| Wylie | e-texts based on the ACIP/ALL Input |
ཞུགས་པ་ཡིས། །བྱང་ཆུབ་སེམས་ཀྱི་ཆུ་ཡིས་ཁྲུས་བྱའོ། །ཁྲུས་ཀྱི་ཆོ་ག་སྒྲིབ་བ་སྦྱོང་ཞིང་བར་ཆོད་གསལ་བ་རྫོགས་སོ།། །།ཚེ་བདག་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་དྲན་པ་བསལ་བ་ཞེས་བྱ་བ་ནག་པོར?་མཛད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙ་བ་དར་མ་གྲགས་ཀྱི་འགྱུར།། ་*།། །རྒྱ་གར་སྐད་དུ། ཤྲཱི་ཡ་མ་ཨཱ་ཡུ་ཀཱ་ལ་མཎྜལ་བི་དྷི། བོད་སྐད་དུ། དཔལ་གཤིན་རྗེ་ཚེ་བདག་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག། །བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གི་བྲིན་གྱིས་མུན་པ་གཏན་བཅོམ་ཞིང། །གསང ་བའི་འོད་ཀྱིས་བདེ་བ་སྐྱེད་བྱེད་པ། །ཐུགས་རྗེའི་བདག་ཉིད་འཇམ་རྒྱལ་རྡོ་རྗེ་ལ། །ལུས་ངག་ཡིད་གསུམ་དང་པས་ཕྱགས་ཅལ་ནས། །གསང་སྔགས་ལམ་གྱི་སྒྲོན་མ་འདི་ཉིད་ལ། །མོས་དང་དང་བ་གང་ཞིག་ཡོད་པ་ཡི། །རྣལ་འབྱོར་བརྩོན་པ་རྣམས་ལ་ཕན་བྱའི་ཕྱིར། །དཀྱིལ ་འཁོར་ཆོག་འདི་ཉིད་བཤད་པར་བྱ། །བླ་མ་མཁས་ཤིང་རྟོགས་ལྡན་དམ་ཚིག་ལྡན་པ་དང། །བརྩེ་དང་བསམ་གཏན་བྱིན་རླབས་ཞུགས་བ་དང། །དམན་སྤངས་དད་པས་འགྲོ་བ་ཡང་དག་འདྲེན་པ་སྟེ། །འདི་ནི་བླ་མའི་འོས་ཏེ་འགྲོ་བའི་དོན་བྱེད་པའོ། །བླ་མ་ལ་གུས་རྟོག་མེད་སྙིང ་རྗེ་ཅན། །རྟག་ཏུ་ཆོས་འདོད་དད་པ་བརྟན་འགྱུར་ཞིང། །བཟོད་ལྡན་གཏོང་ལ་སྤྲོ་བའི་གང་ཟག་ནི། །འདི་ནི་རྗེས་སུ་བཟུང་འོས་སློབ་མའི་འོས། །ཆུ་གླིང་དུར་ཁྲོད་ལ་སོགས་དབེན་གནས་སུ། །རྫས་དང་ཡོ་བྱང་ཚོགས་པས་བསྙེན་པ་བརྩམ། །མཎྜལ་བྱི་དོར་བྱས་པས་མེ་ཏོག ་བཀྲམ་བྱས་ལ། །མཆོད་པ་ལྔ་དང་གཏོར་མ་ཆགས་གསུམ་བཤམ། བླ་བྱེ་ལ་སོགས་བརྒྱན་རྣམས་དགྲམ་པར་བྱ། །བདེ་བའི་གཏན་ལ་འདུག་བས་རྣལ་འབྱོར་བྱ། །བྱང་ཆུབ་སེམས་བསྐྱེད་ཚད་མེད་བཞི་བོ་བསྒོམ། །ཡན་ལག་བདུན་པོ་ཡོངས་སུ་རྫོགས་པར་བྱ།། ་འགྲོར་ན་གསོལ་གདབ་སྨོན་ལམ་རྫོགས་པར་བྱ། །དེ་རྗེས་སྟོང་བའི་རྣལ་འབྱོར་རྗེས་སུ་དྲན་བར་བྱ། །ོཾ་ཤཱུ་ནྱ་ཧཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདམ་ཀོ་ཧཾ། སྟོང་པའི་དང་ལས་འབྱུང་བའི་རིམ་བརྩེགས་བསྒོམ། །ཡཾ་རཾ་བཾ་ལཾ། རླུང་མེ་ཆུ་དང་གསེར་གྱི་ས་གཞིའི་སྟེང། །བྲུཾ་ལས ་གཞལ་ཡས་ཁང་ཆེན་རྣམ་པར་བསམ། །གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན། །ཁྱམས་སྟོང་ཁྱམས་སྨད་སྟེང་འོག་བར་དང་བཅས། །ཀ་བ་བརྒྱད་དང་འཐོད་ཆེན་ཟླུམ་སྐོར་གདུད། །དྲ་བ་དྲ་ཕྱེད་རྔ་ཡབ་ཆུན་འཆད་བརྒྱན། །འདོད་ཡོན་ལྷ་མོ་རྣམས་དང་བཅས་པའི་དབུས ་དུར་ཁྲོད་བརྒྱད་ལྡན་ཐོད་པའི་གཞལ་ཡས་ཁང། །དབུས་སུ་འཁོར་ལོ་རྩིབས་བརྒྱད་རྒྱས་པའི་ལྟེ་བ་ལ། །ཕྱོགས་བཞི་གནག་ལ་མཚམས་བཞི་དམར། །པདྨ་ཉི་ཟླའི་སྟེང་དུ་དུ་ཏྲ་ཡབ་ཡུམ་སྟན། །ཡ་དང?་མ་ལས་ར་བརྗོད་ཡབ་ཡུམ་གཉིས། །གཉིས་མེད་ཕྱག ་རྒྱ་ཆེན་པོ་བསྒོམ་པར་བྱ། །སྐུ་མདོག་མཐིང་ནག?་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་མཐིང་ཁྲོ་བོའི་ཞལ། །སྤྱན་དགུ་སྔར་མིག་གྱེན་དུ་ཟློག་པས་འཇིགས། །མཆེ་བ་དཀར་པོ་ཟླ་ཆོས་སྲིད་པ་སྒྲོལ། །དབུ་སྐྲ་ཁཾ་པ་གྱེན་བརྫེས་སྨ་ར་སེར། །སྤྲུལ་དང་ཐོད་པ་སྐམ ་རློན་དབུ་རྒྱན་ཅན། །ཞིང་དང་གླང་ཆེན་ཀོ་རློན་སྟག་ཤམ་གསོལ། །གཡས་པ་འཁོར་ལོ་རལ་གྲི་རྡོ་རྗེ་བསྣམས། །གཡོན་པ་ཐོད་དབྱུག་བརྟུན་ཤིང་སྡིགས་མཛུབ་ཅན། །མི་མགོ་ལྔ་བཅུའི་དོ་ཤལ་ཕྲེང་བས་མཛེས། །ཡུམ་ནི་ཁྲོ་མོ་ཞལ་གཅིག་ཕྱག་གཉིས་མ། །གཡས་པ ་སྙིང་སྟོབ་གཡོན་པ་ཐོད་ཁྲག་འདྲེན། །འཇིགས་པའི་ཆ་བྱང་ཆགས་པའི་སྤྱན་གྱིས་བལྟ། །ཐུགས་ཀར་ཧཱུཾ་ལས་གསང་བདག་རྡོ་རྗེ་འཆང། །ལྗང་ནག་གཅེར་བུ་རྡོ་རྗེ་སྡིགས་མཛུབ་ཅན། །ཁྲོས་པས་ཀླུ་ཟ་པདྨའི་གདན་ལ་བཞུགས། །སྤྱི་གཙུག་ཁྲོམ་ལས་བྱ ་ཁྱུང་ག་རུ་ཌ། །སེར་པོ་གནམ་ལྕགས་མཆུ་སྔར་ཀླུ་སྦྲུལ་ཟ། །ལྟོ་བར་རུས་སྤལ་སེར་པོ་རྔམ་བའི་ཞལ། །སྡེར་མོ་གནམ་ལྕགས་ཁ་གདངས་སྤྱན་རྩ་དམར། །ཤར་ཕྱོགས་ཡ་མ་ར་ཛ་སྨུག་ནག་གཟུགས། །ཞིང་དང་སྟག་ཤ་མ་སྤྲུལ་གྱི་ཆུན་འཆང་བརྒྱན། །འཁོར ་ལོ་རྩིབས་ལ་ཞིང་གི་གདན་ཅན་བསྒོམ། །ལྷོ་རུ་མྱོས་བྱེད་འབར་བ་སེར་ནག་འཇིགས་པའི་གཟུགས། །ནུབ་ཏུ་གཤིན་རྗེ་དམར་པོ་དམར་ནག་འཇིགས་པའི་གཟུགས། །བྱང་དུ་ར་ལ་བ་ཚར་དགུ་ལྗང་ནག་འཇིགས་པའི་གཟུགས། །གཡས་ན་འཁོར་ལོ་གཡོན་ན་དབྱུག་ཐོ ་བསྣམས། །རྒྱན་དང་ན་བཟའ་ཆ་ལུགས་འདྲ་བ་བསྒོམ། །མཚམས་བཞིར་ཡབ་ཡུམ་བཞི་བསྒོམ་པ་ཡབ་དང་འདྲ། །སྐད་ཅིག་ཆུ་ལས་ཉ་ལྗང་ཚུལ་དུ་བསྐྱེད། །བདག་ཉིད་དམ་ཚིག་སེམས་དཔའ་གསལ་བ་དང། །གྲུབ་བའི་གནས་ལས་ཡེ་ཤེས་སེམS ་དཔའ་ནི། །རང་དང་འདྲ་བ་དུར་ཁྲོད་བརྒྱད་དང་བཅས། །ཛ:ཧཱུཾ་བཾ་ཧོ:སྤྱན་དྲང་གཉིས་མེད་བསྟིམ། །བསྟོད་པ་རྣམས་ཀྱིས་བསྟོད་ཅིང་མཆོད་པ་དབུལ། །སྐུ་གསུང་ཐུགས་སུ་བྱིན་བརླབ་དབང་བསྐུར་བླང། །འཕྲོ་འདུ་བསྙེན་འཛིན་བྱ་ཞིང་བསྙེན་པ་དང། །གཙོ་བོ་ལ་ནི་འབུམ་མཾ་རྟགས ་སྦྱར་བྱ། །འཁོར་ལ་ཁྲི་སྟེ་གྲངས་ཀྱི་བསྙེན་པ་ཡིན། །མཚན་མ་བཟང་པོ་མཐོང་ན་སྒྲུབ་པ་བརྩམ། །དུས་ཚོད་ཆོས་གྲངས་གཟའ་སྐར་བཟང་པོ་ལ། །ས་ཆོག་སྟ་གོན་གང་རུང་རྒྱས་བསྡུས་བྱ། །ཚོགས་སོགས་སྒྲིབ་པ་སྦྱང་ཕྱིར་ཞི་བའི་སྦྱིན་སྲེག་བྱ། །མཎྜལ་བྱི་དོར་བྱས ་ལ་མཆོད་པ་བཤམ། །སྨོན་དང་འཇུག་པའི་སེམས་བསྐྱེད་ལ་སོགས་བྱ། །སྔོན་དུ་འགྲོ་བའི་ཆོ་ག་རྫོགས་པ་དང། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས་པ་ཡི། །རྡུལ་ཚོན་དཀྱིལ་འཁོར་གཞུང་དང་མཐུན་པར་བྲི། །བསྐྱེད་དང་སྤྱན་དང་མཆོད་བསྟོད་རྫོགས་པར་བྱ།། ་སྔོན་དུ་བདག་ཉིད་འཇུག་པའི་ཆོ་ག་ཡང། །འོག་ནས་འབྱུང་བཞིན་དབང་བསྐུར་བླང་བར་བྱ། །སློབ་མ་འཇུག་པའི་རིམ་པ་བསྟན་པ་ནི། །ཡོལ་བའི་མཛའ་ནས་ཡོན་དབུལ་གསོལ་གསུམ་གདབ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མའི་སྐུ་ལ་སྐྱབས་སུ་མཆི།། ་སངས་རྒྱས་ཀུན་གྱི་རང་བཞིན་གསུང། །བླ་མའི་གསུང་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་ཐུགས། །བླ་མའི་ཐུགས་ལ་སྐྱབས་སུ་མཆི། །སངས་རྒྱས་གྲོང་ཁྱེར་ཉམས་དགའ་བར། །འཇམ་རྒྱལ་རྡོ་རྗེ་འཁོར་ལོ་ཡིས། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི།། ་མགོན་པོ་བདག་ནི་འཇུག་པར་མཛོད། །ཞེས་བརྗོད་ཕྱག་འཚལ་མེ་ཏོག་གཏོར། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །མགོན་པོ་ཆེན་པོ་ཚུལ་བསྟན་པ། །དམ་ཚིག་དེ་ཉིད་བདག་བསྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །དེ་ནས་བླ་མས་སྣང་བ་སྦྱིན། །བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་བའི་ཆོ་ག་འདི། །ཁྱོད་ལ་ཡང་དག་བཤད་པར་བྱ། ་རྫོགས་པའི་སངས་རྒྱས་གང་འདས་དང། །དེ་བཞིན་གང་དག་མ་བྱོན་དང། །ད་ལྟར་བྱུང་པ་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟའ་པོ་འདི་མཁྱེན་པ། །དཔའ་བོས་བྱང་ཆུབ ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་མཚན་ཉིད་མཉེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །སྐྱོབ་པ་དཔལ་ལྡན་འཇམ་རྒྱལ་གྱིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ ་གྲོས་འདི་གྱིས་ཤིག་།སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་ཁྱོད་ཀྱིས་སྐྱབས་ཚོལ་ཅིག་།འཇམ་རྒྱལ་རྡོ་རྗེ་ལ་སོགས་ཏེ། །འཁོར་ལོ་བཞུགས་པའི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སོང་ཞིག། དེ་ནས་སློབ་མས་འདི་སྐད་བརྗོད། །དཔལ་ལྡན་ཁྲག ་འཐུང་དཔའ་པོ་དང། །འཇམ་རྒྱལ་རྣམ་སྣང་ལ་སོགས་ཏེ། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་ནས། །ཚངས་སྤྱོད་གཉིས་མེད་སར་གནས་པར། །བདག་གིས་སྡོམ་པ་ལེགས ་པར་བཟུང། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པ་ཉི་མ་མ་ལུས་པའི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ནི། །སློབ་དཔོན་སྤང་དུ་གནས་པ་ལ། །སངས་རྒྱས་རོལ་པ་ལས་བྱུང་བའི། །མི་ལྡོག་པའི་འཁོར་ལོ ་སྦྱོར། །ཐར་པའི་རང་བཞིན་གྲོང་མཆོག་ཏུ། །སློབ་དཔོན་བདག་ནི་འཇུག་པར་མཛོད། །དེ་ནས་བླ་མས་འདི་སྐད་བརྗོད། །རྟོག་པ་རྣམས་ནི་ལེགས་པར་བསྡུས་ནས་ཀྱང། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉེ་ན། །བརྗེད་ངས་གློ་ལ་རྡོ་རྗེ་སེམས་དཔའ་སོགས ་ཀྱི། བེད་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རྡོ་རྗེ ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །བློ་མཆོག་ཁྱོད་ཀྱི་བཟུང་བར་གྱིས། །བྱང་ཆུབ་སེམས་གང་རྡོ་རྗེ་དེ། །རྡོ་རྗེ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་གྱིས། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཟང་ཟིང་མི་འཇིགས་ཆོས་དང ་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ཡི། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་བཟུང་བར་གྱིས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད ་དུ་བཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་གྱིས། །རྩ་བའི་ལྟུང་བ་བཅུ་བཞི་ནི། །ཕས་ཕཾ་པར་ནི་རབ་ཏུ་བཤད། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ། །འདོད་པ་ལོག་པར་མི་སྤྱོད་ཅིང། །བརྫུན་དུ ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱིས་རྩར་གྱུར་པའི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་འདུལ་ཕྱིར་ནི་རྟོགས་པ་ཡི། །བྱ་བ་མ་ཡིན་ཐམས་ཅད་སྤངས། །དམ་ཚིག་རྣམས་ནི་ཉེར་བསྟེན་ཅིང། །རྣལ་འབྱོར་དཔའ་བོ་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་པ ་གསུམ། །དག་གི་རྣམ་པ་བཞི་དག་དང། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོངས། །ཐེག་པ་དམན་ལ་འདོད་མི་བྱ། །འགྲོ་བའི་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བདག་ཀྱང་མི་སྤང་ཞིང། །རྟག་ཏུ་མྱ་ངན་འདས་མི་བྱ། །ལྷ་དང་ལྷ་མིན་གསང་བ ་ལ། །ཁྱོད་ཀྱིས་བརྙས་པ་མི་བྱ་ཞིང། །ཕྱག་རྒྱ་གཞོན་པ་མཚོན་ཆ་དང། །མཆིན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་གསུངས། །ཁྱོད་ཀྱིས་ཀྱང་ནི་སྲུང་བར་གྱིས། །དེ་ནས་སློབ་མས་འདི་སྐད་བརྗོད། །མགོན་པོ་བདག་ལ་དགོངས་སུ་གསོལ། །མ ་ལུས་བཞུགས་པའི་སངས་རྒྱས་རྣམས། །དུས་འདི་ཉིད་ནས་སངས་རྒྱས་པར། །བླ་མེད་བདག་ལ་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར ་བགྱི། སངས་རྒྱས་འཇམ་དབྱངས་སྡོམ་པ་ལ། །ཚུལ་ཁྲིམས་ཀྱིས་ནི་བླང་བ་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན ་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང?་པར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན ་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ཡིས། །སྡོམ་པ་ཐམས་ཅད་ལྡན་པར ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པའི། །དམ་པ་བདག་གིས་བསྐྱེད་བགྱིད་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང། །མ་བསྒྲལ་བ་རྣམས་བདག་གིས ་བསྒྲལ། །མགྲོལ་བ་ནི་གྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང། །སེམས་ཅན་མྱ་ངན་འདས་ལ་དགོད། །དེ་ལྟར་ལན་གསུམ་ཁས་བླངས་པའི། །བྱང་ཆུབ་སེམས་དཔའ་ཨི་སློབ་མ་ལ། །མེ་ཏོག་ལ་སོགས་མཆོད་པ་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ ་ཨཱ་ཐ་སུ་ཁཾ་སུ་ར་ཏ་སྟཝཾ། །ཞེས་པ་རྡོ་རྗེ་གནས་གསུམ་གཏུག་།འདི་ནི་ཕྱི་འཇུག་ཆོས་སྟེ། །ནང་འཇུག་རིམ་པ་བསྟན་པ་ནི། །ལས་ཀྱི་བུམ་པས་ཁྲུས་བྱས་ཏེ། །གདོང་གཡོགས་བཅིངས་ལ་སྐལ་ལྡན་དྲི། །ཡོལ་པའི་ནང་དུ་དྲང་བར་བྱའོ། །རིགས་ཀྱི་བུ ་ཁྱོད་སུ་ཞིག་ཡིན། །བདག་ནི་སྐལ་པ་བཟང་པོའོ། །ཛ:ཞེས་པས་ནི་ཤར་སྒོ་ནས། །ལྷ་སྣམ་སྟེང་དུ་ཕྱིན་པར་བསམ། །ཧོ:ཡིས་བྱང་དུ་བཾ་གྱིས་ནུབ། །ཧཱུཾ་གིས་ལྷོ་སྒོ་ནས་ཞུགས་ནས། །ལྷ་སྣམ་སྟེང་དུ་ཕྱིན་པར་བསམ། །ལྷ་ཡི་དམ་ཚིག ་ཚིག་བསྐྲག་པ་ནི། །དེང་ཁྱོད་ལྷ་རྣམས་ཐམས་ཅད་དང། །སློབ་དཔོན་གྱིས་ནི་བྱིན་བརླབས་ཀྱིས། །དཔལ་འཐམ་པའི་རྡོ་རྗེ་དང་རིགས་ཀྱི་ཁྲོ་བོ་རྣམས་ཀྱི་རིགས་སུ་ཞུགས་ཀྱིས། །ངས་ཁྱོད་ལ་ཡེ་ཤེས་གང་གིས་དཔལ་འཇམ་པའི་རྡོ་རྗེ་དང། །རིགས་ཀྱི་ཁྲོ་བོ་རྣམས་ཀྱི་དངོས་གྲུབ་ཀྱང་འགྲུབ་པར ་འགྱུར་ན། །དངོས་གྲུབ་གཞན་སྨོས་སྟ?