| Wylie | e-texts based on the ACIP/ALL Input |
ཀྱི་གཙུག་ལག་ཁང་ཆེན་པོར་བསྒྱུར་པའོ།། །།*། །པདྨ་རྒྱལ་པོ་དང་པད་མ་ཟབ་པ་གཉིས་ཀའི་དབང་ཆོག་སྦྱིན་སྲེག་ཛ་ལན་དྷ་ར་པས་མཛད་པའི་རྒྱ་གཞུང་བཞུགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་མཉཱ་ཀ་རུ་ཎི་ཀ་ཨཱ་བྷི་ཥེ་ཀ་པྲ་ཀ་ར་ཎ་ཨུ ་དེ་ཤ་ནཱ་མ། བོད་སྐད་དུ། དཔལ་ཐུགས་རྗེ་ཆེན་པོའི་དབང་བསྐུར་པའི་མན་ངག་རབ་ཏུ་བྱེད་པ་ཞེས་བྱ་བ། །བཅོམ་ལྡན་འདས་དཔལ་པདྨའི་སྣང་བ་ཆེན་པོ་རབ་ཏུ་རྒྱས་པ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཤིག་རྣལ་འབྱོར་གྱི་དབང་ཕྱག ་གང་ཞིག་།པདྨ་རབ་ཏུ་ཟབ་པའི་དཀྱིལ་འཁོར་རམ། པདྨ་རྒྱལ་པོ་གང་ཡང་རུང་བའི་དབང་དང་གནང་བ་ཐོབ་པས། རྩ་བའི་སྔགས་ལ་བསྙེན་པ་འབུམ་ཕྲག་གསུམ་སོང་ནས། སློབ་མ་རྗེས་སུ་བཟུང་བས་འདོད་ན། གནས་དབེན་ཞིང ་ཉམས་དགའ་བའི་སར། །སློབ་མ་ནི་དང་པ་དང་སྙིང་རྗེ་དང་ཤེས་རབ་ཆེ་བ། འཁོར་བ་ལ་སྐྱོན་དུ་མི་ལྟ་ཞིང་མང་དུ་ཐོས་པ། བླ་མ་ལ་གུས་ཤིང་ཐེག་པ་ཆེན་པོའི་ཆོས་ལ་ཐེ་ཚོམ་མེད་པ། ཁྱད་པར་དུ་ངེས་པའི་དོན་དང། སྤྱན་རས་གཟིགས ་ལ་མོས་ཤིང་དབང་པོ་རྣོ་བའི་གང་ཟག་དེས། བླ་མ་ལ་གསོལ་བ་འདེབས་བ་ནི། སངས་རྒྱས་སྣང་བ་མཛའ་ཡས་ཀྱི། །པདྨའི་རིགས་ཀྱི་དམ་ཚིག་དང། །པདྨའི་དཀྱིལ་འཁོར་ཆེན་པོ་རུ། །པདྨའི་དབང ་བསྐུར་ཞུ་བར་བགྱི། །དེ་ནས་བླ་མས་གནང་བ་སྦྱིན་པ་ནི། །བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་འདིར། །མི་མཁས་པ་ནི་འཆིང་བར་འགྱུར། །མཁས་པ་རྣམས་ནི་གྲོལ་བར་འགྱུར། །སེམས་ཅན་དང་ཅན་སྨིན་པར་ཕྱིར། །དུས ་གསུམ་སངས་རྒྱས་ཐམས་ཅད་ཀྱང། །སྲིད་པའི་འདམ་ལས་འདི་ཡིས་བརྒལ། །པདྨའི་རིགས་ཀྱི་དཀྱིལ་འཁོར་འདིར། །ང་ཡིས་འབོད་ཀྱི་ཡིད་གཉིས་སྤོངས། །ཞེས་བརྗོད་ཅིང་སློབ་མ་བཟུང་བར་བྱའོ། །དེ་ནས་སློབ་དཔོན་གྱི ་དཀྱིལ་འཁོར་བྲི་བ་ནི། །པད་མ་ཉི་ཟླ་རབ་ཏུ་ཟབ་པ་དང། པདྨ་རྒྱལ་པོ་གང་གི་བྱེད་ཀྱང་རུང་སྟེ། དེ་ལ་དང་པོར་ས་བརྟག་པ་དང། ས་བསླང་བ་དང། ས་སྦྱར་བར་བྱ་བ་ནི། ལྟོ་འཕྱའི་ལྟོ་བ་ནས་བརྐོས་ཏེ། ས་བསླངས་ནས། གནས ་ཁང་དང་འཚམས་པར་ས་སྟེགས་གྲུ་བཞི་པ་བྱས་ལ། ས་ཡི་ལྷ་མོ་ལ་གཏོར་མ་ཕུལ་ཏེས་བྱིན་གྱིས་བརླབ་པོ། །དེ་ནས་བའི་རྣམ་ལྔ་དང། དྲི་བཟངས་ཀྱི་ཆུས་བྱུག་ལ། ཐིག་གི་ཆོ་ག་ལག་ལེན་བཞིན་དུ་གདབ་བོ། །ཚོན་གྱིས་བྲི་བ་ནི། ་ཚོན་ཁ་དོག་ལྔ་ཡེ་ཤེས་ལྔར་བྱིན་གྱིས་བརླབས་ལ། པདམ་ཟབ་པའི་དཀྱིལ་འཁོར་ལ་དབུས་ཀྱི་ལྟེ་བ་དང་ཕྱོགས་བཞིར་པདྨ་འདབ་བཟི་དམར་པོ་ལ། མཚམས་ཀྱི་འདབ་མ་དང་གོང་རས་མཛེས་ཚོན། མུ་ཁྱུད་ལ་པདྨའི་ཕྲེང་བ་བྲིའོ།། ་པདྨ་རྒྱལ་པོའི་དཀྱིལ་འཁོར་ནི། །ལྟེ་བ་དམར་པོ་ལ་ཟེའུ་འབྲུ་དང་གོང་རས་ཅི་མཛེས།། འདབ་བརྒྱད་ཀྱི་ཕྱོགས་བཞི་དམར་པོ་མཚམས་བཞི་དང་མུ་ཁྱུད་རྣམས་མཛེས་ཚོན་དུ་བྱའོ། །དེའི་རྒྱབ་ཏུ་པདྨ་འདབ་བརྒྱད་ཕྱོགས་བཞི་ཕྱོགས ་ཚོན་ལ། མཚམས་མཛེས་ཚོན་དུ་བྱའོ། །དེའི་ཕྱི་རོལ་ཡང་པདྨ་འདབ་མ་བཅུ་དམར་པོ་འམ་སེར་པོར་བྱ་བ་འམ། ལྷ་སྣམ་དམར་པོ་འམ། ཡང་ན་འཁྱམས་ཕྱིན་ཆད་སྤྱི་དང་འདྲ་བལ་བྲིས་ལ། རྒྱན་བཀྲམ་པ་ནི། བླ་རེས་དང། ་ཡོལ་བ་བྲེ། རྟེན་དགྲམ་སྟེ། མཆོད་པ་ལྔ་དང་གཏོར་མ་ལྔ་ལ་སོགས་པས་མཛའ་མ་ལེགས་པར་བསྐོར་ལ། གཞན་ཡང་དགོས་པ་རྣམས་གཞུང་བཞིན་བཤམ་མོ། །བུམ་པ་གཙང་མ་ལ་བགེགས་བསྐྲད་པ་ནི། གུ་གུལ་གྱིས་བདུག ་ཅིང་གྲོ་བའི་སྔགས་བཟླས་ཏེ། ནང་དུ་བཅུད་ཆུ་གཙང་མ་དང། སྨན་དང། དྲི་ལྔ་དང། འབྲུ་ལྔ་དང། སྙིང་པོ་ལྔ་དང། རཏན་ལྔ། འོ་མ་ལ་སོགས་པ་བླུགས་ལ། དར་རམ་རས་ཀྱི་མགུལ་ཚིངས་དང་གཟུངས་ཐག་བཏགས་ཏེ། འབྲས ་བུ་ཅན་གྱི་ཤིང་ལོ་རློན་པས་བརྒྱན་པའི་བུམ་པ་གཉིས་ལ་རྣམ་རྒྱལ་གྱི་བུམ་པ་དང། །ལས་ཐམས་ཅད་པའི་བུམ་པ་དང། དབང་གི་བུམ་པ་ལ་སོགས་ཅི་འབྱོར་བཤམས། ནང་དུ་ལྷ་བསྐྱེད་ལ། མཆོད་པ་ཕུལ་ནས། དབང་གི ་བསྙེན་པ་བྱའོ། །རྣམ་རྒྱལ་གྱི་བུམ་པ་དཀྱིལ་འཁོར་གྱི་དབུས་སུ་བཞག་གོ་།ལས་བུམ་གང་བ་དེར་དགོང། དེ་ནས་རང་སྟན་བདེ་བ་ལ་འདུག་ནས། བྲིས་བའི་དཀྱིལ་འཁོར་དང། བུམ་པའི་ནང་དུ་དཀྱིལ་འཁོར་རྒྱས་པ་བསྒོམས། ལས ་བུམ་ནང་དུ་རྟ་མགྲིན་བསྒོམ་པ་ནི། ཧྲཱི:?