| Wylie | e-texts based on the ACIP/ALL Input |
ལ་སརྦ་ཎ་ལྷ་ལྔའི་སྒྲུབ་ཐབས་པདྨ་ཀ་རས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་ཁ་སརྦ་ཎ་ལོ་ཀ་ནཱ་ཐ་སཱ་དྷ་ན་ནཱ་མ། བོད་སྐད་དུ། དཔལ་འཇིག་རྟེན་མགོན་པོ་མཁའ་ལ་སྤྱོད་པའི་སྒྲུབ་ཐབས་ཤེས་བྱ་བ། འཇིག་རྟེན་མགོན ་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་མངོན་འདོད་འབྲས་བུ་སྟེར་བའི་གཟི་ལྡང་དཔག་བསམ་རྐང་འཐུང་ནི། །བདེ་བར་གཤེགས་རྣམས་བཞད་པའི་དོན་ཆེན་བཟོད་མཛད་དེང་དཔོན་ཆེན་པོ་སྟེ། །སྲིད་དང་ཞི་བ་མཉམ་པའི་དངོས་གྱུར་དངོས ་པོ་ཀུན་གྱི་ངོ་བོ་ཉིད། །ཕྱག་ན་པདྨ་དེ་ཡིས་འགྲོ་བའི་སྡིག་པ་ཞི་བར་མཛད་དུ་གསོལ། །སྐྱེ་བོས་དབེན་པའི་གནས་དག་ཏུ། །སྔར་ལངས་ཁ་སོགས་དག་བྱས་ནས། །འཇམ་པའི་སྟན་ལ་ཡང་དག་གནས། །སྙིང་གར་ཟླ་རྒྱས་འོད་གསལ ་བའི། །སྟེང་དུ་རང་གི་ས་བོན་བསམ། །སྙིང་གའི་ཟླ་འོད་ཀྱིས་ས་བོན། །ཡོངས་བསྐུལ་དེ་ཡི་འོད་ཟེར་གྱིས། །ཁར་ས་པ་ཎ་མགོན་དཔལ་ལྡན། །བླ་མ་སངས་རྒྱས་དེ་སྲས་ཚོགས། །མདུན་གྱི་ནམ་མཁར་སྤྱན་དྲངས་ལ། །ས་བོན་དེ་དག ་ལས་བྱུང་བའི། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་མཆོད། །དེ་ནས་མངོན་པར་ཕྱག་བྱས་ནས། །སྡིག་པ་གཤགས་པ་ལ་སོགས་བྱ། །ཐོག་མེད་འཁོར་བར་གང་ཞིག་རྣལ་འབྱོར་ཚེ། །བདག་གིས་མི་དགེ་བགྱིས་དང་བགྱིད་སྩལ་བའི།། ་གཞན་གྱིས་བགྱིས་ལ་རྗེས་སུ་ཡི་རང་བ། །ཐམས་ཅད་བཅོམ་ལྡན་རྣམས་ཀྱི་སྤྱན་སྔར་བཤགས། །རྫོགས་སངས་རྒྱས་དང་རྒྱལ་སྲས་འཕགས་རྣམས་དང། །གཞན་དག་གིས་ཀྱང་དགེ་བ་གང་བགྱིས་ལ། །རྗེས་སུ་ཡི་རང་དེ་དག་མ ་ལུས་པ། །རྫོགས་པའི་བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ། །སྙིང་རྗེ་དམ་པ་ལས་འཁྲུངས་པའི། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་ཀུན་རོ་གཅིག་རང་བཞིན་ཅན། །གོས་པ་མེད་པའི་གོས་དག་དང། །རབ་དགའ་ལ་སོགས་པར ་བཞུགས་པའི། །བྱང་སེམས་རྣམས་ལའང་དེ་བཞིན་ནོ། །སངས་རྒྱས་མྱ་ངན་འདའ་བཞེད་གྱུར་པ་རྣམས། །གཞན་ལ་ཕན་ཕྱིར་ཡུན་དུ་བཞུགས་པར་གསོལ། །སྒྲིབ་པ་ཐམས་ཅད་དཔྱིས་འབྱིན་གྱུར་པ་ཡི། །རྒྱུར་གྱུར་བྱང་ཆུབ་སེམས་ནི ་བསྐྱེད་བགྱི?