CLOSE WINDOW

N3628: 'phags pa yi ge drug pa'i sgrub thabs
Wyliee-texts based on the ACIP/ALL Input

ཇོ་བོའི་གཞུང།། །།རྒྱ་གར་སྐད་དུ། ཨཱརྱ་ཥཊ་ཀྵ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་ཡི་གེ་དྲུག་པའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་སྔགས་པས་གདོང་བཀྲུས་ནས ་སྟན་བདེ་བ་ལ་འདུག་སྟེ། སངས་རྒྱས་ལ་སོགས་པ་བསམས་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ། །བདག་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཞེས་མོས་པར་བྱས་ལ། སེམས་ཅན་ཇི་སྙེད་བསྡུ་བས་ཡང་དག ་པར་བསྡུས་པ་སྒོ་ང་ལས་སྐྱེས་པ་འམ། མངལ་ལས་སྐྱེས་པ་འམ། དྲོད་བཤེར་ལས་སྐྱེས་པ་འམ། བརྫུས་ཏེ་སྐྱེས་པ་འམ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་འམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ ་ཤེས་ཡོད་མིན་མེད་མིན་ཏེ། ཇི་སྲིད་དུ་སེམས་ཅན་རྣམས་ཀྱི་ཁམས་སུ་རྟོགས་པ་དེ་དག་ཐམས་ཅད། བདག་གིས་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་དགོད་པར་བྱའོ་ཞེས་བསམས་ལ། དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ ་ཤུདྡྷོ(རྒྱུད་འགྲེལ་པའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་མ་ལུས་པ་ཐམས་ཅད་རྣམ་པར་དག་པར་བྱས་ནས་བདག་ཉིད་ཀྱི་སྙིང་གར་ཞུགས་པ་ལས། བདག་ཉིད་འཇིག་རྟེན་དབང་ཕྱུག་གི་སྐུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུ་མདོག་དཀར་པོ ་ཞལ་གཅིག་ཕྱག་བཞི་པ། གཡས་ན་ཕྲེང་བ། གཡོན་པ་ན་པདྨ་བསྣམས་པ། ཕྱག་དང་པོ་གཉིས་ཀྱིས་ཐུགས་ཀར་ཐལ་མོ་སྦྱར་བའོ། །གཡས་སུ་ནོར་བུ་འཛིན་པ་སྐུ་མདོག་ཕྱག་མཚན་ལ་སོགས་པ་དེ་དན་འདྲ། གཡོན་དུ་འབྲུ་དྲུག ་མ་རིག་སྔགས་ཆེན་མོ་ཕྱག་བཞི་མ་སྟོན་ཀའི་སྤྲིན་ལྟ་བུའོ། །ོཾ་མཧཱ་སུ་ཁ་བཛྲ་སཏྭ་ཨ་ལ་ལ་ཧོ(རྒྱུད་འགྲེལ་འཇིག་རྟེན་དབང་ཕྱུག་གི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལས་ཕྲེང་བ་འདྲ་བ་སྐོར། ཞལ་ནས་ཕྱུང་ཞིང་ལྟེ་བར་ཞུགས་ཏེ་འཁོར་ལོའི་ཚུལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཐབས་ཡིད་བཞིན་གྱི་ནོར་བུ་ལྟ་བུར་རྟོགས་པ་སྔགས་ཀྱི ་རྒྱལ་པོ་འདི་མཚན་མ་མེད་པའི་ཚུལ་གྱིས་ཟླ་བར་བྱའོ། །དེ་ནས་ལུས་གཡོ་བ་དང་བཅས་པར་གྱུར་པ་ལ་སོགས་པར་འགྱུར་བའི་རྣལ་འབྱོར་པ་དད་པ་དང། སྙིང་རྗེ་དང། བླ་མ་ལ་གུས་པ་དང་ལྡན་པས་ནི་རིང་པོར་མི་ཐོགས་པར་འགྱུར ་རོ། །ོཾ་མ་ནོར་བུ་འཛིན་པའི་སྙིང་པོ་ཎི་པདམེ་ཧཱུཾ་ཞེས་དེ་ལྟར་བཟླས་སོ། །དེ་ནས་ལྡང་བའི་དུས་སུ་ཡང་སྔགས་བརྗོད་པར་བྱའོ། །ཡི་གེ་བརྒྱ་པ་བརྗོད་བར་བྱའོ། །དེ་ལྟར་བཟླས་ནས་ཅི་བདེར་གནས་པར་བྱའོ། །ཡི་གེ་དྲུག་པའི་སྒྲུབ་ཐབས ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། །།ཇོ་བོ་རྗེ་ལྷ་གཅིག་གིས་དཔལ་གྱི་ཡེ་དབང?་མཛད། །*། །པཎ་ཆེན་ལུགས། །རྒྱ་གར་སྐད་དུ། ཨཱརྱ་ཨ་མོ་གྷ ་