| Wylie | e-texts based on the ACIP/ALL Input |
བདག་གིས་ཞུས། །སློབ་དང་པོན་བྱང?་ཐད་བའི་ཞབས་པར་ཞུས། མར་དག་དང་བཅས་སེམས་ཀྱི་ཡོངས་སུ་ཆུག་གཞན་ཀྱི་གཞུང་?་བཙལ་ནས་ཤེས་ཟེར་པའི། མན?་ངག?་མེད་པ་རྣམས་དང་འདྲ་བ་ཡིན། །ཅོད?་རྗོད། *། །གསུམ་པོའི་ཕྱིར་བཟློག་བཞུགས་སོ།། རུ་ཏྲི་ནི།། ་རྒྱ་གར་སྐད་དུ། བཛྲ་ཙན་དྷ་ན་རྐན་པོ་ཙ་ཀྲ་ན་མ། བོད་སྐད་དུ། སློབ་དཔོན་གཟའེ་པས། རྡོ་རྗེ་གཏུམ་པོའི་སྒོ་ནས་ཕྱིར་བཟློག་པའི་འཁོར་ལོ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་གསུམ་པོ་ལ་ཕྱག་འཚལ་ལོ། །ཀླུ་དང་བདུད་དང། ་ཁུངས་བདུན་གཤིན་མཚན་སྦྱར་རྗེ་དང། མ་མོ་ལོ་ཙ་བའི་དྲིན་དང། མགན་པོ་དང། རྒྱལ་པོ་དང། གནོད་སྦྱིན་དང། བཙན་དང། དེ་ལ་སོགས་པའི་ཕས་ཀྱི་གནོད་པ་ངན་སྔགས་དང། རྦོད་གཏོད་དང། བསམ ་སྦྱོར་ངན་པ་སཾ་ཏྲི་ནི་ཐམས་ཅད་དང། །མ་ཧྲིན་བདག་ལ་གནོད་ཀ་ཧྲི་ནི་ཧ་དྲི་ཟེར་ཧྲི་ཧྲི་ནི་ལར་ཧྲི་ནི་པའི་ལྷ་མ་སྲིན་སྡེ་བརྒྱད་ཙ་ཏྲི་ནི་གཟུགས་ཐམས་ཅད་ཤོག་བུ་འམ་རོ་རས་ལ་འཁོར་ལོ་རྩི་བས་དྲུག་པ་བཞིན་བྲི། ་དེའི་ཁ་ནས་ལྕེ་ཕྱིར་དྲངས་ལ་འཁོར་ལོའི་ལྟེ་བར་ལྕེའི་སྟེང་དུ་ལིང་ཀའི་ཁར་རྡོ་རྗེ་རྒྱ་གྲམ་བྲི། དེའི་ལྟེ་བར། ཀ་ཡ་བཀ་ཙི་ཏ། སྟཾ་པ་ཡ་ནན་ཛ་ཞེས་པ་བྲི། གང་གི་མིང་རུས་ཀྱང། ཡན་ལག་དྲུག་ལ་བྲི། །དེ་ལ་དགུག ་གཞུག་བྱ། །གུ་གུལ་ལ་སོགས་མི་མཐུན་པའི་རྫས་ཀྱི་དུད་པས་གདུགས། །རྨི་ལག་དུ་གང་ལྕེ་དཀྱིལ་དུ་ལུས་ངག་ཡིད་ལྷ་དང་དབྱེ། གནན་པ་རང་ཉིད་ན་ཤལ་གཟིར་ལྷའི་ཏིང་ངེ་འཛིན་དུ་ཞུགས་ལ། ཁྲོ་བོ་བཅུ་ཡི་ཕྱོགས་བཅུ ་ནས་དོན་པོ་བཀུག་ལ་ལིང་ཀ་ལ་སྟིམས་ཏེ། བརྒྱད་སྔགས་འདི་ལན་གསུཾ་གྱི། སྤྲུལ་པ་ཨོཾ་བཛྲ་རྡོ་རྗེ་ཁྲོ་བོ་བཅུས་གནས་ནས་དགུག་པ་ཀྲོ་ཧ་སརྦ་ཤ་ཧྲུཾ་ག་རྫ། ཧཾ་ན་ཧ་ཧཾ། པཾ་ཙ་བན་དྷ། རྡོ་རྗེ་གཏུམ་བའི་ཧུ་ལི་ཧི་ས་སྟེ། ཚན་དྷ་བིན་དྷི། ་སཕོ་ཏ་ཡ་ཧཱུཾ་ཕ་ཊཾ། ཅེས་པས་སྤྲོས་ལ་ཨོཾ་བཛྲ་ཨ་གུ་ཤ་ཛ། བཛྲ་པ་ཤ་ཧཱུཾ། བཛྲ་སཕོ་ཏ་བཾ། བཛ་པ་ཤ་ཧོ། ཅས་པས་དགུག་།གཞུག་ཅིང་དབང་དུ་བྱ། །དེ་ནས་ཕུར་པ་གནས་སྔར་གདབ་པ་ནི། སྟོང་ཁྲོ་བོ་ལ་སྨད་ཕུར་པའི ་དཔལ་སོ་མལ་ནས་བརྟོན་མ་ཐོག་ལྷ་ལྕགས་ཀྱུ་བུར་བསྐྱེད་ལ། ཞགས་པ་སྔགས་ལྕགས་སྒྲོག་དྲིལ་བུ་འདིས་གདབ། ཨོཾ་བཛྲ་ཙན་དྷ་མ་ཧ་རོ་ཤ་ན་ཧཱུཾ། ཨ་མུ་ལ་ཕྱེ་ཤི་ཀྲཾ་ཀི་ལ་ཡ་ཤཏཾ་ཕ་ཧཱུཾ་ཕཊ། གཏུམ་པོ་པ་ཧཾ་སྟཾ་པ ་ཡ་ཀི་ལ་དམར་པོ་ཡ་ཧཱུཾ་ཕཊ། མུ་ཀ་སྟཾ་པ་ཡ་ཀི་ལ་ཡ་ཧཱུཾ། ཀ་ཏི་སྟཾ་པ་ཡི་ཀེ་ལ་ཡ་ཧཱུཾ་ཕཊ། ཧྲི་དང་སྟཾ་པ་ཡ་ཀི་ལ་ཡ་རྩ་སྔགས་ཧཱུཾ་ཕཊ། ཅེས་པས་དགྲ་བགགས་དཔྲལ་བར་བརྡབ་ཕུར་པ་གདབ། ལྕགས་ཀྱི་འཁོར་ལོ ་མགྲིན་པར་གདབ་དང། ཟངས་དང། དངུལ་སྙིང་གར་གདབ་དང། གསེར་གྱི་སྟེ་བར་གདབ་འཁོར་ལོས་ལྕེའི་འོག་གསང་བར་གདབ་དང་སྟེང་དུ་གནན་པར་བསམ་ལ། ཨོཾ་རཏན་པན་ཙ་ཙཀྲ་ཀ་ཡ་སྟཾ་པ་ནན། བག་སྟཾ་པ་ནན། ་ཙིཏ་སྟཾ་པ་ནན། ཞེས་ཙཀྲ་བརྗོད་ལ། ཙེཀྟ་གནན་ཏེ་ལྕར་ལ་གདབ་པར་བསམ། གཟིར་གནན་དྲག་ཏུ་ཙཀྲ་བཞི་བྱས་ལ། བསྒྲུབ་པ་སྤྱི་དྲིལ་གྱི་ཙཀྲ་བཞི་སྔགས་རིན་པོ་ཆེ་ལྔ?་བཟླས་འཁོར་ལོ་ལུས་ལ་ཐུན། དག། བརྡེག་།དེ ་ཡིད། གན་སྐྱལ་དུ་དོད་གྲུ་གསུམ་དུ་གཞུག་།གནས་ལྔ་སྟེང་འོག་བར་དུར་དྲག་སྔགས་ཀྱིས་དང། དཀྱིལ་དུ་ཕུར་པ་གདབ། ཧཱུཾ་ཧཱུཾ་ཧྲིལ་ཧྲི་དེའི་ཁར་ལྔ?