CLOSE WINDOW

N3618: gnod sbyin ma kun nas 'khyil pa'i gwa thabs kyi don bsdus pa'i 'grel pa
Wyliee-texts based on the ACIP/ALL Input

མཛད་པ་རྫོགས་སོ།། །ཐིི?་།།རྒྱ་གར་སྐད་དུ། ཡ་ཀྵི་ནི་ཀུན་དྷ་ལི་ས་དྷ་ན་མ། བོད་སྐད་དུ། གནོད་སྦྱིན་མ་ཀུན་ནས་འཁྱིལ་པའི་གྭ་ཐབས་ཀྱི་དོན་བསྡུས་པའི་འགྲེལ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མའི་གྭ ་ཐབས་འདི་ལ་དོན་རྣམ་པ་ལྔས?་བསྟན་སྟེ། །དང་པོ་བརྟེན་བཅའ་བ་དང་ཅིག། ལྷ་སྒོམ་ཞིང་བསྙེན་པ་བྱེད་པ་དང་གཉིས། །བླ་རྡོ་བཟུང་བ་དང་གསུམ། ཐུན་འཚམས་སུ་གཏོར་མ་གཏང་ཞིང་གསོལ་བ་གཏབ་པ་དང་བཞི། ལས་ལ་སྦྱར་བ་དང་རྒྱུན་ཏུ་ཉམས་སུ་བླང་བ་དང་ལྔའོ། །དང་པོར ་བརྟེན་བཅཝའ?་བ་ནི། རོ་རས་སམ། ཤིང་ཤུན་ལ་གུར་གུམ་གྱིས་ཆུས་བྱུགས་ལ། དེ་ལ་གནོད་སྦྱིན་མ་ཀུན་ནས་འཁྱིལ་པ་དཔོན་གཡོག་གསུམ་བྲི། །དེ་ལ་གཙོ་མོ་སྐུ་མདོག་མཐིང་ནག། གཡས་ལྗང་ཁུ། གཡོན་དམར་པོ། ཐམས་ཅད་ཞལ་ཅིག་ཕྱག་གཉིས་མ། གཡས་པ་ཐམས ་ཅད་དགྲ་སྟ། གཡོན་པ་ན་ག་པ་ལ་མཚན་དང་ལྡན་པ་བསྣམས་པའོ། །ཞབས་གཡས་བསྐུམ་གཡོན་རྐྱང་བ། པད་མ་དང་ཨུད་པ་ལའི་སྟེང་ན་བཞུགས་པའོ། །སྐུ་ལ་རུས་པའི་བརྒྱན་གྱིས་བརྒྱན་པ། སྤྱན་ཞལ་འཛུམ་པ་དང་བཅས་པ་།དབུ་སྐྲ་ལྕང་ལོར་འཁྱིལ་གི?་རིན་པོ ་ཚའི་རྒྱན་དུ་མས་བརྒྱན་པ། ནུ་མ་འབུར་བ། སྐུ་གཞོན་བའི་ཆ་ལུགས་སུ་བྲིའོ། །སྐྱ་རེངས་ཀྱི་དུས་སུ་ཐུགས་ཁར་སྙིང་པོ་དང་རྒྱབ་དུ་མཚན་བྲིའོ། །མཚོན་གསེབ་དུ། རང་བྱུང་རཀྟ། སིན་དྷུར། གུར་གུམ། ཙན་དན་དམར་པོ་དང། ཡང་ཡང་ན་བུ་མོ་གསོན་གཤིན་གཙང་མ་གང་ཡང? ་རུང་བའི་ཁྲག་དང་བསྲེས་བ་བྲིའོ། །ཐལ་ཆེན་ཡང་བསྲེའོ། །རྟན་རིན་པོ་ཆེ་གའུའི་ནང་དུ་དེ་མིས་མ་འཐོང་བར་སྤའོ། །བརྟན་ལ་གདམས་པ་གཅེས་སོ། །གཉིས་པ་ལྷ་སྒོམ་ཞིང་བསྙེན་པ་བྱ་བ་ནི། དང་པོར་མདུན་དུ་མཎྜལ་མདའ་གང་པ་གཅིག་ལ་མེ་ཏོག་གི་ཚོམ་བུ་སྐྲམ། གོང་གི་རྟེན་དེ་དེར་བཞུགས་ལ། ་ཅི་འབྱོར་བའི་མཆོད་པ་དང་གཏོང་མ་བཤམ། སྐྱབས་འགྲོ་སེམས་བསྐྱེད་བྱ། །ཁྱད་པར་དུ་བདག་བླ་ན་མེད་པའི་བྱང་ཆུབ་གྭ་པ་ལ། བདག་གཞན་ཐམས་ཅད་ཀྱིས་དབུལ་ཞིང་འཕོངས་པའི་སྡུག་བསྔལ་དང་བྲལ་ནས། ལོངས་སྤྱོད་ཕུན་སུམ་ཚོགས་པ་གྭ་སྙམ་དུ་བསམས་ལ། ་དེ་ནས་ཡིད་དམ་གྱི་ལྷ་གང་ཡིན་བསྒོམས་པའི་མདུན་དུ། ཙ་ཀ་ལི་གསུམ་ལས། གནོད་སྦྲིན་མ་གསུམ་བསྒོམས་པ་ནི། དབུས་ཀྱི་གཙོ་མོ་སྐུ་མདོག་མཐིང་ནག། གཡས་ལྗང་ཁུ། གཡོན་དམར་པོ། ཞལ་ཅིག་ཕྱག་གཉིས་མ། གཡས་ཐམས་ཅད་དགྲ་སྟ། གཡོན་ཐམས་ཅད་ན་མཚན ་ལྡན་ཀ་བ་ལ། སྤྱན་ཞལ་འཛུམ་པ། དབུ་སྐྲ་ལི་བ་ལ་རིན་པོ་ཆེ་དང་རུས་པའི་བརྒྱན་གྱིས་བརྒྱན་པའོ། །ཞབས་གཡས་བརྐུམ་པ། གཡོན་བརྐྱང་ག་རིན་པོ་ཆེ་དང་པདྨའི་གདན་ལ་བཞུགས་པ་བསྐྱེད་ལ། རང་གི་ཐུགས་ཁ་ནས་འོད་ཟེར་གྱིས། །ལྷོ་ནུབ་ནས ་ལྷ་མོ་གསུམ་སྤྱན་དྲངས་ལ། མདུན་བསྐྱེད་པ་སྟིམ་ལ་གཉིས་སུ་མེད་པར་བྱའོ། །དེ་ནས་རྟེན་གསུམ་པོས་བདག་གི་བཀའ་ཉན་པར་བསམས་ལ། སྔགས་བཟླས་སོ། །དང་པོ་གསུང་གི་ལྷ་མོས་ཟས་གྭ་པ་ནི། ཨོཾ་ཨི་ལིང་ཀི། པི་ལིང་ཀི། ཀི་ལིང་ཀཱི་སྭཱཧཱ། །དེ་ལ་ཞག་བདུན་སྙན་པ་བྱའོ།། ་དེ་ནས་སྐུའི་ལྷ་མོས་གོས?་གྭ་བ་ནི། ཨོཾ་ཨན་ལ། ཀུན་དྷ་ལི་གྷྲི་ན། བྷིན་དྷ། བི་ཤ་ཙི་ནི་ཡེ་སྭཱཧཱ། །དེའང་ཞག་བདུན་ནོ། །དེ་ནས་ཐུགས་ཀྱི་ལྷ་མོས་ནོར་གྭ་པ་ནི། ཨོཾ་ན་མོ། ཤུ་ཀྭ་མུ་ཁྲི་མ་ཧ་བི་ཤ་ཙ་ནི་ཡེ་སྭཱཧཱ། །འདིའང་ཞག་བདུན་བS?་པོ། །དེའི་བླ་ན་?་བཟུང་བ་ནི། །ཀར་ཤ་བ་ནི་སྦྲུམ?་ན ་གསུམ། བྱི་རུ་གསུམ་།མུ་མེན། མུ་ཏིག་གསུམ། དར་དམར་པོས་དྲིལ་ལ་རྟེན་ཙཀ་ལི་དང་བཅས་པ། འཆན་ཁུང་གཡོན་དུ་བཅད་དོ། །དེ་ནི་བླ་རྡོ་བཟུང་བའོ། །ཐུན་འཚམས་སུ་གཏོར་མ་བཏང་བ་ནི། ཤིང་ཐིག་དང། ཤ་ཁྲག་གིས་བརྒྱན་པའི་གཏོར་མ་གསུམ་བཤམས་ལ། ་ལྷ་མོ་གསུམ་མདུན་དུ་མངོན་སུམ་བསམས་ལ། གཏོར་མ་དེ་ཡི་གེ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ལ་འབུལ་བ་ནི། ཨོཾ་ཨི་ལིང་ཀི། པི་ལིང་ཀི། ཀི་ལིང་ཀི། ཨ་ན་ལེ་ཀུན་དྷེ་ལི། གྷྲིན་སིན་དྷ་བི་ཤ་ཙི་ནི་ཡེ། ན་མ་ཤུ་ཀྲ་མུ་ཁྲི། མཧཱ་པི་ཤ་ཙི་ནི ་ཡེ། ཨི་དཾ་བྷ་ལིང་ཏ། ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་ལན་གསུམ་གྱིས་འབུལ་ལོ། །དེ་ནས་གསོལ་བ་གདབ་པ་ནི། གནོད་སྦྱིན་ཤ་ཟ་མཁའ་འགྲོ་ཁྱེད་གསུམ་གྱིས། བདག་གི་མཆོད་པ་དང་གཏོར་མ་ནི་བཞེས་ལ། བདག་དང་གཞན་གྱི་དོན་དུ་བྱང་ཆུབ་གྭ་པའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ ་ཕྱིན་པའི་བསོད་ནམས་ཡོངས་སུ་རྫོགས་པའི་སླད་དུ། ཆོས་སྒྲུབ་བའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྣང་བར་མཛད་དུ་གསོལ། །ཅེས་ལན་གསུམ་གསོལ་བ་གཏབ་བོ། །དེ་ནས་བསྟོད་པ་ནི། དུར་ཁྲོད་ཆེན་པོ་ཤིང་དྲུང་ནགས་ཚལ་ཆེན་པོ་རུ། །ལྷག་པའི་གནས་བཅས་ཤ་ཟ ་མཁའ་འགྲོ་གསུམ། །སྒྱུ་མའི་སྐུར་སྟོན་འཕྲིན་ལས་མཛད་པའི་ལྷ། །སྣ་ཚོགས་སྟོན་མཛད་ཡིད་བཞིན་ནོར་འདྲའི་དཔལ། །དཔག་བསམ་ཤིང་ལྟར་དགོས་འདོད་རེ་བ་བསྐོང། །མི་ཟད་གཏེར་ལས་གྲུབ་བའི་བུམ་པ་འཛིན། །དགོས་འདོད་ཅི་འདོད་འབྱུང་ལ་ཕྱག་འཚལ་བསྟོད། །ཅེས་པས ་བསྟོད་དོ།། ལས་སྦྱོར་རྒྱུན་དུ་ཉམས་སུ་ལེན་པ་ནི། རང་ཟས་ཟ་བའི་དུས་སུ། བྱང་ཆུབ་ཀྱི་སེམས་དང་ལྡན་པས། དཀོན་མཆོག་ལ་མཆོད་པ་ཕུལ་ལ། དེའི་རྗེས་སུ་མདུན་དུ་ལྷ་མོ་གསུམ་བསྒོམ་པ་ནི། །དེ་ཡང་སྐུ་མདོག་མཐིང་ནག། གཡས་ལྗང་ཁུ། གཡོན་དམར་མོ་ཞལ་ཅིག་ཕྱག་གཉིས ་མ། ཕྱག་གཡས་ནོར་བུའི་བུམ་པ་རིན་པོ་ཆེས་བཀང་བ་ཐུགས་ཁར་བསྣམས་པ། གཡོན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསྣམས་པའོ། །ཞི་བའི་ཞལ་ཅུང་ཟད་དམར་བ། ཞབས་གཡས་སྐུམ་གཡོན་བརྐྱང་བའི་ཕྱེད་དཀྱིལ་གྱིས་པདྨ་དང་རིན་པོ་ཆེའི་གདན་ལ་བཞུགས་པ། རིན་པོ་ཆེ ་དང་རུས་བའི་རྒྱན་དུ་མས་བརྒྱན་པ། གྭ་པ་པོ་ལ་དགྱེས་པའི་ཚུལ་དུ་ཞལ་གཟིགས་ཏེ། ཇི་ལྟར་བསམས་པའི་དངོས་གྲུབ་གཏེར་བ་ཅིག་ཏུ་བསྐྱེད་ལ། ཟན་གྱི་ཆང་བུལ་བསྔགས་ལ། ས་ལ་སྒྱུར་རོ། །ཆང་བུ་དང་པོ་ལ། ཨོཾ་ཨི་ལིང་ཀི། བི་ལིང་ཀི། ཀི་ལིང་ཀི་སྭཱཧཱ། ཅེས་ལན་བདུན་ནོ། །གཉིས ་པ་ལ་ཨོཾ་ན་མ་ཤུ་ཀྲ་མུ་ཁྲིམ་ཧ་བི་ཤ་ཙི་ནི་ཡེ་སྭཱཧཱ། ཅེས་ལན་བདུན་ནོ། །གསུམ་པ་ལ། ཨོཾ་ཨ་ན་ལེ་ཀུན་དྷ་ལི། གྷྲི་ན་སིན་དྷ། བི་ཤ་ཙི་ན་ཡེ་སྭཱཧཱ། ཅེས་པའི་སྔགས་འདི་གསུམ། ཆང་བུ་རེ་རེ་ལ་ལན་བདུན་བདུན་གཏབ་པས་ལ་དོར་རོ། །རྗེས་ལ། ཆོས་ཀྱི་གྲོགས་སུ་འགྲོ་བར ་གསོལ་བ་གདབ་བོ། །གནོད་སྦྱིན་མ་ཀུན་ནས་འཁྱིལ་བའི་གྭ་ཐབས། །སློབ་དཔོན་ཀླུ་གྲུབ་ཀྱིས་མཛད་ནས་།དེའི་འགྲེལ་བ་བླ་མ་རྡོ་རྗེ་གདན་བས་མཛད་པ། ལོཙྪ་བ་རིན་ཆེན་གྲགས་པས་བསྒྱུར་ནས་རིམ་པར་རྒྱུད་བའོ། །འདི་ལ་ཐེ་ཚོམ་བྱ་མི་དགོས་སོ། །འདིའི་སྒྲུབ་རྟགས་ནི ་བུད་མེད་དང་སྐྱེ་བོ་མང་པོས་བསྙེན་བཀུར་བྱེད་པ་དང། ལོ་ཏོག་རྩས་མ་རྔ་བ་དང། འབྲུའི་ཆར་འབབ་པ་དང། རིན་པོ་ཆེའི་གཏེར་རྙེད་པ་དང། འདི་རྣམས་དངོས་སམ་རྨི་ལམ་དུ་འབྱུང་གསུང། འདིའི་དམ་ཚིག་དུ། བུད་མེད་ལ་མི་སྨོད། བུད་མེད་ལ་བརྙས་པར་མི་བྱ། མོ་མཚན་ལ་ཆེད ་དུ་མི་ལྟའོ། །དུས་རྒྱུན་དུ་ཡི་དམ་དུ་བྱ་བ་ནི། ཏད་ཡ་ཐཱ། ཨོཾ་ཚ་མེ། ཨུ་ལ་ནི། དུ་ཁན་སྭཱཧཱ། །ཅེས་པའི་སྔགས་འདི། སྲོད་ལ་བཞི་བརྒྱ་ཙམ་རེ་བཟླས་སོ། །དེས་ནི་དངོས་གྲུབ་མྱུར་དུ་འགྲུབ་པར་གསུངས་སོ། །གནོད་སྦྱིན་མ་ཀུན་ནས་འཁྱིལ་པའི་གྭ ་ཐབས། སློབ་དཔོན་ཀླུ་གྲུབ་ཀྱིས་མཛད་པ་རྫོགས་སོ།། །།སློབ་དཔོན་ཀླུ་གྲུབ། བླ་མ་རྡོ་རྗེ་གདན་པ། མཁས་པ་པ་རི་ལོཙྪ་བ། བུ་སྟོན་རིན་ཆེན་གྲུབ། མཁན་ཆེན་བསོད་ནམས་བཟང་པོ། དགོས་པོ་སླ་སྒོ་གི་བླ་མ་འཇམ་དབྱངས་ཥཱཀྱ་སེང་གེ། གོན་གྱི་བུདྷ་པ་ལ། དེ ་ལ་བདག་མི་སྐྱོད་རྡོ་རྗེས་ཞུས་སོ། །དེ་ལྟར་རིམས་པས་རྒྱུད་པའི་གདམ་དག་འདི་ནི། ཕྱོགས་ཀྲི་ཡང་རྟོགས། །རྒྱུད་ཤ་ཟ་རིག་པ་འཛིན་པའི་རྒྱུད་ནས་བསྡུས། ངོན་མཆེད། གང་ཟག་དང་པ་དང་ལྡན་པ་དབུལ་བ་སེལ་བའི་དོན་དུ་མཛད། བླ་མ་པ་རི་ལོཙྪ་རྒྱ་གར་ན་ཆོས་གསན ་པ་ལ། ཡོ་བྱད་ཀྱི་དངོས་པོ་ཅི་ཡང་མེད་པས། བླ་མ་རྡོ་རྗེ་གདན་པའི་ཞལ་ནས། ཁྱོད་ལོངས་སྤྱོད་ཀྱིས་ཉོན་མོངས་པར་འདུག་པས། ཁྱོད་ལ་ཟས་ཀྱིས་མི་འཕོངས་པར་ཚོགས་མེད་བར་འོང་བའི་གདམ་ངག་གཅིག་སྤྱིན་གྱིས་གསུང་ནས་གནང་ངོ། །འདི་དང་པོ་བསྙེན་པ ་ཞག་ཉི་ཤུ་རྩ་གཅིག་བྱས་ན། ཟས་དང་གོས་དང། ནོར་ལ་ཚོགས་མེད་པར་འོང་གསུང། །འདི་སྐུ་གསུང་ཐུགས་ཀྱི་མཁའ་འགྲོ་མ་གསུམ་ཡིན་གསུང། གནས་ནི། རྡོ་རྗེ་གདན་གྱི་ལྷོ་ནུབ་འཚམས་ན། དུར་ཁྲོད་ཤིང་དྲུང་ནགས་ཚལ་ལ་བརྟེན་བྱས་ནས ་གནས། འཇིག་རྟེན་ཁམས་ཀྱི་ནོར་གྱི་བདག་མོ་ཡིན། འདི་ལ་ཐེ་ཚོམ་དང་ཡིད་གཉིས་བྱ་མི་དགོས་གསུང་ངོ།། ཨཐིི(རྒྱུད་འགྲེལ་ཁར་སྙིང་པོ་དང། རྒྱབ་དུ་རྟེན་འབྲེལ་སྙིང་པོ་ཁྲི་ཟེར་བ་ཡང་སྣང་ངོ།། །།ཡང་རིགས་གཅིག་ལ། དབང་དུ་བྱ་བའི་འཁོར་ལོ་ནི། རྩིབས་བཞི་པ་ལ། ཨོཾ་ཨ་བྷ་ཤི་བ་ཨ། ཨོཾ་མ་པི། ཨ་དུ་པ་ཤི་སྭཱཧཱ་།ཞེས་གཡོན་བསྐོར ་བྲི། ལྟེ་བ་ལ། དམིགས་བྱའི་མིང་རུས་དང། དབང་དུ་སྡུས་ཅིག་བྲི། དེ་ཉིད་མདུན་དུ་བཞག་ལ། ཞག་གསུམ་སྔགས་ཀྱི་བསྙེན་པ་ཁྲི་ཚོ་ཅིག་བཟླས་ལ། རང་གི་ཐེ་འོང་གཡས་པ་ལ་རྩེ་མོ། །དེས་ནི་དབང་དུ་འདུས་ནས། སྦྱིན་བདག་དུ་འགྱུར་རོ། །དག་ཞིང ་བཀྲ་ཤིས་པར་གྱུར་ཅིག། །།གནོད་སྦྱིན་ཡིད་འགྲོག་གི་བསྒྲུབ་ཐབས་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཨ་པ་ར་ཙི་ཏ་མེ་རུ་བྷོ་དང་ཀ་ར་རད་ན་བྷ་ལས་དྷ་ནཾ། བོད་སྐད་དུ། གཞན་གྱིས་མི་ཐུབས་དང། རི་རབ་མཆོག་མ ་