| Wylie | e-texts based on the ACIP/ALL Input |
པཎྜི་ཏ་དེ་ཉིད། ལོ་ཙ་ཞེ་སྡང་རྡོ་རྗེས་དག་པར་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཨཱརྱ་ཤྲཱི་ཡ་མ་ཨ་ཡུ་ཀ་ལ་སྭ་བྷ་ནཱ་མ་།བོད་སྐད་དུ། འཕགས་པ་དཔལ་གཤིན་རྗེ་ཚེ་བདག་ནག་པོ་སྒྲུབ་པའི་ཐབས་ཞེས་བྱ་བ། འཕགས་པ་འཇམ ་དཔལ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་སྤྲུལ་སྐུ་ཐབས་ཀྱིས་འགྲོ་དོན་མཛད། །ཕྲིན་ལས་རྣམ་བཞི་ལམ་ལ་བྲོད་པ་བསྐྱེད། །བསྐྱེད་རྫོགས་ལམ་གྱི་ཕྲ་རགས་རྟོག་པ་བཟློག། བཅོམ་ལྡན་གཤིན་རྗེ་ལ་ཕྱག་འཚལ་ནས། །སྒྲུབ་ཐབས་གསལ་བ་ཉིད་དུ་བརྗོད་པར་བྱ།། ་དད་དང་སྙིང་རྗེས་འགྲོ་པའི་དོན་མོས་ཤིང། །དཀྱིལ་འཁོར་འདི་ཉིད་དུ་ནི་དབང་ཐོབ་པས། །ཤིང་གཅིག་དུར་ཁྲོད་ལ་སོགས་གནས་སུ་ནི། །སོ་ཕག་རོ་རས་ལ་སོགས་སྟན་ལ་འདུག་།དྲག་པོའི་མཆོད་གཏོར་ལ་སོགས་གཞུང་བཞིན་བཤམ། །སྙིང་རྗེ་ལ་སོགས་ཚད ་མེད་བཞི་བསྒོམས་ལ། །ཀུན་ལ་སྒྱུ་མའི་སེམས་ཀྱིས་གནས་པར་བྱ། །སྟོང་པའི་ངང་ལས་སྣོད་གྱུར་གཞལ་ཡས་ཁང། །ཐོད་མཁར་དུར་ཁྲོད་བཅས་པ་བསྒོམ་པར་བྱ། །བཅུད་གྱུར་ཡ་ལས་འོད་འཕྲོས་གཤིན་རྗེ་གཤེད། །དབུས་སུ་ཚེ་བདག་ཡུམ་དང་བཅས།། ་རྩ་བའི་ལྷ་ལྟ་གཤེད་བཞི་དང་གཡས་སུ་འཆི་བདག་གཡོན་དུ་ནི། །སྲོག་བདག་དམར་པོ་བསྒོམ་པར་བྱ། །སྔགས་བརྗོད་པ་ལས་ལྷ་རྣམས་བསྐྱེད། །དེ་ནས་མཆོད་ཡོན་བྱིན་གྱིས་བརླབ། །བདུད་རྩི་ལྔ་ཡི་ཨརྒྷཾ་དང། །ཚིལ་ཆེན་སྤོས་ལ་དྷུག་མེ་ཏོག། ་ཏིལ་ཆེན་མེ་མར་ཁྲག་ཆེན་དྲི། །ཤ་ཆེན་བཤོས་ལ་ཐོད་པའི་རྔ། །འདོད་ཡོན་ལྔ་རུ་རབ་ཏུ་བརྟག་།གཏོར་མ་དཔའ་བའ་ཨི་སྟོན་མོ་ཡང། །ཅི་འབྱོར་ཆོ་གས་བྱིན་བརླབས་བྱ། །དེ་ནས་ཡེ་ཤེས་སྤྱན་དྲངས་པ། །མ་ལུས་སེམས ་ཅན་མགོན་གྱུར་བ། །ཚུར་གཤེག་ཚུར་གཤེག་ཁྱོ་བདག་གཙོ། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཐུགས་དམ་དབང་གིས་བརྟན་པར་བཞུགས། །ོཾ་ཡ་མ་བཛྲ་ཀྲོ་དྷ་ཨེ་ཨ་ར་ལི་ཧྲིཾ་རིཾ། །ཞེས་པས་མདུན་དུ་སྤྱན་དྲངས་ལ། །ཡིད་ཀྱིས་ཕྱག་རྒྱ ་བསྟོད་པ་ཙམ། །གདུག་པ་འདུལ་མཛད་གཤིན་རྗེའི་ལྷ། །སྤྲུལ་དང་ཐོད་རློན་སྣ་ཚོགས་སྐུ་ལ་བརྒྱན། །ཕྱག་མཚན་གདུག་པའི་མཚོན་ཆ་སྣ་ཚོགས་འཛིན། །འཇིགས་བྱེད་དཔའ་པོའི་སྐུ་ལ་ཕྱག་མཚལ་བསྟོད། །ཛ(རྒྱུད་འགྲེལ་བསྟིམ། །འདོད་ཡོན་ཕྱི་ནང་གསང་བའི་མཆོད་བས་མཚོད། །འཕང?