| Wylie | e-texts based on the ACIP/ALL Input |
པཎྜི་ཏ་མཧཱ་པ་ནའི་རང་འགྱུར།། །།རྒྱ་གར་སྐད་དུ། བཛྲ་བི་དཱ་རི་བ་ཏི་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་ཞེས་བྱ་བ། ལས་རྣམས་བཞི་པོ་མཐར་ཕྱིན་པ། །འཕྲིན་ལས་རྣམ་བཞིའི་སྐུ་ལ་མདུད། ། ་བུམ་མང་བཅའ་བར་མི་ནུས་ལ། །འཕྲིན་ལས་རྣམ་པ་བཞི་པོ་ཡི། །བུམ་གཅིག་ཆོ་ག་བསྟན་པར་བྱ། །རྒྱུད་ནས་འཕྲིན་ལས་རྣམ་བཞི་གསུངས། །བུམ་གཅིག་ཆོ་ག་རྣམ་པ་བཞི། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །བུམ་གཅིག་ཆོ་ག ་བཅུ་གཉིས་འགྱུར། །ཞི་བ་དཀར་དང་རྒྱས་པ་སེར། །དབང་ནི་དམར་དང་དྲག་པོ་ནག་།བུམ་པ་མགུལ་ཆིངས་གཟུངས་ཐག་སོགས། །ལས་དང་མཐུན་པར་འགྱུར་བྱས་ཏེ། །གུ་གུལ་ཙནདན་དུད་པ་དང། །ལས་བཞི་ཡི་ནི་སྔགས་དང ་ནི། །ཤིན་ཏུ་བསྡུས་པའི་སྔགས་ཀྱིས་ནི། །བུམ་པ་བདུག་ཅིང་བསང་བ་བྱ། །རྒྱུ་བཟང་བུམ་པ་ཚད་ལྡན་ནང། །སྐུ་གསུང་ཐུགས་ཀྱི་ཡི་གེ་ནི། །སོ་སོའི་མཚོན་གྱིས་བྲིས་ནས་ནི། །སྐུ་གསུང་ཐུགས་ནི་གང་བྱེད་པའི། །ཡི་གེ་རྫས ་དང་བཅས་པ་ནི། །རས་སུ་གཏུམས་ཏེ་བུམ་ནང་གཞུག་།ནང་དང་མཚོན་དང་མུ་གེ་ཡི། །བསྐལ་པ་དེ་དག་སེར་བྱེད་ཅིང། །སྨན་ལྔ་རིན་ཆེན་འབྲུ་ལྔ་ཡིས། །བུམ་པ་ཡང་ནི་དག་པར་བྱ། །ཚུལ་ཁྲིམས་དང་ལྡན་མཆོག་ཡིན་ཕྱིར། ། ་དྲི་དང་སྙིང་པོས་བུམ་པ་བཀང། །དེ་སོགས་བུམ་རྫས་སྣ་ཚོགས་བརྩལ། །བུམ་པ་རྣམས་ནི་རྒྱན་གྱིས་བརྒྱན། །བུམ་པ་ལ་ནི་གདུགས་པུ་དབུབ། །ཞི་བ་ཡི་ནི་མཎྜལ་ནི། །པདྨ་དཀར་པོ་འདབ་བརྒྱད་པ། །རྒྱས་པ་རིན་ཆེན་སེར་པོ ་སྣ་ཚོགས་ཅན། །དབང་ལ་པདྨ་དམར་པོ་ལྕགས་ཀྱུས་མཚན། །དྲག་པོ་ལ་ནི་མཐིང་ནག་རྩིབས་བརྒྱད་ངོ། །བུམ་གཅིག་ཆོ་ག་བསྡུས་པ་ཡིས། །གཞན་གྱི་དོན་ནི་བྱེད་འགྱུར་ན། །དཀྱིལ་འཁོར་ཆེན་པོ་བཤམས་ནས་ནི། །ཞི་བའི་མཎྜལ ་ཤར་དུ་བྲི། །རྒྱས་པའི་ལྷོ་དང་དབང་གི་ནུབ། །དྲག་པོ་བྱང་དུ་བྲི་བ་སྟེ། །བུམ་པ་ཡང་ནི་དེ་དེར་དགོང། །མཆོད་དང་གཏོར་མ་རྒྱས་པར་བཤམ། །ཀུ་ཤའི་སྟན་ནི་བཏིང་བྱ་སྟེ། །སློབ་དཔོན་སྨྱུད་བར་གནས་པའམ། །ཡང་ན་དཀར་གསུམ ་[དྲ:]་*། །ཟས་ལ་བརྟེན། །གཙང་མིའི་གོས་སོགས་ཁྲུས་བྱས་ཏེ། །བདེ་བའི་སྟན་ལ་འདུག་བྱས་ཏེ། །བཛྲ་བཅུ་ཡིས་མཚམས་བཅད་དེ། །རང་སྙིང་བསིལ་ཧཱུཾ་དགོད་དེ། །དེ ་འོང་བདེར་གཤེགས་སྤྱན་དྲངས་ཏེ། །མཁའ་ལ་གསལ་བཀོད་བདུན་རྫོགས་བྱ། །ཆོས་ཉིད་དང་གནས་དེ་རྗེས་ལ། །དྲག་པོའི་ཧཱུཾ་སྒྲ་སྟོང་ཟིལ་གནོན། །སྟོང ་གསུམ་གཡོ་ལྡན་མཁའ་འབྱུང་བསམ། །དེ་རྗེས་ཧཱུཾ་འོད་ལྡན་པ་ནི། །ནམ་མཁའ་ལ་ནི་བསམ་པར་བྱ། །དེ་ལས་ཡཾ་བཾ་ལཾ་གསུམ་ཚད། །དེ་དག་རིམ་གྱིས་ཞུ ་འགྱུར་བས། །རླུང་མཚོས་རི་རྒྱལ་པོར་འགྱུར། །དེ་སྟེང་ཨཱ:ཧཱུཾ་བཾ་ཞུ་བས། །ཟླ་ཉི་པདྨའི་གདན་དུ་གྱུར། །དེ་སྟེང་ཧཱུམ་བབས་ཞུ་གྱུར་པས། །སྣ་ཚོགས ་པ་ཡི་རྡོ་རྗེ་ལ། །ཕྱོགས་གཅིག་ཡུ་བར་གྱུར་པར་བསམ། །དེ་འོད་བདེར་གཤེགས་མཛའ་དག་བསྡུས། །དེ་གྱུར་རྡོ་རྗེ་སྙིང་པོའོ། །སྐུ་ལྗང་སྤྱན་གསུམ ་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་རྒྱ་གྲམ་པ། །ངོས་གཅིག་ཡུ་བར་འཛིན་པའི་ཚུལ། །གཡོན་པ་སྡིག་མཇུབ་ཐུགས་ཀར་འཛིན། །གཡས་བརྐུམ ་གཡོན་བརྐྱང་གར་གྱིས་བཞུགས། །དབུ་སྐྲ་གྱེན་རྗེས་ཀླུ་རིགས་བརྒྱན། །མཆེ་གཙིགས་ཕྱག་རྡོར་སྤྲུལ་བ་བསྒོམ། །དེ་ནས་བུམ་པའི་ནང་དུ ་ནི། ། ཞུ་བས་ནི་བདུད་རྩིའི་མཚོ། །དེ་སྟེང་ཨ་ཞུ་ཟླ་བ་བསམ། །དེ་སྟེང་སོ་སོའི་ཁ་དོག་དང། །ལྡན་པའི་ཡི་གེ་ཧཱུཾ་བསམ་མོ། །གསུང་སྒྲུབ་དེ་ལ་དམིགས་དེ་སྒྲུབ། །དེ་ཞུ་སྣ་ཚོགས་རྡོ་རྗེ་ལ། །ཕྱོགས་གཅིག་ཡུ་བར་གྱུར་པར་བསམ། ། ་ཁ་དོག་ལས་དང་མཐུན་པའོ། །ཐུགས་སྒྲུབ་དེ་ལ་དམིགས་ཏེ་བསྒྲུབས། །དེ་ཞུ་རྡོ་རྗེ་སྙིང་པོ་ནི། །སྔོན་ལྟ་བ་ནི་བསམ་པར་བྱ། །དེ་ནས་ཡེ་ཤེས་སྤྱན་དྲངས་ཏེ། །ཧཱུཾ་འཇིགས་བཅས་ལྕང་ལོ་ཅན་གྱི་གནས་མཆོག་ནས། །རིགས་སྔགས ་གསང་སྔགས་ཀུན་གྱི་བདག་པོ་སྟེ། །ཁྲོ་རྒྱལ་རྡོ་རྗེ་འཛིན་གྱི་རབ་སྤྲུལ་པའི། །ཁྲོ་རྒྱལ་རྡོ་རྗེ་སྙིང་པོ་གཤེགས་སུ་གསོལ། །ཧ་ར་ཧ་ར་བཛྲ་བི་དཱ་ར་ན་ཡ་སྭཱཧཱ།།པྲ་ཧ་ར་པྲ་ཧ་ར་བཛྲ་པྲ་བ་ན་ཛ་ན་ཡ་སྭཱཧཱ། །སྔོན་ལྟའི་ཡེ་ཤེས་སྤྱན་དྲངས་ཏེ། །ཕྱག ་རྒྱ་བཞི་ཡིས་གཉིས་མེད་བྱ། །བཛྲ་བརྒྱད་དང་ཀཱི་ལ་ལྔ། །བཛྲ་བདུན་སོགས་བརྗོད་བྱས་བིས?