| Wylie | e-texts based on the ACIP/ALL Input |
བསྡུངས?་ཏེ་སོང། །འོག་མིན་གནས་ག་སོང་ན་ལས་བསམ་ཡད་བསམ་ལ་འགྲེ?་བདག་པར་འགྱུར་གསུང་ངོ།། །དྲོངས་དུ་ཆུ་དང་སླུག?་གོ་།གཞན་དུ་མིན། སྐད་ཅིག་བདུན་ཚིགས་ཀྱི་ཆོ་ག་རྫོགས་སོ།། །།རྒྱ་གར་སྐད་དུ། ཙཱི་ཏ་བ་ཏི། བོད་སྐད་དུ། ་མ་འོངས་དེ་རྣམས་བསྡུན?་ནས་ཞོང་པར་བསམ་ཚ་ཚའི་ཆོ་ག་རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོར་སྔགས་པས་ཆོས་དངོས་པོ་ཐམས་ཅད་འདི་འདྲ་བ་ངན་བདུན་ནད་བདུན་གྱི་བར་དུ་བྱའོ།?་རྟེན་དུས་པ་ལ་རྟེན་ནས་ཚོགས་ཁྱད་པར་ཅན་བསགས་པའི་ཕྱིར་ཚ་ཚའི?་སྟན་ཏེ། བདག་མེད་པར ་བསྒོམ་ལ། །དེ་ནས་ཚད་མེད་པའི་རྣལ་འབྱོར་དུ་བྱའོ། ?་།དེ་ནས་སྲོག་ཆགས་དད་མི་གཙང་བ་སྤངས་པའི་འཇིམ?་པའོ་ཚོགས་ལ། བླ་རྩི་དང། ཨ་ཀ་རུ་དང། དུ་རུ་ཀ་དང། གུར་གུཾ་ལ ་སོགས་པའི་དྲི་ཞིམ་སྟོང་ཉིད་དུ་པོས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་ཡིད་ལ་བྱ་བྲན་པ་དང། ཀ་སྐྱེས་འཇིམ་པ་སྤྲུ་བ་བུ་བདག་ཉིད་འདོད་པའི་ལྷའི་ང་རྒྱལ་གྱིས། གནས་ཏེ། སརྦ་ཀ་རི་ཧཱུཾ་ཞེས་པའི་སྔགས་ཀྱིས། སྐྱོན་གྱི་རིམ་པ་རྣམ ་པར་དག་པར་བསམ་ཞིང། ?་སརྦ་སི་ཏི་ཧཱུཾ་ཞེས་བྱ་བས། འཇིམ་པའི་ཚོགས་དེ་དག་ཀྱང། ཇི་ལྟར་གསེར་སྤྱད་བ་འགྱུར་གྱི་རྩི་ལྟར། གད་མོས་ཀྱི་རིན་པོ་ཆེའི་རང་བཞིན་བཞིན་ག་ཡི། གསེར་དང། མན་ཤེལ་ས་མི་གཙང་བ་ལ་སོགས་པ ་དང། པདྨ་ར་ག་དང། བེ་དུརྱ་དང། བྱིན་གྱིས་རླབས་པ་ཨིན་ཏྲ་ནི་ལའི་རྣམ་པར་བསྒོམ་མོ། །དེ་ནས་གཞི་གནས་དང། ལྷག་མཐོང་གི་ལག་པ་གཉིས། འབྱི་འབྱི་བྱ་ཞིང། སྔགས་འདིས་བྱིན་གྱིས་རླབ་པར་བྱའོ། །འོཾ ་སརྦ་ཏ་ཐཱ་ག་ཏ་ཙི་ན་ཏ་མ་ཎ་ཡE་སྭཱཧཱ། ཞེས་བཟླས་ཤིང། སྐོལ་པོར་ཡི་གེ་ཁམ་གིས་བྱིན་གྱིས་གཡོན་བརླབས་གཡས་པའི་ནང་དུ་བཅུག་ཀྱིས་འབྱི་འབྱི་བྱ་ཞིང་བརྟག་པ་དང་བཞུགས་སུ་གསོལ་བ་ལ། བཛྲ་མུ་ཅེས་པས་རྡུངས་པའི་དུས ་སུ་སེམས་ཅན་གྱི་དོན་ལ་སྐུལ་ཞིང། དྷརྨ་དྷ་ཏུ་ག་བྷ་ཨ། ཅེས་རིན་པོ་ཆེ་པས་སྐོལ་ཕོར་ནས་ཕྱུང་ལ། སྔགས་འདིས་བཞུགས་སུ་གསོལ་བར་བྱ་སྟེ། ཨའོཾ་ན་མོ་ཤྲEེ་ཡ་དྷ་དྷེ། སརྦ་ཏ་ཐཱ་ག་ཏ། ཧྲི་ད་ཡ། འདིར་མ་བཞུགས་པར་དོན་མཛད་གཅིག་པའོ།། ་གར་རྦེ་ཛཝ་ལ། ཡ་ག་ག་ར། མ་ས། ཨ་ཡུ་སཾ་ཤོ་དྱ?་?་མི། ས་དྲ་པཱ་པི། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། ཨུ་ཥཱི?་ཥ། བི་མལ་བི་ཤུང་དྷེ། ཧཱུཾ་ཧཱུཾ་ཧཱུཾ་ཨཾ་བཾ་སཾ་ཛཾ་སྭཱ་ཧཱ། ཞེས་པའི་སྔགས་བརྗོད་པས་སྔགས་པས་འོད་བྱུང་མཆོད་པ་ཕོག་པ་ལས་སམ་ཏིས་ཀྱི་འོད་ཟེར ་གྱིས་མཆོད་རྟེན་སྐུལ་བས། མཆོད་རྟེན་ལ་སངས་རྒྱས་ཀྱི་སྐུ་ཉི་ཟེར་གྱི་རྡུལ་དང། འདྲ་བ་བཅུག་ནས་སླར་དེ་ལྟར་མཉམ་པ་ལས་བཞེངས་པའི་ཚུལ་གྱིས་སྐུ་རྣམས་བྱུང་ནས། འོད་ཟེར་ཁ་དོག་ཉི་ཤུ་རྩ་ལྔ་འཕྲོས་པས། བདག་གི་ཕུང་པོ ་ལ་ཕོག་པས་རྣམ་པར་རྟོག་པ་ས་འོད་ཟེར་འཕྲོས་པས་མ་ལུས་པའི་ཚོགས་སྲེགས་པར་བསམ་མོ། །དེ་ནས་ཡང་སངས་རྒྱས་རེ་རེས་ཀྱང། །སྐལ་པ་ཆེན་པོའི་བར་དུ་འགྲོ་བའི་དོན་མཛད་པར་གསོལ་བ་བཏབ་པའི་སུས་ཀྱང་མི་འགལ་པས། རབ་ཏུ་གནས ་པ་བྱ་སྟེ། ཡེ་དྷརྨ་ཧེ་ཏུ་པྲ་བྷ་པཱ། ཧེ་ཏུན་ཏེ་ཥན་ཏ་ཐཱ་ག་ཏོ། ཧཡ་བ་དང་ཏེ་ཥཉ་ཙ་ཡོ་ནི་རོ་དྷ་ཨའེ་བཾ་བཱ་དྷི། སྔགས་འདིས་ཀྱང་བྱང་གཏུབ་མཧཱ་ཤྲ་མ་ཎ(རྒྱུད་འགྲེལ་སྐལ་པ་ཆེན་པོའི་བར་དུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་བར་བྱའོ། །ཚ་ཚྭའི་ཆོ་ག་།སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་བདག་གཞན་གཉིས་གའི་དོན། རྫོགས་སོ། །མཆོད་རྟེན་བསྡུ་ཞིང་འཕྲོ་བའི་བུདྷ་དེ་རྣམས་ལ ་གསང་དེ། །དགེ་བཤེས་སྤྲང་?་བྱ་ཡུལ་བའི། །རྒྱ་གར་གྱི་མཁན་པོ་ཏི་པཾ་ཀ་ར་ཤྲི་ཛྙ་ན་དང། དྲོད?་ཀྱི་ལོ་ཚ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ཊིི?། ཏི་པཾ་ཀ་རའི་སྔགས་ལུགས་བཅུ་གསུམ ་པ་འོད་།།ཀུན་ལ་ཡོད་ན་ངོ་མཚར་ཆེ། །བཅུ་གསུམ་ནི། སྔགས་ཀྱི་དོན་ལ་འཇུག་པ། །དབང་བསྐུར་པ། དམ་ཚིག་སྤས་པ། །གཞལ་ཡས་ཁང་སྦྱིན་པ། ཆུ་གཏོར། སྦྱིན་བསྲེག་།ལྷ་མཆོད་པ། ཚེ་སྒྲུབ་པ། འཆི་བ་སླུ་བ། འཆི ་ཀ་མའི་བསྟན་ཆོས། བོ་བསྲེག་པ། བདུན་ཆིགས། ཚ་ཚ་གདབ་པ་དང་བཅུ་གསུམ་མོ། ། ཏི་ཤའི་སྔགས་ཀྱི། ཆོས་ཆེན་བཅུ་གསུམ་འདི་དག་ལ། །བདག་གིས་འཆན་གཏབ་པའི་བསོད་ནམས་ཀྱིས། །མྱུར་དུ་བྱང་ཆུབ་ཐོབ ་པར་ཤོག། ཨཐི?་།ལྷ་མོ་སྒྲོལ་མ་ལ་བསྟོད་པ་མུ་ཏིག་ཕྲད་བ་ཞེས་བྱ་བ་བཞུགས་སོ།། །།རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་དེ་བི་སྟོད་ཏྲ་གུ་ལུ་ཏ་མ་ལས་དྷ་ནཱ་མ། བོད་སྐད་དུ། འཕགས་མ་ལྷ་མོ་སྒྲོལ་མ་ལ་བསྟོད་པ་མུ་ཏིག ་