CLOSE WINDOW

N3608: las kyi gshin rje 'khor bcas kyi mchod pa'i cho ga
Wyliee-texts based on the ACIP/ALL Input

བཅད་པ། བླ་མ་བྱ། སྣོད་ཡུལ་བ་རིན་བཟང། བླ་མ་ནམ་མཁའ་དཔལ། ཨཱརྱ་དེ་བ། བླ་མ་རིན་ཆེན་དཔལ་ལོ།། །།*། །།བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །རང་བཞིན་བར་ཆད་ཞོ་བ་དང་དངོས་གྲུབ་མཐར་ཕྱིན་བྱ་བའི ་ཕྱིར། །ལས་ཀྱི་གཤིན་རྗེ་འཁོར་བཅས་ཀྱི། །མཆོད་བའི་ཆོག་འདི་ལྟར་བྱ། །རྣལ་འབྱོར་ལྡན་པས་མདུན་སྐྱེད་མཆོད། །རི་རབ་བང་རིམ་བཞི་བ་ཡི། །རྩེ་ལ་ཆོས་ཀྱི་རྒྱལ་བོ་ནི། །ནག་པོ་ཞལ་གཅིག་ཕྱག་གཉིས་པ། །པདྨ་ཉིན་བྱེད་མ་ཉེའི་སྟེང། །གཡས་བསྐུམ་གཡོན ་བརྐྱང་རོལ་པས་བཞུགས། །རྡོ་རྗེ་ཐོད་དབྱུག་སྦྲུལ་ཞགས་འཛིན། །དར་དང་སྟག་ལྤགས་ནམ་བཟའ་གསོལ། །སྦྲུལ་དང་རུས་བའི་རྒྱན་གྱིས་བརྒྱན། །ཞལ་གདངས་མཆེ་གཙིགས་ཁྲོ་གཉེར་བསྡུས། །སྤྱན་གསུམ་དྲག་པོའི་མེ་སྟག་འཕྲོ། །སྐྲ་སེར ་སྨྲ་ར་གྱེན་དུ་འཛིངས། །རྔམ་གཙིགས་གཏུམ་པོ་མི་སྡུག་པ། །མཆན་ཁུང་གཡོན་ན་ཙ་མུན་ཏྲི། །རྣམ་དག་རྩེ་གསུམ་འཛིན་པ་བསྐྱེད། །དེའི་ཕྱི་རིམ་སྟེགས་བུ་ལ། །ཡ་མ་ར?་ཛཝ་མྱོས་བྱེད་འབར། །མ་རུ་ཙེ་དང་རལ་དགུ་ལྡན། །དེད་དཔོན་མངགས་པ?་ཕོ་ཉའི་ཚུལ། །འཁོར ་དབྱུག་པདྨ་རལ་གྲི་བསྣམས། །ཐམས་ཅད་རྡོ་རྗེས་མཚན་པ་འཛིན། །གཡས་སུ་ཡ་མ་དུ་ཏི་དང། །ཀཱ་ལ་པ་ཤ་ད་ཎ་ཌི་ནག། ཡ་མ་དཾཥྚི་ལྕགས་ཀྱུ་དང། །ཞགས་པ་བེ་ཅོན་མཆེ་བ་བསྣམས། །འཁོར་ལོས་མཚན་པ་ཕྱག་ན་བསྣམས། །གཡོན་དུ་ཀཱ་ལ་ར་ཏྲི་དང།། ་གསོད་མ་ནག་མོ་ཆེན་མོ་དང། །ནཾ་གྲུ་ཤ་ཀ་ལི་ལ་སོགས་།མེ་ལོ་ནད་རྐྱལ་གྲུ་གུ་དང། །ཁྲམ་ཤིང་པདྨས་མཚན་པ་འཛིན། །གཡོན་ན་ཤོད་དྷེ་དཀར་ནག་ག་།སྔོ་དཀར་དམར་བའི་ཁ་དོག་ཅན། །ཆ་ལུགས་གཙོ་བོ་བཞིན་དུ་བསྐྱེད། །དེའི་ཕྱི་རོལ་སྟེགས་བུ་ལ། ་ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞི། །གཡས་གཡོན་གཟའ་བརྒྱད་ཀླུ་ཆེན་བརྒྱད། །དེའི་ཕྱི་རིམ་སྟེགས་བུ་ལ། །ཕྱོགས་སྐྱོང་བཅུ་དང་སྡེ་བརྒྱད་དང། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམས། །རང་རང་གཟུགས་སམ་གཙོ་བོ་བཞིན། །འབྱུང་པོ་ཀུན་གྱིས་བསྐོར་བ ་བསྐྱེད། །གནས་གསུམ་བྱིན་བརླགས་དབྱིངས་ནས་དགུག་།དབང་བསྐུར་རྡོ་རྗེ་སེམས་དཔའ་ཨི་རྒྱ། །ཚོགས་དང་གཏོར་མའི་མཆོད་པ་དང། །གུར་དང་ཕོད་དང་དར་བླུད་དང། །ནམ་མཁའ་བ་དན་མངའ་དང་འཕང། །སྲོག་ཆགས་སྣ་ཚོགས་དུར་བ་དང། །རིན་ཆེན་ལྔ་དང ་འབྲས་བུ་དང། །གླིང་དང་གླིང་ཕྲན་ལ་སོགས་པས། །མཆོད་དང་བསྟོད་པ་ལས་བཅོལ་བྱ། །འཇིག་རྟེན་རང་གི་འདོད་པ་དང། །མདུན་པའི་ལས་ཀུན་བཀའ་བཞིན་སྒྲུབ། །གངས་རིའི་ཁྲོད་ན་རྒྱལ་པོའི་བུ། །སྦྱིན་བདེག་ཆེན་པོའི་བཞེད་པ་བཞིན། །བོད་ཀྱི་ལུགས་དང ་མཐུན་པ་འདི། །འགྲོ་ལ་ཕན་པའི་ཆེད་དུ་བསྒྲུབས། །བླ་མའི་ལུང་དང་མི་འགའ་ཞིང། །གདུལ་བྱའི་བཱོ་དང་མཐུན་པ་ཡི། །མན་ངག་ལྷ་ཡིས་རྗེས་གནང་ནས། །བྷ་མ་གལ་ལས་བརྗོད་པ་ཡིན། །རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷར་པཉྩཱ་ཙ་རྒྱས་མཛད་པ་རྫོགས་སོ།། །། ་པཎྜི་ཏ་དེ་ཉིད། ལོ་ཙ་ཞེ་སྡང་རྡོ་རྗེས་དག་པར་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཨཱརྱ་ཤྲཱི་ཡ་མ་ཨ་ཡུ་ཀ་ལ་སྭ་བྷ་ནཱ་མ་།བོད་སྐད་དུ། འཕགས་པ་དཔལ་གཤིན་རྗེ་ཚེ་བདག་ནག་པོ་སྒྲུབ་པའི་ཐབས་ཞེས་བྱ་བ། འཕགས་པ་འཇམ ་