CLOSE WINDOW

N3601: sems dpa' gsum gyi ting nge 'dzin la mnyam par bzhag pa zhes bya ba
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ཏྲཻ་ས་ཏྭ་སམཱ་དྷི་ས་མ་ཏི་ནཱ་མ། བོད་སྐད་དུ། སེམས་དཔའ་གསུམ་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བསྐྱེད་པའི་རིམ་ལ་ལེགས་གནས་ནས།། ་རྫོགས་པའི་རིམ་པ་འདོད་རྣམས་ཀྱིས། །རིམ་གཉིས་རྣམ་པར་གནས་ནས་ནི། །སྤྲོས་པ་མེད་པའི་རང་བཞིན་ལ། །སྤྲོས་དང་སྤྲོས་མེད་རོ་མཉམ་བལྟ། །ལམ་གྱི་སྙིང་པོར་བསྟན་པ་ལྟར། །གཏི་མུག་དུས་དགྲའི་སྐུ་སོགས་སུ། །དཀྱིལ་འཁོར་རྒྱས་བསྡུས ་རྣལ་འབྱོར་པས། །གཙོ་བོ་འཕོ་བའི་ཚུལ་དུ་བསམ། །བརྟན་ན་ཡེ་ཤེས་སེམས་དཔའ་ནི། །ཉི་འོད་འཕྲོས་པའི་ཕྱོགས་བཅུར་ཁྱབ། །དངོས་སྐུའི་དུས་དགྲའི་སྐུར་ཐལ་ནས། །བསྡུས་ཏེ་བདག་ལ་ཐིམ་གྱུར་པས། །བདག་ཉིད་ཡར་ཐིམ་ཐིམ་ལེར་གྱུར། ། ་ཐིག་ལེར་ཡེ་ཤེས་འཁོར་ལོ་དགོད། །དེ་ཡི་འོད་ཀྱི་ཕྲེང་བ་ཡིས། །བདག་སོགས་ལྷ་རྣམས་གསལ་བར་བལྟ། །ཏིང་འཛིན་སེམས་དཔའ་ཨི་རྣལ་འབྱོར་རིམ། །སྙིང་གའི་ཡ་ཡིག་དབུས་ཀྱི་ཧཱུཾ། །སྤྲོ་དང་བསྡུ་པའི་རྣལ་འབྱོར་གྱིས། །ཇི་ལྟར ་དབུགས་རླུང་མེ་ལོང་ལ། །ཐིམ་པ་ཇི་བཞིན་ཧཱུཾ་ཡིག་བསམ། །ཆུ་སྐྱེས་པདྨའི་ལྟེ་བའི་ཧཱུཾ། །ཡུངས་ཀར་ཚད་ཙམ་ཨ་ལ་ཐིམ། །སྣང་བ་འོད་གསལ་ངང་དུ་རྫོགས། །དང་བའི་ཆུ་ལས་ཉ་ལྡང་བཞིན། །ཐམས་ཅད་སྟོང་པའི་ཏིང་འཛིན་ལས། །མཛའ་དྲུག ་དཀྱིལ་འཁོར་རྫོགས་པ་ནི། །བརྟག་ཆད་བདག་གཞན་མ་ཡིན་ལ། །འཁོར་འདས་དུས་གསུམ་རྣམ་པར་སྤངས། །ཕྱི་རོལ་གཟུགས་སོགས་ཡུལ་སྣང་རྣམས། །བུ་གའི་ལྷ་ཡི་སྙིང་གར་བསྡུ། །ནང་གི་རྣམ་རྟོག་ལྷ་སྐུ་རྣམས། །མེ་ཤེལ་ལྟ ་བུར་སྙིང་གར་ཐིམ། །འོད་ཟེར་སྟེང་འོག་མ་ལུས་པ། །སྐར་མདའ་ལྟ་བུར་རབ་འཕྲོས་པས། །ནམ་མཁའ་ཨི་བུ་གར་རབ་འབྱམ་ཁྱབ། །རྣལ་འབྱོར་བཞི་ཡི་རིམ་པ་ལས། །གང་སྐྱེས་ཡེ་ཤེས་ཕྱག་རྒྱ་ཆེ། །མཁའ་ལྟར་རང་རིག་སྟོང ་པ་ཉིད། །རོ་གཅིག་མཁའ་མཉམ་ཡེ་ཤེས་བསྒོམ། །ཐོག་མཛའ་དབུས་ཀྱི་དབྱེ་བ་ཡིས། །འདིར་ཡང་གཅིག་ཏུ་ཡོད་མིན་ཏེ། །རྡུལ་ཕྲན་ལ་ནི་ཆ་མེད་ཕྱིར། །དུ་མར་ཡང་ནི་གྲུབ་པ་མིན། །གཅིག་དང་དུ་མའི་རང་བཞིན་དུ། །གང་ཞིག་བྲལ་ཏེ་ཆོས་ཉིད ་ཡིན། །འཁྲུལ་བ་གཉིས་འཛིན་ཡིན་པའི་ཕྱིར། །སེམས་ཀྱི་རང་བཞིན་འཁྲུལ་པ་མེད། །བསྐྱེད་རིམ་སྤྲོ་བསྡུས་སེམས་རྟོག་དོན། །རོ་གཅིག་གྱུར་པ་ཆོས་ཀྱི་དབྱིངས། །དེ་ལ་བྱང་ཆུབ་མངོན་རྟོགས་མེད། །དངོས་པོར་མ་གྲུབ་བསྒོམ་པ་མིན། །ཁཾས ་ཀྱང་མིན་ཞིང་རྣམ་ཤེས་མིན། །ནམ་མཁའ་ཨི་དཀྱིལ་དང་མཚུངས་པ་ཉིད། །ནམ་མཁའ་ལྟ་བུར་བདག་མེད་པའི། །ཆོས་འདི་བདེ་བ་ཆེན་པོའོ། །འབྱུང་བཞི་མ་ཡིན་ནམ་མཁའ་མིན། །རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་ཡིས། །བསྐྱེད་པ་འདི་ལ་རབ་ཏུ་གནས། །ཀུན ་རྫོབ་དངོས་ཀུན་དངོས་པོ་མིན། །དེ་ཕྱིར་དེ་ལ་དངོས་མེད་བསྒྲག་།རྣལ་འབྱོར་སེམས་ཀྱིས་སེམས་རིག་པ།། །རྟག་ཆད་ཕྱག་ཞལ་སྐུ་མདོག་དང། །གཉིས་འཛིན་དངོས་ཀུན་བདེན་མེད་ཀྱང། །འགག་མེད་ཉམས་ལ་སྣ་ཚོགས་སྣང། །དེ་ལྟར་རིག་བྱས ་དཀྱིལ་འཁོར་མཆོག་།ཕུང་པོ་ཁམས་སུ་བདག་མེད་པས། །བདེ་བ་དམ་པའི་གཟུགས་ཅན་བསྒོམ། །སེམས་དཔའ་གསུམ་གྱི་རྣལ་འབྱོར་བཞི། །གཉིས་འཛིན་འཁྲུལ་པ་བཟློག་པའི་ཕྱིར། །མཁའ་འགྲོའི་མན་ངག་འདིར་བརྗོད་དོ། །སྤྲོས ་པ་ཐམས་ཅད་རབ་ཞི་ནས། །སྤྲོས་མེད་ཡེ་ཤེས་མངོན་སུམ་དུ། །འགྲོ་བ་ཀུན་གྱིས་མྱོས་གྱུར་ནས། །དུས་དགྲ་མངོན་དུ་བྱེད་གྱུར་ཅིག་།བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱི་བསྐྱེད་རྫོགས་ཟུང་དུ་འཇུག་པའི་མན་ངག་སེམས་དཔའ་གསུཾ ་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ཞེས་བྱ་བ། རྡོ་རྗེ་ཕག་མོས་དངོས་སུ་བྱིན་གྱིས་བརླབས་པས་མཁས་ཤིང་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ་རྫོགས་སོ།། །།ཡུལ་དབུས ་ཀྱི་པཎྜི་ཏ་ཨཱ་ནནད་བྷ་དྲ་དང། བོད་ཀྱི་ལོ་ཙ་བ་སེ་ཚ་བསོད་ནམས་རྒྱལ་མཚན་གྱིས་གྲོང་ཁྱེར་ཆེན་པོ་ཏི་ར་ཧ་ཏེའི་ལྷོ་ཕྱོགས་རང་བྱུང་གི་མཆོད་རྟེན་རྣམ་པར་དག་པའི་དྲུང་དུ་ཡུལ་དབུས་ཀྱི་དཔེ་དང་འཐུན་པར་བསྒྱུར་ཞིང་བཅོས་ཏེ་གཏན་ལ་ཕབ་པའོ།། །། ་སླར་ཡང་གྲུབ་ཐོབ་ཀརྞ་ཤྲཱིའི་ཞལ་སྔ་ནས་མཉན་ཏེ། ཐར་པ་པ་ལོ་ཙ་བ་ཉི་མ་རྒྱལ་མཚན་ཀྱིས་ཤྲཱི་ནཱ་ལནདའི་གཙུག་ལག་ཁང་ཆེན་པོར་བསྒྱུར་པའོ།། །།ཆོས་ཐམས་ཅད་འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་པོར་སྒྲུབས་པའི་ཐབས་བཞུགས་སོ།། །། ་