CLOSE WINDOW

N3605: gshin gyi cho ga zhes bya ba
Wyliee-texts based on the ACIP/ALL Input

ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།*། །གཤེད་དམར་གྱི་གཤིན་ཆོག་བཞུགས་སོ།། །།རྒྱ་གར་སྐད་དུ། སྨྲི་ཧཱུཾ་བི་དྷི་ན་མ། བོད་སྐད་དུ་།གཤིན་གྱི་ཆོ་ག་ཞེས་བྱ་བ། བཅོཾ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག ་འཚལ་ལོ། །རིམ་པ་གཉིས་ནི་ལྡན་པ་ཡིས། །བདག་གི་སྙིང་ཁའི་འོད་ཟེར་གྱིས། །རིགས་དྲུག་དུག་སྦྱོང་ཆོ་འདས་ཀྱི། །རྣམ་ཤེས་ཨའི་རྣམ་པ་དགུག་།ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ལས་ཀྱི་དབང་གིས་འཁོར་བར་ཡུན་རིངས་འཁྱམས། །འཁྲུལ་བའི་དབང་གིས་མི་དགེ ་སྣ་ཚོགས་སྤྱད། །སྡུག་བསྔལ་འདམ་དུ་བྱིང་ཁྱོད་སྙིང་རེ་རྗེ། །ད་དང་མོས་པའི་སེམས་ཀྱིས་འདིར་ཤོག་ལ། །དཀོན་མཆོག་གསུམ་དང་བླ་མ་སྦྱི་པོར་མཆོད། །འཁོར་འདས་གཉིས་མེད་དོན་ལ་མཉམ་པར་ཞོག་།ལམ་མཆོག་འདི་ལ་བུ་ཁྱོད་འཇུག་པར་མཛོད། །ོཾ་ཧྲི: ་ཥྚི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཆེ་གེ་མོ་ཨ་ཀརཤ་ཡ་ཛ(རྒྱུད་འགྲེལ་དང། །བྱང་ཆུབ་སེམས་དཔའ་ཨི་ཚོགས་ལ་ཡང། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཉོན་ཅིག་བགེགས་ཆེན་ཁྱོད་ཉོན་ཅིག། ་ཆེ་གེ་ཞེས་བྱའི་ཚེ་འདས་འདི། །དཀོན་མཆོག་གསུམ་ལ་སྐྱབས་སོང་བས། །ད་ལྟ་ཉིད་དུ་བཏང་བར་གྱིས། །ཁྲོ་བོ་འབར་བའི་བཀའ་བྱུང་གིས། །གལ་ཏེ་བཀའ་ལས་འདས་ན་ནི། །རྡོ་རྗེ་དབྱུག་པ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་འགས་སོ། །ོཾ་ཧྲི:ཥྚི: ་ཝི་ཀྲི་ཧཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཆེ་གེ་དང་ཆེ་གེ་བི་དེ་ཤྭ་ཡ་ཕཊ། ཚེ་འདས་འདི་ལ་གནོད་པའི་བགེགས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང། །ནམ་མཁའ་ལྡིང་དང་ཤ་ཟའི་ཚོགས། །འབྱུང་བ?་མང་པོ་ཐམས་ཅད་དག་།མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །གནས་འདིར་མ ་གནས་གྱུར་དུ་དེང། །རྒྱལ་བའི་བཀའ་ལ་གང་འདའ་བ། །གསད་ཅིང་མནན་པའི་ལས་མཐར་བྱེད། །ོཾ་ཧྲི(རྒྱུད་འགྲེལ་ཀྱི་གཤིན་རྗེ་གཤིན་རྗེའི་འཁོར་དང་བཅས། །ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བརྒྱད་བྲན་གཡོག་བཅས། །མ་མོ་གྱིང་ཆེན་ཕོ་ཉའི་ཚོགས་རྣམས་ཉོན། །ཆེ་གེ་ཞེས་བྱའི་གནོད་བྱེད་ཆེན་པོ་འདི། །སེམས་ཅན་ཡོངས་ལ་འཚོ་བྱེད་འདི་ཡིན་གྱི། །སངས་རྒྱས ་བསྟན་པ་བཤིག་བྱེད་འདི་ཡིན་གྱི། །དཀོན་མཆོག་དབུ་འཕང་དམོད་བྱེད་འདི་ཡིན་གྱི། །བླ་མ་རྣམས་ཀྱི་སྐུ་དགྲ་འདི་ཡིན་གྱི། །རྣལ་འབྱོར་སྒྲུབ་པའི་བར་ཆད་འདིས་བྱས་ཀྱི། །འདི་འདྲ་ནམ་ཡང་བཞག་པར་མ་གསུངས་པས། །ད་ལྟ་ཉིད་དུ་གསང་ཅིང་སྒྲོལ་བར ་བསྐུལ། །འདི་ལ་མགོན་དང་བསྲུང་སྐྱོབ་མ་མཛད་པར། །བདག་གིས་མ་ཉེས་བཟུ་དང་དབང་བོ་མཛོད། །བཀའ་ཉན་དམ་ཅན་སྲུང་མ་འཁོར་དང་བཅས། །སྤྱན་དྲང་གདན་དབུལ་སྔོན་གྱི་དམ་ཚིག་བསྒྲག། །གཏོར་མ་མཆོད་སྟོད་དྲག་པོའི་ལས་ལ་བསྐུལ ་ལྕགས་ཕྱེ་དུག་ཁྲག་མདའ་ཕུར་རྡོ་རལ་དཔལ། །རྡོ་རྗེ་ལ་སོགས་ཐུན་བྲབ་མཚོན་གྱིས་བསྣུན། །ོཾ་ཧྲི:ཥྚི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཆེ་གེ་མ་ར་ཡ་ཕཊ། །བདུད་དཔུང་མ་ལུས་འཇོམས་པའི་དཀྱིལ་འཁོར་ནས། །ཡ་མན་ཏ་ཀ་ཡབ་ཡུམ་དཀའ་ ་བྱུང་གི་།ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་ཡིས། །གདུག་པའི་དག་བགེགས་མནན་ཅིང་བཟུང་བར་གྱིས། །ཕྱོགས་བཞི་ཕྲིན་ལས་བཞིའི་དཀྱིལ་འཁོར་ནས། །བཅོམ་ལྡན་ཁྲོ་བོ་བཞིའི་བཀའ་བྱུང་གི་།ལས་ཀྱི་གཤིན་རྗེ་འཁོར་དང་བཅས ་པ་ཡིས། །གདུག་བའི་དགྲ་བགེགས་མནན་ཅིང་བཟུང་བར་གྱིས། །སྒོ་བཞི་བདུད་བཞི་དག་པའི་དཀྱིལ་འཁོར་ནས། །ལས་བྱེད་སྒོ་བ་བཞིའི་བཀའ་བྱུང་གི་།ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་ཡིས། །གདུག་བའི་དགྲ་བགེགས་མནན་ཅིང ་བཟུང་བར་གྱིས། །མཚམས་བཞི་འབྱུང་བ་བཞིའི་དཀྱིལ་འཁོར་ནས། །ཚད་མེད་ལྷ་མོ་བཞིའི་བཀའ་བྱུང་གི་།ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་ཡིས། །གདུག་བའི་དགྲ་བགེགས་མནན་ཅིང་བཟུང་བར་གྱིས། །ལོག་འདྲེན་དགྲ་བགེགས་འདུལ་བའི་དཀྱིལ་འཁོར་ནས།། ་ལས་བྱེད་མེ་ལྟར་འབར་བའི་བཀའ་བྱུང་གི་།ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་ཡིས། །གདུག་པའི་དགྲ་བགེགས་མནན་ཅིང་བཟུང་བར་གྱིས། །ོཾ་ཧྲི:ཥྚཱི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཆེ་གེ་སྟམ་པ་ཡ་ལཾ། བགེགས་སྦྱང་སྡིག་བཞི་བའི་དོན། །སྦྱང་བྲ་བ་ཁྲུས ་དང་སྟ་གོན་ནོ། །ཡོངས་རྫོགས་པའི་དབང་བྱིན་ལ། །རྡོ་རྗེ་ཅན་དེ་མཆོད་དང་བསྟོད། །སྣང་བ་དེ་བཞིན་གཤེགས་པ་ལྔ། །སྟོང་པ་འོད་གསལ་ཆེན་པོའི་དང། །ཟུང་འཇུག་བདེ་བ་ཆེན་པོའི་སྐུ། །རང་བཞིན་གནས་སུ་གཤེགས་པར་མཛོད། །ོཾ་སརྦ་ཏ་ཐཱ་ག་ཏ་སྭ་པཱ་རི་ཝ ་ར་ཨོཾ་ཨཱ(རྒྱུད་འགྲེལ་པ་བྱ། །ཡང་ན་ཡེ་ཤེས་འཁོར་ལོ་དང། །བཅས་པ་བརྟག་ཏུ་འབད་པས་མཆོད། །རུས་བུ་ལྷ་འམ་བདུད་རྩིར་བྱ། །སྡིག་པ་བཞི་བའི་ཆོ་གས་སྦྱང། །ཐལ་བ་བསྡུས་ལ་ཆོས་སྐུར་བྱ། །ངན་སོང་འཇིགས་བྲལ་མཐོ་རིས་ཐོབ། །གང་དེ་སངས་རྒྱས་ཉིད་འགྱུར ་གསུང། །གཤིན་པོ་རྗེས་སུ་གཟུང་བའི་ཆོ་ག་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བའི་པཎྜི་ཏ། གྲུབ་ཐོབ་ཆེན་པོ་ཌོཾ་བྷི་ཧེ་རུ་ཀ་བས་མཛད་པ། རྫོགས་ཤོ།། །།རྒྱ་གར་གྱི་པཎྜི་ཏ་དུཀྵུ་མང་ག་ལ་དང། ལོཙྪ་བ་ཟླ་བ་འོད་ཟེར་གྱིས་རྒྱང ་རོ་རྐྱང་པོའི་རྩུག་ལག་ཁང་དུ་བསྒྱུར་བའོ།། །།བླ་མ་རྡོ་རྗེ་བཟང་པོའི་ཕྱག་དཔེ་ལ་བཤུས། །གཞན་གཅིག་ཡོད་པ་དེ་འདིའི་འབྲེལ་བ་ཡིན་པར་གདའ་། །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །། ་