| Wylie | e-texts based on the ACIP/ALL Input |
ཡི་གེ་བཞི་པའི་མན་ངག་བཞུགས་སོ།། །།*། །ཧཱ་སཱཏ། ཧ་ཞེས་ལུས་ཅན་དགའ་འགྱུར་ལ། །གཉིད་ཀྱིས་མྱོས་པའང་ཧ་ཞེས་སྨྲ། །འདོད་ལྡན་ཧཱ་ཧཱ་ངལ་འགྱུར་ཏེ། །དེ་བཞིན་འཇིག་པ་དང་ཁྲོ་པ་ལའོ། །ཧ ་ཞེས་ལུས་ཅན་སྲོག་འདོར་ཏེ། །ཟླ་བ་ཉི་མ་ལྔ་བདག་རླུང། །སྙིང་ནང་ཕྲ་བའི་ཧཱི་ལ་ཀ་།ཡིད་ནི་རབ་ཏུ་གཡོ་པས་ན། །ཧས་ནི་ལུས་སྐྱེས་འགག་འགྱུར་ལ། །དབུས་མ་ལ་ནི་མི་ཤིགས་པའོ། །སྙིང་ནས་ལྐོག་མ་ནམ་མཁའ་ལ། །ཧ ་ཞེས་ཡོངས་སུ་རྒྱ་བར་བྱེད། །ཡིད་འོངས་གློག་དང་ཐུན་མཚམས་ཀྱི། །མདོག་དམར་དེ་ཡི་སྒྲ་ནི་ས། །མཉམ་འགྱུར་ཤིན་ཏུ་གཉིད་ཡུར་དང། །འདོད་ལ་རྣ་བར་ས་ཞེས་གྲག་།འབྲུག་སྒྲ་པི་ཝཾ་ལྗོན་པ་ལྟར། །གཞན་དག་སེམས་དཔར ་བྱེད་པ་འདས། །གང་འདི་ལྟེ་བའི་དབུས་གནས་རྡུལ། །འདོད་ཆགས་རང་བཞིན་བསྒོམ་བྱ་སྟེ། །རླུང་གི་ཐིགས་པ་ཉམས་ནའོ། །སངས་རྒྱས་རྣམས་ཀྱིས་བྱིན་རླབས་ན། །ཟླ་བ་གཅིག་གིས་ལྷ་དང་མཉམ། །ལྗོན་པའི་འདབ་མ་ལྟ་བྱེད ་པས། །རྩ་བ་མཐོང་བར་མི་འགྱུར་རོ། །དག་གི་བརྗོད་པ་རྣམ་མང་གིས། །ཅི་ལྟར་ཨ་ཡིག་སྨྲ?་བར་ནུས། །ལུས་ནི་མི་སྣང་ཤེས་པའང་མེད། །འདི་ནི་ཨ་ཞེས་བརྗོད་པར་འདོད། །གཉིད་སྟུག་ལོག་དང་མཉམ་པར་འགྱུར། །ཁུ་བ་ལྷུང་བའི ་སྐད་ཅིག་ལ། །དེ་བཞིན་ཆི་མ་དང་འཇིགས་པ་ལ། ། ཨཱ་ཐོས་པར་འགྱུར་བའོ། །ཆུ་ལྟུང་མི་ནི་གྱེན་འགྲོ་དང། །རྨི་ལམ་དེ་བཞིན་གཉིས་སད་དང། །འོད་གསལ་བ་ལས་སེམས་ལྡང་དང། །ཡིད་ནི་ནང་དུ་འགྱུར་བ་ན། །ཏ་ཡིག་མངོན་བརྗོད ་