| Wylie | e-texts based on the ACIP/ALL Input |
པར་ཤོག། ཨཐི?་།ལྷ་མོ་སྒྲོལ་མ་ལ་བསྟོད་པ་མུ་ཏིག་ཕྲད་བ་ཞེས་བྱ་བ་བཞུགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་དེ་བི་སྟོད་ཏྲ་གུ་ལུ་ཏ་མ་ལས་དྷ་ནཱ་མ། བོད་སྐད་དུ། འཕགས་མ་ལྷ་མོ་སྒྲོལ་མ་ལ་བསྟོད་པ་མུ་ཏིག ་འཕྲེང་བ་ཞེས་བྱ་བ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གང་ཞིག་བདག་ལ་དེ་ཉིད་སྟེར་མཛད། །འགྲོ་མགོན་ཞབས་ལ་སྤྱི་བོས་བཏུང་དེ། །སྒྲིབ་པ་ཉོན་མོངས་དྲི་མ་བསལ་ཕྱིར། །ལྷ་མོ་མཆོག་ལ་བསྟོད་པར ་བྱའོ། །ཡི་གེ་ཏཾ་ལས་སྐྱེས་པའི་སྐུ་མཆོག་།ཐུགས་རྗེ་ཉི་མ་འབུམ་གྱི་འོད་ཀྱིས། །འཁོར་བའི་རྒྱ་མཚོ་སྐེམས་པར་བྱེད་པའོ། །སྡུག་བསྔལ་སྟོངས་པར་མཛད་ལ་ཕྱག་འཚལ། །ལས་ཀྱི་རྣམ་པར་སྨིན་པའི་བུད་ཤིང། །ཡེ་ཤེས ་མེ་ཡི་དཔུང་གིས་བསྲེག་ནས། །མཆོག་གི་དངོས་གྲུབ་གྲུབ་པར་མཛད་མ། །རིས་དྲུག་ཉོན་མོངས་སལ་ལ་ཕྱག་འཚལ། །རྫུ་འཕྲུལ་ཐོགས་མེད་ནམ་མཁའ་ཨི་ལུས་ཅན། །ཐུགས་རྗེས་སྲིད་པའི་མཚོ་ཆེན་བསྒྲལ་ནས། །འགྲོ་རྣམས ་ཐར་པའི་གླིང་དུ་ཁྲིད་པའི། །དེད་དབོན་ཆེན་མོ་ཁྱོད་ལ་ཕྱག་འཚལ། །བྲིས་པའི་སྐུ་ལ་གསོལ་བ་བཏབ་པས། །ངེས་ཀྱང་བྲུ་བ་ཆེན་བརྒྱད་པོ་འཐོབ་འགྱུར། །གང་ལ་གད་འདོད་དངོས་གྲུབ་སྟེར་མ། །འདོད་གུའི་འབྱུང་གནས་ཁྱོད་ལ ་ཕྱག་འཚལ། །ལྷ་རྣམས་རྒྱབ་ཕྱོགས་རིག་སྔགས་སྡུས་ནས། །ཁྱོད་ཀྱི་སྐུ་གཟུགས་སྤྱི་བོར་བླངས་ནས། །ཕྲིན་ལས་རྣམ་བཞི་གྲུབ་པའི་རྒྱུར་འགྱུར། །མཐུ་རྩལ་ཐོག་མེད་ཁྱོད་ལ་ཕྱག་འཚལ། །རྣ་རྒྱན་མགུལ་རྒྱན་ལོངས་སྐུའི ་ཆ་བྱད། །རིན་ཆེན་དུ་མས་སྤྲས་པའི་དོ་ཤལ། །དཔུང་རྒྱན་སེ་མོ་དེ་ཡིས་བརྒྱན་མ། །དཔལ་གྱི་འོད་ཅན་ཁྱོད་ལ་ཕྱག་འཚལ། །ཁྱོད་ལ་གུས་པའི་བློ་མཆོག་སྐྱེས་པའི། །མི་དེའི་རྣ་བར་བླ་མའི་མན་ངག་།ཚིག་གཅིག་སོང་བར ་མ་གྱུར་ཀྱང་ནི། །སྟོང་ཉིད་བདེ་བའི་ཉམས་ཀྱི་དྲོང་སྙོམས། །ཤེས་རབ་མཆོག་སྐྱེད་མ་ལ་ཕྱག་འཚལ། །ཁྱོད་ཀྱི་གསུང་མཆོག་བརྗོད་དུ་མེད་ལས། ། ལི་ཀ་ལི་རོལ་བའི་སྒྲ་འབྱུང། །ཏུབ་ཏཱ་ར་ཡིས་འུར་སྒྲ་ཆེན་པོས། །འཕཌ ་ལམ་བསྒྲོད་པ་ཁྱོད་ལ་ཕྱག་འཚལ། །དྷ་ན་ཏ་ར་ཕཊ་ཀྱི་ཡི་གེས། །བདུད་སྡེ་དཔུང་བཅས་མི་བཟང་འཇོམས་མ། །གཞན་གྱིས་མི་ཐུབ་དྲག་རྩལ་ཆེན་མོ། །མཐུ་སྟོབས་ལྡན་པ་ཁྱོད་ལ་ཕྱག་འཚལ། །ལྷ་དང་ཀླུ་དང་དྲི་ཟ་གནོད་སྦྱིན། ། ་དྲང་སྲོང་དང་ནི་མཁའ་འགྲོའི་དེ་མོད་སྔགས། །བྱང་སེམས?་ལ་སོགས་པ་རོལ་འཁྲུལ་འཁོར། །འཇོམས་པར་མཛད་མ་ཁྱོད་ལ་ཕྱག་འཚལ། །སྭཱཧཱས་དྲོད་ཀྱི་སྐྱེ་གནས་བཤིག་ནས། །ཧཱུ་ལུ་ཧཱུ་ལུས་མངལ་གྱི་ཁ་འགག་།སྒོ་དའི་སྐྱེ ་གནས་ཨོཾ་གྱིས་འཇོམས་མ། །ཏཱ་རེས་བརྫུས་སྐྱེས་སེལ་ལ་ཕྱག་འཚལ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན་གྱིས། །ནང་ཉམས་ཕྱི་རུ་ཤར་བའི་གཟི་མདངས། །དཔལ་གྱི་འོད་ཟེར་ཤེས་རབ་འབར་མ། །མ་རིག་མུན་སེལ་ཁྱོད་ལ་ཕྱག ་འཚལ། །ཡེ་ཤེས་མེ་དཔུང་འབར་བའི་འོད་ཀྱིས། །བར་ཆད་བདུད་ཀྱི་མདའ་ལྔ་བསྲེགས་ནས། །སྒྲུབ་པ་རྐྱེན་གྱི་ཁར་མི་གཏོང་མ། །བྱང་ཆུབ་ལམ་དགྲ་སེལ་ལ་ཕྱག་འཚལ། །སངས་རྒྱས་རྣམས་ཀྱི་གྲིན་ལས་བདག་མོ། །སྐུ་གསུང ་ཐུགས་དང་རྫུ་འཕྲུལ་ཀུན་འགྲོ་།སྟོབས་བཅུ་མ་ལུས་ཕ་རོལ་ཕྱིན་མ། །དབང་ཕྱུག་བརྒྱད་ལྡན་ཁྱོད་ལ་ཕྱག་འཚལ། །སྐུ་ཡི་རང་བཞིན་ཤེས་བྱའི་དཀྱིལ་འཁོར། །སྤྲོས་པ་དང་བྲལ་ནམ་མཁའ་ཨི་རང་བཞིན། །ཆོས་ཀྱི་སྐུ་ལ་གཟུགས་། ་སྐུ་རྣམ་གཉིས། །སྣ་ཚོགས་དུ་མར་སྤྲུལ་ལ་ཕྱག་འཚལ། ། ལི་ཀ་ལི་ཆོས་ཀྱི་གྷན་དྷེ། །གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་ཀྱིས། །ཚོགས་དྲུག་ཡུལ་ལ་རང་བཞིན་མེད་པའི། །སྟོད་པའི་སྒྲ་སྒྲོག་ཁྱོད་ལ་ཕྱག་འཚལ། ། ་འབྱོར་པ་བྲལ་ནས་གཞན་གྱི་སྒོ་རྩར། །རྫ་ཆག་དུམ་བུར་ཟས་སྒོམ་སློང་བའི་?