| Wylie | e-texts based on the ACIP/ALL Input |
པ་ཨཱརྱ་དེ་བ། རིན་ཆེན་རྒྱལ་མཚན། དེས་བདག་ལའོ། །ཉེ་རྒྱུད་སེམས་དཔའ་གསུམ་དང་འདྲའོ།། །།*། །རྒྱ་གར་སྐད་དུ། ཏྲཻ་ཀཱ་ཡ་ཝཱཀྩི་ཏྟཱ་དྷི་ཥྛོ་དེ་ཤ་ནཱ་མ། བོད་སྐད་དུ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་མན་ ་ངག་ཅེས་བྱ་བ་དང་སེམས་དཔའ་གསུམ་གྱི་ཏིང་འཛིན་ལ་མཉམ་པར་བཞག་པ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །སློབ་དཔོན་དམ་ཚིག་སྡོམ་ལྡན་པས། །ལེགས་ལྡན་མདུན་དུ་མཎྜལ་ལ། ་ལྷག་པའི་ལྷ་བསམ་ཕྱི་ནང་གི་།མཆོད་སྟོད་གསོལ་གདབ་རྒྱས་རྗེས་སུ་བདག་མདུན་ཐ་དད་མེད་པར་བྱ། །སྤྱི་པོ་མགྲིན་པ་སྙིང་ག་དང། །ནུ་མའི་བར་དུ་ཡི་གེ་བཞི། །དེ་ལས་འོད་འཕྲོས་ཕྱོགས་བཅུ་ཡི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། ་སྐུ་གསུང་ཐུགས་དང་ཡེ་ཤེས་བསྡུ། །ཡོན་ཕུལ་གསོལ་གདབ་བྱས་པ་ཡིས། །སློབ་མ་རྗེས་སུ་བཟུང་བར་བྱ། །ཡི་གེ་བཞི་ལས་བདུད་རྩིའི་རྒྱུན། །སློབ་མའི་གནས་བཞིར་རིམ་གྱིས་དབབ། །དེ་ཡི་མཐུ་དང་ནུས་པ་ཡིས། །སྣང་གསལ ་བདེ་དང་རོ་གཅིག་པ། །རིམ་བཞིན་ཉམས་སུ་མྱོང་བ་ཡིས། །ལུས་ངག་ཡིད་གསུམ་བག་ཆགས་བཅས། །མ་ལུས་སྤངས་ནས་རྡོ་རྗེ་བཞིའི། །དངོས་གྲུབ་གཡོ་མེད་ཐོབ་པ་དང། །བདེ་ཆེན་འདི་ནི་བདེ་བ་ཆེ། །འདི་ལས་གཞན་པའི་བདེ་བ ་གང། །གཞན་དུ་ཡོད་པ་ཡིན་ཞེས། །རྡོ་རྗེའི་སྒྲ་ཡིས་རྣམ་པར་བསྒྲག་།དེ་རྗེས་ཕྱག་རྒྱས་མཎྜལ་དབུལ། །ཕྲ་མོའི་རྣལ་འབྱོར་རྣམ་བཞི་ཡིས། །གཉིས་སུ་འཛིན་པའི་འཁྲིལ་ཤིང་བཅད། །ནམ་མཁའ་ལྟ་བུར་མཛའ་དབུས་སྤང། །འདི ་ལྟར་འབར་པའི་དགེ་བ་ཡིས། །ཐམས་ཅད་ཕྱག་རྒྱ་ཆེན་པོར་ཤོག་།སློབ་མ་རྗེས་སུ་བཟུང་བ་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་མན་ངག་བསློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ་རྫོགས་སོ།། །། ་ཡུལ་དབུས་ཀྱི་པཎྜི་ཏ་ཨ་ནནད་བྷ་དྲ་དང། བོད་ཀྱི་ལོ་ཙ་བ་སེ་ཚ་བསོད་ནམས་རྒྱལ་མཚན་གྱིས་གྲོང་ཁྱེར་ཆེན་པོ་ཏིང་ཧ་ཏེའི་ལྷོ་ཕྱོགས་རང་བྱུང་གི་མཆོད་རྟེན་རྣམ་པར་དག་པའི་དྲུང་དུ་ཡུལ་དབུས་ཀྱི་དཔེ་དང་འཐུན་པར་བསྒྱུར་ཞིང་བཅོས་ཏེ་གཏན་ལ ་ཕབ་པའོ།། །།སླར་ཡང་གྲུབ་ཐོབས་ཀརྞ་ཤྲཱིའི་ཞལ་སྔ་ནས་མཉན་ཏེ། །ཐར་པ་ལོ་ཙ་བ་གནས་བརྟན་ཉི་མ་རྒྱལ་མཚན་གྱིས་ཤྲཱི་ནཱ་ལནདའི་གཙུག་ལག་ཁང་ཆེན་པོར་དག་པར་བསྐྱུར་པའོ། །། ་