་ཅི་དགོས། །དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། །གསང་བའི་དཀྱིལ་འཁོར་མ་མཐོང་བ་རྣམས་དང། །དང་པ་དང་མི་ལྡན་པ་རྣམས་ལ་སྨྲ་བར་མ་བྱེད་ཅིག་།ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བརྗོད་ལ་སློབ་མའི་སྙིང་གར་རྡོ་རྗེ ་བཞག། འཇམ་རྒྱལ་རྡོ་རྗེ་དེང་ཁྱོད་ཀྱི་།།སྙིང་ལ་ཡང་དག་ཞུགས་པ་ནི། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲ་བ་ནས་གཤེགས། །དེ་ནས་མནའ་ཆུ་བླུད་པ་ནི། །ཐོད་པའི་ནང་དུ་དྲི་ཆུ་ལ། །བདུད་རྩི་བཏབ་ཅིང་ཡི་གེ་གསུམ། །བཟླས་པའི་ཚིག་འདི་བརྗོད་པར་བྱ། །འདི་ནི་ཁྱོད་ཀྱི ་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་གསུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ། །ོཾ་པཉྩ་ཨ་མྲི་ཏ་ག་ཐཱ། །ཞེས་བརྗོད་པས་ནི་བླུད་པར་བྱ། །དེ་ནས་དམ་ཚིག་བསྒྲག་པ་ནི། །དེང་ཕན་ཆད་ཁྱེད་ཀྱིས་འཇཾ?་པའི་རྡོ་རྗེ་ང་ཡིན་གྱི?། །ངས་འདིར? ་གྱིས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག་།བྱས་ན་ཁྱོད་ཡི་བདེ་པ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། ཞེས་བརྗོད་དོ། །དེ་ནས་ཡེ་ཤེས་དབབ་པར་བྱ་སྟེ། །མཎྜལ་ལ་སློབ་མ་བླང་པར་བྱ་སྟེ། རྐང་བ་གཉིས་བརྐྱང་ལག་ཞུའི་?་བསུ ་ཁང?་པ་བརྐྱང་ལ་ཐལ་མོ་སྦྱར་བར་བྱ་སྟེ། །ཡཾ་ལས་རླུང་གི་དཀྱིལ་འཁོར་རྐང་འོག་ཏུ། །གསང་བར་མེའི་དཀྱིལ་འཁོར་གྲུ་གསུམ་བསམ། །ལྟེ་བར་ཡི་གེ་ཛE་ནི་རབ་འབར་བསམ། །ཡཾ་ལས་རླུང་བྱུང་མེའི་དཀྱིལ་འཁོར་བསྐྱེད་པས། །ལྟེ་བར་ཛེ་སྤྲོས་འོད་ཀིས་ལུས་གང་བསན ་དབུགས་ཀྱང་ཅུང་ཞིག་ནང་དུ་ཐེན་པར་བྱ། །ཤེས་པ་གཞན་དུ་མ་ཡེངས་རིག་པ་ནང་དུ་གཟིར། །སྤོས་ཀྱི་དུད་པ་སྣ་སྒོར་བདུག་པར་བྱ། །རྔ་གདུང་དྲིལ་བུ་བསིལ་ཞིང་སྔགས་འདི་བཟླས། །ོཾ་ར་ར་ཙ་ལ་ཡ་ཨ་བེ་ཤ་ཡ་ཨ་ཨཱ་ཛཧཻ། །ཡེ་ཤེས་དབབ་པར་གྱུར་པ་ལ། །དེ་ལ ་ཏིཥྛ་བཛྲ་བརྗོད། །དེ་ནས་སྣང་བ་བསྟན་པ་ནི།། ཀྱི་ཧེ་རུ་ཀ་མུ་གུ་རྡོ་རྗེ། །རང་གི་དངོས་པོ་ཇི་ལྟར་སྣང། །ཞེས་བརྗོད་ལྟས་པས་དཀར་སེར་སྒོས། །སྣང་བས་ཞི་རྒྱས་ལ་སོགས་འགྲུབ། །དེ་ནས་མེ་ཏོག་དོར་བ་ནི། །མེ་ཏོག་ཐོགS་ནས་ཤར་སྒོ་ནས་པྲ ་ཏིཙྪ་བཛྲ་ཧོ། །ཞེས་པས་དལ་དུ་འཐོར་དུ་གཞུག་།གང་ལ་བབ་པ་ལྷ་རུ་གཟུང། རིགས་དང་མཐུན་པའི་གསང་མཚན་གདགས། །ོཾ་པྲ་ཏི་གྷྲི་ན་སྭ་མི་མཾ་སྭཱཧཱ། ཧཾ་བ་ལ། ཞེས་པས་སློབ་མའི་མགོ་ལ་བཅིང། །དེ་ནས་གདོང་གཡོགས་དགྲོལ་བ་ནི། །མིག་གཉིས ་ཨོཾ་ལས་འོད་ཟེར་བསམ། །རྡོ་རྗེ་རྩེ་མོས་མིག་ལ་གདུག། འཇམ་རྒྱལ་རྡོ་རྗེ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །རྡོ་རྗེ་མིག་ནི་བླ་ན་མེད། །དེ་རིང་ཉིད་དུ་འབྱེད་པར་ཤོག་།ོཾ་བཛྲ་མཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧཱུཾ་ཞེས་བས་གདོང་གཡོགས་དགྲོལ་པར་བྱ། ་དེ་ནས་དཀྱིལ་འཁོར་བསྟན་པ་ནི། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ང་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་འཇམ་རྒྱལ་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་ཚོགས་པ་ཀུན། །དངོས་གྲུབ་ཀུན་ཁྱོད་མངོན་སུམ ་འགྱུར། །དམ་ཚིག་ཐམས་ཅད་བསྐང་བ་དང། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །དེ་ནས་ལྷ་རྣམས་ངོ་ཡང་བསྟན། །འདི་ནི་འཇུག་པའི་ཡན་ལག་གོ། དེ་ནས་ཚོགས་པེ་ཏག་ཡོན་ཕུལ་ནས། །ཕྱག་བསྩལ་ཐལ་མོ་སྦྱར་བས་འདུག། དེ་ལ་བུམ་པའི་དབང ་བསྐུར་བ། །བུམ་པ་ཐོགས་ལ་སྦྱི་པོར་བཞག། བུམ་པ་ཡུམ་གྱི་རང་བཞིན་ལས། །སྙིང་པོ་རིགས་སྔགས་ཉིད་དུ་བསམ། །ཇི་ལྟར་ལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ།། ་ཨོཾ་སརྦ་ཏ་ཐཱ་ག་ཏ་མ་བྷི་ཤིཉྩ་པཾ། །ཞེས་པ་དང། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །གསང་བ་གསུམ་གྱི་གནས་ལས་བྱུང། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཕྱིར་མི་ལྡོག་པའི་དབང་བསྐུར་རོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཤིཉྩ་?