| Wylie | e-texts based on the ACIP/ALL Input |
ཏྲ་མ་ཧཱ་སྭ་མིའི་ཞལ་མངའ་ནས་མཛད་དེ། རང་འགྱུར་དུ་བསྒྱུར་བའོ།། །།སྒྲོལ་མ་དམར་མོའི་སྒྲུབ་ཐབས་རྡོ་རྗེ་གདན་པས་མཛད་པ་གཞུགས་སོ།། །།རྒྱ་གར་སྐད་དུ། སྟཾ་དཱ་ར་ཝ་ཤཾ་བི་དྷི་ན་ཙཀྲ་ནཱ ་མ། བོད་སྐད་དུ། སྒྲོལ་མ་དམར་མོས་འགྲོ་བ་དབང་དུ་བསྡུ་བའི་འཁོར་ལོའི་ཆོ་ག་ཞེས་བྱ་བ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་རྣལ་འབྱོར་པས། ག་བུར་དང། གུར་གུམ་དང། ་གླ་རྩི་དང། རྩན་དན་རྣམས་ཀྱིས་གྲོ་ག་ལ་ཨུཏཔལ་འདབ་མ་སུམ་ཅུ་རྩ་གཉིས་པ་བྲིས་ལ། འདབ་མ་རེ་རེ་ལའང་སྔགས་འདི་དག་ཆོས་བརྒྱད་ལ་བྲི་བར་བྱའོ། །ོཾ་ཏཱ་རེ་ཏུཏྟཱར་ཏུ་རེ་སཾ་ཏཱ་ར་ཏཱ་རེ་ཎི་ཧྲི(རྒྱུད་འགྲེལ་བ་དང་བཅས་པར་རོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་ཝ་ཤི་ཀུ་རུ་པཾ་ཏཱ་ད་ཏཱ་དེ་ཎི་ཧྲཱི(རྒྱུད་འགྲེལ་དྲིལ་བ་སྲད་བུ་དམར་པོས་དཀྲིས་ཤིང། སའི་མཆོད་རྟེན་ཁྲུ་གང་བའི་ནང་དུ་གཞུག་པར་བྱའོ། །གདུགས་ཀྱིས་དཀྱིལ་འཁོར་མ་རེག་པའི་སའི་མཎྜལ་ལ་སིནདྷུ་རའམ། འཚལ་ལ་སོགས་པ་སྦགས་པར་བྱའོ། །དང་མཆོད ་རྟེན་བཞག་པར་བྱའོ། །མེ་ཏོག་ཨ་ཤོ་ཀ་ལ་སོགས་པ་འམ། མེ་ཏོག་ལྕགས་ཀྱུ་ཅན་གྱིས་སམ། མེད་ན་མེ་ཏོག་དང་པོ་གང་རུང་གིས་དུས་གསུམ་དུ་ཡང་དག་པར་མཆོད་ནས། སྔོན་དུ་གསུངས་པའི་སྔགས་དང། ་སྒྲུབ་བྱའི་མིང་སྤེལ་དང་བཅས་པ་བརྒྱད་ལྷག་པ་བརྒྱ་རབ་ཏུ་བཟླས་སོ། །དེ་ལྟར་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་སྒྲུབ་པར་བྱས་ན། འཁོར་ལོས་བསྒྱུར་བ་ཡང་ངེས་པར་དབང་དུ་འདུ་བར་འགྱུར་ན་གཞན་ལྟ་ཅི་ཞིག་སྨོས། ་གལ་ཏེ་འགྲུབ་པར་མ་གྱུར་ན། སེང་ལྡེང་དམར་པོའི་མེ་ལ་འཁོར་ལོ་བདུགས་ན། ཐེ་ཚོམ་མེད་པར་འགྲུབ་པར་འགྱུར་རོ། །སྒྲོལ་མ་དམར་མོས་འགྲོ་བ་དབང་དུ་བྱ་བའི་འཁོར་ལོའི་ཆོ་གའོ། །དེའི་སྒྲུབ་ཐབས་གསུངས་པ ་ཚོགས་གཉིས་ཀྱིས་སྦྱོར་བ་སྔོན་དུ་བཏང་བར་བྱའ། །དེ་ནས་པད་མ་དམར་པོ་དང་ཟླ་བ་དམར་པོའི་སྟེང་དུ་ཨུཏཔལ་དམར་པོའི་གེ་སར་ལ་ཧྲཱི(རྒྱུད་འགྲེལ་ཕྱག་གཉིས་མ། སྤྱན་གསུམ་མ་གཡས་པ་ལྕགས་ཀྱུ་དང། ཅིག་བཤོས་ཀྱིས་ཨུཏཔ་ལས་མཚན་པའི་ཞགས་པ་འཛིན་པ། བརྒྱད་གཉིས་ལོན་པའི་ན་ཚོད་དང་ལྡན་པ། དཔའ་མའི་ཆ་བྱད་དང་ལྡན་པ། རྒྱན་སྣ་ཚོགས ་བས་བརྒྱན་པ། སེམས་དཔའ་ཨི་སྐྱིལ་ཀྲུང་དུ་གནས་པ། འོད་དཔག་ཏུ་མེད་པའི་ཅོད་པན་ཅན་དུ་བསམ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏུ་རེ་ས་ཏཱ་ར་ཏཱ་རེ་ཎི་ཧྲཱི(རྒྱུད་འགྲེལ་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་རང་གི་སྙིང་ག་ནས་འཕྲོས་པས་སྒྲུབ་བྱ་གང་དབང་དུ་བྱ་བའི་སྙིང་ག་ལ་སོགས་པར་ལྕགས་ཀྱུས་གཟུང་སྟེ། ཨུཏཔ་ལས་ཞགས་པས་མགུལ་པ་ནས་བཅིངས་ཤིང་བཀུག་པ་དེ་ཉིད་འོད་དུ་ཞུ་ནས་རང ་གི་ཐུགས་ཀར་ཐིམ་པར་བསམ་ལ་།སྔགས་བཟླས་པར་བྱའོ། །བཟླས་པའི་མན་ངག་སྒྲོལ་མ་དམར་མོས་འགྲོ་བ་དབང་དུ་བསྡུད་པའི་མན་ངག་འཁོར་ལོ་དང་བཅས་པ་རྡོ་རྗེ་གདན་པ་བསོད་སྙོམས་པས་མཛད་པ་རྫོགས་སོ། ་རྒྱལ་པོ་ཟ་ཞེས་བྱ་བ་ཞིག་གསང་སྔགས་ཀྱི་ཐེག་པ་བཀའ་མ་ཡིན་ཟེར་བས། དེའི་ལོག་རྟོགས་དགག་པའི་ཆོད་དུ་མཛད་པའོ། །ཏི་པཾ་ཀ་རའི་སྔགས་ལུགས་བཅུ་གསུམ་བཞུགས་པ་ལགས་ཤོ། །རྒྱ་གར་སྐད་དུ། མན་ཏྲ་ཡ་ད་ར། ་