་ཀྱིས་གུས་པས་ཉན་པར་གྱིས། །གལ་ཏེ་ང་ལ་བརྙས་པ་ན། །སངས་རྒྱས་ཐམས་ཅད་བརྙས་པ་ཡིན། །མོས་དང་གུས་པ་མ་བྱས་ན། །བདུད་ཀྱིས་བཅོམ་ནས་དམྱལ་བར་འགྲོ། ་?་མི་འདའ་བ། །ཚེ་འདིར་སངས་རྒྱས་ཐོབ་པར་འགྱུར། །ཅེས་བརྗོད་དོ། །དེ་ནས་གདོང་གཡོགས་བཅིང་བ་ནི། །ོཾ་ཨཱ:ཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ལ་བཅིངས་ནས། ་ལུས་ཀྱི་བཤིས་ནི་འདི་ལྟར་བྱས་ཏེ། རྐང་པ་གཉིས་བཞི་བསལ་ལངས་ནས། ཐལ་མོ་སྤྱི་བོར་སྦྱར་ཏེ་རླུང་བཟུང་ནས། ཡིད་ཀྱིས་གསོལ་བ་གདབ་པ་ནི། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཡབ་ཡུམ ་འཁོར་དང་བཅས་པ་ཡིས། །མེ་ཏོག་ཕྲེང་བ་གཏད་ལ་བདག་ལ་ཡེ་ཤེས་དབབ་ཏུ་གསོལ། །དུས་འདིར་བྱིན་གྱིས་བརླབ་པར་རིགས། །ཅེས་ལན་གསུམ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ་མའི་སྤྱི་བོར་ཚེ་དཔག་མེད ་ཡབ་ཡུམ་འོད་དང་འོད་ཟེར་གྱི་ཚུལ་དུ་གར་བྱེད་པ་ལ་དམིགས་པ་གཏད་པ་དང། སྐུ་ལུས་ལ་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་ལྔ་བྱུང་ནས་ལུས་ལ་ཐིམ་པར་བསམ། །ཡབ་ཡུམ་གྱི་གཡས་སུ་གྲུབ་པའི་རྒྱལ་མོ། །གཡས་ཌཱ་མ་རུ། ་གཡོན་ཐོད་པ་བསྣམས་པ། སྐུ་མདོག་སྨུག་ནག་།རུས་པས་བརྒྱན་པ། གར་བྱེད་པ་ལ་ཤེས་པ་གཏད། གཡོན་དུ་བརྒྱུད་པ་རྣམས་བསམ། །དེ་ནས་སློབ་མ་ལ་དམིགས་པ་དེ་རྣམས་བསྟན་ནས་རང་དང་སློབ་མས་ལོས་གུས ་བྱས་པ་དང། སྤྱི་བོའི་ལྷ་ཚོགས་རྣམས་གར་སྟབས་སུ་ལིང་ལིང་སྤྱི་བོར་སིབ་སིབ་ཐིམ་པར་བསམ། རོལ་མོ་སྣ་ཚོགས་དཀྲོལ། སྤོས་དཀར་ནག་གི་དུད་པས་བདུག་ཅིང། །དག་ཏུ་ཨོཾ་ཧྲཱི:བྷྲུཾ་བཛྲ་ཛྙཱ་ན་ཨ་བ་ཤ་ཡ་ཡ་ཨཱ། ་ཅེས་མང་དུ་བརྗོད་པས་ལུས་ངག་ཡིད་གསུམ་ལ་ཕེབས་པར་འགྱུར་རོ། །དེའི་རྟགས་ནི་འཕར་བ་དང། འདར་བ་དང། གང་བྱེད་པ་དང། སཾ་ཀྲི་ཏའི་སྐད་དང། རྡོ་རྗེའི་ཀླུ་དང། མི་རྟོག་གི་ཏིང་འཛིན་དཔག་མེད་འབྱུང་ངོ། །དེ ་ནས་དཀྱིལ་འཁོར་དུ་གཞུག་པ་ནི། ལས་ཀྱི་སློབ་དཔོན་ཅིག་གིས་རྡོ་རྗེ་ཐོགས་ལ་སློབ་མ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཁྲིད་ནས། ཡང་དག་པའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་རྣམས་ཀྱི ་ནི་རིགས་ཇི་བཞིན། །དངོས་གྲུབ་བསོད་ནམས་དེ་བཞིན་ཤོག་ཅེས་བརྗོད་དོ། །དེ་ནས་མེ་ཏོག་ཐོགས་ལ། སྔོན་ནས་བསྒྲུབས་པའི་ཡི་དམ་ལྷ། །གང་ཡིན་དེ་རིང་བདག་བསྟན་གྱི། །རིགས་དང་འཐུན་པའི་དངོས་གྲུབ་དང། ། ་ལྷ་དང་མ་ནོར་འཇལ་བར་ཤོག་།ཅེས་མེ་ཏོག་དོར་ལ། མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་མིང་བདེ་ཆེན་འོད་དཔག་མེད། མི་བསྐྱོད་ཚེ་དཔག་མེད་དང། རིན་ཆེན་ཚེ་དཔག་མེད་ལ་སོགས་པའི་རིགས་འཐུན་པའི་མིང ་གདགས་པར་བྱའོ། །དེ་ནས་མེ་ཏོག་དེ་མགོ་ལ་བཅིངས་ལ། ཚེ་དཔག་མེད་དུ་བསམས་ནས། ཕྱོགས་བཅུའི་སངས་རྒྱས་བྱིན་བརླབས་པའི། །མེ་ཏོག་འོད་དཔག་མེད་པ་འདི། །སྟོབས་ཆེན་ཁྱོད་ཀྱིས་རབ་བཅིངས་པའི། །རིགས ་ཀྱི་བདག་བོར་དབང་བསྐུར་རོ། །ཅེས་པས་སྤྱི་བོར་གདགས་སོ། །དེ་ནས་གསེར་གྱི་ཐུར?་མས་མིག་ཕྱེ་ལ། ཚེ་དཔག་མེད་པི?