་ཞིང། །བདེ་གཤེགས་རྣམ་དག་ལམ་གྱི་དགོངས་པ་རྣམས། །རྟག་པར་ཡང་དག་ཀུན་ནས་བསྟེན་པར་བགྱི། །དེ་ནས་རྒྱུ་དང་མི་རྒྱུའི་འགྲོ་བ་འདི་དག་ཀུན། །གཅིག་དང་དུ་མ་རྣམ་བྲལ་སྟོད་པ་ཉིད་དུ་རྣམ་བསམ་བྱ། །ོཾ་ཤཱུ ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོཉཧཾ། ཞེས་བྱ་བས་སྟོང་པ་ཉིད་ལྷག་པར་གནས་པར་བྱའོ། །ཆོས་འདི་དག་ཐམས་ཅད་ནི་རང་བཞིན་གྱིས་ཡོངས་སུ་དག་པའོ། །ཞེས་ལྷག་པར་གནས་པ་དེ་ལྟར་བདག་ཉིད་ལའང་ཀུན་ཏུ་བལྟས་ནས། ་ཨོཾ་སྭ་བྷཱ་ཝ་ཤུདྡྷ:སརྦ་དྷརྨཱ:སྭ་བྷ་ཝ་ཤུདྡྷོཉཧཾ། ཞེས་བརྗོད་པར་བྱའོ། །དེ་ནས་སྒོམ་པ་པོས་སྔོན་གྱི་སྨོན་ལམ་གྱི་ཡང་དག་པར་བསྐུལ་བའི་རྣམ་པར་ཤེས་པ་ཙམ་གྱི་བཾ་ཡིག་ཡོངས་སུ་གྱུར་པ་ལས་ཁ་དོག་སྣ་ཚོགས་པའི ་པད་མའི། ཨོཾ་ཡག?་ལས་སྐྱེས་པའི་དྲི་མ་མེད་པའི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། དེའི་སྟེང་དུ་ཧྲཱི:ཡིག་འཕྲོས་པའི་འོད་ཟེར་གྱིས་ནམ་མཁའ་ཨི་ཁྱོན་ཡང་དག་པར་གསལ་བ་བསམ་པར་བྱ་ཞིང། དེ་ཡོངས་སུ་གྱུར་པ ་ལས་པདྨའི་སྙིང་པོར་རང་གི་ས་བོན་འོད་ཟེར་གྱི་ཕྲེང་བས་བརྒྱན་པ་བལྟ་བར་བྱའོ། །དེ་ནས་འདི་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་སུ་བསམ་པར་བྱ་སྟེ། ཟླ་བའི་དཀྱིལ་འཁོར་གྱི་འོད་ལྟར་དཀར་བའི་སྐུ ་ཅན། རལ་བ་བཅིངས་པ་ལས་དབུ་རྒྱན་དང། སྤྱི་གཙུག་ཏུ་འོད་དཔག་མེད་བཀོད་པ། སྣ་ཚོགས་པདྨ་མ་དང་ཟླ་བ་ལ་སྐྱིལ་ཀྲུངས་ཕྱེད་པས་བཞུགས་པ། སྐུ་ལ་མཆོག་གི་བརྒྱན་དང་ལྡན་ཞིང་ཞལ་འཛུམ་པ། བརྒྱད ་གཉིས་ལོན་པའི་ལང་ཚོ་ཅན། །ཕྱག་གཡས་མཆོག་སྦྱིན་དང། གཡོན་པ་སྡོང་བུ་དང་བཅས་པའི་པད་མ་འཛིན་པ། དེའི་འོག་ཏུ་མདོག་ལྷག་པར་ནག་པའི་རི་དགས་གདོང་པ་གྱེན་དུ་ཕྱོགས་ཤིང་ཁ་གདངས་པ། ་གྲེ་བ་ཁབ་ཀྱི་མིག་ཅན་བསུས་པ་ཆེ་གཤིན་ཏུ་རིད་པ་རྣམས། ཕྱག་ནས་བདུད་རྩིའི་རྒྱུན་སིམ་པར་འབབ་པར་མཐོང་བས་ཚིམ་པར་མཛད་པ། སྙིང་རྗེས་བརླན་པའི་དཔལ་དང་ལྡན་ཞིང་གྲུ་འཛིན་གྱི་རི་བོའི་སྤོ་ལ་བཞུགས་པ། ལྷག ་པར་ཞི་བས་རྣམ་པར་གཟིགས་པ་ཅན། སྒེགས་པའི་ཉམས་དང་ལྡན་པ། སྣ་ཚོགས་པའི་མཚན་རྣམས་ཀྱིས་བརྒྱན་པའོ། །དེའི་མདུན་དུ་སྒྲོལ་མ་དང། གཡས་ལོགས་སུ་གཞོན་ནུ་ནོར་བཟངས་པོ། དེ་ལ་སྒྲོལ་མ་ལྗང་ཁུ་ཕྱག་གཡོན ་པས་སྡོང་བུ་དང་བཅས་པའི་ཨུཏཔལ་འཛིན་ཅིང། གཡས་པས་ཁ་འབྱེད་པའི་ཚུལ་ཅན། སྣ་ཚོགས་པའི་རྒྱན་དང་ལྡན་པ། ལང་ཚོ་གཞོན་ཞིང་ནུ་འབུར་རྒྱས་པའོ། །གཞོན་ནུ་ནོར་བཟང་གསེར་གྱི་མདོག་ཅན། ཐལ་མོ་སྦྱར་བ། ་གཞོན་ནུའི་གཟུགས་འཆང་ཞིང་མཆན་ཁུང་གཡོན་དུ་གླགས་བམ་བཅུག་པ། རྒྱན་ཐམས་ཅད་དང་ལྡན་པའོ། །རྒྱབ་ཏུ་ཁྲོ་གཉེར་ཅན་དང། གཡོན་དུ་རྟ་མགྲིན་ཏེ། དེ་ལ་ཁྲོ་གཉེར་ཅན་སེར་མོ། ཕྱག་བཞི་མ། རལ་པའི་ཆ་ཤས ་རྫོགས་པ། གཡོན་པས་དབྱུག་གུ་གསུམ་པ་དང་སྤྱི་བླུགས། གཡས་པས་ཕྱག་འཚལ་བའི་ཚུལ་དང། བགྲང་ཕྲེང་འཛིན་པ། སྤྱན་གསུམ་དང་ལྡན་པའོ། །རྟ་མགྲིན་མདོག་དམར་པོ་ཐུང་ཞིང་བསུས་པ་འཕྱང་བ། སྐྲ་དམར ་སེར་གྱེན་དུ་འབར་བ། སྤྲུལ་གྱི་མཆོད་ཕྱིར་ཐོགས་དང་ལྡན་པ། བཞིན་གྱི་དཀྱིལ་འཁོར་ལ་སྨ་ར་དམར་སེར་གྱིས་སྤྲས་པ། སྤྱན་གསུམ་དམར་ཞིང་ཟླུམ་པ། ཁྲོ་གཉེར་དང་སྨིན་མ་འཁྱོགས་པ། སྟག་གི་ལྤགས་པའི་ཤམ ་ཐབས་འཆད་བ། གཡོན་པས་དབྱུག་པའི་མཚོན་ཆ་དང། གཡས་པས་ཕྱག་འཚལ་བའི་ཚུལ་ཅན་ཏེ། འདི་དག་ཐམས་ཅད་རང་གི་གཙོ་བོ་ལ་ཇི་ལྟར་མཛེས་པའི་མིག་དག་གིས་བལྟ་ཞིང་འདུག་བ། རྣམ་པར་བསམ་པར་བྱའོ། །དེ་ནས་རང ་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ཧྲཱི(རྒྱུད་འགྲེལ་བཀོད་ནས། སླར་ཡང་འོད་ཟེར་དེ། ས་བོན་གྱི་ཡི་གེ་དེ་ལ་གཞུག་པར་བྱའོ། །ཕྱི་ནས་འོད་ཟེར་དེ་ཉིད་ཀྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དམ་ཚིག་སེམས་དཔའ་དང་ཆུ་དང་འོ་མ་འདྲེས་པ་ལྟར་གཅིག་ཏུ་གྱུར་པའི་སྐུར ་བསམ?