་ལས་རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་དྲུག་པ། ཞལ་དབུས་དམར་བ། གཡས་དཀར། གཡོན་སྔོ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། རྟ་མགོ་ལྗང་ཞུར་རྡོག?་མ་དམར་བ། རྟ་སྐད་སྒྲོགས་པ། ་ཕྱག་གཡས་ཁ་ཊཝཱཾ་ག་རྩེ་གསུམ་བསྣམས་པ། གཡོན་ན་རྗེའུ་ཆུང་འཁྲོལ་པ། པར་མ་གཉིས་ཀྱིས་ལྷ་སྲིན་སྡེ་བརྒྱད་ཀྱི་ཙིཏྟའི་ཕྲེང་བ་བསྣམས་པ། གཡས་འོག་མས་ཞིང་དབྱུག་།གཡོན་གྱི་འོག་མས་ཐོད་པ་ལྕང་ལོ་ཅན་ལྷ་མ་སྲིན་སྡེ ་བརྒྱད་ཀྱི་ཁྲག་གིས་བཀང་བ་ཞལ་དུ་གསོལ་བ། ཞས་གཡས་བསྐུམ། གཡོན་བརྐྱང་པས་བཞུགས་པ། སྐུ་སྨར་སྟེག་ཝགས་ཀྱི་ཤམ་ཐབས་བྱས་ལ། སྐུ་སྟོད་ཞིང་ལྤགས་ཀྱི་གཡང་གཞི་མནབས ་པ། སྤྲུལ་རིགས་བཞིས་དབུ་དང་ཡན་ལག་བརྒྱན་པ། མེ་དཔུང་གི་དབུས་སུ་བཞུགས་པར་གསམ། སྔགས་ནི། ཨོཾ་ཧྲཱི:ཧ་ཡ་གྲི་པ་པདྨ་ཏ་ཀྲིཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་པ་ཧུ་ལུ་ཧུ་ལུ་སརྦ་པཱ་པེཾ་ཤུདྡྷེ་ཤུདྡྷེ་ཤུདྡྷེ་ཡེ་ཧཱུཾ་ཕཊ་སྭཱཧཱ། ཞེས ་བརྗོད་པས་ཁྲོ་པོའི་སྐུ་གསུང་ཐུགས་ཀྱི་བདུད་རྩིའི་ཆུས་གང་བར་བསམ། དེ་ནས་སློབ་མ་རྣམས་ལ་ལས་བུམ་གྱི་ཕྱིར་ཁྲུས་བྱ་སྟེ། ནང་དུ་བཏང་ལ་མཎྜལ་ཕུལ་ནས་གྲལ་ལ་རིམ་པར་བཞག་གོ་།དེ་ནས་གདོང་གཡོགས་བཅིངས ་ལ། ལག་ཏུ་མེ་ཏོག་བཟུང་ལ་གསོལ་བ་གདབ་བོ། །དེ་ནས་བདག་ཉིད་དང་དཀྱིལ་འཁོར་དང་བུམ་བ་གསུམ་ཀ་མི་དམིགས་པའི་དང་ལས། བསོད་ནམས་ཀྱི་སྦྲིན་ཁ་དོག་ལྔ་ལྔ་ལས་འོག་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས ་ཅད་ཁྱབ། དེ་ཡི་སྟེང་དུ་རྣམ་བར་ཤེས་པ་ཡི་གེ་ཧྲཱི:དཀར་པོ་ཐིག་ལེ་གཉིས་དང་བཅས་པར་བསྒོམ། དེ་ལས་ཡིག་འགྲུ་ཁ་དོག་སྣ་ཚོགས་པ་སྤྲིན་གྱི་ཐོག་ཏུ་འཕྲོས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ ་གསུང་ཐུགས་ཀྱི། འོད་ཟེར་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོ། །ཤར་ཤེལ་དཀར་པོ། ལྷོ་བེ་བཱུརྱ། ནུབ་པད་མ་རཱ་ག་།བྱང་ཨིནཌ་ནཱི་ལ་ལས་གྲུབ་པ་གྲུ་བཞི་པ། སྒོ་བཞི་པ། ཀ་པ་དང་རྟ་བབས་བཞིས་མཛེས་པ། རིན ་པོ་ཆེའི་ལ་གུ་དང། དྲ་བ་དྲ་ཕྱེད་ཀྱི་བརྒྱན་པ། རི་དགས་གདུགས།?་ཆོས་འཁོར་དང་བཅས་པ་མཐོ་པ། འདོད་ཡོན་གྱི་སྣམ་བུ་དམར་པོ་ལ། མཆོད་པའི་ལྷ་མོས་བསྐོར་བའི་ནང་དུ། པདྨ་རིམ་གཉིས་པའི་གདན་གྱི་དབུས་སུ་ཡི་གེ ་ཧྲཱི(རྒྱུད་འགྲེལ་གཡོན་དཀར། དེའི་སྟེང་མ་དབུས་དམར་བ། གཡས་དཀར་པ། གཡོན་ལྗང་ཁུ། ཞལ་དེ་རྣམས་ནི། ཀུན་ནས་ཞི་བ་བཞད་པ་འཛུམ་པ། སྤྱན་གསུམ་གསུམ་ཞི་བས་གཟིགས་པ། དེའི་སྟེང་དུ་ཁྲོ་བོའི་ཞལ་ནག་པོ། མཆེ་བ ་གཙིགས་པ། སྤྱན་གསུམ་པ། དབུ་སྐྲ་དམར་སེར་མེ་ལྟར་འབར་བའོ། །ཞལ་དགུ་པོ་ནི། དབུ་སྐྲ་ནག་པོ་ལ་རིན་པོ་ཆེས་བརྒྱན་པའོ། །ཞལ་ནག་པོའི་སྟེང་ན་འོད་དཔག་མེད་ཀྱི་ཞལ་དམར་པོ་མགྲིན་པ་ཡན་ཆད་བྱུང་བ། སྤྱན་གསུམ ་པ། གཙུག་ཏོར་དང་བཅས་པའོ། །ཕྱག་བརྒྱད་ཀྱི་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ་ཐལ་མོ་སྦྱར་བའོ། །གཡས་འོག་མས་མུ་ཏིག་གི་ཕྲེང་བ། གཡོན་འོ་མ་མ་པད་མ་དམར་པོ། །གཡས་གསུམ་པས་མཆོག་སྦྱིན། གཡོན ་གསུམ་པས་སྤྱི་བླུགས། གཡས་བཞི་པས་ཆོས་ཀྱི་འཁོར་ལོ། །གཡས་གཡོན་བཞི་བས་པདྨའི་མདའ་གཞུའོ། །སྐུ་དང་ཡན་ལག་ཐམས་ཅད་ལ་རིན་པོ་ཆེས་བརྒྱན་པའོ། །ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། །ཞལ་གཅིག ་ཕྱག་གཉིས་མ། སྤྱན་གསུམ་པ། གཡས་ཀྱི་ཟངས་གྲི་བསྣམས་པ། གཡོན་ཐོད་ཁྲག་ཡབ་ལ་འཁྱུད་པ། སྐྲ་གྲོལ་བ་རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་གཡོན་ཡབ་དང་སྦྱར་ནས་བརྐྱང་བ། གཡས་ཀྱིས་ཡབ་ཀྱི་དང་ཤམ་གྲོལ ་པ་ལ་འཁང་པའོ། །ཡབ་ཀྱི་ཕྱག་དགུ་བརྒྱ་དགུ་བཅུ་རྩ་གཉིས། མཆོག་སྦྱིན་པའི་ཕྱག་མཐིལ་ལ་མཛེས་པར་གཟིགས་པའི་སྤྱན་སྟོང་མངའ་བ། སྐུའི་ཕྱག་སྟོང་དང་སྤྱན་སྟོང་ལས་འོད་ཟེར་ཁ་དོག་སྣ་ལྔས་འཇིག་རྟེན་གྱི་ཁམས་མ་ལུས ་པར་ཁྱབ་བར་བསམ་མོ། །མདུན་གྱི་པདྨ་ལ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཉིས་མའི་སྤྱི་བོར་ཕག་ཞལ་གཡས་གྲི་གུག་།གཡོན་ཐོད་པ། མཆན་ཁུང་ན་ཁ་ཊཝཾ་ག་བསྣམས་ལ། རུས་པའི་རྒྱན་གྱིས་བརྒྱན་པའོ ་གཡས་སུ་ཡུམ་ཆེན་མོ་སེར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་ཐུགས་གར་རྡོ་རྗེ་འཛིན་པ། གཡོན་པ་ཨུཏཔལ་གྱི་སྟེང་ན་པོ་ཏི་བསྣམས་པ། འོག་མ་གཉིས་མཉམ་བཞག་འཛད་པའོ། །རྒྱབ་ཕྱོགས་སུ་སྒྲོལ་མ་ལྗང་ཁུ། ཞལ ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱོར་བ། གཡས་སྐྱབས་སྦྱིན། གཡོན་འོག་མས་ཨུཏཔལ་འཛིན་པའོ། །གཡོན་ཕྱོགས་སུ་ཡུམ་ཡི་གེ་དྲུག་མ་དཀར་མོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས ་གང་ཐལ་མོ་སྦྱོར་བ། གཡས་འོག་མས་མུ་ཏིག་གི་ཕྲེང་བ་འཛིན་པ། གཡོན་འོག་མས་པདྨ་བསྣམས་པའོ། །མཚམས་བཞིར་བུམ་པ་བདུད་རྩིས་བཀང་བའི་སྟེང་དུ་ཀ་པཱ་ལ་རེ་རེ་གནས་པར་བསམ་མོ། །ལྷ་མོ་བཞི་པོ་དང་གྱི ་ཤམ་ཐབས་ཅན་རིན་པོ་ཆེའི་རྒྱན་དང་བཅས་པའོ། །དེའི་ཕྱིའི་པདྨའི་གདན་ལ། ཤར་ཕྱོགས་སུ་མི་བསྐྱོད་པ་སྐུ་མདོག་སྔོན་པོ། །ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཀྱིས་ཡུམ་མཱ་མ་ཀཱི་ལ་འཁྱུད་པས་ཐལ་མོ་སྦྱར་བ། ་གཡས་འོག་མས་རྡོ་རྗེ། གཡོན་འོག་མས་པད་མ་འཛིན་པ། ཞབས་གཡས་བརྐྱང་བ་མཱ་མ་ཀཱིས་འཁྱུད་པའོ། །ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་ཞལ་གཅིག་ཕྱག་བཞི་པ་སེར་སྔོན་མོ་གྲ་གུག་དང་ཐོད་པ་འཛིན་པ་པོ། དང་པོ་གཉིས་ཀྱི ་ཡུམ་སངས་རྒྱས་སྤྱན་མའི་སེར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡལ?་ལ་འཁྱུད་པ་རྒྱབ་ཏུ་ཐལ་མོ་སྦྱོར་བ། སྔོན་མ་གྲི་གུག་དང་ཐོད་བ་འཛིན་པ་གཡས་འོག་མས་རིན་པོ་ཆེ་གཡོན་འོག་མས་པདྨ་འཛིན་པའོ། །རྒྱབ་ཕྱོགས་སུ་རྣམ་པར་སྣང་མཛད། དཀར་པོ ་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཀྱིས་ཡུམ་གོས་དཀར་མོ་ལ་འཁྱུད་པས་ཐལ་མོ་སྦྱོར་བ། གཡས་འོག་མས་འཁོར་ལོ་བསྣམས་པའོ། །བྱང་ཕྱོགས་སུ་དོན་ཡོད་གྲུབ་པ་ལྗང་ཁུ། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས ་ཀྱིས་ཡུམ་དམ་ཚིག་གི་སྒྲོལ་མ་ལ་འཁྱུད་མེ་ཏོག་དཀར་དམར་གཉིས་བསྣམས་པ་པས་ཐལ་མོ་སྦྱོར་བ། གཡས་འོག་མས་རལ་གྲི་བསྣམས་པའོ། །གཡོན་འོག་མས་པདྨ་ཞབས་གཡས་བརྐྱང་གཡོན་བསྐུམ་པ། དར་ཤམ་དང་རིན་པོ་ཆེས་བརྒྱན་པའོ། །ུཾ ་གཉིས་ནི་ཞལ་གཅིག་ཕྱག་སྐུ་མདོག་ལྗང་སེར་ཨུཏཔལ་དང་པདྨ་བསྣམས་པ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་གཡོན་ཨུཏཔ་ལ་ཡབ་ལ་འཁྱུད་པ། རུས་པའི་རྒྱན་ཅན་སྐུ་མདོག་ཡབ་དང་མཐུན་པ་ཞབས་གཉིས་ཀྱིས་ཡབ་ཀྱི་དར་ཤམ་ཅུང་ཟད་གྲོལ་བ ་ལ་འཁྱུད་པར་བསྒོམས། ཡབ་ཀྱི་གཡོན་གྱི་གཉིས་པ་ནི་པདྨ་འཛིན་པའོ། །མཚམས་བཞིར་ནི། མཁའ་འགྲོ་མ་བཞི་ཞལ་གཅིག་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱོར་བ། གཡས་གྲི་གུག་།གཡོན་ཐོད་ཁྲག་བསྣམས་པ། སྐུ་མདོག ་ནི་དཀར་མོ་དང། སེར་མོ་དང། དམར་མོ་དང། ལྗང་ཁུའོ། །ཞབས་གཡས་བརྐྱང་བ། གཡོན་བསྐུམ་པའོ། །དེའི་ཕྱིའི་རྒྱབ་པད་འདབ་བཅུའི་གདན་ལ། ཕྱོགས་བཅུའི་པད་མ་རིགས་ཀྱི་སངས་རྒྱས་བཅུ་པོ་ནི། གསེར་གྱི་མདོག་ཅན། ་ཆོས་གོས་དམར་སེར་གསོལ་བ། ཕྱག་ན་པདྨ་འདབ་མ་སྟོང་དང་ལྡན་པ་རེ་རེ་བསྣམས་པ། དབུ་རེག་ཞབས་རྗེན་ཅན་ནོ། །གྲ་བཞི་ལ། བྱང་ཤར་དུ་འཇམ་དཔལ་དམར་སེར། གཡས་རལ་གྲི། གཡོན་ཨུཏཔ་ལའི་སྟེང་དུ་པོ་ཏི་བསྣམས་པའོ། །ཤར ་ལྷོར་ཕྱག་ན་རྡོ་རྗེ་ལྗང་ཁུ། གཡས་རྡོ་རྗེ། གཡོན་ཨུཏཔ་ལའོ། །ལྷོ་ནུབ་ཏུ་བྱམས་པ་དམར་སེར། གཡས་ཀླུ་ཞིང། གཡོན་ལྷ་རྣམས་ཀྱི་འཚམས?