་དོ?་གཡམ་ལ་མཚལ་ཆེན་གྱིས་ཉུངས་དཀར་ཁྲག་དུག་རྡོ་རྗེ་རྒྱ་གྲམ་དང། གླིང ་བཞི་རི་རབ་དང་བཅས་པ་བྲིས་ལིང་ཀ་ལ་ཁ་བཅད། གསང་བ་ལ་སོགས་པ་ལྔ་རང་གི་མལ་འོག་གམ། རྡས་ཁ་སྨྲ་བྱེད་ཀྱི་འམ་གནན་པ་གང་རུང་དུ་གང་རུང་བར་གནན་ལ། དེ་ནས་ནང་ནུབ་དང། དུས་གཉན་ལ་སྔགས་འདི ་བཟླས་ཏེ་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་ཙམ་བཟླས་ལ་དམིགས་པ་དེ་ལ་གཟུང། ཨོཾ་བཛྲ་ཙན་དྷ་མ་ཧ་རོ་ཤ་ན་ཧཱུཾ་ཕཊ། ཀི་ལ་ཡ་ཧཱུཾ་བྷ་ཤཊ་ཡ། བྷ་ཤཊ་ཡ། ལོ་ག་རུ་པ། ་བྷ་ཤཊ་ཡ་ཧཱུཾ་ཕཊ། པྲ་ཏང་ཀི་ར་བྷཡོ་བྷཡོ། བཟློག་བཟློག་།ནང་ནུབ་ཉི་ཤུ་རྩ་རེ་དང། དུས་ལ་བརྒྱ་རྩ་བརྒྱད་དུ་བཟླས། བདག་གཞན་དུ་འགྲོ་ན་དེའི་སྟེང་དུ་ལྷན་ཅིག་བཞག་།པྲི ་ཐབས་ཞལ་དུ་བཟློག་པའི་སྔགས་རྦད?་གཏོང་དྲིས། ཁོའི་ཡུལ་དེའི་ཕོ་ལྷ་མི་དགའ་ན། ཡུལ་ལྷ་རྟན་ནམ་རིག་མཐོ་བ་ནས། རྡོ་དཀར་པོ་བླངས་ལ། འབྲང་རྒྱས་དང། གསང ་ལུག་དང། བཤོས་བུ་ཆང་ཕུད་དང་བཅས་པས་འགྲ་བའི་ལྷ་མཆོད་ལ། བདེན་ཁོའི་པ་བརྡར་རོ། །དཔལ་རྡོ་རྗེ་གཏུམ་པོའི་སྒོ་ནས་རྦོད་གཏོང་མཆོད་རྫས་ཕྱིར་བཟློག ་པའི་འཁོར་ལོ། །སློབ་མཁར་ཐབས་ལ་སོགས་པའི་དཔོན་ལས་ཀྱི་རྡོ་རྗེས་མཛད་པ་རྫོགས་སོ། །དངོས་སུ་བྱ་བ་དང་ཏིང་ངེ་འཛིན་གྱི་བྱ་བ་རྣམས་གཉིས་སོ། །རྒྱ་གར་མུ་སྟེགས་པའི་མཐུ ་བཟློག་པའི་དོན་དུ་མཛད་པའོ་གསུང། བླ་མ་ཝ་ལ་ཙན་དྲས། རྗེ་རས་ཆུང་བ་ལ་གནང་བའོ། །མགོ་དང། གཤེན་དང། རས་པ་དང། སུ་ག་བཛྲ་བདག་ལས ་བརྒྱུད་གསུང་ངོ། །འདི་ལག་ལེན་ཅིག་ཡོད་སེམ་མོ།། ཨཋིི?།། ཨོཾ་བཛྲ་སརྦ་སྟེ་ན་ཡེ། ཏྲི་ག་ནན། ཧུར་ཐུམས་ཛ། མ་ར་ཡ་རྦད།། །། [དྲ:] ་