| Wylie | e-texts based on the ACIP/ALL Input |
ལྡན་པའི་བླ་མ་ལ། །སྙིང་རྗེ་ལྡན་ཞིང་ཤེས་རབ་ཆེ། །བཟོད་ལྡན་བརྩོན་འགྲུས་དང་པས་བརྒྱན། །སྐྱབས་འགྲོ་སེམས་བསྐྱེད་དབང་ཐོབ་ཅིང། །དམ་ཚིག་སྡོམ་པ་ལྡན་པ་ཡི། །དབེན་ཞིང་ཉམས་དགའ་ཡིད་བདེ་དང། །བཀྲ་ཤིས ་དཔལ་འཕེལ་དབང་དབང་འཛིན། །བུར?་ཁྲོད་ཆེན་པོ་འཇིགས་པའི་གནས། །རི་གསུམ་རྩེ་འམ་བྲག་གི་འོག་།ཁྲ་བོའི་ཆ་བྱང་འདྲ་བའི་གནས། །དེར་ནི་གསང་བདག་སྒྲུབ་པར་བྱ། །སྒྲུབ་པའི་མཐུན་རྐྱེན་བསགས་བྱས་ནས། །དེར་ནི་བཀོད ་བ་བཤམ་བྱས་ནས། །བདེ་བའི་སྟན་ལ་འདུག་ནས་ནི། །སྐྱབས་འགྲོ་དང་ནི་སེམས་བསྐྱེད་བྱ། །བླ་མའི་རྣལ་འབྱོར་སྒོམ་ནས་ནི། །ོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོཉ་ཧཾ། །སྔགས་འདི་ལན་གསུམ་བརྗོད་པ་ཡིས། །གཟུང་འཛིན ་སྣོད?་བཅུད་ཆོས་རྣམས་ཀུན། །བར་སྣང་གང་བའི་དཀྱིལ་ལྟ་སྒོམ། །དེ་ནས་ཧཱུཾ་ཞེས་བརྗོད་པ་ཡིས། །སེམས་ཉིད་ཡི་གེ་ཧཱུཾ་མཐིང་ནག་།བཛྲ་བརྗོད་པས་རྡོ་རྗེར་གྱུར། །ོཾ་བཛྲ་ས་མ་ཡསྟཝཾ། །དེ་སྐད་ལན་གསུམ་བརྗོད་པ་ཡིས། །མཐུ་སྟོབས ་ཕྱག་ན་རྡོ་རྗེ་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་གནམ་ལྕགས་རྡོ་རྗེ་བསྣམས། །གཡོན་པ་སྡིགས་འཛུབ་ཞགས་པ་བསྣམས། །སྲིད་གསུམ་སྐུ་ཡི་ཁྱོན་དུ་རྫོགས། །ཀླུ་འབུམ་གཉན་ཁྲིས་བདག་སྟོད། །ཉི་ཟླ་པདྨའི ་གདན་སྟེངས་ན། །གཡས་སྐུ་མ་གཡོན་བརྐྱང་གར་གྱིས་བཞུགས། །དུག་ལྔ་འཇོམས་པའི་ཡེ་ཤེས་ཀྱིས། །མེ་དཔུང་འབར་བའི་ཀློང་དཀྱིལ་ན། །ཡེ་ཤེས་སྐུ་མཆོག་རྔམ་པའི་ཚུལ། །རལ་པ་ཁམ་ནག་གྱེན་དུ་འཁྱིལ། །རྨར?་སྨིན་མ ་མེ་ལྟར་འབར། །ཐུགས་རྗེས་སྤྱན་གསུམ་ཕྱོགས་བཅུར་གཟིགས། །མཆེ་རྩིགས་སྔགས་ཀྱི་འབྲུག་སྒྲ་སྒྲོགས། །ཁྲོ་རྒྱལ་སྣ་ཚོགས་སྐུ་ལ་འཕྲོ། །ཁྱུད་ཆེན་རིགས་ལྔ་ཕོ་ཉར་འགྱེད། །གདུག་པ་མ་ལུས་འདུལ་བར་བྱེད། །ཐོད་པ་རིན་ཆེན ་རྒྱན་གྱིས་བརྒྱན། །དབུལ་ནོར་རྒྱས་དུད་སྐྱོད་པར། །སྙན་ལ་དགའ་བོ་ཉེར་དགའ་དམར། །གསུངས?