་བཞིར། ཨུཏཔ་ལའི་སྟེང་ན་བུམ་པའོ། །ནུབ་བྱང་དུ་སྒྲིབ་བ་རྣམ་པར་སེལ་བ་སེར་སྐྱ། གཡས་ ་ནོར་བུ། གཡོན་གྱིས་ཨུཏཔ་ལའོ། །ཞབས་གཉིས་བཞེངས་པ། རིན་པོ་ཆེ་དང་དར་གྱིས་བརྒྱན་པའོ། །ཤད་སྒོར་འདོད་པའི་རྒྱལ་པོ་དཀར་པོ། ཞལ་གཅིག་པ། གཡས་འཁོར་ལོ། གཡོན་སྡིགས་མཛུབ ་མཛད་པའོ། །ལྷོ་སྒོར་གཤིན་རྗེ་བཤེད་སེར་ནག་།ཞལ་གཅིག་པ། ཕྱག་གཡས་བེ་ཅོན། གཡོན་སྡིགས་འཛུབ། ནུབ་སྒོར་རྟ་མགྲིན་དམར་པོ། རྟ་མགོ་ལྗང་གུ། ཕྱག་གཡས་པདྨའི་དབྱུག་པ་གཡོན་སྡིགས་འཛུབ་མཛད་པའོ། ། ་བྱང་སྒོར་བདུད་རྩི་འཁྱིལ་པ་ལྗང་ནག་།ཞལ་གཅིག་།ཕྱག་གཡས་རལ་གྲི། གཡོན་སྡིགས་འཛུབ་མཛད་བ། དབུ་སྐྲ་དམར་སེར་འབར་བ། སྤྲུལ་རིགས་པ་ཞེས་བརྒྱན་པ། སྐུ་སྨད་སྟག་གི་ཤམ་ཐབས་ཅན། ཞབས་གཡས་བརྐྱང ་གཡོན་བསྐུམ་གྱིས་བཞུགས་པའོ། །ཕྱི་རོལ་དུ་ལྷ་མོ་མེ་ཏོག་མ་དཀར་མོ། བདུག་སྤོས་མ་སེར་མོ། མར་མེ་མ་དམར་མོ། དྲི་ཆབ་མ་ལྗང་གུ། ཞལ་ཟས་མ་དཀར་མོ། །སིལ་སྙན་མ་ཟླ་བའི་མདོག་ཅན་མ་རྣམས་ཀྱིས་གཙོ་བོ ་ལ་མཆོད་པར་བསམ་མོ། །སྒོ་ཁང་དུ་ཚད་མེད་པའི་ལྷ་མོ་བཞི་བསྒོམ་མོ། །དེའི་ཕྱི་རོལ་ཏུ་རྒྱལ་པོ་ཆེན་པོ་བཞི་ནི། བྱང་ཕྱོགས་སུ་རྣམ་ཐོས་སྲས་སེར་པོ། གཡས་མེ་ཏོག་ཨུ་དུམ་ཝ་ར་གཙོ་བོ་ལ་འབུལ་བ། གཡོན་ནེའུ་ལེའི ་བྱམས་པ་ཚད་མེད་པའི་ལྷ་མོ་དཀར་མོ་དངུལ་ཀྱི་མེ་ལོང་ལྟ་བ། སྙིང་རྗེའི་ལྷ་མོ་སེར་མོ་གསེར་གྱི་མེ་ལོང་ལྟ་བ། དགའ་བའི་ལྷ་མོ་དམར་མོ་ཟངས་ཀྱི་མེ་ལོང་ལྟ་བ། བཏང་སྙོམས་ཀྱི་ལྷ་མོ་སྔོན་མོ་གཡུའི་མེ་ལོང་ལྟ་བ་རྒྱལ་པ་འཛིན་པའོ། །ཤར་ཕྱོགས་སུ་ཡུལ་འཁོར་བསྲུང་དཀར་པོ། ་གཡས་མེ་ཏོག་གཡོན་པི་ཝཾ་འཛིན་པའོ། །ལྷོ་ཕྱོགས་སུ་འཕགས་སྐྱེས་པོ་སྔོན་པོ། གཡས་མེ་ཏོག་གཡོན་རལ་གྲི་འཛིན་པ། ནུབ་ཕྱོགས་སུ་སྤྱན་མིག་བཟང་དམར་པོ། །གཡས་མེ་ཏོག་གཡོན་སྦྲུལ་ཞགས་འཛིན་པའོ། །དེའི ་ཕྱི་རོལ་ཏུ་ཡེ་ཤེས་ལྔའི་འོད་ཁ་དོག་ལྔ་རྡོ་རྗེའི་གུར་དུ་བསམ་མོ། །འོད་ཀྱི་ནང་དུ་ཡི་གེ་དྲུག་པའི་གསུང་གི་སྒྲ་རང་བཞིན་གྱིས་གྲག་པར་བསམ་མོ། །དེ་ནས་ཐུགས་ཀའི་ཧྲཱི(རྒྱུད་འགྲེལ་ཡེ་ཤེས་སེམས་དཔའ་རང་སྒོམ་པ་དང་འདྲ་བ་གཅིག་སྤྱན་དྲངས་ལ་མདུན་གྱི་ནམ་མཁར་བཞུགས་པ་ལ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། ཞེས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་ཡེ་ཤེས་པ་དགུག་གཞུག་བྱ་སྟེ། སྐུ་གསུང་ཐུགས ་བྱིན་གྱིས་བརླབས་པར་བྱའོ། །དེ་ནས་ལྷ་ཐམས་ཅད་གསོལ་བཏབ་ལ་སྙེན་པ་བྱ་བ་ནི། ཐུགས་ཀའི་ཧྲཱི(རྒྱུད་འགྲེལ་ཕཊ། ཧ་རི་ནི་ས་ཧཱུཾ་ཕཊ་ཧྭཱ?ཧཱ། ཞེས་བའི་སྔགས་ཀྱིས་བསྐོར་བ་ལ་དམིགས་ནས་བཟླས་པ་བྱ་བ་དང། འོད་ཟེར་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་ཕུལ་ཏེ། དེ་རྣམས་ཀྱི་བྱིན་བརླབས་རང་གི་ཐུགས་ཀའི ་ཧྲཱི:ལ་བསྡུའོ། །བུམ་པའི་ནང་དུ་དེ་བཞིན་གཤེགས་པ་རྣམས་བསམས་ལ། དེ་དག་ཞུ་བས་བདུད་རྩིའི་ཆུར་བསམ་ཞིང་བསྙེན་པ་བྱའོ། །པདྨ་ཟབ་པ་བྱེད་ན་ནི། སྒྲུབ་ཐབས་ལས་བྱུང་བ་བཞིན་དུ། བསྒོམ་ཞིང་བཟླས་པར་བྱའོ ་ཆོ་ག་གཞན་དག་རྣམས་ནི་འདྲ་བས་ཐུན་མོང་དུ་ཤེས་པར་བྱའོ། །དེ་ནས་སློབ་མ་ལ་སྐྱབས་སུ་འགྲོ་བ་ཐུན་མོད་བ་བྱིན་ལ། སེམས་བསྐྱེད་པ་ནི་སྒྲོལ་མའི་རྒྱུད་ནས་གསུངས་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི ་དགེ་སོ་སོར་བཤགས། །འགྲོ་བའི་དག་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང། །སེམས་ཅན་རྣམས་ལ་ཕན་སླད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དེ་ལྟར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ལ། ཡང ་དམ་ཚིག་དང་སྡོམ་པ་སྦྱིན་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་པདྨ་རྣམས་རྒྱས་དང། །གསང་སྔགས་རྒྱལ་བ་མཁའ་འགྲོ་མ། །བདག་ནི་རྟག་ཏུ ་སྐྱབས་སུ་མཆི། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །མགོན་པོ་སྤྱན་རས་གཟིགས་དབང་པོ། །རྣལ་འབྱོར་མ་དང་སྣང་མཛད་ཚོགས། །ཐམས་ཅད་བདག ་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང། །ཞེས་ཁས་བླང་ངོ། །དེ་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས ་བཤད་དེ་ངེས་ཤེས་བསྐྱེད་པ་ནི། རྣམ་སྣང་མངོན་བྱང་ནས་གསུངས་ཏེ། འཇིག་རྟེན་དུ་ནི་ཀུན་མཁྱེན་ཉིད། །ུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེ་འགའ་ཞིག་འབྱུང་འགྱུར་ཡང་ནི་མི་འབྱུང་ངོ། །གསང་སྔགས ་ས?་བའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་མདའ་བྱེད་པར་ནུས། །བསྐལ་བ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་བགྱིས་པ་གང། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ ་མཐོང་བས་བྱང་བར་འགྱུར་བ་ན། །གྲགས་བ་མཐ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་བའི་གསང་སྔགས་བཟླས་ནས་ནི། །གོ་འཕངས་བླ་ན་མེད་བར་འགྲོ་།གང་དག་སྤྱོད་པ་མཆོག་འདི་ལ། ། ་བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུ། །རྫུ་འཕྲུལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན ་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་ལ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །དབང་བསྐུར་བ་དུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །བྱེད ་རྣམས་ལམ་འདིར་འགྲོ་བ་ནི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་གསུངས་པ་ལ། དེ་ཡང་འཇིག་རྟེན་འདིར་སངས་རྒྱས་འགྱུར་བ་ཤིན་ཏུ་དཀོན་ཏེ། དཔེར་ན་མེ་ཏོག་ཨུ་དུམ་ཝ་ར་དང་འདྲའོ། །མེ་ཏོག་དེ་གང་དུ་སྐྱེ་ན། ་མཚོ་མ་དྲོས་པའི་བྱང་ཕྱོགས་ན་རི་རྩེ་ལྔ་པ་ཅེས་པ་ཡོད། །དེའི་ཕྱི་རོལ་ན་ཨུ་དུམ་ཝ་རའི་ཚལ་ཡོད་པ་དེ་ནི་ནམ་ཞིག་སངས་རྒྱས་དགའ་ལྡན་དུ་བྱོན་ཏེ། ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ། ཚལ་དེ་ཁ་འབུས་པར་འགྱུར་རོ། །འདི? ་གཏན་པའི་ཚེ་ཁ་བྱེ་བར་འགྱུར་རོ། །དཀའ་བ་སྤྱོད་པའི་ཚེ་རྙིང་ལ། སངས་རྒྱས་པའི་ཚེ་རབ་ཏུ་རྒྱས་པར་འགྱུར་རོ། །ནམ་ཚེའི་འདུ་བྱེད་འདོར་པའི་ཚེ་རྙིང་པར་འགྱུར་རོ། །ཚད་ནཾ་ཤིང་རྟའི་འབང་ལོ་ཙམ་མོ། །ཁ་དོག་ནི་སངས་རྒྱས ་རྒྱལ་རིགས་སུ་འབྱོན་ན་ནི་དཀར་པོ་རབ་ཏུ་འབྱུང་ངོ། །བྲམ་ཟའི་རིགས་ཀྱི་ནང་དུ་དཀར་པོར་འབྱུང་བར་འགྱུར་ཅེས་གསུངས་སོ། །གཏན་ལ་དབབ་པའི་མདོ་ལས། འབྱུང་བ་ཀུན་དགའ་བོ་འདི་ལྟ་སྟེ། ཨུ་དུམ་ཝ་རའི་མེ་ཏོག་ནི། སངས ་རྒྱས་སྐྱེ་བ་དང་དུས་གཅིག་ཏུ་འབྱུང་སྟེ། ཁ་དོག་དང་ལྡན་ཞིང་གསལ་བ། འོད་བཟང་བ། དྲིན་དཔག་ཚད་གཅིག་འཁོར་ཡུག་ཏུ་ཁྱབ་པར་བྱེད་དོ། །མེ་ཏོག་དེའི་ཡོན་ཏན་ནི། མིག་གི་རབ་རིབ་མེད་པར་བྱེད། དྲན་པ་གསལ་བར་བྱེད། ་ནང་རབ་ཏུ་ཞི་བར་བྱེད། དྲི་དན་པ་ཐམས་ཅད་རབ་ཏུ་སེལ་པར་བྱེད་པ། དྲི་ཞིམ་པོ་འབྱིན་པས་སེམས་ཅན་ཐམས་ཅད་ཀྱི་ཁམས་དངས་ཤིང་ལུས་ཡང་བར་འགྱུར་པར་བྱེད་དོ། །འཇིག་རྟེན་དུ་གསེར་གྱི་འཁོར་ལོ་བསྒྱུར་བ་འབྱུང་ཡང ་མེ་ཏོག་དེ་མི་འབྱུང་ངོ་ཞེས་གསུངས་སོ། །དེ་བས་ཀྱང་གསང་སྔགས་འབྱུང་བ་དཀོན་ཏེ། བསྐལ་བ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱོན་ཏེ། སངས་རྒྱས་ཤཱཀྱ་ཐུབ་པ་དང། ཕྱག་ན་རྡོ་རྗེ་སངས་རྒྱས་པའི་ཚེ་མ ་ཡིན་པར་གསང་སྔགས་མི་འབྱུང་ངོ་ཞེས་གསུངས་སོ། །ུ་དུམ་ཝ་རའི་མེ་ཏོག་པས། སངས་རྒྱས་སྟོང་འབྱོན་པ་དང། གསང་སྔགས་འབྱུང་བར་དཀོན་ཞེས་མདོ་སྡེ་དང་རྒྱུད་སྡེ་གཉིས་ཀ་ནས་གསུངས་ཏེ། དེ་ཡང་དེ་ལྟར ་སངས་རྒྱས་འཁོར་བ་འཇིག་།གསེར་ཐུབ་།འོད་སྲུང་འབྱོན་པས་ཀྱང་རྒྱུ་མཚན་ཉིད་ཀྱི་ཐེག་པ་མིན་པ་གསང་སྔགས་མ་གསུངས། ཤཱཀྱ་ཐུབ་པ་འདི་ཉིད་ཀྱི་བསྟན་པ་ལ། རི་བོ་པོ་ཏ་ལའི་ཤར་ཕྱོགས་སུ་སྤྱན་རས་གཟིགས་ཀྱི། ་ཨཡོན་པདྨ་འབྱུང་གནས་ལ་དབང་བསྐུར། དེས་ཟ་ཧེར་གཙུག་ལག་འཛིན་གྱི་ཕོ་བྲང་དུ། ཛ་ལན་དྷ་ར་ལ་དབང་བསྐུར། {ཀ}་དེས་ཚེའི་དངོས་གྲུབ་ཐོབ་ནས་ལོ་ཉིས་སྟོང་ཉི་ཤུ་རྩ་ལྔ་ནས་བྲམ་ཟེ་མཻ་ཏྲི་པ་ལ་དབང་བསྐུར། ་དེས་རྒྱ་གར་གྱི་རྒྱལ་རིགས་བཛྲ་པཱི་ཎ་ལ་རྡོ་རྗེ་གདན་གྱི་ཤར་ཕྱོགས་སུ་དབང་བསྐུར་རོ། །དེས་བལ་ཡུལ་རིན་ཆེན་ཚུལ་གྱི་གཙུག་ལག་ཁང་དུ་བལ་པོ་ཡེ་རངས་པ་ལ་དབང་བསྐུར། དེས་བལ་ཡུལ་ཡམ་བུར་རས་པ ་བཛྲ་ཀིར་ཏི་ལ་དབང་བསྐུར། དེས་ལོ་རོ་ཚེ་ཀོང་གི་དགོན་པར་མགོས་སྟོན་དབང་ཕྱུག་རྡོ་རྗེ་ལ་དབང་བསྐུར། དེས་ཡར་ལུངས་སོག་ཀར་གྲུ་གུ་རས་པ་ལ་དབང་བསྐུར། དེས་ཀརྨ་རས་པ་པུཎྱེ་བཛྲ་ལ་དབང་བསྐུར། དེས་པོ་མ ་རག་སྣར་དྷརྨ་བླ་མ་ལ་དབང་བསྐུར། དེས་ཤར་ཕྱོགས་སྤུང་རིའི་དགོན་པར། བླ་མ་མཉན་རས་པ་ལ་དབང་བསྐུར། དེས་རིན་པོ་ཆེ་རང་བྱུང་རྡོ་རྗེ་ལ་དབང་བསྐུར། {ཁ}་ཞེས་བརྗོད། དེ་ནས་སློབ་མའི་མགོར་རྡོ་རྗེ་བཟུང་ལ ་ཁྱོད་ཀྱི་པདྨ་རྒྱལ་པོ་དང། པདྨ་ཟབ་པའི་དཀྱིལ་འཁོར་ཆེན་པོ་འདི། སྨོད་མིན་པ་ལ་བསྟན་ན། དམ་ཚིག་ཉམས་པར་འགྱུར་བའི་ཕྱིར། སྔོན་དཀྱིལ་འཁོར་མ་མཐོང་བ་དང། འདིལམ་དད་པའི་སྣོད་ལ། འདི་ལྟ་བུ་འདི་ཁྱོད ་ཀྱིས་ཡང་སུ་རུང་རུང་ལ་སྨྲ་ཞིང་བརྗོད་པར་མི་བྱའོ། །དེ་ནས་ཀ་པཱ་ལའི་ནང་གི་བདུད་རྩིའི་ཆུ་བྱིན་ལ། འདི་ནི་རྡོ་རྗེའི་བདུད་རྩིའི་ཆུ། །མ་གསང་སྲེག་བར་བྱེད་པའི་དུག་།བསྲུངས་ན་དངོས་གྲུབ་ཐོབ་པ་ནི། བདུད་རྩི་ལྔ་ཡི་ཆུས་གྲུབ ་པོ། ཨོཾ་པཉྩ་ཨ་མྲི་ཏ་ཨུ་ད་ཀ་ཋ་ཐ། དེ་ནས་སློབ་མའི་སྙིང་གར་རྡོ་རྗེ་བཞག་སྟེ། སྤྱན་རས་གཟིགས་དབང་རྡོ་རྗེ་ཕག་མོ་དེང། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་གཞན་ལ་སྨྲ་མི་བྱ། །སྨྲས་ན་དེ་མ ་ཐག་ཏུ་དྲལ་ཏེ་གཤེགས། །ཡང་སྤྱི་བོར་རྡོ་རྗེ་བཞག་ལ། དེ་རིང་ཁྱོད་དཔའ་བོ་དང?་རྣལ་འབྱོར་མ་རྣམས་ཀྱི་རིགས་སུ་ཞུགས་ཀྱི། ངས་ཁྱོད་ལ་སངས་རྒྱས་པད་མ་རྣམ་རྒྱས་སྤྱན་རས་གཟིགས་ཀྱི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང ་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང། སྤྱན་རས་གཟིགས་དང། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས ་ཀྱི་མདུན་དུ་བརྗོད་པར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། ཡང་རྡོ་རྗེ་སྤྱི་བོར་བཞག་ལ། དེང་ཕྱིན་ཆད་ཁྱོད་ཀྱི་སྤྱན་རས་གཟིགས་ང་ཡིན་གྱིས། གང་ངས་པམམའི་རྒྱལ་པྤ་སྤྱན་རིས་གཟིགས་ཀྱི་དཀྱིལ་འཁོར་ཆེན་པོ་བསྒོམས ་ཤིག་ཅེས་བགོ་བ་དེ་ཁྱོད་ཀྱིས་བྱའོ། །ཁྱོད་ཀྱིས་ངལ་བརྙས་པར་མི་བྱ་སྟེ། ཁྱོད་མི་བདེ་བ་མ་སྤངས་པར་འཆི་བའི་དུས་བྱས་ནས། དམྱལ་བར་ལྷུང་བར་གྱུར་ཏ་རེ་ཞེས་བརྗོད་དོ། །ཡེ་ཤེས་གཞུག་ཀྱི་དཀྱིལ་འཁོར་དུ་པ་ནི། བདག་ཉིད་ཀྱི ་དཀྱིལ་འཁོར་གསལ་བར་བསྒོམས་ནས། སློབ་མ་རྣམས་སྤྱན་རས་གཟིགས་སུ་གསལ་བར་བསྐྱེད་ལ། འོག་མིན་གྱི་གནས་གཅོད?