། མི་ངེས་ཁྱོད་ཀྱི་བསྔགས་པ་བརྗོད་ན། །རྒྱལ་སྲིད་སྟེར་མཛད་ཁྱོད་ལ་ཕྱག་འཚལ། །རི་མོའི་གཟུགས་ཀྱིས་ཨ་ལི་ཀ་ལིས། ། ་བརྒྱན་པའི་ཡང་དག་དོན་གྱི་གླེགས་བམ། །ཤེས་རབ་ཕ་རོལ་ཕྱིན་པའི་བདག་ཉིད། །རྱ་ཏར་ཁྱོད་ལ་ཕྱག་འཚལ། །གཏི་མུག་སྒྲོལ་པའི་ཤེས་རབ་རལ་གྲིས། །ཉོན་མོངས་མི་ཤེས་འཁོར་པའི་གཡུལ་བཟློག་།རྨོངས་པའི ་མ་རིག་མུན་རུམ་འཐུག་པོ། །སེལ་མཛད་སྒྲོལ་མ་ཁྱོད་ལ་ཕྱག་འཚལ། །པདྨ་དང་ནི་ཟླ་པའི་གདན་ལ། །གཡས་བརྐྱང་བ་ལ་གཡོན་པ་བསྐུམ་པའི། །ཞབས་གྱི་མཐིལ་ལ་པདྨའི་འདབ་མ། །སྟོད་དང་ལྡན་པ་ཁྱོད་ལ་ཕྱག་འཚལ ་དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་དུ། །མཚོན་པའི?་ཨུད་ཕལ་ཆེའུ་ལེགས་ལྡན། །ཕྱག་ན་འཁོར་ལོ་རྩིབས་མ་སྟོང་ཚད། །མཚན་མཆོག་ལྡན་པ་ཁྱོད་ལ་ཕྱག་འཚལ། །ཁམས་གསུམ་སྤོང་བྱང་བསམ་གཏན་རྫོགས་པས། ། ་འཆིང་པའི་ཐག་པ་མཛའ་དག་གཅད་དེ། །སྲིད་གསུམ་འདམ་གྱིས་གོས་པ་མེད་མ། །འཁོར་བ་ལས་སྒྲོལ་ཁྱད་ལ་ཕྱག་འཚལ། །འཁོར་ལོས་སྒྱུར་བ་རྒྱལ་པོའི་ཆ་ལུགས། །རིན་ཆེན་བྱེ་བྲག་དུ་མས་སྤྲས་པའོ་།དབུ་སྐྲ ་འཐོན་འཐིང་ལྕང་ལོར་འཁྱིལ་བའི། །མི་བསྐྱོད་པས་བརྒྱན་ཁྱོད་ལ་ཕྱག་འཚལ། །གང་གིས་སྒྲོལ་མའི་སྐུ་ཡི་གཟུགས་བརྙན། །མཐོང་པ་ལ་ནི་མོས་གུས་སྐྱེས་པ། །དྲན་པ་ཙམ་གྱིས་ངན་སོང་སྡུག་བསྔལ། །མ་ལུས ་སེལ་མཛད་ཁྱོད་ལ་ཕྱག་འཚལ། །སྭཱཧཱ་ཨོཾ་གྱི་ཕྲེང་བ་འཁོར་བས། །སྔགས་ཀྱི་ནུས་པ་ནོར་བུ་སྨན་ལྟར། །རྟེན་འབྲེལ་སྣ་ཚོགས་འཆར་བར་བྱེད་པའི། །ཕྲིན་ལས་འབྱུང་གནས་ཁྱོད་ལ་ཕྱག་འཚལ། །སྐུ་གསུང་ཐུགས་ཀྱི ་ཡོན་ཏན་རྫོགས་པས། །སྨོན་འཇུག་མཐར་ཕྱིན་འགྲོ་བའི་དོན་ལ། །བརྩོན་འགྲུས་མྱུར་མགྱོགས་གློག་དང་འདྲ་མ། །ལེ་ལོ་ཚར་གཅོད་ཁྱོད་ལ་ཕྱག་འཚལ། །བག་ཆགས་དང་ནི་ལས་ལ་གྲོལ་ནས། །སྐྱ་སྒོ་བཞི་ཆོད་ཡངས ་སྲིད་མེད་པས། །འཁྲུལ་མེད་ཡོན་ཏན་ཕ་རོལ་ཕྱིན་མ། །སྔོན་སྦྱངས་མྱ་ངན་འདས་ལ་ཕྱག་འཚལ། །བུད་མེད་སྒྲོལ་མའི་མིང་ཅན་དེ་ལ། །མོས་པ་སྐྱེས་ནས་གུས་ཕྱག་འཚལ་ན། །དེ་ཡིས་བསོད་ནམས་སངས་རྒྱས་རྒྱུར་འགྱུར ་མཐོང་ཐོས་དོན་ཡོན་ཁྱོད་ལ་ཕྱག་འཚལ། །ནགས་ཚལ་ཨེ་རན་ཏའི་གསེབ་ཏུ། །ཙན་ངན་ས་མཆོག་སྐྱེས་པ་བཞིན་དུ། །འགྲོ་བའི་དོན་མཛད་ལྷ་རྣམས་ནང་ན། །ཁྱད་དུ་འཕགས་པ་ཁྱོད་ལ་ཕྱག་འཚལ། །མི་འཇིགས ་རྣམ་པ་བཞི་པོ་བརྙེས་ནས། །བདག་མེད་སེངྒེའི་སྒྲ་ཆེན་བསྒྲགས་པས། །འཇིག་ཚོགས་ལྟ་བ་དྲུག་ཅུ་རྩ་གཉིས། །འཇོམས་པར་མཛད་མ་ཁྱོད་ལ་ཕྱག་འཚལ། །རྒྱུ་སྐར་ཆོ་གས་ནང་ཉི་ཟླ་བཞིན་དུ། །ཆེ་བ་རྣམས་ཀྱིས ་ནང་ནས་ཁྱད་པར། །འཕགས་པ་རི་རབ་ལྷུན་པོ་ལྟ་བུ། །འགྲན་ཟླ་མེད་པ་ཁྱོད་ལ་ཕྱག་འཚལ། །བཞིན་བཟང་ལམ་དུ་ཞུགས་པའི་དུས་དེར། ཁྱོད་ལ་གསེལ་བ་བཏབ་ནས་ཕྱིན་ན། །དགྲ་རྐུན་ཉེས་པ་མཛའ་དག་མི་འབྱུང།། ་སྐྱབས་གནས་བཟང་མོ་ཁྱོད་ལ་ཕྱག་འཚལ། །ཡུད་ཙམ་མོས་པ་བྱས་པ་ངེས་ནི། །འབྲས་བུ་ཅི་བསམ་འགྲུབ་པའི་རྒྱུར་འགྱུར། །འདོད་པའི་རེ་བ་སྒོང་དང་མཛད་མ། །ཡིད་བཞིན་ནོར་འདྲ་ཁྱོད་ལ་ཕྱག་འཚལ། །འགྲོ ་པོ་ཆེའི་འདུ་ཕྱེད་གཏོང་བའི། །དུས་དེར་མཚན་མཆོག་ཏ་ར་ཐོས་པས། །དེས་ནི་སྲིད་པ་ཧྲུལ་པོར་བྱེད་འགྱུར། །འཁོར་བ་དག་པར་མཛད་ལ་ཕྱག་འཚལ། །འགྲོ་མགོན་ཁྱོད་ལ་བསྐྱབས་པའི་མི་དེ། །གཉེན་བཤེས་རྣམས ་ཀྱིས་སྤང་བར་གྱུར་ཀྱང། །ཡ་རབ་གོང་མ་རྣམས་ཀྱིས་ཁུར་འགྱུར། །སྣང་བ་ཁུལ་བར་མཛད་ལ་ཕྱག་འཚལ། །ཧུ་ལུ་ཧུ་ལུ་ཏ་ར་ཞེས་པའི། །ཚིག་དེ་བརྗོད་པ་ཙམ་གྱིས་ཀྱན་ནི། །མཁའ་ལ་སྤྱོད་པའི་གནས ་སུ་སྐྱེ་འགྱུར། །ངོ་མཚར་བླ་ན་མེད་ལ་ཕྱག་འཚལ། །གང་གིས་མུ་ཏིག་ཕྲེང་བའི་བསྟོད་པ། །འདི་བརྗོད་ཡོན་ཏན་བསམ་གྱིས་མི་ཁྱབ། །སྦྱར་དུག་ལ་སོགས་འཁྲུལ་འཁོར་མི་ཚུགས། །འཇིགས་པ་མ་ལུས་ཀུན་ལས་སྐྱོབ ་གྱུར། །དུད་འགྲོའི་རྣ་བར་ཐོས་པས་ཀྱན་གནི། །བསོད་ནམས་དེ་ཡིས་བདེ་འགྲོའི་ལུས་འཐོབ། །འཁོར་ལོ་བསྒྱུར་རྒྱལ་བྲན་བཞིན་བཀའ་ཉན། །ཅི་བསམ་པ་ནི་རྟག་ཏུ་འགྲུབ་འགྱུར། །ལན་གྲངས་ཉི་ཤུ་རྩ་གཅིག ་བརྗོད་ན། །དུས་མིན་འཆི་དང་ནང་རྣམས་ཕྱིར་སོལ། །འདི་ནི་འདུ་བ་འཛོམས་པའི་སྨན་ཡིན། །རྒྱལ་པོའི་ཆད་པ་ལས་ནི་གྲོལ་འགྱུར། །རྒྱུད་ལ་ཡོན་ཏན་སྣ་ཚོགས་འཆར་ཞིང། །དེ་ཡི་ཉམས་ལེན་རྐྱེན་ཁར་མི་འཚར། ། ་བྱང་ཆུབ་ལམ་ནས་ལམ་མཛའ་མི་ལྡོག་།ད་ཡི་བསྒྲུབ་པ་མཛའ་རུ་ཕྱིན་འགྱུར། །དྲི་མ་མང་པའི་སྙིང་པོའི་དོན་མཆོག་།བཏོན་པས་རྒྱུད་ལ་སྐྱེ་བར་བྱེད་དེ། །ཏིང་ངེ་འཛིན་སྟོང་ཕྲག་བརྒྱད་ཅུའི་སྒོལ་བྱེད། །སྲིད་པའི་དྲ ་པ་བཅོམ་ནས་འཚང་རྒྱ། །ལྷ་མོ་ཁྱོད་ལ་མུ་ཏིག་ཕྲེང་བས། །བསྟོད་པའི་བསོད་ནམས་ཟླ་བ་རྒྱས་འདྲ། །འགྲོ་རྣམས་སྙིང་གི་མུན་པ་སེལ་ནས། །ཡེ་ཤེས་སྣང་བཤད་བར་ཤོག་ཅིག་།མུ་ཏིག་ཕྲེང་པའི་བསྟོད་པ་ཞེས་བྱ་བ། ། ་འཕགས་མ་སྒྲོལ་མ་ལོ་རིག་པའི་གནས་རྣམ་པ་ལྔ་ལ་མ་རྨོངས་པ་སྙན་དག་མཁན་པོ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུ། །སློབ་དཔོན་ཆེན་པོ་ཅན་?་གོ་མི་འམ་འཆི་མེད་ཟླ་བ་ཞེས་བྱ་བས་བསྟོད་པ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་ཏི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་བོད་ཀྱི་བན་དྷེ་སྒྲ་བསྒྱུར་གྱི་ལོཙྪ་པ་ནག་ཙོ་ཚུལ་ཁྲིམས་རྒྱལ་པས་བི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕག་པའོ།། ་