། །སྐུ་གསུང་ཐུགས་སོགས་བྱིན་གྱིས་བརླབ། །ཐུགས་ཧཱུཾ་ལས་བྱས་བདེར་གཤེགས་བཀུག་།ན་མ་ས་མན་སྔགས་སོགས་ཀྱིས། །ཁྲོ་བོ་ལ་ནི ་དབང་བསྐུར་བསམ། །ན་མོ་རཏན་ཏྲ་ཡཱ་ཡས། །དུམ་པའི་ལྷ་ལ་ཕྱག་ཀྱང་བྱ། །མཆོད་པ་རྣམས་ཀྱིས་ཡང་དག་མཆོད། །དེ་མཆོད་སྐུ་ནི་གསལ་བར་བསྒོམ། །སྐུ་སྒྲུབ་དེ་ལ་དམིགས་ཏེ་བསྒྲུབ། །དེ་ནས་གཟུངས་སྔགས་རིམ་པ་གསུམ། །མོས ་པའི་བྱེ་བྲག་བཟླས་པར་བྱ། །དེ་སྐྱོ་གཏོར་བཏང་ཡེ་ཤེས་དབྱུང། །དམ་ཚིག་བུམ་ལྷ་འོད་དུ་ཞུ། །རང་ཉིད་ལྷ་ཡི་ང་རྒྱལ་བྱ། །དེ་ནས་གཟུངས་ཆོག་བྱ་བ་ནི། །ཀུན་ཁྱབ་གཟུང་ཆོག་བཞིན་དུ་བྱའོ། །ཡང་ན་འདི་ལྟར་བྱ་བ་སྟེ། །ཤིས་བརྗོད་མང་དུ་བྱས ་ནས་ནི། །།ཁྱབ?་ཅིང་བསྲུང་བའི་ཆོ་ག་བྱ། །རྒྱུད་ཀྱི་སྦྱོར་ཚིག་ལ་སོགས་པ། །ཁྲུས་ཆོག་རྒྱས་པར་ཤེས་པར་བྱའོ། །དེ་ལྟར་བུམ་གཅིག་མའི་ཆོ་ག་བསྡུས་པ་འམ། །དགོས་པའི་བྱེ་བྲག་གིས་ཤེས་པར་བྱའོ། །བདག་བློ་ཤིན་དུ་དམན་འགྱུར་ཡང།། ་[དྲ:]་*། །རྒྱུད་འདི་ཉིད་དང་མི་འགལ་བའི། །ལས་བཞིའི་བུམ་གཅིག་ཆོ་ག་འབད། །འབད་བས་དགེ་བ་ཅི་བསགས་པ། །འགྲོ་རྣམས་རེ ་འདོད་སྐོང་བར་ཤོག་ཀུན་ཀྱང་འདི་ལ་འཇུག་འགྱུར་ཅིག་།སློབ་དཔོན་ཆེན་པོ་རཏན་ཀི་རྟིས་མཛད་པའི། །རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི ་ཆོ་ག་རྫོགས་སོ།། །བལ་པོའི་པཎྜི་ཏ་མ་ཧཱ་པ་ནའི་རང་འགྱུར་ར།། །།དྲག་པའི་གཙོ་བུམ་འདི་སྐད་དོ། །ཅིས་ཀྱང ་མི་ཆོད་མི་ཤིགས་པ། །བདེན་པ་སྲ་བ་བརྟན་པ་སྟེ། །ཐམས་ཅད་དུ་ནི་ཐོགས་པ་མེད། །ཐམས་ཅད་དུ་ནི་མ་འཕམ་པ། །ཤེས་རབ་ཐུགས་ཀྱི་རང ་བཞིན་ཏེ། །སེམས་ཅན་ཐམས་ཅད་སྐྲག་པར་བྱེད། །སེམས་ཅན་ཐམས་ཅད་འཇིལ་པར་བྱེད། །རིགས་སྔགས་ཐམས་ཅད་གཅོད་པར་བྱེད། །གདོན ་རྣམས་ཐམས་ཅད་བརླག་པར་བྱེད། །སེམས་ཅན་ཐམས་ཅད་རེངས་བྱེད་པ། །ཀཱི་ལི་ཀཱི་ལའི་སྔགས་དང་ནི། །ཏྲ་ཏ་ཡའི་སྔགས་སོགས་ཀྱིས། །འཕྲིན ་ལས་དྲག་པོའི་ལས་མཐར་ཕྱིན། །ཁྲོ་རྒྱལ་རྡོ་རྗེ་རྣམ་འཇོམས་མཐུས། །དྲག་པོའི་བུམ་ཆུ་འདི་ཡིས་ནི། །དྲི་མ་ཐམས་ཅད་དག་གྱུར་ཅིག་།འཕྲིན་ལས་དྲག ་པོ་མཐར་ཕྱིན་ཤོག། །།*། །དབྱངས་ཅན་མའི་བསྟོད་པ་པཎྜི་ཏ་ནག་མོའི་ཁྲོལ་གྱིས་མཛད་པ་པཎྚི་ཏ་ཛྙཱ་ན་ཤཱི་ལ་དང། དགེ་སློང་ཆོས་འབར་གྱི་འགྱུར་བཞུགས་སོ།། *། །རྒྱ་གར་སྐད་དུ། སྭོ་ར་སྭོ་སྟོཏྟར་ན་མ། བོད་སྐད་དུ། ལྷ་མོ ་