་པར་?་ཆུ་ལྷ་དཀར། །སེ་རལ་འདབ་བཟངས་རིགས་ལྡན་?་།སྐུ་གདུང?་ཐུགས་ནི་བྱིན་གྱིས་བརླབ། ། ་ཐུགས?་ཁའི་ཧཱུཾ་གི་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །དབང་ནི་བསྐུར་ལ་མི་བསྐྱོད་བསམ། །ཛ:ཧཱུཾ་བཾ་ཧོ:?་གསང་སྔགས་ཀྱིས། །དགུག་གཞུག་དབྱེར་མེད་མཉེས་པར་བྱ། །ཐུགས་ཀར་ཉི་ཟླའི་དབུས་སུ་ཧཱུཾ། ། ་ཧཱུཾ་ལས་འོད་འབྲོས་སེམས་ཅན་རྣམས། །གྲོལ་བར་བྱས་ནས་བདག་ལ་བསྡུ། །རྡོ་རྗེ་སྲིན་པོའི་ཁུ་ཚུར་བསྟན། །རཾ་རཾ་གཉིས་ཀྱིས་མི་སྦར་ནས། །དགྲ་བགེགས་ནད་དང་སྒྲིབ་པ་རྣམས། །ཐམས་ཅད་མ་ལུས་བསྲེག་པར་བསམ། །མཧཱ? ་རི་ཥ་ན་ཨེ་རཾ་ཕཊ་ཕཊ། །ཁྲོ་རྒྱལ་སྣ་ཚོགས་མཚོན་ཆ་ཐོགས། །ཡེ་ཤེས་མེ་དཔུང་ཕྱོགས་བཅུར་འཕྲོ། །ལྷ་ཡི་སྐུ་ནི་སྒོམ་པ་ཡིས། །བསོད་ནམས་ཚོགས་ནི་རྫོགས་པར་འགྱུར། །དེ་ན་ཡིད་ཁྲུ?་ལྟར་ཤེས་པ་ཡིས། །ཡེ་ཤེས་ཚིགས ་ཀྱང་རྫོགས་པར་འགྱུར། །དེ་ནས་ལྷ་སྐུ་སྒྱུ་མ་ལྟར། །སྣང་ལ་རང་བཞིན་མེད་པར་སྒོམ། །མདུན་དུ་ཁྱུང་ཆེན་རྒྱལ་པོ་བསྒོམ། །གཡས་སུ་མགོན་པོ་ནག་པོ་སྒོམ། །གཡོན་དུ་ལྷ་མོ་བོང་ཞོན་མ། །ནང་གི་བཀའ་སྟོད་རྣམ་གསུམ ་ཡིན། །ཕྱོགས་སྐྱོང་བཅུ་ལ་སོགས་པ་ཡི། །དཔལ་མགོན་བདུད་ཅུ་རྩ་གཉིས་པོ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །བཀའ་ཉན་འཕྲིན་ལས་བྱེད་པར་བསམ། །དེ་ནས་གསང་སྔགས་བཟླས་པའི་ཚུལ། །ུ་ཙ་ཙརྱ་ནས་ལི་ལི ་ཀདྷ?་དྷ་ཧཱུཾ་ཧཱུཾ་ཕཊ་ཀྱི་བར་བཟླས། །གསང་སྔགས་ཕྲེང་བ་དེ་དག་ཀྱང། །ཞི་བ་དཀར་ལ་རྒྱས་ལ་སེར། །དབང་ལ་དམར་ལ་དྲག་ལ་གནག་།རྡོ་རྗེའི་ལྕེའི་འོད་ཟེར་ནི། །གནམ་ལྕགས་ཐོག་རྒོད་འབར་བ་འཕྲོ། །གདུག་པ་ཅན་རྣམས ་ཚར་གཅོད་ཅིང། །དེ་བཞིན་འཕྲིན་ལས་གང་བྱེད་སྒྲུབ། །རུ་རག་ཤ་དང་ལུང་ཐང་དང། །དུང་ཆེན་འཕྲེང་བ་རབ་ཏུ་ཤིས། །ུ་ཙ་ཙརྱ་ཡཀྵ་སེ་ན། །ོཾ་གྷུ་ཤ་ཛ་ཛ་ཧཱུཾ་ཧཱུཾ་ཕཊ། གསང་སྔགས་ཡིག་འབྲུ?་བཅུ་བདུན་ལ། །འབུམ ་ཕྲག་གསུམ་དུ་སྙེན་པ་བྱ། །སྡེ་བརྒྱད་འདུལ་པའི་དྲག་སྔགས་ལ། །འབུམ་ཕྲག་གཅིག་གིས་གྲངས་སྙེན་རྫོགས། །དུས་སྙེན་རབ་ནི་ཟླ་བ་གསུམ། །འབྲིང་ནི་ཟླ་གཉིས་ཐ་མ་ཟླ་བ་གཅིག་།རྟགས་སྙེན་རྒྱུད་ལས་བཤད་པ་ཡིན། ། ་སྒྲུབ་པ་པོ་ཡི་སྙེན་པ་བྱ། །ཐུན་མཚམས་དག་ཏུ་གཏོར་མ་ནི། །ཐོད་པ་ལ་སོགས་སྣོད་ནད་དུ། །མར་གྱིས་བརྒྱན་པའི་གཏོར་མ་འམ། །རིན་ཆེན་ལ་སོགས་སྣོད་དུ་ནི། །མངར་གསུམ་དཀར་གསུམ་ལྡན་པ་བཤམ། །དེ་ནས་བྱིན ་གྱིས་བརླབ་པ་ནི། །ཡཾ་ལས་རླུང་སྟེ་རཾ་ལས་མེ། །ཀེ་ལས་མི་མགོའི་སྒྱེད་བུ་ལས། ། ལས་དུང་ཆེན་ནང་དུ་ནི། །ཧཱུཾ་བྷྲུཾ་ཨཾ་ཛི་ཨཾ། དབུས་ནས་ཤར་ནས་གཡས་བསྐོར་དུ། །སྔོ་དང་དཀར་སེར་དམར་ལྗང་དང། །དེ་ལས་འོད་ཟེར ་འཕྲོས་པ་ཡི། །བར་དུ་གཅོད་པོའི་གདོན་བགེགས་རྣམས། །བཀུག་ནས་ཡེ་ཤེས་ལྔ་ལ་སྟིམ། །ལུས་ནི་ཤ་ལྔ་བདུད་རྩི་ལྔ། །སེམས་ཀྱི་དུག་ལྔ་ཡེ་ཤེས་ལྔ། །གྱུར་པས་གསང་བདག་ཞལ་དུ་སྟབ། །གཏི་མུག་ཤ་ཡི་མཆོད་པ ་བཞེས། །ཞེ་སྡང་རུས་པའི་མཆོད་པ་བཞེས། །བདག་འཛིན་ལ་སོགས་དགྲ་བགེགས་རྣམས། །བདག་མེད་དབྱིངས་སུ་སྒྲལ་དུ་གསོལ། །ཞེས་བརྗོད་རྩ་སྔགས་ལ་ནི། སརྦ་དུས་ཏྲ་ན་སརྦ་ཤག་ཏྲུཾ་ཐུམས་མར་ཡ་མ་ར་ཡ་ཁ་ཁ ་ཁཱ་ཧི་ཁཱ་ཧི། ལན་གསུམ་དག་ཏུ་བཟླས་པ་ཡིས། །ལྗགས་ལས་བྱུང་བའི་འོད་ཟེར་གྱིས། །དྲངས་ནས་གསོལ་བས་མཉེས་པར་བསམ། །དེ་ལྟར་སྐུལ་བའི་དགྲ་བགེགས་དེའི། །གནོད་པའི་བསམ་བ་ཞིབ་དང། །གཉིས་མེད་ཡེ་ཤེས ་རྟོགས་པར་ཤོག་།ཁྱུང་ཆེན་ལ་སོགས་བཀའ་བསྟོང་ལ། །དཀར་གྱིས་རྒྱན་པའི་གཏོར་མ་ལ། །ོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དེ་ནུད་པན་ན་ཏཱཏ། ཨོཾ་ཨཱ(རྒྱུད་འགྲེལ་ཐམས་ཅད་མཉེས་བར་བསམ། །ཡི་གེ་བརྒྱ་བས་ལྷག་ཆང་སྐད། །རྫོགས་པའི་སངས་རྒྱས་ལྷ་རྣམས་དང། །དེ་སྲས་རྣམས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་བའི་ཆོ་ག་འདི། །མཆོད་བ་ནི་བཟོད་པར་གསོལ། །གཙོ་བས་ནུས ་པ་ཅི་མཆིས་པ། །མཚང་བ་དང་མ་སྙེས་དང། །ཉེས་བའི་དྲི་མར་གྱུར་པ་ཀུན། །དེ་དག་ཁྱེད་ཀྱི་བཟོད་བར་གསོལ། །འདོད་པའི་དོན་ལ་གསོལ་བ་གདབ། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །སྲོད་དང་ཉལ་བར་གྱུར་བའི་ཚེ། །བསྲུང ་འཁོར་གསལ་བར་བསྒོམས་ནས་ནི། །འོད་གསལ་ཆོས་སྐུའི་དང་ལ་ཉལ། །རྨི་ལམ་ལོངས་སྐུར་གསལ་བཏབ་སྟེ། །ནམ་གྱི་བརྒྱད་ཆ་ལུས་པ་ན། །རྩ་སྔགས་ལན་འབུམ་བརྗོད་པ་ཡིས། །ནང་སྟོང་ཟུང་འཇུག་ལྷ་ཡི་སྐུ། །སྣང་ལ་རང ་བཞིན་མེད་བར་བསྒོམ། །ད་ནས་རིན་བཞིན་སྔར་ལྟར་བསྒོམས། །དེ་ལྟར་རྒྱུན་དུ་སྒོམ་པ་ལས། །གྲུབ་རྟགས་རྣམས་ནི་རིམས་བཞིན་འགྱུར། །བར་ཆད་ཐམས་ཅད་ཞི་བ་དང། །ཚོགས་གཉིས་རྫོགས་ནས་སྒྲིབ་གཉིས་དག་། ་རྫོགས་པའི་སངས་རྒྱས་ཐོབ་པའི་ཚུལ། །རང་གི་ལུས་ངག་ཡིད་གསུམ་པོ། །དག་པ་གཉིས་དང་ལྡན་པ་ཡིས། །སྐུ་གསུང་ཐུགས་སུ་འཆར་བར་འགྱུར། །བཅོམ་ལྡན་ཕྱག་ན་རྡོ་རྗེའི་སྐུ། །བསྒྲུབ་ཐབས་ཡིད་བཞིན་ནོར་བུ་འདི། །རྩ་བ ་ཀླུ་སྒྲུབ་སྙིང་པོ་ཡིས། སྒྲོ?་བཀུར་མེད་པར་གསལ་བར་བྲིས། །གལ་ཏེ་འཁྲུལ་པ་མཆིས་གྱུར་ན། །བླ་མ་ཡི་དམ་མཁའ་འགྲོ་དང། །ཆོས་སྐྱོང་རྣམས་ཀྱི་བཟོད་པར་གསོལ། །དགེ་བས་མཁའ་མཉན་སེམས་ཅན་རྣམས། །སྡུག ་བསྔལ་ཀུན་བྲལ་བདེ་ལྡན་ནས། །རྫོགས་པའི་སངས་རྒྱས་ཐོབ་བར་ཤོག་།དཔལ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཞེས་བྱ་བ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །། ་