་མའི་གཞལ་ཡས་ནས། སངས་རྒྱས་པདྨའི་རྒྱལ་པོ་དང། སྤྱན་རས་གཟིགས ་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ལ། བདག་ཉིད་དང་སློབ་མ་རྣམས་ལ་གཞུག་གོ་།སྤོས་ལ་སོགས་པའི་མཆོད་པའི་བྱེ་བྲག་རྣམས་ཀྱང་དབུལ། དག་ཏུ། དཔལ་ལྡན་སངས་རྒྱས་སྐུ་འཆད་བ། རྡོ་རྗེ་མི ་ཕྱེད་གསུམ་གྱི་སྐུ། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཀུན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ། །ོཾ། དཔལ་ལྡན་སངས་རྒྱས་གསུང་འཆང ་བ་ཞེས་ཚིག་བསྒྱུར་ལ་ཤེས་པར་བྱའོ། །ཱ(རྒྱུད་འགྲེལ་བཻ་རོ་ཙ་ནཱི་ཡེ། ཧ་རི་ནི་ས། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྫ་ཧཱུཾ་ཨཱ(རྒྱུད་འགྲེལ་བྱུང་བ་དང། ལྷ་ལ་དབང་བསྐུར་བར་གསོལ་བ་གདབ་པ་ནི། སངས་རྒྱས་པདྨ་རྣམ་རྒྱས་དཀྱིལ་འཁོར་དུ། །འོད་དཔག་མེད་པའི་རྒྱལ་སྲས་སྤྱན་རས་གཟིགས། །པདྨའི་རིགས་ཀྱི་མཆོག་གྱུར་ཆེན་པོ་ཡི། །སྐལ་ལྡན་རྣམས ་ལ་དབང་བཞི་བསྐུར་དུ་གསོལ། །ཅེས་མཎྜལ་དབུལ་ལ་གསོལ་བ་གདབ་བོ་།དེ་ནས་བུམ་དབང་བསྐུར་བ་ནི། བདག་དཀྱིལ་འཁོར་གཙོ་བོར་གསལ་བའི་ཐུགས་ཀ་ནས། རྡོ་རྗེ་རྣལ་འབྱོར་མ་དང། མཁའ་འགྲོ་མ་བཞི་དང་ལྔ ་སྤྲོས་ཏེ། བུམ་པ་ཐོགས་ནས། སློབ་མའི་སྤྱི་བོར་དབང་བསྐུར་བར་བསམ་ཞིང། བཀྲ་ཤིས་བརྗོད་པ་དང། ཡིད་ལ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་དུ་བུམ་པའི་ཆུས་དབང་བསྐུར་བར་བསམ་ཞིང། དངོས་སུ་རྣམ་རྒྱལ ་བུམ་པ་སློབ་མའི་སྤྱི་བོར་བཟུང་ནས། ཇི་ལྟར་སངས་རྒྱས་པདྨ་རྣམ་རྒྱས་ཀྱི། །འོད་དཔག་མེད་པའི་རྒྱལ་སྲས་སྤྱན་རས་གཟིགས། །ཆོས་ཀྱི་རྒྱལ་སྲིད་ཆེན་པོར་དབང་བསྐུར་ལྟར། །དེ་བཞིན་བདག་གིས་ཁྱོད་ལ་དབང་བསྐུར་རོ། །ཙ་ལྟར ་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ལ་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །སྤྱན་རས་གཟིགས་དབང་དབང་ཐོབ་བོ?།། ཨོཾ་ཨཱ(རྒྱུད་འགྲེལ་བཻ་རོ་ཙ་ནཱི་ཡེ། ཧ་རི་ནི་ས། ཨོཾ་སརྦ་ཧ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མཾ། ཞེས་བརྗོད་དོ། སློབ་མ་མགོན་པོ་པདྨའི་སྣང་བ་རབ་ཏུ་རྒྱས་པའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ། བསྐྱེད་རིམས་རྒྱས་བར་བསྒོམས་པ་ལ་དབང་སེར་དགོས་སོ།། ་བུམ་ཆུ་ཡར་འཁྱིལ་པ་ལས་སྤྱི་བོར་འོད་དཔག་མེད་པས་དབུ་བརྒྱན་བར་བསྒོམས། །ངེས་ལུས་ངག་པ་ཡེ་ཤེས་ལྔའི་ངོ་བོ། མགོན་པོ་སྤྱན་རས་གཟིགས་ཀྱི་སྐུའི་དཀྱིལ་འཁོར་དུ་དབང་ཐོབ་པ་ཡིན་ནོ། །སློབ་མ་ལ་མཆོད་པ་རྣམ ་བཅུའི་དེ་བ་དང། བདག་གིས་གསང་བའི་དབང་བསྐུར་བར་བསམ་རྩིས་བཀང་བ་ལག་དུ་བཟུང་ལ། དེའི་དབུས་སུ་སངས་རྒྱས་པདྨ་རྣམ་རྒྱས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་བབ་པར་བསམས་ལ། དེའི་འོད་ཟེར་ཡི་གེ ་དྲུག་བའི་སྒྲ་དང་བཅས་པ་ཕྱོགས་བཅུར་སྤྲོས་པས། ཕྱོགས་བཅུའི་དེ་བ་དང། བདག་གིས་གསང་བའི་དབང་བསྐུར་བར་བསམ་ཞིང། འོད་དཔག་མེད་པ་སྤྱན་རས་གཟིགས་དབང་གསུང་གི་མཛོད། །ཡི་གེ་དྲུག་པ་ཕྱོགས་བཅུར? ་ཆོས་འཁོར་བསྐོར་བའི་གསུང། །རྒྱལ་བའི་གསུང་དབྱངས་ཡན་ལག་དྲུག་ཅུའི་དབང་ཐོབ་པས། །བརྒྱད་ཁྲི་བཞི་སྟོང་གསང་བའི་ཆོས་ཀྱི་དབང་བསྐུར་རོ། །སྔགས་གོང་མ་དང། སརྦ་ཏ་ཐཱ་ག་ཏ་ཨ ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་དོ། །དེས་ངག་གི་སྒྲིབ་པ་དག་ནས། སྐྱེ་བ་མེད་པའི་སྐུ་གསུང་ཆོས་ཀྱི་འཁོར་ལོ་བསྐོར་བ་གསང་བའི་དབང་བསྐུར་བ་ཐོབ་པ་ཡིན་ནོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། མེ་ལོང་གཡའ་དག་པ་ལ། ་རྡོ་རྗེ་ཕག་མོའི་གཟུགས་བརྙན་འཆར་དུ་བཅུག་ལ། དེ་ལ་སྤྱན་རས་གཟིགས་ཀྱི་ཡུམ་མར་མེ་ལས་མར་མེ་ཆད་པ་བཞིན་དུ་ཆང་ནས་དེ་དང་གཉིས་སུ་མེད་པར་བཞུགས་ནས། ཐུགས་ཀ་ནས་འོད་ཟེར་གྱི་ཕྲེང་བ་ཁ་དོག་སྣ་ལྔ ་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུམ་རྣམས་བསྐུལ་ནས། དེ་དག་རྣལ་འབྱོར་མ་ལ་ཐིམ། དེ་མཐོང་བ་ཙམ་གྱིས་ཟག་མེད་ཀྱི་བདེ་བ་སྟེར་ནུས་པའི་ལྷ་མོ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། ་བདག་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དེ་ཡང། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། མེ་ལོང་ནང་གི་ལྷ་མོ་ལག་པ་གཡོན་པས་གཏད་ལ། དུས་གསུམ་བྱང་ཆུབ་སེམས་དཔའ་རྣམས། །ཤེས་རབ་རྡོ་རྗེ་རྣལ་འབྱོར ་མ། །བདེ་ཆེན་ཉིད་དུ་རྣམ་སྦྱར་བས། །ཉོན་མོངས་ཤེས་བྱའི་སྒྲིབས་སྤངས། ཤེས་རབ་ནམ་མཁའ་ལྟ་བུ་ཡི། །རྣལ་འབྱོར་མ་དང་འབྲལ་མི་བྱ། །གོང་གི་སྔགས་དང། ཙིཏྟ་པྲཛྙཱ་སརྦ་ཏ་ཐཱ་ག་ཏ་ན་ཨ་བྷི་ཥིཉྩ་མི། དེས་ཤེས ་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་ཡིན་ནོ། །ད་ནི་ཚིག་དབང་རིན་པོ་ཆེ་བསྐུར་བ་ནི། །བཞི་པའི་མི་དམིགས་པའི་ཡེ་ཤེས་ཀྱིས། །འགྲོ་བ་དྲུག་གི་སྣང་བའི་ཡུལ་མེད་དེ། །སྣང་མེད་ཡེ་ཤེས་ནམ་མཁའ་དང་མཉམ་པས། །ཆོས་ཀྱི་སྐུ་ལས་ལོངས ་སྤྱོད་རྫོགས་སྐུ་དང། །སྤྲུལ་པའི་སྐུ་ནི་ཡེ་ཤེས་དཔག་མེད་ཆེ། །མཁའ་དང་མཉམ་པ་བདག་མེད་དོན་མཛད་དོ་ཞེས་བརྗོད་དོ། །རྗེས་ལ་སློབ་མ་ལྷར་གྱུར་པ་ལ་མཆོད་པ་ལྔ་འབུལ། བཀྲ་ཤིས་ཀྱི་ཚིག་རྣམས་བརྗོད་དོ། །དེ་ནི་ཚིག་དབང་ངོ།། ་དེ་ནས་ཚོགས་ཀྱི་འཁོར་ལོའི་ཆོ་ག་བཞིན་དུ་བསྐོར་བར་བྱའོ། །གཏོར་མ་རྣཾས?་རྒྱས་པར་བསྔོས་ལ་བཏང་བ་དང། ལྷག་མའི་གཏོར་མ་དང། རྗེས་ཀྱི་ཆོ་ག་རྣམས་བྱས་ལ། སློབ་དཔོན་ལ་མེ་ཏོག་དབུལ་པ་དང། དགེ་བའི་རྩབ་བསྔོས་ཏེ། ་དཀྱིལ་འཁོར་མི་དམིགས་པར་བྱའོ། །སྦྱིན་སྲེག་བྱ་བར་འདོད་ན། ནང་གི་སྦྱིན་སྲེག་རྩ་གསུམ་འདུས་མདོར། མ་ལས་ཐོབ་པའི་ཉི་མ་བྱང་ཆུབ་ཀྱི་སེམས་ཀྱི་མེ་འབྱུང་བ་བཞིའི་རླུང་གིས་སྦར་ནས། བཟུང་འཛིན་གྱི་རྟོག་པ་སྐྱེ་བ་མེད ་པར་བསྲེག་པའི་དབུ་མ་ནས་སྙིང་གར་ཕྱིན་པས། ཕ་ལས་ཐོབ་པའི་ཟླ་བ་བྱང་ཆུབ་ཀྱི་སེམས་དང་སྙིང་གར་འཛོམས་པས་ལུས་སེམས་མི་དམིགས་པའི་བདེ་གསལ་ཆེན་པོ་ནི། སྦྱིན་སྲེག་རྣམས་ཀྱི་མཆོག་གོ་།ཞེས་སྤྱན་རས ་གཟིགས་ཀྱི་རྒྱད་ནས་གསུངས་སོ། །ཕྱིའི་སྦིན་སྲེག་ནི། ས་ཁྲུ་གང་ལ་འཛུབ་གང་མར་བྲུས། ཁ་ཁྱེར་འཛུབ་གང་ཕྱིར་བསྐྱེད། དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ་དམར་པོ་བྱ། མུ་ཁྱུད་པདྨའི་ཕྲེང་བས་བསྐོར། དེའི་ནད་དུ་ཙན ་དན་གྱིས་ཟླ་གོམ་དུ་རྩིགས། དབང་གི་བསྲེག་རྫས་དང་དགང་བླུགས་དང་གཏོར་མ་དང། དེ་རྣམས་གཡས་གཡོན་དང་མདུན་དུ་བཞག་ལ། རྒྱན་དང་གོས་དང་ལྟ་སྟངས་རྣམས་ལས་དང་མཐུན་པར་བྱས་ཏེ། མེ་ལྷ་བསྐྱེད་ལ་མཆོད ་པ་དང་སྲེག་རྫས་དབུལ། བསྟོད་པ་བྱའོ། །དེ་ནས་མེ་ལྷ་མེར་གྱུར་པའི་དབུས་སུ། སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་རྒྱས་བསྡུས་གང་རུང་བསྐྱེད། བསྲེག་རྫས་རྣམས་བྱིན་གྱིས་བརླབས་ཏེ། དབུལ་བ་ནི་རྒྱལ་པོའི་རིམ་པ་ཅན་ནམ། ་རྒྱལ་པོའི་རིམ་པ་དང། བྲམ་ཟེའི་རིམ་པ་མེད་དེ། གང་འཐད་ཀྱིས་དབུལ་ལོ། །གསོལ་བ་གདབ་པ་དང། སྔགས་ཀྱི་འོད་ཟེར་ནི་ཞི་བ་དང། དབང་རྒྱས་དང། དྲག་པོ་རྣམས་གང་བྱེད་ཀྱང། རྩ་བའི་སྔགས ་ཀྱི་བཤམ་དུ་ལས་བཞིའི་སྔགས་བཏགས་པས་དངོས་གྲུབ་བསྒྲུབ་པའོ། །སྤྱིན་སྲེག་གི་རིམ་པའོ། །སྤྱན་རས་གཟིགས་ཀྱི་རྒྱུད་པད་མ་ཟབ་པ་དང། པདྨ་རྒྱལ་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་རབ་ཏུ་བྱེད་པ་འདི། དཔལ ་ཛ་ལན་དྷ་ར་པས་མཛད་པའོ། །མངའ་བདག་མཻ་ཏྲི་པའི་ཕྱག་དཔེ་ལས། རྒྱ་གར་ཕྱག་ནའི་ཞལ་སྔ་ནས་དང། བོད་ཀྱི་ལོཙྪ་བ་པྲཛྙཱ་ཀཱིར་ཏིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །རྫོགས་སོ།། །། ་