་དང་ཁྱོད་ཀྱི། །མིག་ནི་ཡང་དག་འབྱེད་པར་མཛད། །རྡོ་རྗེའི་མིག་ནི་བླ་ན་མེད། །ཕྱེ་བས་ཐམས་ཅད་མཐོང ་བར་ཤོག་།ཅེས་བརྗོད་ལ་གདོད་གཡོགས་དགྲོལ་བར་བྱའོ། །དེ་ནས་དཀྱིལ་འཁོར་བསྟན་པ་ནི། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །མཐོང་ནས་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་ཚེ་དཔག་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱའི ་བྱིན་བརླབས་ཀྱིས། །འགྲོ་དོན་ཕུན་སུམ་ཚོགས་ཀུན་དང། །དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར། །དམ་ཚིག་ཐམས་ཅད་བསྲུང་བ་དང། །གསང་སྔགས་ལའང་བརྩོན་པར་གྱིས། །ཅེས་བརྗོད་ལ་དཀྱིལ་འཁོར་རྣམ་དག ་བསྟན། དེ་ནས་ཕུང་པོ་ལྔ། འབྱུང་བ་ལྔ། ཚེ་དཔག་མེད་ཡབ་ཡུམ་དུ་ངོ་སྤྲད་པར་བྱའོ། །དེ་ནས་ཕྱག་བྱ་སྟེ། གླིང་བཞིས་བརྒྱན་པའི་མཎྜལ་དང། ལུས་ལོངས་སྤྱོད་གསེར་གྱི་མཎྜལ་ཕུལ་ནས་དབང་བསྐུར་བར་གསོལ་བ་འདབ་ ་པ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་བརྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་དེང་བདག་གསོལ། །གཙོ་བོ་མངོན་པོ་ཚེ་དཔག་མེད། །ཡབ་ཡུམ་འཁོར ་དང་བཅས་པ་ཡི། །འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །དབང་བསྐུར་དིང་འདིར་བདག་ལ་གསོལ། །ཅེས་ལན་གསུམ་གསོལ་བ་གདབ་པར་བྱའོ། །དེ་ནས་དབང་བསྐུར་བ་ནི། སངས་རྒྱས་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད ་ཀྱིས་བྱིན་གྱིས་བརླབས། ཁྲོ་བོ་ཐམས་ཅད་ཀྱི་བར་ཆད་བསྲུང། །མཆོད་པའི་ལྷ་མོ་རྣམས་ཀྱིས་ཕྱི་ནང་གསང་གསུམ་གྱིས་མཆོད། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བརྐ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། །རིགས་ཀྱི ་ཡུམ་ལྔས་རིན་པོ་ཆེའི་བུམ་པ་ནས་ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར་བར་བསམས་ལ། སློབ་མའི་སྤྱི་ཐོག་ཏུ་བུམ་པ་བཞག་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི ་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ན་མ(རྒྱུད་འགྲེལ་རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཅེས་པ་ནི་སྦྱིར་བསྐུར་བའོ། །དེ་ནས་རིག་པའི་དབང་ལྔ་བསྐུར་བ་ནི། བུམ་པ་མི་བསྐྱོད་པར་བསྐྱེད་ལ། དགུག་གཞུག་བྱ། རང་དང་སློབ་མ་གཉིས་ཀ་མི་བསྐྱོད་པར་བསྐྱེད་ནས་དབང་བསྐུར་བ ་ནི། ཀུན་གཞིའི་རྣམ་ཤེས་རྣམ་དག་པ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །བཅོམ་ལྡན་མི་བསྐྱོད་པ་ཡིན་ནི། །བདུད་རྩིའི་ཆུ་རྒྱུད་དབང་བསྐུར་རོ། །ོཾ་བཛྲ་བྷ་བ་ཨ་བྷི་ཥིཉྩ་ཏུ་མཾ། ཅེས་བརྗོད་ནས་ཆུ་རྒྱུན་སྤྱི་བོར་བླུགས་པས་ལུས ་བདེ་བས་ཁྱབ་ཅིང། ཞེ་སྡང་ཐམས་ཅད་དག་ནས་མེ་ལོང་ཡེ་ཤེས་རྒྱད་ལ་སྐྱེས་པར་བསྒོམ། དེ་ནས་དབུ་རྒྱན་སྟོང་པའི་ངང་ལས་རིན་འབྱུང་དུ་བསྐྱེད། ཡེ་ཤེས་གཞུག་།རང་དང་སློབ་མ་གཉིས་ཀ་རིན་འབྱུང་དུ་བསམ། དབུ་རྒྱན ་སློབ་མའི་སྦྱི་བོར་བཞག་ལ། ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་རབ་སྔགས་པའི། །རིན་ཆེན་དག་གི་དབུ་རྒྱན་དང། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ོཾ་རཏན་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་བརྗོད་པས། ་ང་རྒྱལ་དག་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་བསམ་མོ། །དེ་ནས་རྡོ་རྗེ་དང་རང་དང་སློབ་མ་སྣང་བ་མཛའ་ཡས་སུ་བསྐྱེད་ལ། རྡོ་རྗེ་མགོར་བཞག་ནས། སངས་རྒྱས་ཀུན་གྱིས་རྡོ་རྗེའི་དབང། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས ་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ཡོད། །ཅེས་ལག་པ་ལ་དགུག་གཞུག་བྱ་གཡས་སུ་བྱིན་ལ། ཨོཾ་པདྨ་བཛྲ་ས་མ་ཡ་ཧྲཱི(རྒྱུད་འགྲེལ་ཁྱོད་ཀྱིས་ལོང། །ོཾ་ཨ་ཏི་པ་ཏ་ལ་དགུག་གཞུག་བྱ་ཡ་ཏེ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་པས་གཡོན་དུ་སྦྱིན་ནོ། །དེས་ཕྲ་དགོ་དག་ནས་བྱ་གྲུབ་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམ་མོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་རྣམ་པར་སྣང་མཛད་དུ་བསྐྱེད་ནས། ་?་སློབ་མ་ཡང་དེ་བཞིན་དུ་བསམས་ནས། རྡོ་རྗེ་དང་དྲིལ་བུ་སྤྱི་བོར་བཞག་ནས། སངས་རྒྱས་ཀུན་གྱི་མིང་གི་དབང། །དེ་རིང་ཁྱོད་ལ་བསྐུར་པར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །མིང་གི་དབང་འདི་ཁྱོད་ཀྱིས་ལོང། དགུག་གཞུག་བྱ། ་ཨོ་བཛྲ་སཏྭ་ཡ་ཏྲཾ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་བརྗོད་པས་གཏི་མུག་དག་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམ་མོ། །དེ་དག་གོས་བྱེ་བྲག་ཏུ་རིགས་པའི་དབང་ལྔ་བསྐུར་བར་བསྟན་ནོ། །དེ? ་ནས་ཁྱད་པར་དུ་འཆི་མེད་ཡེ་ཤེས་བདུད་རྩིའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བ་བཤད་པར་བྱ་སྟེ། དེ་ནས་ཡང་སློབ་མས་གསེར་གྱི་མཎྜལ་ཕུལ་ནས་གསོལ་བ་གདབ་པ་ནི། བླ་མ་མགོན་པོ་ཆེ་དཔག་མེད། །ལྷ་ཚོགས ་འཁོར་དང་བཅས་པ་རྣམས། །བདག་ལ་བརྩེ་བས་དགོངས་སུ་གསོལ། །བདག་ལ་བརྩེ་བས་དགོངས་ནས་ཀྱང། །འཆི་མེད་ཚེའི?་དངོས་གྲུབ་གསོལ། །ཅེས་གསོལ་བ་ལན་གསུམ་གདབ་བོ། །དེ་ནས་དབང་བསྐུར་བ་ནི། གོང ་བཞིན་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་དང། ཁྱད་པར་དུ་མགོན་པོ་ཚེ་དཔག་ཏུ་མེད་པས། བདུད་རྩིའི་ཆུ་རྒྱུན་གྱིས་བུམ་པ་བཀང་ནས་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་སྡིག་པ་དང་སྒྲིབ་པ། །ཁྱད་པར་དུ་ཚེ་ཟད་པ་དང ་འགྲིབས་པ་ལ་སོགས་པ་ཐམས་ཅད་སངས་ཀྱིས་དག་པར་བསམས་ནས་བུམ་པ་སྤྱི་ཐོག་ཏུ་བཞག་ལ་དབང་བསྐུར་བ་ནི། །སོ་སོར་ཀུན་རྟོག་རང་བཞིན་གྱིས། །བཅོམ་ལྡན་ཚེ་དཔག་མེད་པ་ན། །སྐུ་མདོག་དམར་པོ་འོད ་ཟེར་འབར། །འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །བུམ་པ་ཚེ་ཡིས་བཀང་ནས་ཀྱང། །ཚེ་དབང་ཐམས་ཅད་བདག་ལ་གསོལ། །ོཾ་ཧྲཱི(རྒྱུད་འགྲེལ་སློབ་མ་གཉིས་ཀས་བསམས་ནས་དབང་བསྐུར་བ་ནི། མེ་ལོང་ཡེ་ཤེས་རང་བཞིན་གྱི། །མི་བསྐྱོད་ཚེ་དཔག་མེད་པ་ནི། །སྐུ་མདོག་སྔོན་པོ་འོད་ཟེར་འབར། །འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །བུམ་པ་ཚེ་ཡིས་བཀང ་ནས་ཀྱང། །ཚེ་དབང་ཐམས་ཅད་བདག་ལ་གསོལ། །ོཾ་ཧཱུཾ་བྷྲུཾ་ཅེས་སྔགས་འབྲུ་བརྒྱད་ཐམས་ཅད་ལའོ། །མཉམ་ཉིད་ཡེ་ཤེས་རང་བཞིན་གྱི། །རིན་འབྱུང་ཚེ་དཔག་མེད་པ་ནི། །སྐུ་མདོག་སེར་པོ་འོད་ཟེར་འབར། །འཆི་མེད་བདུད ་རྩིའི་ཆུ་རྒྱུན་གྱིས། །བུམ་པ་ཚེ་ཡིས་བཀང་ནས་ཀྱང། །ཚེ་དབང་ཐམས་ཅད་བདག་ལ་གསོལ། །ོཾ་སྭཱ་དྷྲུཾ། ཆོས་དབྱིངས་ཡེ་ཤེས་དང་བཞིན་གྱི། །རྣམ་སྣང་ཚེ་དཔག་མེད་པ་ནི། །སྐུ་མདོག་དཀར་པོ་འོད་ཟེར་འབར། །འཆི ་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །བུམ་པ་ཚེ་ཡིས་བཀང་ནས་ཀྱང། །དབང་བསྐུར་ཐམས་ཅད་བདག་ལ་གསོལ། །བྷྲུཾ་བྷྲུཾ། བྱ་གྲུབ་ཡེ་ཤེས་རང་བཞིན་གྱི། །དོན་གྲུབ་ཚེ་དཔག་མེད་པ་ནི། །སྐུ་མདོག་ལྗང་ཁུ་འོད་ཟེར་འབར། །འཆི ་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །བུམ་པ་ཚེ་ཡིས་བཀང་ནས་ཀྱང། །དབང་བསྐུར་ཐམས་ཅད་བདག་ལ་གསོལ། །ཱ(རྒྱུད་འགྲེལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དང་ཚེ་ཉམས་པ་དང་འགྲིབས་པ་ཐམས་ཅད་སངས་དག་ནས། ལུས་ཁྲུམ་བུས་འདི་རྣམས་འོག་མ་ཀུན་ལ་ཡང་འདྲེའོ།། པ་བཞིན་གྱུར། །དེ་ནས་བདུད་རྩི་རྐང་མཐིལ་ན་ཡར་སྐྱ་མེར་མེར་བྱུང་བས་སྤྱི་བོར ་སློབ་བ་དང། རང་ལུས་ཡེ་ཤེས་ཀྱི་ལུས་སུ་གྱུར་པར་བསམས་ལ། བུམ་པ་སྤྲི?་ཐོག་བཞག་ནས། འོད་དཔག་ཡུམ་མཆོག་གོས་དཀར་མོ། །ཕྱག་ན་ར་གའི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང། ཚེ་དབང་ཐམས་ཅད ་དང་འདིར་གསོལ། །ོཾ་བྷྲུཾ་ཨ་པ་ར་མི་ཏ་ཨ་ཡུ་ཛྙཱ་ན་སུ་བི་ནི་ཤཙི་ཏྟ་ཏེ་ཛཝ་རཱ་ཛ་ཡ་སྭཱཧཱ། ཅེས་ཡུམ་ཐམས་ཅད་ལ་དམིགས་པ་དང་སྔགས་འདྲེའོ། །མི་སྐྱོད?་ཡུམ་མཆོག་སངས་རྒྱས་སྤྱན། །ཕྱག་ན་ཤེལ་གྱི་བུམ་པ་བསྣམས།། ་རིན་ཆེན་ཡུམ་མཆོག་མ་མ་ཀྱི་།ཕྱག་ན་བཻ་དུར་བུམ་པ་བསྣམས། །སྣང་མཛད་ཡུམ་མཆོག་དབྱིངས་ཕྱུག་མ། །ཕྱག་ན་གསེར་གྱི་བུམ་པ་བསྣམས། །དོན་གྲུབ་ཡུམ་མཆོག་དམ་ཚིག་སྒྲོལ། །ཕྱག ་ན་ཨིནྟའི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང། །ཚེ་དབང་ཐམས་ཅད་འདིར་གསོལ་ཅིག་།དེ་དག་གིས་ནི་ཡུམ་ལྔའི་དབང་བསྟན་ཏོ། །དེ་ནས་སེམས་དཔའ་བཅུ་དྲུག་གི་བཤད་པར་བྱ་སྟེ། ཤར་ཕྱོགས ་ཀྱི་སེམས་དཔའ་བཞིས་དབང་བསྐུར་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ། བུམ་པ་སྤྱི་ཐོག་ཏུ་བཞག་ནས་འདི་སྐད་བརྗོད་པར་བྱ་སྟེ། ཤར་ཕྱོགས་མི་བསྐྱོད་སེམས་དཔའ་བཞི། །བདུན་སྔོན་པོའི་མདོག་འདྲ ་བ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས། །གཡོན་ན་ཚེའི་བུམ་པ་འཛིན། །ཚེ་དང་བདུད་རྩིས་བཀང་ནས་ནི། །ཚེ་དབང་ཐམས་ཅད་འདིར་གསོལ་ཅིག་།སྔགས་ནི་མི་བསྐྱོད་པའི་འོ། །ལྷོ་ཕྱོགས་རིན་ཆེན་སེམས་དཔའ་ ་བཞི། །བཅོམ་གསེར་གྱི་མདོག་འདྲ་བ། །ཕྱག་གཡས་རིན་ཆེན་འབར་བ་བསྣམས། །ནུབ་ཕྱོགས་པདྨའི་སེམས་དཔའ་བཞི། །པདྨ་ར་གའི་མདོག་འདྲ་བ། །ཕྱག་གཡས་ཆུ་སྐྱེས་འདབ་ལྔ་བསྣམས། །བྱང་ཕྱོགས་འཕྲིན ་ལས་སེམས་དཔའ་བཞི། །ིནྟྲ་ནི་ལའི་མདོག་འདྲ་བ། །ཕྱག་གཡས་རྡོ་རྗེ་རྒྱ་གྲམ་འཛིན། །གཡོན་ན་ཚེའི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང། །ཚེ་དབང་ཐམས་ཅད་འདིར་གསོལ་ཅིག་།དེ་ནས་འཆི ་མེད་ཚེའི་དངོས་གྲུབ་ཐོབ་པ་ཡིན་མཉམ་པའི་ངེས་ཤེས་བསྐྱེད་དོ། །དེས་ནི་སེམས་དཔའ་བཅུ་དྲུག་གི་དབང་བསྟན་ནོ། །དེ་ནས་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། །རང་དང་སློབ་མའི་སྙིང་ཁའི་ཧྲཱི:དང། དཀྱིལ་འཁོར་ཤར ་ཕྱོགས་ནས་ལྟ་མོ་ལྕགས་ཀྱུ་མ་དཀར་མོ་ཅིག་ལས་བཅུ། བཅུ་ལས་བརྒྱུ་ལ་སོགས་བ་མང་པོ་དཔག་ཏུ་མེད་པ་སྤྲོས་ལ། རང་དང་གཞན་གཉིས་གའི་ནད་གདོན་ཞི་བའི་ལས་བྱས། ཁྱད་པར་དུ་ཤར་དྲི་ཟའི་ལག་ཏུ་རང་གི་ཚེ ་ཉམས་པ་དང། འགྲིབས་པ་དང། ཟད་པ་ཀུན་བཀུག་ནས་སློབ་མ་ལ་བསྟིམ་པས། །ནད་གདོན་ཐམས་ཅད་ཞི་ནས་ཚེ་རྒྱས་པར་བསམས་ལ། སྤྱི་ཐོག་ཏུ་བུམ་པ་བཞག་ནས། ཤར་ཕྱོགས་དཀར་མོ་ཞི་མཛད་ལྷ། །དྲི་ཟའི་ལག་ནས ་ཚེ?་ཁུག་ལ། །ནང་གདོན་རྣམས་ནི་ཞི་མཛད་པའི། །དབང་བསྐུར་དིང་འདིར་བདག་ལ་གསོལ། །ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་ལོངས་སྤྱོད་འཁོར་ལ་སོགས་པ་རྒྱས་པར་བྱས་ཏེ། གཤིན་རྗེའི་ལག་ནས་ཚེ་བཀུག་ལ་བསྟིམས་ལ། ལྷོ་ཕྱོགས་སེར་མོ་རྒྱས་མཛད་ལྷ། །གཤིན་རྗེའི་ལག་ནས་ཚེ་བཀུག་ལ། །ཚེ་དང་ལོངས་སྤྱོད་རྒྱས་མཛད་པའི། །དབང་བསྐུར ་དིང་འདིར་བདག་ལ་གསོལ། །ཡང་ས་བོན་དང། ནུབ་ནས་ལྕགས་སྒྲོག་མ་ནུབ་ཏུ་སྤྲོས། །ཆུ་ལྟའི་ལག་ནས་ཚེ་བཀུག་ནས། །སྲིད་གསུམ་དབང་དུ་བྱས་པར་བསམས་ལ། ནུབ་ཕྱོགས་དམར་མོ་དབང་གི་ལྷ། །ཆུ་ལྷའི་ལག་ནས ་ཚེ་ཁུག་ལ། །སྲིད་གསུམ་དབང་དུ་བསྡུས་བྱེད་པའི། །དབང་བསྐུར་དིང་འདིར་བདག་ལ་གསོལ། །ཡང་ས་བོན་དང། བྱང་ཕྱོགས་ནས་དྲིལ་བུ་མ་མང་པོ་སྤྲོས་ནས། ནད་གདོན་ཚར་གཅད་གནོད་སྦྱིན་ལག་ནས་ཚེ་བཀུག་ལ་བསྟིམ། ་?། །གནོད་སྲིན་ལག་ནས་ཚེ་ཁུག་ལ། ནད་གདོན་ཐམས་ཅད་ཚར་གཅོད་པའི། །དབང་བསྐུར་དིང་འདིར་བདག་ལ་གསོལ། །དེ་ནི་ཡུམ་བཞི་ཕོ་ཉ་བཞིར་བྱས་ནས་དབང་བསྐུར་པའོ། །དེ་ལྟར་དབང ་བཞི་པོ་དེ་རྣམས་བསྐུར་བས་ཉོན་མོངས་པ་ངག་།འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པ་དེའི་ངང་ལས་བདག་ཉིད་གཙོ་བོ་ཡབ་ཡུམ་དུ་བསྒོམ། དེ་ནས་དེ་ཉིད་བརྟན་པར་བྱ་ཞིང་དབང་རྟགས་སུ་རིགས ་ལྔས་དབུ་རྒྱན་པར་བྱ་སྟེ། དེ་ཡང་བུམ་པ་སྤྱི་བོར་བཞག་།དེ་གཙོ་བོ་ཡབ་ཡུམ་དུ་བསྐྱེད། །དེ་ལས་འོད་ཟེར་དམར་པོ་ལུས་ལ་ཐིམ་པས། འདོད་ཆགས་དག་ནས་སོ་སོར་ཀུན་རྟོག་རྒྱུད་ལ་སྐྱེས། འོད་དཔག་མེད་ཀྱིས་དབུ་རྒྱན ་པར་བསམས་ནས། འདོད་ཆགས་རྣམ་པར་དག་ནས་ནི། །འོད་དཔག་མེད་པས་དབུ་རྒྱན་ཏེ། །སོ་སོར་ཀུན་རྟོག་དོན་རྟོགས་ནས། །མཛེས་ཤིང་པདྨའི་ལུས་ཐོབ་ཤོག་།ོཾ་ཧྲཱི:བྷྲུཾ་པདྨ་ག་ལ་ཨ་བྷི་ཥིཉྩ་ཏུ་མཾ། བུམ་པ ་མི་བསྐྱོད་པར་བསྐྱེད་ནས་དཔྲལ་བར་བཞག་འོད་འཕྲོས་པས། ཞེ་སྡང་དག་ནས་མེ་ལོང་སྐྱེས་ཏེ། མི་བསྐྱོད་པས་དབུ་རྒྱན་པར་བསམས་ནས། ཞེ་སྡང་རྣམ་པར་དག་ནས་ནི། །བཅོམ་ལྡན་མི་བསྐྱོད་དབུ་རྒྱན་ཏེ། །མེ་ལོང་ཡེ ་ཤེས་དོན་རྟོགས་ཤིང། །འགྱུར་མེད་རྡོ་རྗེའི་ལུས་ཐོབ་ཤོག་།ོཾ་ཧཱུཾ་བྷྲུཾ་བཛྲ་ཀ་ལ་ཨ་བྷ?་ཥཉྩི་ཏུ་མཾ། ཡང་བུམ་པ་རྣ་པ་གཡས་སུ་བཞག་ནས། རིན་འབྱུང་དུ་བསམ། དེའི་འོད་ཀྱིས་ང་རྒྱལ་དག་།མཉམ་ཉིད་ཡེ་ཤེས་རྒྱུད་ལ་སྐྱེས ་ནས་རིན་འབྱུང་གིས་དབུ་རྒྱན་པར་བསམ། ང་རྒྱལ་རྣམ་པར་དག་ནས་ནི། །རིན་ཆེན་འབྱུང་ལྡན་དབུ་རྒྱན་པས། །མཉམ་ཉིད་ཡེ་ཤེས་དོན་རྟོགས་ནས། །བདེ་ཆེན་ལྷུན་གྲུབ་དོན་རྟོགས་ཤོག་།ོཾ་སྭ་བྷྲུཾ་རཏ་ན་ཀ་ལ་ཤ་ཨ་བྷི ་ཥཉྩི་ཏུ་མཾ། ཡང་ལྟག་པར་བུམ་པ་བཞག་ནས་རྣམ་པར་སྣང་མཛད་དུ་བསྐྱེད། དེའི་འོད་ཀྱིས་གཏི་མུག་དག་།ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་སྐྱེས། དེས་དབུ་རྒྱན་པར་བསམས་ནས། གཏི་མུག་རྣམ་པར་དག་ནས་ནི། །སངས ་རྒྱས་རིགS་ཀྱི་དབུ་བརྒྱན་ཏེ། །ཆོས་དབྱིངས་ཡེ་ཤེས་དོན་རྟོགས་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག་།ོཾ་བྷྲུཾ་བྷྲུཾ་བུར་དྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏུ་མཾ། ཡང་རྣ་བ་གཡོན་པར་བུམ་པ་བཞག་ནས། དོན་ཡོད་གྲུབ ་པར་བསྐྱེད། །དེའི་འོད་ཀྱིS་ཕྲག་དོག་དག། བྱ་གྲུབ་ཡེ་ཤེས་རྒྱུད་ལ་སྐྱེས། དེས་དབུ་རྒྱན་པར་བསམ་ལ། །ཕྲ་དོག་རྣམ་པར་དག་ནས་ནི། །དོན་གྲུབ་རིགས་ཀྱི་དབུ་བརྒྱན་ཏེ། །བྱ་གྲུབ་ཡེ་ཤེས་དོན་རྟོགས་ནས། །ཅི་བསམས་མ་ལུས ་འགྲུབ་པར་ཤོག། ཨོཾ་ཨ་བྷྲུཾ་ཀ་ར་མ་ཀ་ལ་ཨ་བྷི་ཤིཉྩ་ཏུ་མཾ། ཅེས་རིགས་ལྔས་དབུ་བརྒྱན་པར་བསམས་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་མེ་ཏོག་འཐོར་བར་བྱའོ། །བདག་ཁོ་ན་མགོན་པོ་ཚེ་དཔག་མེད་ཚེ་རབ ་མེད་ཁོ་ན་བདག་ཉིད་ཡིན་ན་ཉི་པའི་ང་རྒྱལ་བརྟན་པོས་གནས་པར་བྱའོ། །དེ་དག་གིས་ཐུན་མོངས་མ་ཡིན་པ་ཁྱད་པར་གྱི་དབང་བསྟན་ནོ། །བུམ་དབང་གི་དབང་བཞི་ལ། སྡུད་ན་འདིར་རྗེས་གནད་རྣམས་མཛད། །སྟན་ཐོག་གཅིག་ཏུ་དབང་གོང་མ་རྣམས་ཀྱང་བསྐུར་ན། ་དེ་དག་གི་རྗེས། སྡོམས་པ་རྒྱ་མཚོའི་རྒྱུད་ལS། །སྐྱོབ་པའི་དཀྱིལ་འཁོར་ཀྱི་མངོན་སུམ་དུ་ཞེས་སོགས་གསུངས་པའི་དོན་ལྔའི་རྟོགས་པ་བསྐྱེ་དྡོ། །དེ་ནས་བསད་དབང་སོགས་མཛད་དོ། །དེ་ནས་རྗེས་གནང་བཤད་པར་བྱ་སྟེ། དང་པོ་གཙོ་བོ་ཡབ་ཡུམ་བསྟན་ནས་འདི་ཁོ་ན་ལྟར་བྱོས་ཤིག་བྱས་ནས། ་འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུཾ་ན་ནི་སྡིག་མེད་ཅིང། །དེ་བས་འདོད་ལ་ཆགས་བྲལ་པར། །ཁྱོད་ཀྱིས་ནམ་དཱུང་བྱེད་ཅིག་ཅེས་སོ། །སྔགས་ཀྱི་རྗེས་གནད་རིན?་པདྨའི་ཕྲེང་བ་ལ་གཙོ་བོའི་སྔགས་ཀྱིས་བསངས་ལ། བཅོམ་ལྡན་འདི་ལ་རྩལ ་ལགས་ཀྱི། །འདི་ལ་འགྲོ་བར་མཛད་དུ་གསོལ། །ཅེས་གཙོ་བོ་ཡབ་ཡུམ་འཁོར་དང་བཅས་པའི་སྔགས་ལན་ལྔ་རྗེས་བཟློས་བྱའོ། །དེ་ནས་ཕྱི་ནང་གསངས་བ་གསུམ་དུས་ཆོད་པ་ཕུལ་ཅིག་ཅེས་པའི་རྗེས་སུ་གནང་བ་བྱའོ། །དེ་ནས་དམ་ཚིག་གསུམ་ ་གྱི་དབང་བསྐུར་བར་བྱ་སྟེ། དེ་ཡང་སློབ་མ་དང་རྡོ་རྗེ་ཧཱུཾ་ལས་རྡོ་རྗེ་སེམས་དཔར་བསྐྱེད་དེ། ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ ་སྙེམས་ཚུལ་བདག་པོའི་བདག་།བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་རྡོ་རྗེ་ལག་པ་གཡས་སུ་གཏད་དེ། སྙིང་ཁར་བཟུང་ནས། ཐུགས་གཉིས་སུ་མེད་པར་རྟོགས་པར་གྱིས་ཅིག་པའོ། །དེ་ནས་དྲིལ ་བུ་སྣང་བ་མཛའ་ཡས་གསུང་གི་རང་བཞིན་དུ་བསྐྱེད་ནས། སྲིད་པ་ངོ་བོ་ཉིད་ཀྱིས་དག་།ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག་།སྲིད་པ་མཆོག་ནི་བྱེད་པ་པོ། །སྒྲ་ཐམས་ཅད་ཆོས་ཀྱི་སྒྲར་རྟོགས ་པར་གྱིས་ཅིག་པའོ། །དེ་ནས་རང་གི་སྙིང་ཁར་གཙོ་བོ་ཡབ་ཡུམ་བསམས་ནས། ཡི་དམ་གཟུགས་ནི་བརྟན་བྱའི་ཕྱིར། །དམ་ཚིག་ཕྱག་རྒྱ་རབ་ཏུ་བརྗོད། །དམ་ཚིག་འདི་ལ་བརྟག་གནས་པས། །ལྷའི་སྦྱོར་བ་རབ་ཏུ་གྲགས། ། ་ཅེས་ལྷ་སྐུ་སྣང་སྟོང་སྒྱུ་མའི་སྐུར་རྟོགས་པར་བྱའོ། །དེ་ནས་སྤྱི་དང་བྱེ་བྲག་གི་དབང་བཤད་པར་བྱ་སྟེ། དང་པོ་སློབ་མ་སྐྱིལ་དཀྲུངས་སུ་འདུག་པའི་རྐང་པའི་བར་དུ་ཆོས་ཀྱི་འཁོར་ལོ་ལག་པ་གཡས་སུ་དུང། གཡོན་དུ་གླེགས ་བམ། སྟེང་དུ་གདུགས་ཕུབ་ལ། དེངས་ནས་བརྩམས་ཏེ་སེམས་བསྐྱེད་བ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་ཆོས་ཀྱི་འཁོར་ལོ་བསྐོར། །ཆོས་ཀྱི་དུད་ནི་བླ་ན་མེད། །ཀུན་ཏུ་མ ་ལུས་གང་བར་གྱིས། །སོམ་ཉིད་ཡིད་གཉིས་མི་བྱ་ཞིང། །དགོས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག་།འཇིག་རྟེན་འདི་ལ་རབ་ཏུ་བསྒྲག་།དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་གདགས་དྲིན་དུ ་བཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང། །ཀུན་ཏུ་ཁྱེད་ལ་བསྲུང་བར་བྱེད་ཞེས་པའོ། །དེ་ནས་བྱེ་བྲག་ཏུ་བསྐུར་བ་ནི། །རང་དང་སློབ་མ་གཉིས་ཀ་རྣམ་སྣང་དུ་བསྐྱེད་ལ། རིགས་ལྔར་བསྒོམས་ནས་དོན་བྱ་སྙམ་དུ་བསམས ་ནས། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། ཅེས་བརྗོད་ལ། སངས་རྒྱས་རིགས་ཀྱི་གདུལ་བྱ་གཏི་མུག་ཅན་གྱི ་དོན་བྱ་སྙམ་དུ་བསམ་མོ། །དེ་བཞིན་དུ་རྡོ་རྗེ་དང། ནོར་བུ་དང། པདྨ་དང། རྒྱ་གྲམ་རྣམས་ཀྱི་འཁོར་ལོ་བསྐོར་བ་རྣམས་ལ་ཚིག་གོང་བཞིན་དུ་སྤེལ་བར་བྱའོ། །དེ་ནས་རྗེས་ཀྱི་ཆོ་ག་བསྟན་པར་བྱ་སྟེ། དེ་ཡང་ལུང་བསྟན་པ་ནི། ་ཁྱོད་ཀྱི་ཕུང་པོ་ལྔ་ཁམས་ལྔ། །དཔག་མེད་ཡབ་ཡུམ་ཡིན་པར་ནི། །དེད་འདི་རངས་ཁྱོད་ལུང་བསྟན་བྱ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་རང་བཞིན་རྣམ་དག་པས། །ལྷ་ཡི་འཁོར་ལོར་གནས་པའོ། །ཅེས་བརྗོད ་དོ། །གཟེངས་བསྟོད་པ་ནི། ཡི་དམ་ལྷ་དང་མཉམ་པར་ནི། །དུས་འདི་ཉིད་དུ་གྱུར་པ་སྟེ། །དགང་ཞིང་སྤྲོ་བ་ཆེན་པོ་ཡིས། །ཕྱི་རོལ་མི་བསམ་ན་འདུའོ། །ཅེས་བརྗོད་དོ། །དེ་ནས་དབུགས་དབྱུང་བ་ནི། བདེ་ཆེན་ཐེག་པ་འདི་ལ་ནི། ། ་སླ་ན་ཆད་འཆི་བ་ཡོད་མིན་ཏེ། །མི་ཚུགས་པ་དང་མི་སོང་བས། །ཅིས་ཀྱང་མི་འཆི་དགའ་བར་གྱིས། །ཅེས་བརྗོད་དོ། །དེ་རྣམས་བརྟན་པའི་ཡན་ལག་ཏུ། །བརྟུལ་ཞུགས་ཀྱི་དབང་སྦྱིན་པ་ནི། སྦྲང་རྩི་དང་བདུད་རྩི་བསྲེས་ལ། ་འཆི་མེད་ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས་ལ། སློབ་མ་ལ་སྦྱིན་ཏེ། འདི་ནི་འཆི་མེད་ཡེ་ཤེས་ཆུ། །གང་གིས་རེག་དང་འཐུངས་པ་ཡིས། །།མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ཐམས་ཅད་ད་ལྟ་མངོན་དུ་འགྱུར། ། ་བགེགས་དང་ལོག་འདྲེན་ཀུན་འཇོམས་ཤིང། །གཞན་གྱིས་རྫི་བར་མི་ནུས་པའི། །མི་ཤིགས་རྡོ་རྗེ་ཕ་ལམ་འགྱུར། །ལྷུན་གྲུབ་བདེ་བ་ཆེན་པོའོ། །ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར ་གྱི་ནུབ་ཕྱོགས་སུ། པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ། ཚེ་དཔག་མེད་ཡབ་ཡུམ་ཞལ་སྦྱོར་དུ་བསམ། དེ་ལ་ཡེ་ཤེས་གཞུག་།སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། མཆོད་པ་དང་བསྟོད་པ་བྱས་ནས། གསང་བསྒྲུབ ་ལྟར་བཟླས་པ་བྱ། །རང་ཡང་གཙོ་བོ་ཡབ་ཡུམ་དུ་བསམས་ནས་སྙོམས་འཇུག་བྱས་པས། བྱང་སེམས་དཀར་དམར་གསང་གནས་ནས་འཐོན། ཡབ་ཡུམ་རྣམས་ཀྱང་སྙོམས་འཇུག་བྱས་པས། གསང་གནས་ནས་བྱང་སེམས ་དཀར་དམར་ནར་བྱུང་བར་བསམ། དེ་ནས་ཀ་པཱ་ལར་སྦྲང་དང་བུར་མ་སྦྲང་རྩི་བསྲེས་ལ། དེར་བྱང་སེམས་དཀར་དམར་བསྟིམ་པ་དང། ཀ་པཱ་ལ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་བྱང་སེམས་དམར་པོས་མེར་ཁེངས་པར་བསམ་མོ། ། ་དེ་ནས་མཎྜལ་གྱི་སྟེང་དུ་བླ་མ་དང་གཙོ་བོ་ཡབ་ཡུམ་གཉིས་སུ་མེད་པའི་གསང་གནས་ནས་བྱང་སེམས་ཀྱི་ཆུ་བོའི་རྒྱུན་བྱུང་ཏེ། སློབ་མའི་ལྕེ་ཐོག་ཏུ་ཐིམ་པས། བདེ་སྟོང་གི་ཉམས་རྒྱུད་ལ་སྐྱེས་པ་དང། ལུས་བྱང་སེམས་དམར ་པོས་ཁེངས་པར་བསམས་ནས། ཀ་པཱ་ལིའི་བདུད་རྩི་བྱིན་ལ། ཕྱོགས་བཅུའི་རྡོ་རྗེ་འཆང་རྣམས་ཀྱིས། །གསང་བའི་གནས་ལས་བྱུང་བ་ཡི། །ང་ཡི་བྱང་ཆུབ་སེམས་ཀྱི་རྒྱུན། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཅེས་བརྗོད་པར་བྱའོ། ། ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ། པདྨ་འདབ་མ་བརྒྱད་ཕྱོགས་མཚོན་ཀྱི་སྟེང་དུ། སློབ་མ་ཡབ་དུ་བསྐྱེད། ཡུམ་གོས་དཀར་མོ་དང་གཉིས་སུ་མེད་བའི་སྦྱོར་བ་བྱས་པས། ཡུམ་གྱི་བྱང་སེམས་དམར ་པོས། རྩ་གསུམ་འཁོར་ལོ་བཞི་རིམས་ཀྱིས་དམར་མེར་གྱིས་ཁེངས་པར་བསམས་ལ། གཞོན་ནུ་ཡིད་འོང་བདེ་བའི་མཆོག་།ཐེ་ཚོམ་སྤངས་ནས་བསྟེན་པར་བྱ། །བརྗོད་བྲལ་ལྷན་ཅིག་སྐྱེས་དགའ་བ། །དུས་འདི་ཉིད་དུ་མངོན ་དུ་འགྱུར་ཞེས་བརྗོད། དངོས་སམ་ཡིད་ཀྱིས་བརྟེན་པར་བྱའོ། །དེ་ནས་དབང་བཞི་པ། བྱང་དུ་རས་དཀར་པོའི་སྟེང་དུ་དབང་བསྐུར་བར་བྱ་སྟེ། རང་གཙོ་བོ་ཡབ་ཡུམ་དུ་གསལ་བའི་གནས་བཞིར། ཚེ་དཔག་མེད་མགོན་མཚོན ་གང་ཙམ་པ་རེ་ཞལ་སྦྱོར་དུ་བསམས་ཏེ། དམིགས་པ་མེད་པའི་དང་དུ་གནས་པར་བྱའོ། །དེ་ཡང་མ་བཅོས་པ་རང་གྲོལ་དུ་བཞག་ལ། ལྟོས་ཅིག་ལྟོས་ཅིག་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་གྲུབ་པ་མེད་།གསལ་ཞག ་དགག་སྒྲུབ་མ་གྲུབ་པ། །རང་གྲོལ་ཉིད་དུ་གནས་པའོ། །ཅེས་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་ཡང་བྱའོ། །དུས་འདིར་རང་གྲོལ་ལྷུན་གྲུབ་ཏུ་རྟོགས་པར་འགྱུར་རོ། །བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དབང ་བཞི་བསྐུར་བའི་ཆོ་གའི་ལས་ཁྲིགས། འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་བུམ་པ་ཞེས་བྱ་བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་གྲུབ་བའི་རྒྱལ་མོས་མཛད་པ་རྫོགས་སོ།། །།འདི་རྩ་རྒྱུད་ལེའུ་འབུམ་པ་དང། བཤད ་རྒྱུད་འོད་ཟེར་དྲ་བ་ལས་ཕྱུང་བས་སོ། །འདིའི་རྒྱུད་པ་ནི། བཅོམ་ལྡན་འདས་ཚེ་དཔག་མེད། གྲུབ་པའི་རྒྱལ་མོ། རས་ཆུང་བ། མངའ་རིས་བྱང་ཆུབ་རྡོ་རྗེ། གྲུབ་ཐོབ་རྒྱལ་ཚ། བླ་མ་བཟང་ཡུལ་བ། སངས་རྒྱས་སྟོན་པ། ་མཁས་གྲུབ་གཞོན་ནུ་གྲུབ་ཆོས་རྗེ། ཞང་སྟོན་ཆོས་རྗེ་འང་ཟེར། བྱང་ཆུབ་ཤེས་རབ། དེ་ལ་བླ་མ་པུ་ཎྱདྷཝ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་རྡོ་རྗེ་གྲགས་ཛ་དང། མཁས་ཀུན་དགའ་ཤེས་རབ་གཉོས་སྟོན་རིན་ཆེན་ལྡན་བརྩོན་འགྲུས་སེང་གེ ་བཙུན་སངས་རྒྱས་རྣམས་སོ།། །།*། །དབང་པོ་རྟ་མགྲིན་གྱི་བསྒྲུབ་ཐབས་བཞུགས། །རྒྱ་གར་སྐད་དུ། ཧ་ཡ་གྷྲི་བ་སཱ་དྷ་ན་མ། བོད་སྐད་དུ། རྟ་མགྲིན་གྱི་བསྒྲུབ་ཐབས། པདྨ་གསུང་གི་ལྷ་ལ ་