| Wylie | e-texts based on the ACIP/ALL Input |
འཕགས་མ་སྒྲོལ་མའི་བཀྲ་ཤིས་བཞུགས་སོ།། །།རྒྱ་གར་སྐད་དུ། ཨརྱ་ཏ་ར་མང་གལ་གི་ཏི། བོད་སྐད་དུ། འཕགས་མ་སྒྲོལ་མའི་བཀྲ་ཤིས་པ། །དཔལ་དག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཕྱོགས ་བཅུའི་སངས་རྒྱས་རྣམས་ཀྱིས་ཡུམ་གྱུར་དགེ་མཆེ། །དུས་གསུམ་རྟག་པར་ཟླ་རྒྱས་ཞལ་ཅན་ཡིད་འོད་སྒེགས། །གཞོན་ནུའི་རོལ་པས་འཇིག་རྟེན་ཁྱབ་པར་གསལ་མཛད་སྒྲོལ། །འགྲོ་བ་སྒྲོལ་མཛད་སྒྲོལ་མའི་བཀྲ་ཤིས་བདེ་ལེགས ་ཤོག་།ཕྱོགས་བཅུའི་དུས་གསུམ་ཀུན་ཏུ་བྱང་ཆུབ་སེམས་དཔའ་ལྕམ། །པདྨ་རྒྱས་པའི་ཞལ་ནས་འོད་ཟེར་འབུམ་དང་བཅས། །ཡུད་ཙམ་སྐད་ཅིག་བློ་འགྱུ་ཞིང་ཁམས་དུ་མ་ཁྱབ། །འགྲོ་བ་སྒྲོལ་མཛད་སྒྲོལ་མའི་བཀྲ་ཤིས་བདེ ་ལེགས་ཤོག་།ཕྱོགས་བཅུའི་གསུང་དབྱངས་དུ་མས་ཆོས་ཀྱི་ཆར་པ་འབེབ། །ཡན་ལག་བཅུ་གཉིས་གསུང་དབྱངས་ཡི་གེ་བཅུར་བསྡུས་ནས། །ཕ་རོལ་ཕྱིན་བཅུའི་ཚུས་གྱིས་གདུལ་བྱ་འདུལ་བྱེད་པ། །འགྲོ་བའི་སྒྲོལ་མཛད་སྒྲོལ་མའི ་བཀྲ་ཤིས་བདེ་ལེགས་ཤོག་།ཕྱོགས་བཅུར་འོད་ཀྱིས་འགེངས་མཛད་མགོན་པོ་བཅོམ་ལྡན་འདས། །རསེ་དཔག་མེད་པ་དབུ་ལ་རྒྱན་མཛེས་ཁུར་དུ་ཁུར། །བླ་མ་སྐྱོང་མཛད་དམ་ཚིག་མི་སྤང་སྡོམ་པ་ཅན། །འགྲོ་བ་སྒྲོལ་མཛད་སྒྲོལ ་མའི་བདེ་ལེགས་ཤོག་།ཕྱོགས་བཅུའི་འཕགས་ལམ་འགྲོ་བ་མ་ལུས་པ། །ཐུགས་རྗེས་གཟིགས་ནས་བདེ་ཐབས་དུ་མས་རྩོལ་མཛད་པ། །དགྲ་བཅོམ་རང་རྒྱལ་སོགས་དང་བུ་མོའི་གཟུགས་འཛིན ་རྒྱལ། །འགྲོ་བ་སྒྲོལ་མཛད་སྒྲོལ་མའི་བཀྲ་ཤིས་བདེ་ལེགས་ཤོག་།ཕྱོགས་བཅུར་འགྲོ་བ་རྣམས་སུ་རྟག་པར་འཇིགས་པ་བརྒྱད་སེལ་ཕྱིར། །ཁ་དོག་དཀར་དམར་སྔོ་ལྗང་སེར་ནག་སོགས། །དུ་མའི་གཟུགས་བཟང་རླུང ་བཞིན་མྱུར་དུ་རྒྱུ་བར་མཛད། །འགྲོ་བ་སྒྲོལ་མཛད་སྒྲོལ་མའི་བཀྲ་ཤིས་བདེ་ལེགས་ཤོག་།ཕྱོགས་བཅུ་ཀུན་ཏུ་གསལ་མཛད་ཉི་མའི་འོད་ཟེར་ཅན། །ལྷའི་འཁོར་ལོས་གསང་བའི་བྲག་ཕུག་ནང་གནས་པ། །ཐུགས་རྗེའི ་སྤྱན་གྱིས་རྒྱན་ཆད་མེད་པར་གཟིགས་པའི། །འགྲོ་བ་སྒྲོལ་མཛད་སྒྲོལ་མའི་བཀྲ་ཤིས་བདེ་ལེགས་ཤོག་།ཕྱོགས་རྣམས་གཟུགས་མཛེས་ཁྱབ་པའི་ལྷའི་འཁོར་ལོ་ནི། །ནོར་བཟང་འོད་ཟེར་ཅན་དང་ཕག་མོ་ཁྲོ་གཉེར་ཅན། །རྟག་པར ་ཕྱི་བཞིན་འབྲང་མཛད་མཛེས་པའི་འཁོར་གྱིས་བརྒྱན། །འགྲོ་བ་སྒྲོལ་མཛད་སྒྲོལ་མའི་བཀྲ་ཤིས་བདེ་ལེགས་ཤོག་།པོ་ཏ་ལར་ནི་འཇིག་རྟེན་དབང་ཕྱུག་མགོན་པོའི་མཐུས། །རིག་པའི་ལྷ་མོ་ཚོགས་རྣམས་འགྲོ་དོན་བྱའོ ་ཞེས། །རྟག་པར་ཞལ་གྱིས་བཞེས་ནས་ནད་གདོན་ཀུན་སེལ་བའི། །འགྲོ་བ་སྒྲོལ་མཛད་སྒྲོལ་མའི་བཀྲ་ཤིས་བདེ་ལེགས་ཤོག་།ཕྱོགས་བཅུའི་དང་ལྡན་བསྒྲུབ་པ་རྣམས་ཀྱིས་དྲན་ཙམ་གྱིས། །རྒྱལ་པོ་མེ་ཆུ་གླང་ཆེན་རྐུན ་པོ་གདོན་སྤྲུལ་གདུག་།མུ་གེ་མཚོན་འཁྲུགས་ནད་ཡམས་དྲན་པས་ཞི་བྱེད་པའོ། །འགྲོ་བ་སྒྲོལ་མཛད་སྒྲོལ་མའི་བཀྲ་ཤིས་བདེ་ལེགས་ཤོག་།ཕྱོགས་བཅུར་བུད་མེད་གཟུགས་མཛེས་རྣམས་ནི་བསྡུས། །སྒྲོལ་མའི་སྐུའི ་བརྒྱའི་ཆར་ཉེ་བར་ལྷ་མི་ཀླུ་མོ་ལྷ་མིན་མ། །གནོད་སྦྱིན་མོ་མཛེས་རྣམས་ཀྱིས་བཅུ་དྲུག་ཆར་མི་ཕོད། །འགྲོ་བ་སྒྲོལ་མཛད་སྒྲོལ་མ་ཡི་བཀྲ་ཤིས་བདེ་ལེགས་ཤོག་།ཕྱོགས་བཅུའི་ལྷ་མོ་རྣམས་དང་རིན་ཆེན་རྣམས་ཀྱི་འོད། །ཀུན་བསྡུས ་སྒྲོལ་མའི་འོད་ཀྱི་བརྒྱའི་ཆར་མི་ཉ། །འོན་ཀྱང་རིན་ཆེན་ཚོགས་མངའ་རབ་སྒེགས་མཛད་རྣམས་བརྒྱན། །འགྲོ་བ་སྒྲོལ་མཛད་སྒྲོལ་མའི་བཀྲ་ཤིས་བདེ་ལེགས་ཤོག་།ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་མཚན་ནི་ཡི་གེ་བཅུ། །ོཾ་ཡིག་ཏ་རེ་དང ་བཅས་ཁྱད་པར་ཏུད་ཏ་རེ། །ཏ་རེ་སྭཱཧཱས་མྱ་ངན་འདས་མཆོག་ཞིབ་བསྒྲུབ། །འགྲོ་བ་སྒྲོལ་མཛད་སྒྲོལ་མའི་བཀྲ་ཤིས་བདེ་ལེགས་ཤོག་།ཕྱོགས་བཅུར་སྤྱན་དང་མ་མགོས་ཀར་ལ་སོགས་རིགས། །མིའི་ཚོགས་ཀྱིས་རྔ་ཡབ་དྲི་ཟ་ཅན་ཐོགས ་ནས། །སིལ་སྙན་ཚོགས་དང་སྙན་པའི་དབྱངས་ཀྱིས་སྒྲོལ་མ་བསྟོད། །འགྲོ་བ་སྒྲོལ་མཛད་སྒྲོལ་མའི་བཀྲ་ཤིས་བདེ་ལེགས་ཤོག་།ཕྱོགས་བཅུར་རིགས་འཛིན་ཚོགས་རྣམས་འགྲོ་ཕན་གང་སྤྱོད་ཀྱང། །རྗེ་མོ་ཁྱོད་དྲན་ཙམ་གྱིས་ཉི་མའི ་འོད་ཟེར་ལྟར། །ཉོན་མོངས་མུན་པ་སེལ་ཅིང་སྡུག་བསྔལ་ཚོགས་ལས་སྐྱོབས། །འགྲོ་བ་སྒྲོལ་མཛད་སྒྲོལ་མེའི་བཀྲ་ཤིས་བདེ་ལེགས་ཤོག་།ཕྱོགས་བཅུའི་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་སྭོ་རྣམས། །སྒྲོལ་མ་དྲན་བྱེད་རྣམ་ཀུན་བསྲུངས་ལ ་བརྩོན། །ཁྱབ་འཇུག་ལ་སོགས་ལྷ་ཆེན་རྣམས་ཀྱིས་རྗེས་འབྲང་བ། །འགྲོ་བ་སྒྲོལ་མཛད་སྒྲོལ་མའི་བཀྲ་ཤིས་བདེ་ལེགས་ཤོག་།འཕགས་བ་སྒྲོལ་མའི་བཀྲ་ཤིས་བརྗོད་པ་རྫོགས་སོ།། །།པཎ་ཊི་ཏ་སུརྱ་སྲི་དང། ལོཙྪབ ་ལོངས་ས་དགེ་སློང་ཚུལ་ཁྲིམས་རྩགས་ཀྱིས་བསྒྱུར་བའོ།། །།ོཾ་ཀུ་རུ་ཀུ་ལེ་ཧཱི་ཧཱུཾ་སྭ་སྭཱཧཱ། །ོཾ་ཏ་རེ་ཏུ་ད་ཏ་རེ་ཏུ་རེ་སྭཱ་ཧཱ། བཀྲ་ཤིས་པར་ཤོག། །།*། །རྒྱ་གར་སྐད་དུ། །བ་དྷི་ར་དྷ་ར་སྟོ་ཏྲ། བོད་སྐད་དུ། ་