་དང་དཔའ་བོའི་སྟོན་མོ་མཉེས་པར་བྱ། །མཆོད་པའི་ལྷ་མོ་དཔག་མེད་ནམ་མཁའ་ལ། །མཆོད་དང་བསྟོད་པ་བྱད་པ་བསམ་པར་བྱ། །སྡིག་བཤགས་སྨོན་ལམ་ལ་སོགས་རྒྱས་པར་བྱ། །དེ་ནས་བསྐྱེད་རིམ་པར་གསལ ་བཏབ་སྟེ། །བསྟན་པ་ཉིད་དུ་བསྒོམས་པར་བྱ། །སྐྱོན་ངག་གི་བཟླས་པ་བཙམས། །བཅུ་གསུམ་བརྒྱ་དང་བཞི་ལ་སོགས། །ལས་མཐུན་པ་ཡི་བཟླས་པ་བྱ། །ཕྲག་མོའི་དོན་གནད་བསྒོམ་འདོད་ན། །བྱང་ཆུབ་སེམས་གནས་དབུས་མའི་མགོ། །གདོད་ནས་དག་པའི་ཐིག་ལེ་ལ།། ་ཨ་ཤད་ན་དྷ་བཅས་པ་བསྒོམ། །རི་བོང་ཅན་ལ་བཅུ་མ་སྔགས། །རབ་ཏུ་བསྐོར་བར་བསྒོམ་པར་བྱ། །ཁམས་གསུམ་གཟུགས་ལ་རབ་ཏུ་བྷི?་པ། །འགྲོ་འོད་སྔགས་ཀྱིས་བརྗོད་པས་འགོག། ཐུན་བཞི་ལ་སོགས་རིམ་པ་ཡིས། །ཇི་ལྟར་བསྟན་གྱི་བར་དུ་བསྒོམ། །དུད ་པ་ལ་སོགས་རྟགས་ཟད་ནས། །སྦྲིན་མེད་ནམ་མཁའ་དེངས་པ་ན། །མཐར་ཐུག་འོད་གསལ་ཞེས་བརྗོད་དོ། །བདག་དང་གཞན་དོན་མོས་པ་ཡིས། །ལམ་ལ་བྲོད་པ་བསྐྱེད་པའི་ཕྱིར། །འཕྲིན་ལས་རྣམ་བཞི་བཙམ་པར་བྱ། །བསྟེན་པའི་འཁོར་ལོ་བསྒོམ་པ་ན། །རང་ཉིད ་འཁོར་ལོ་རྩིབས་བརྒྱད་ལ། །དབུས་སུ་ཨོཾ་ཡིག་དཀར་པོ་བསྒོམ། །རྩིབས་བརྒྱད་འབྲུ་བརྒྱད་བསམ་པར་བྱ། །ོཾ་ལས་འོད་ཟེར་དཀར་བྱུང་བས། །འབྲུ་བརྒྱད་དག་ལ་ཕོག་པར་འབར། །འབྲུ་བརྒྱད་དག་ལ་འོད་འཕྲོས་པས། །དབུས་ཀྱི་ཧཱུཾ་ཡིག་གསོ་བསྐྱེད་བྱ།། ་བཟླས་བ་ཚང་ནས་རྟགS་བྱུང་ན། །དྲག་པོའི་ལས་ལ་སྦྱར་བར་བྱ། །ོཾ་གུར་འོད་ཟེར་དམར་ནག་འཕྲོས། །འབྲུ་བརྒྱད་སྔགས་བརྒྱ་ལ་རབ་ཕོག། འོད་ཟེར་འཕྲོས་དང་འཁོར་ལོ་ནི། །དམིགས་པ་དྲངས་ནས་བསྒྲལ་བར་བསམ། །འཚིག་དང་ཁྲོ་སྙིང་འདོད་བ་དང། །མངོན་སུམ་ཉིད་དུ་ཁུགས་པ་ན། ་མནན་དང་བསྲེག་པའི་ལས་བྱའོ། །སྦྱོར་བ་བྱང་ཆུབ་སེམས་ཀྱིས་ཟིན། །དངོས་བཞིའི་ཏིང་འཛིན་བར་ཆོད་མེད། །རྗེས་ལ་བདག་མེད་རྣལ་འབྱོར་བྱ། །ནམ་མཁའ་ཨི་དང་དུ་གསད་པའོ། །དེ་རྣམས་ཀུན་ནས་བཏུས་པ་ཡིས། །རྒྱུད་དང་འདྲ་བའི་སྒྲུབ་ཐབས་འདི། །བླ་མའི་ཞབས་པད ་བརྟེན་པས་བླང། །གཞན་དུ་འཁྲུལ་འཁོར་བརྩོམ་པ་ན། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །སྒྲུབ་ཐབས་སྦྱོར་བ་འདི་རྩམས་པས། །འགྲོ་ཀུན་འཇམ་རྒྱལ་ཉིད་གྱུར་ཅིག། བཅོམ་ལྡན་འདས་གཤིན་རྗེ་གཤེད་ཚེ་བདག་ནག་པོའི་སྒྲུབ་ཐབས། རྫོགས་སོ།། །། ་