་མ་ཡ་ཤྲཱི་ཧཱུཾ། རྣམ་ཤེས ་ཕུང་པོ་རྣམ་དག་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །ཞེ་སྡང་རྣམ་དག་མི་བསྐྱོད་པ། །དཔལ་ལྡན་ཆུ་ཡིས་དབང་བསྐུར་རོ། །ཞེས་པས་ཆུ་སྦྱིན་ནོ། །དེ་ནས་ཅོད་པན་གྱི་དབང་བསྐུར་སྦྱིན་པ། །ཅོད་པན་རིགས་ལྷའི་རང་བཞིན་ལས། །རིན་ཆེན་རིགས་བདག་ཉིད་དུ་བསམ། །སངས་རྒྱས་ཀུན ་གྱི་རྒྱལ་སྲིད་ཆེ། །དབུ་རྒྱན་རིན་ཆེན་དམ་པ་སྟེ། །རིན་ཆེན་རྣམས་ཀྱི་མཆོག་གྱུར་པ། །རྫོགས་སངས་རྒྱས་ཀྱིས་དབང་བསྐུར་རོ། །ོཾ་སརྦ་ཏ་ཐཱ་ག་ཏ་རཏན་མུ་གུ་ཏ་ཨ་བྷི་ཤིཉྩ་མཾ། ཚོར་པའི་ཕུང་པོ་རྣམ་པར་དག་པ་ཡི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །ང་རྒྱལ་རིན་ཆེན་འབྱུང? ་ལྡན་གྱི། །ཅོད་པན་གྱི་ནི་དབང་བསྐུར་རོ། །ཞེས་པས་ཅོད་པན་སྦྱིན། །དེ་ནས་དྲིལ་བུའི་དབང་སྦྱིན་པ། །དྲིལ་པུ་གསུང་གི་རང་བཞིན་ལས། །གསུང་མཆོག་རིགས་བདག་ཉིད་དུ་བསམ། །འཇམ་དབྱངས་རྡོ་རྗེ་དྲིལ་བུའི་དབང། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འཇམ་རྒྱལ་རྡོ་རྗེ་རང་བསྒྲུབ ་ཕྱིར། །དྲིལ་བུ་འདི་ནི་ཁྱེད་ཀྱིས་ཐོད། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཏི་བ་ཏི་སྟཾ་ཨ་བྷི་ཤིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟཝཾ། འདུ་ཤེས་ཕུང་པོ་རྣམ་དག་པའི། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །འདོད་ཆགས་སྣང་བ་མཛའ་ཡས་ཀྱི། །དྲིལ་བུ་ཡིས་ནི་དབང་བསྐུར་རོ་།ཞེས་པས་དྲིལ་བུ ་གསིལ་དུ་གཞུག་།དེ་ནས་རྡོ་རྗེའི་དབང་སྦྱིན་པ་ནི། །རྡོ་རྗེ་ལས་ཀྱི་རང་བཞིན་ལས། །ཁོང་སེང་རིགས་བདག་ཉིད་དུ་བསམ། །འཇམ་དབྱངས་རྡོ་རྗེ་ལས་ཀྱི་དབང། །དི་རིང་ཁྱོད་ལ་བསྐུར་བར་བྱ། །འཇམ་རྒྱལ་རྡོ་རྗེ་ལས་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང། ཨོཾ་སརྦ་ཏ་ཐཱ་ག ་ཏ་བཛྲ་ཀརྨ་ཨ་བྷི་ཤིཉྩ་མི་ཏ་བཛྲ་གནདྷ་ས་མ་ཡ་སྟཝཾ། འདུ་བྱེད་ཕུང་པོ་རྣམ་དག་པའི། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། །ཕྲག་དོག་དོན་ཡོད་གྲུབ་པ་ཡི། །རྡོ་རྗེ་ཡིས་ནི་དབང་བསྐུར་རོ། །ཞེས་པས་རྡོ་རྗེ་རྒྱ་གྲམ་སྙིང་གར་གཞག། དེ་ནས་མིང་གི་དབང་བསྐུར་བ། །སློབ་མའི་སྤྱི ་པོར་ཨོཾ་ལས་ནི། །འཁོར་ལོ་དེ་ལས་རྣམ་སྣང་བསྐྱེད། །སངས་རྒྱས་ཀུན་གྱི་མིང་གི་དབང། །དི་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་མིང་འདི་ཁྱོད་ཀྱིས་ལོང། །ོཾ་སརྦ་ཏ་ཐཱ་ག་ཏ་ན་མཱ་བྷི་ཤུདྷ་དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཤིཉྩ་མཾ། །ཀྱེ ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བས་མིང་དབང་སྦྱིན། །སྤྱི་བོར་རྡོ་རྗེ་དྲིལ་བུ་བཟུང་ལ། །གཟུགས་ཀྱི་ཕུང་པོ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །གཏི་མུག་རྣམ་པར་སྣང་མཛད་ཀྱིས། དཔལ་ལྡན་མིང་གི་དབང་བསྐུར་རོ། །རྡོ་རྗེ་དྲིལ་བུ ་བརྟུལ་ཞུགས་དབང། །ལག་ཏུ་རྡོ་རྗེ་དྲིལ་བུ་གཏད། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་ན་རྡོ་རྗེའི་ལག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ོཾ་སརྦ་ཏ་ཐཱ་ག་ཏ་སིད་དྷཡ་བཛྲ་ས་མ་ཡ་ཏིཥྛ་ཨེ་?་སྟཝཾ་དྷཱ་ར་ཡ་མི ་བཛྲ་སྭཱཧཱ་ཧི་ཧི་ཧི་ཧི་ཧཱུཾ། འབྱིང་བའི་ཚུལ་དུ་འདུག་ནས་ནི། །རྡོ་རྗེ་གསོར་ལ་དྲིལ་བུ་བསིལ། །དེ་ནས་ཕྱག་མཚན་དབང་བསྐུར་བ། །འཁོར་ལོ་ལོག་ལ་གཅོད་པར་བྱེད། །དབྱུག་ཐོས་གཟུང་འཛིན་རབ་སྤངས་པའི། །ཕྱག་མཚན་གྱིས་ནི་དབང་བསྐུར་རོ། །རྒྱན་ཚའི ་དབང་ཡང་བསྐུར་བར་བྱ། །མགུལ་རྒྱན་གདུབ་བུ་སྐེ་རགས་དང། །དོ་ཤལ་དང་ནི་སྣ་བདུན་ཏེ། །རྒྱན་ཆ་ཡིས་ནི་དབང་བསྐུར་རོ། །སྐུའི་ན་བཟས་དབང་བསྐུར་བ། །གླང་ཆེན་ཞིང་དང་སྟག་ལྤགས་གོས། །ན་བཟའ་ཡིས་ནི་དབང་བསྐུར་རོ། །སྐུ་གསུང་ཐུགས་ཀྱི ་དབང་བསྐུར་བ། །རྡོ་རྗེ་དྲིལ་བུ་ལག་ཏུ་གཏང། །ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག། ཅེས་པས་རྡོ་རྗེ་གཡས་སུ་སྦྱིན། །འདི་ལྷ་ཐམས་ཅད་ཀྱི་བདག ་པོ་ཀུན་ཏུ་བཟང་པོ་ཡིན་པར་གྱིས་ཤིག་ཅེས་བརྗོད་དོ། །སྲིད་པ་ངོ་བོ་ཉིད་ཀྱིས་དག། ངོ་བོ་ཉིད་ཀྱིས་འགལ་སྲིད་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་མཆོག་ཏུ་གྲུབ་པར་བྱེད། །ཅེས་པས་དྲིལ་བུ་འཁྲོལ་དུ་གཞུག། སྲིད་པའི་བདེ་བ ་ཤིན་ཏུ་ཆུང། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་པའི་འདི་ནི་རྟག་ཏུ་བསྐྱེད། །འདོད་པའི་ལོང་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་བརྟེན་བཞིན་དུ། །རང་དང་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར ་གྱིས། །ཞེས་བརྗོད་པས་ནི་ཕྱག་རྒྱ་ཆེ། །སྐུ་རུ་རྒྱུན་ཏུ་བསྒོམ་དུ་གཞུག་།མི་གཉིས་ལ་ནི་རྡོ་རྗེ་དཀར། །ནས་འབྲས་ཙམ་པ་བསམ་བྱས་ལ། །གསེར་ལས་བྱས་པའི་ཐུར་མ་ཡིས། །སྤྱན་འབྱེད་ཚུལ་དུ་དབྱེ་བར་བྱེད། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོགས་བསལ་བལྟར།། ་བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཏ་ལཾ་ཧཾ། །ཞེས་པས་མིག་འབྱེད་ཚུལ་དུ་བྱའོ། །སྐུའི་དབང་མདའ་དང་གཞུ་ཡིན་ཏེ། །ཧོ་ཡིག་ལྷག་མཐོང་མདའ་དྲུག་དང། །ཞི་གནས་རང་བཞིན་གཞུ་བྱིན་ལ། །ཕྱོགས་བཞི་སྟེང་དང ་འོག་ཏུ་འཕང། །ཁྱོད་ཀྱིས་ཞི་གནས་ལྷག་མཐོང་གིས། །ཕྱོགས་རྣམས་ཐམས་ཅད་དབང་དུ་གྱིས། །གསུང་གི་དབང་ཕྱུག་བྲིལ་བུ་ནི། །ཆོས་རྣམས་ནམ་མཁའ་ཨི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་སེམས་དང་མཉམ་སྦྱོར་བའི། །ཀུན་མཆོག་མཉམ ་པ་ཉིད་དུ་གསལ། །ཐུགས་ཀྱི་དབང་མེ་ལོང་བརྟན་པ་ཡིན་ཏེ། །ཧཱུཾ་ཞེས་མེ་ལོང་རབ་བསྟན་ལ། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང ་ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་ཉིད་ཤེས་ནས་ནི། །སེམས་ཅན་དོན་ལ་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །སངས་རྒྱས་ཀུན་གྱི་རང་བཞིན་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །ཞེས་པའོ། །ཀྱེ་བུ་ཁྱོད་ཀྱི་གང་ལྷག་པའི་ལྷའི་བདག་པོ ་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བརྗོད་དོ། །བསྒོམ་པའི་རྗེས་སུ་གནང་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །འཁོར་བའི་ཉེས་པས་མགོས་པར། །འཇམ་པའི་རྡོ་རྗེ་འཁོར་བཅས་རྣམས། །བསྒོམ་པ་དག་ལ་བརྩོན་པར་གྱིས། །ཞེས་པའོ། །སྔགས ་?་རྗེས་གནང་སྦྱིན་པ་ནི། །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགྲོ?་བར་མཛད་དུ་གསོལ། །ལྷག་པའི་བསམ་ལ་བསྟན་པོས་བཟུང། །ནམ་ཡང་བཏང་བར་མ་བྱེད་ཅིག། །ལན་གསུམ་བརྗོད་ལ་གནང་བ་སྦྱིན། །སློབ་མའི་ལག་ཏུ་ཕྲེང་བ་གཅད། །སངས་རྒྱས་ཀུན་མགྱིས་མི་ ་ཕྱེད་པའི། །གསང་སྔགས་བླ་ན་མེད་པ་སྟེ། །སྙིང་པོ་ཡིད་བཞིན་ནོར་བུ་ཡིས། །སྐྱོབ་པ་སྔགས་ཀྱི་དབང་བསྐུར་རོ། །སློབ་མས་ཚིག་ཏུ་འདི་བརྗོད་བླང། །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་མགོ་བར་མཛད་དུ་གསོལ། །ལྷག་པའི་བསམ ་པ་བརྟན་པོ་ཡིས། །ནམ་དུ་ཡང་ནི་མི་བཏང་ངོ། །ཞེས་པ་ཡིས་ནི་སྔགས་བཟླས་སོ། །གར་གྱི་རྗེས་སུ་གནང་བ་ནི། །དེ་ནས་བརྩམས་ཏེ་རྫོགས་སངས་རྒྱས། །རྗེ་བཙུན་ལྷ་དང་དཔའ་བོ་ལ། །ཤེས་རབ་ཐབས་ཀྱིས་བསྙིམས་ཆེན་གྱི། །གང་མཆོད་བདེ་བས་མཆོད་དགའ་བགྱི། །ཞེས ་པས་གར་བྱེད་ཚུལ་དུ་བྱ། །གླུའི་རྗེས་སུ་གནང་བ་ནི། །ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །ཁྱེད་ཀྱིས་བླུ་ནི་བླང་བར་བྱ། །དེ་ནས་རྣལ་འབྱོར་མ་དེ་དང། །མྱུར་དུ་བདེ་བ་མྱོང་བར་འགྱུར། །ཞེས་པས་ཆོས་དོན་གླུ་ཡང་བླང། །མཆོད་པའི་རྗེས་སུ་གནང་བ་ནི། །སངས་རྒྱས་སྐུ་ལ ་དྲི་མ་མི་མངའ་ཡང། །ལྷའི་ཆུ་རྒྱུན་དག་པ་ཡིས། །རྒྱལ་བ་རྣམས་ལ་སྐུ་ཁྲུས་གསོལ། །སྐུ་གསུང་ཐུགས་ལ་ཡོན་ཆབ་འདི་གསོལ་བས། །རྣམ་རྟོག་ན་ཡོན་མོངས་དྲི་མ་དག་གྱུར་ཅིག། །སྒེག་དང་བཅས་པའི་མེ་ཏོག་ཕྲེང། །སངས་རྒྱས་ཀུན་སོགས་འཇམ་དབྱངས ་ལ། །ནམ་ཡང་འབྲལ་བར་མི་འགྱུར་ཏེ། །ཕྲེང་བ་དེའི་བརྒྱན་ཡིན་ནོ། །རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཤུགས་བཟང་པོས་ལེགས་ཚིམ་གྱིས། ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་གྱུར་ཅིག་།ཆོས་ཀྱི་མར་མེ་ལེགས ་པར་བས། །པདྨ་གར་དབང་བདག་ཉིད་དེ། །སེམས་ཅན་མ་རིགས་ལྡོངས་ལ་ལ། །ཡེ་ཤེས་སྒྲོམ་མས་སྣང་གྱུར་ཅིག་།ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །དྲི་མེད་རྒྱལ་པ་རྣམས་ཀྱི་དྲི། །ལུས་ཅན་བྱང་ཆུབ་ཐོབ་གྱུར་ཅིག ་ཞལ་ཟས་རོ་མཆོག་འོད་ཕུལ་བས། །རོ་དྲུག་སྲེད་པ་དག་གྱུར་ཏེ། །བསམ་གཏན་ཏིང་འཛིན་ཟས་མཆོག་ལྡན། །གཉིས་སུ་མེད་པའི་རོ་རྟོག་ཤོག། །རོལ་མོ་གླུ་གར་སྒྲ་སྙན་ཚངས་པའི་དབྱངས། །ཁུ་བྱུག་གཞོན་ནུའི་སྐད་འདྲ་འདི་ཕུལ་པས། །བདེ་གཤེགS ་སྐུའི་མཉེས་དང་ལྡན་གྱུར་ཅིག། ལྷའི་རྣ་བ་རྣམ་དག་ཐོབ་གྱུར་ཅིག་ཞེས་པའོ། །དངོས་གྲུབ་རྗེས་སུ་གནང་བ་ནི། །ཞི་རྒྱས་དབང་དྲག་བཞི་པོ་དང། །བསྐྲང་དང་བཅིངས་དང་རེངས་ལ་སོགས། །ལས་དེ་རྣམས་ནི་གྲུབ་པར་གྱིས། །སྤྱོད་པའི་རྗེས་སུ་གནང་བ་ནི། །དང་པོ་ལས་ཀྱི་སྤྱོད་པ་དང། །ཉོན་མོངས ་གསང་བའི་སྤྱོད་པ་དང། །ཀུན་ཏུ་བཟང་པོའི་སྤྱོད་པ་དང། གོ་རིམ་བཞིན་དུ་སླབ་པར་གྱིས། །རྡོ་རྗེ་སློབ་དཔོན་རྗེས་གནང་ནི། །སེམས་ཅན་སྡུག་བསྔལ་གསལ་བྱའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད། །རྣལ་འབྱོར་རྒྱུད་དང་གསང་པ་ཡི། །ཆོས་ཀྱི ་འཁོར་ལོ་བསྐོར་བར་གྱིས། །ཁྱོད་ནི་ཐེ་ཚོམ་དོགས་མེད་པར། ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་དུ་གང་བར་གྱིས། །དུང་བུད་གདུགས་དང་པོ་ཏི་སྦྱིན། །དེ་ནས་ལུང་བསྟན་སྦྱིན་པ་ནི། །རང་ཉིད་འཇམ་དཔལ་ཏིང་འཛིན་གྱིས། །གཡོན་པ་ཁུ་ཚུར ་བཅད་བྱས་ཏེ། །ཆོས་གོས་འཛིན་པའི་ཚུལ་དུ་བྱ། །གཡས་པ་སྐྱབས་སྦྱིན་ཕྱག་རྒྱ་བཅས། །ོཾ་ང་ཡིས་འདི་ལྟར་ལུང་བསྟན་ཏེ། །འཇམ་པའི་རྡོ་རྗེ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་སྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་གནས་ནས་བཏོན། །ཀྱེ་ཆེ་གེ་མོ་མྱུ་གུ་རྡོ་རྗེ།། ་གནས་ཆེ་གེ་མོ་ཞེས་བྱ་བ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །རྡོ་རྗེ་འཆང་ཆེན་པོར་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །སིད་དྷི་བྷུར?་བྷུ་ལྭ་སྭ། །འདི་ལྟར་ལུང་བསྟན་བུས་དག་ཏུ། །སྔགས་པ་བདེ་གཤེགས་ཀུན་ལྡན་ཅིག། བླ་ན་མེད་པའི་བྱང་ཆུབ་ཏུ། །མགྲིན་གཅིག ་ཏུ་ནི་ལུང་བསྟན་མཛད། །དེ་ལྟར་ལུང་བསྟན་གྱུར་པ་འདི། །སྔགས་དང་ཕྱག་རྒྱའི་མཐུ་ཡིན་པས། །སྔགས་དང་ཕྱག་རྒྱའི་ནུས་པ་ལ། ཡིད་ཆེས་པ་ནི་དད་པར་གྱིས། །ལུང་བསྟན་ཐོབ་ནས་སེམས་བདེ་བ། །དེ་ནི་གཟེངས་བསྟོད་ཡོད་པར་འདོད། །དབུགས་དབྱུང་བའི་ཆོ་ག་ནི། ་མཆོག་གསང་དཀྱིལ་འཁོར་དམ་པ་འདིར། །མཐོང་བ་དང་ནི་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་གྲོལ་པའི། །ཁྱེད་རྣམས་འདིར་ནི་ལེགས་པར་གནས། །ཕྱིན་ཆད་འཆི་བ་ཡོད་མིན་ཏེ། །མི་ཚུགས་པ་དང་མི་སོད་པ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །དམ ་ཚིག་སྡོམ་པ་གྲུབ་པར་གྱིས། །རྟག་ཏུ་ཁྱོད་ཀྱིས་བསྲུང་པར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །དེ་རིང་བདུད་ལས་རྣམ་པར་རྒྱལ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀྱི་ནི་སངས་རྒྱས་ཀྱི། ་དེ་རིང་ཐོབ་པར་ཐེ་ཚོམ་མེད། །དེ་ནས་སློབ་མཆོག་རྫོགས་པ་དེས། །རྒྱལ་བ་རྣམས་ཀྱི་སྲས་སུ་འཛིན་པ་ཡིན། །མཆོད་པའི་བྱེ་བྲག་རྣམས་ཀྱང་དེ་ལ་བྱ། །སློབ་མས་བླ་མ་དམ་པའི་དྲིན་དྲན་ཕྱིར། །ཆོགས་དང་གཏོར་མ་མཆོད་པའི་བྱེ་བྲག་དང། །འདོད་པའི་ལོངས་སྤྱོད་རྣམས་ནི་དེ་ལ ་མཆོད། །རྟ་དང་གླང་པོ་ཡུལ་ཞིང་བུད་མེད་ཀྱང། །བླ་མ་དམ་པ་དེ་ལ་མཆོད་ཕྱིར་དབུལ། །དེ་བཞིན་དབུལ་བའི་དབང་བསྐུར་ཆོ་ག་རྒྱས་གྱུར་པས། །གསང་བའི་དབང་བསྐུར་འདོད་པས་གསོལ་བ་གདབ། །ཚོགས་ཀྱི་མཆོད་པ་བཏེགས་ལ་བསོད་ནམས་བསགས། །ཕྱག ་བསྩལ་མཎྜལ་ཕུལ་ལ་གསོལ་བ་གདབ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །སྤྱན་སྔར་སློབ་དཔོན་དགོངས་སུ་གསོལ། །ཁྱོད་ཞབས་པདྨ་སྤངས་ནས་ནི། །བདག་ལ་གཞན་ནས་སྐྱབས་མ་མཆིས། །དག་གི་དྲི་མ་སྦྱོང་མཛད་པའི། །དབང་བསྐུར་མཆོག་ནི་བདག ་ལ་གསོལ། །ཇི་ལྟར་འཕགས་པའི་སངས་རྒྱས་ཀྱི། །བྱང་ཆུབ་སྲས་ལ་དབང་བསྐུར་བ། །དེ་བཞིན་གཤེགས་པའི་དབང་བསྐུར་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །དེ་ནས་དབང་བསྐུར་སྦྱིན་པ་ནི། །མཚན་ལྡན་ཐོད་པའི་བདུད་རྩི་ལ། །སྲིན་ལག་གཡོན་པས ་བླངས་ནས་ནི། །སློབ་མའི་ལྕེ་ལ་གཞག་པར་བྱ། །ཡེ་ཤེས་དབང་པའི་དུས་ཀྱི་ཉམས། །དེ་ཉིད་དུ་ནི་དྲན་པར་བྱ། །ཉམས་དང་བདུད་རྩི་རོ་མྱོང་བས། །བདེ་བ་སྐྱེས་པ་གང་ཡིན་པ། །གསང་བའི་དབང་ནི་ཐོབ་པ་ཡིས། །དེ་ཡི་དམ་ཚིག་དབོག་པ་ནི། །ཤ་ཆེན་བྱང་སེམས་མྱོས་པའི་ཆུ།། ་རཀྟ་དྲི་ཆེན་རྡོ་རྗེའི་ཆུ། །འདི་དྲུག་ཁྱོད་ཀྱི་དམ་ཚིག་སྟེ།། སྐལ་ལྡན་ཁྱོད་ཀྱིས་རྟག་ཏུ་སྐྱོངས། །མཆོད་དང་གཏོར་མ་བཏང་བ་དང། །ཡོན་ཕུལ་ཞབས་པད་སྤྱི་བོས་བླང། །འདི་ནི་གསང་བའི་དབང་བསྐུར་བའི། །ཤེས་རབ་ཡེ་ཤེས་དབང་བསྐུར་བ། །མཆོད་དང་གཏོར་མ་ཚོགས ་མཆོད་སོགས། །གཞུང་བཞིན་བཏེག་ལ་ཡོན་ཕུལ་ནས། །གསུམ་བ་ཞུ་བའི་བསོལ་པ་གདབ། །ོཾ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སྤྱན་སྔར་སློབ་དཔོན་དགོངས་སུ་གསོལ། །དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ལ། །གསང་བའི་དེ་ཉིད་བསྟན་པ་ལྟར། །ཡིད་ཀྱི་དྲི་མ་སྦྱོད་མཛད་པའི། །དབང ་བསྐུར་མཆོག་ནི་བདག་ལ་རྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་གནས། །དེ་ནས་དབང་བསྐུར་སྦྱིན་པ་ནི། །གཡོན་པའི་སྲིན་མཐེབ་གཉིས་པོ་ཡིས། །བདུད་རྩི་བླངས་ལ་སྤྱི་བོ་དང། །སྙིང་ག ་ལྟེ་བ་གསུམ་ལ་རེག་།རྟེ་བར་ཧཱུཾ་ལ་དམིགས་པ་གཏད། །མགྲིན་པའི་རྩ་གཉིས་སྲིན་མཐེབ་ཀྱིས། །དལ་གྱིས་མནན་ལ་བདེ་བ་དང། །བླ་མས་བདེ་སྟོང་ཉམས་དྲན་པས། །སློབ་མའི་རྒྱུད་ལ་གོས་པར་བསམ། །བདེ་སྟོང་ཉམས་དེ་སྐྱེད་པ་ན། །མཆོད་པ་ཕུལ་ལ་དམ ་ཚིག། པོག་སློབ་དཔོན་དང་ནི་རིག་མ་ལ། །ཕུང་པོ་ལྔ་ལ་མཉེས་བྱེད་པ། །དུས་དང་གནས་སྐབས་ཐམས་ཅད་དུ། །ཁྱོད་ཀྱིས་སྲོག་བཞིན་བསྲུང་བར་གྱིས། །དེ་ནས་ཕྱག་བྱས་ཡོན་ཕུལ་ལ། །བདེ་བའི་སེམས་ཀྱིས་གནས་པར་བྱ། །དེ་ནས་བཞི་པའི་དབང་བསྐུར་བ། །སྔོན ་དུ་སློབ་མས་བླ་མ་ལ། །མཎྜལ་མཆོད་དང་ཡོན་ཕུལ་ལ། །བཞི་པ་བསྐུར་བར་གསོལ་བ་གདབ། །ོཾ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སྤྱན་སྔར་སློབ་དཔོན་དགོངས་སུ་གསོལ། །དྲི་མ་རྣམ་གསུམ་སྦྱོད་མཛད་པའི། །དབང་བསྐུར་མཆོག་ནི་བདག་ལ་སྩོལ། །དེ་ནས་མཎྜལ ་མེ་ཏོག་བཀྲམ་པ་ལ། །འཛག་སྟེ་རྐང་པའི་ལོང་བུ་བཤིབས། །མེ་ཏོག་ཐོགས་ཏེ་ཐལ་མོ་སྦྱར། །དྲང་པོ་བརྐྱང་ལ་ལུས་པོ་སྒྲིམ། །སྣ་རྩེར་འཁོར་ལོ་འཁོར་བ་ལ། །རིག་པ་གཏུད་དེ་བདེ་བ་བཟུང། །འདར་དང་གཡོ་དང་སྨྲ་དང་རྒོད། །ཤེས་པ་བདེ་བ་རྟོག་མེད་མས། །ཡེ ་ཤེས་རྣལ་དུ་ཕེབས་པ་ན། །མེ་ལོང་བསྟན་ལ་དོན་བསྟན་བྱ།། ཀྱེ་ཏེ་རུ་ཀ་མྱུ་གུ་ཆེ་གེ་མོ། །ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་སྟེ། །རྐྱེན་ལས་སྐྱེས་པའོ། །དེ་ཡང་དཔེར་ན་མེ་ལོང་གི་རྐྱེན་གྱི་གཟུགས་སུ་སྣང་བ་བཞིན་དུ། །སྔོན་གྱི་སྨོན་ལམ་དང་གདུལ་བྱ ་ལས་དག་པའི་དབང་གིས་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ལས་ཡུལ་རྣམ་འཕྲུལ་དུ་ཤར་བ་སྟེ། །དོན་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །ཀྱེ་ཆེ་གེ་མོ་ཁྱེད་ལ་ཉམས་གང་ཤར་བ་དེ་ངལ་སྨོས་ཤིག་།དེའི་ཚེ་ཤེས་པ ་གསལ་པ་ལས། །མི་རྟོག་པ་སྐྱེ་བ་གང་ཡིན་པ། །ངེས་གཟུང་མེད་པའི་ཉམས་ཤར་བ། །འདི་ལྟར་བྱུང་ཞེས་བརྗོད་དུ་མེད། །བཞི་པ་ཕྱག་རྒྱ་ཆེན་པོའི་ཉམས། །དེ་ལ་དམ་ཚིག་བསྟན་པ་ནི། །རང་བས་བླ་མ་མཉམ་པར་བྱ། །རྒྱུད་ལ་ཤར་བའི་ཕྱག་རྒྱ་ཆེ། །ནམ་ཡང ་བརྗེད་བར་མི་བྱའོ། །དམན་ལ་མོས་པའི་གང་ཟག་དང། །ནམ་ཡང་མི་འགྲོགས་དབེན་པ་བསྟེན། །དབང་བ་ནི་ཐོབ་པར་མ་གྱུར་པའི། །གང་ཟག་རྣམས་ལ་དེའི་དོན། །ཚིག་ཏུ་བརྗོད་པར་བྱའོ། །དེ་ནས་བླ་མའི་ཞབས་ལ་འདུད། །ཕྱག་དང་མཆོད་?་གཏོར ་མ་དང། །ཚོགས་དང་ཡོད་དབུལ་བསྐུར་བསྟི་བྱ། །འདི་ནི་བཞི་བའི་ཆོ་གའོ། །གང་ཞིག་ལུས་ངག་ངག་པ་ཡི། །བདེ་བ་འདོད་པས་ཟབ་མོའི་དོན། །བླ་མའི་ཞབས་པད་སྟེན་པས་བླང། །གཞན་ཡང་ཕྱག་རྒྱལ་བརྟེན་པའི། །དབང་བཞི་འདོད་པའི་གང་ཟག་གིས།། ་མན་ངག་ལས་བྱུང་ཆོ་ག་ཡིས། །དབེན་པའི་གནས་སུ་ཡང་དག་བཙལ། །བསོད་ནམས་འདོད་དང་མཐར་པ་རབ་བརྩོན་པའི། །གང་ཟག་དམ་པ་རྣམས་ཀྱི་དོན་བྱའི་ཕྱིར། །དཀྱིལ་འཁོར་ཆོ་ག་རྒྱས་དང་བསྡུད་པ་ལས། །དགེ་བ་གང་ཡིན་སེམས་ཅན་དོན་དུ་? ་དཔའ་གཤིན་རྗེ་ཚེ་བདག་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག། དྲན་པ་གསལ་པ་ཞེས་བྱ་བ། །དཔལ་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ནག་པོའི་ཞབས་དེ་ཉིད་དང། ལོ་ཅེ་བ་གཉན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ ་པའོ།། །།རྡོ་རྗེའི་ཚིག་དབྱེ་བཞུགས་སོ།། །། མ་འབྱུང་བའི་གནས། དུ་ཁ་ཆེ་འཇོམས་བདེ་བ་རབ་རྒྱས་བདེ་ཆེན་མ་ཧེའི་ཞལ། །ཆགས་ལས་རྣམ་རྒྱལ་ཆགS་བྲལ་རབ་འཇོམས་མཚན་མ་ལེགས་བསྒྲེངས་པའི། །བཅོམ་ལྡན་འཇིགས ་