་པར་བྱའོ། །དེ་ནས་ལུས་ངག་ཡིད་གསུམ་རྣམ་པར་དག་པར་བྱ་སྟེ། རིམ་པ་ཇི་ལྟ་བར་སྤྱི་བོར་ཨོཾ་ཡིག་དཀར་པོ་དང། མགྲིན་པར་ཨཱ:ཡིག་དམར་པོ་དང། ཐུགས་ཀར་ཧཱུཾ་ཡིག་སྔོན་པོ་རྣམས་བསམས་ལ། འདི་རྣམས ་ལས་མཛའ་ཡས་པའི་འོད་ཟེར་གྱི་དྲ་བརྟག་ཏུ་འཕྲོས་པས། སེམས་ཅན་གྱི་ཕུང་པོ་ཐམས་ཅད་ཀྱི་སྡིག་པའི་ཚོགས་གཞོམ་པར་བྱའོ་ཞེས་ནུས་པ་ཇི་ལྟ་བས་གསལ་བར་བསྒོམས་པར་བྱའོ། །རྣལ་འབྱོར་བརྩོན་ལྡན་སྒོམ་པ ་པོས། སྒྲིབ་པ་རབ་སྤོངས་ཤེས་རབ་དང། སྐལ་བཟང་ནད་མེད་ཕུན་སུམ་ཚོགས། མངོན་དུ་བྱེད་པ་འཐོབ་པར་འགྱུར། བསྒོམ་པས་དུབ་ན་སེམས་རྩེ་གཅིག་པས་བཟླས་བ་བྱ་སྟེ། དེ་ལ་སྔགས་ནི་འདིའོ། །ོཾ་ཧྲཱི:སྭཱཧཱ། འདི ་རྣམས་སྟོན་ཀའི་རྒྱུ་དཀར་དྲི་མ་མེད་པའི་ཕྲེང་བ་ལྟ་བུའི་ཁ་དོག་དང་འོད་ཀྱི་སྣང་བ་ཅན་ལས། འོད་ཟེར་དུ་མ་འཕྲོ་བས་བཟླས་པར་བྱའོ། །དུབ་པར་གྱུར་ན་བསོད་ནམས་ཡོངས་སུ་བསྔོ་ཞིང། ལངས་ལ་ཇི་ལྟར་བདེ་བར་ལྷའི་ང་རྒྱལ ་གྱིས་གནས་པར་བྱའོ། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་གི་།ཡིད་འོང་བསྒྲུབ་ཐབས་བགྱིས་པ་ཡིས། །བདག་གིས་བསོད་ནམས་གང་ཐོབ་དེས། འགྲོ་ཀུན་དེ་ཡི་གོ་འཕན་གྱུར། །དཔལ་འཇིག་རྟེན་མགོན་པོ་ཁ་སརྦ? ་ཎའི་སྒྲུབ་ཐབས་ཤེས་བྱ་བ་གྲུབ་ཆེན་པད་མ་འབྱུང་གནས་ཞབས་ཀྱིས་མཛད་པ་རྫོགས་སོ། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏནའི་ཞལ་སྔ་ནས་དང། ཆོས་འཁོར་ལོཙྪ་བས་བསྒྱུར་བ་ལས། སླད་ཀྱི་བཙུན ་པ་རྒྱ་མཚོས་དག་བར་བཅོས་ཤིང་གཏན་ལ་ཕབ་པའོ།། །། *། །འཇིག་རྟེན་དབང་ཕྱུག་གི་བསྟོད་པ་རིན་པོ་ཆེའི་ཕྲེང་བ་བཞུགས་སོ།། །།རྒྱ་གར་སྐད་དུ། ལོ་ཀི་ཤྭ་ར་སྟོ་ཏྲ་རཏན་མཱ་ལཱ། བོད་སྐད་དུ། འཇིག་རྟེན་དབང ་