CLOSE WINDOW

N3599: dpal gshin rje'i gshed dmar po'i sgrub thabs zhes bya ba
Wyliee-texts based on the ACIP/ALL Input

བྱས་པའོ།། །།རྒྱ་གར་སྐད་དུ། ཤྲཱི་རཀྟ་ཡ་མཱ་རི་སཱ་དྷ་ན་མ། བོད་སྐད་དུ། དཔལ ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། ་གང་གིས་དང་པོར་བདུད་བཞི་བཅོམ་ནས། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་དུ། །མཁའ་ལ་[དྲ:]? ་སྤྲིན་བྲལ་ཉི་ཤར་ཇི་བཞིན། །ཕྲིན་ལས་གཡེལ་བ་མེད་དེས་སྐྱོངས་ཤིག་།སྡུག་བསྔལ་སྣ་ཚོགས་འདམ་གྱིས་གོས་བའི། །འཁོར་བའི་རྒྱ་མཚོའི་བ་མཐར་འབེན་བྱེད། །བསྐྱེད་ཚོགས་ཟུང་འཇུག་གྲུ་འདིར་འཇུག་ལ། བརྩེ་བའི་སམས?་ཀྱིས་འབད་པར་བྱེད་དོ།། ་དེ་ཉིད་ཉམས་སུ་ལེན་པར་འདོད་པའི། །རྣལ་འབྱོར་གང་ངེས་དབེན་པའི་གནས་སུ། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བྱས་ནས། །ཀུན་རྫོབ་ཆོས་ཀྱི་སྟོང་པའི་ངང་ལས། །བསྲུང་པའི་འཁོར་ལོ་ཆོས་འབྱུང་དབུས་སུ། །བཞི་བཅས་དྲུག་ཅུའི་འདབ་ལྡན་ཆུ ་སྐྱེས། །སྟེང་དུ་འབྱུང་བཞི་འདུས་པའི་རྡོ་རྗེ་རྒྱ་གྲམ་ལྟེ་བ་ལ་གནས་བྷྲུཾ་ལས། །བྱུང་བ་རྣམ་པར་ཐར་པའི་ཁང་པ། །སྟེང་འོག་ཕྱོགས་སུ་མཉམ་པའི་གྲུ་བཞི། །སྒོ་བཞི་སྒོ་ཁྱུད་སྒོ་འགྲམ་ལོགས་ལྡན། །བཅུ་དྲུག་ཀ་བའི་སྟེང་ན་མཛེས་པའི། །རྟ་བདས? ་སྣམ་བུའི་བང་རིམ་རྣམས་ལ། །མི་འམ་ཅི་སོགས་བུ་མོ་སྒེག་ཅིང། །མཛེས་པའི་རྒྱན་ལྡན་རྣམས་ཀྱིས་གླུ་ལེན། །རླུང་གིས་བསྐྱོད་པའི་ཉི་ཟླ་དང་བཅས། །རིན་ཆེན་ཕྲེང་ལྡན་ཏུ་གང་རྣམས་དང། །བླ་རེས་བ་ངན་གླང་སེད་ཀ་རྒྱན། །གདུགས་དང་རྒྱལ ་མཚན་རི་དགས་དང་ལྡན། །འཁོར་ལོ་སོགས་ཀྱིས་ལོགས་ལ་མཛེས་ཤིང། །འཁོར་ལོའི་རྩེ་ནས་རིན་ཆེན་སྣ་ཚོགས། །ཕ་གུ་སོགས་ཀྱིས་ཁོར་ཡུག་བརྒྱན་པ། །འདོད་པའི་སྣམ་བུ་ལྷ་མེར་བཅས་ཤིང། །ཀ་བ་བརྒྱད་ལྡན་རྡོ་རྗེའི་གདུང་བཞིས།། ་བཏེག་པའི་ཐོག་ལ་ཉི་ཟླ་རྡོ་རྗེས། ཀུན་ནས་མཛེས་པའི་འོག་གི་གཞི་དེར། །སྣ་ཚོགས་པད་ཉི་མ་ཧེའི་གདན་ལ། །ཧཱུཾ་ལས་བྱུང་བའི་བཅོམ་ལྡན་འདས་ནི་རཱ་གའི་མདངས་ལྡན་ཞལ་གཅིག་ཕྱག་གཉིས། །གཡས་པའི་ཕྱག་ན་དབྱུག་པ་མི་མགོ་།རྡོ ་རྗེ་བསྣམས་ལ་ཨོཾ་སོགས་ཡི་གེས། རིམ་པར་མཚན་བ་མཁས་ལ་འཕྱར་ཞིང། །གཡོན་པས་བདུད་རྩིས་གང་བའི་ཐོད་པས། །རང་དང་འདྲ་བའི་ཡུམ་ལ་འཁྱུད་པ། །གཡས་བརྒྱད་ཐལ་བའི་རྒྱ་སྤངས་ཐོད་པ། །སྐམ་པོ་ངོ་ཤལ་འཕྱང་ཞིང་འཁྱུད་པ། ། ་[དྲ:]?་གཡས་བསྐུམ་གཡོན་བརྐྱང་མ་ཧེའི་རྭ་དང། །ཚང་ར་བ་རྫིས་ནས་བདུད་དཔུང་ཟིལ་གནོན། །ཞལ ་གདངས་མཆེ་གཙིགས་ཁྲག་གི་ཐིགས་པ། །འཛག་ཅིང་སྤྱན་གསུམ་དམར་པོ་འཁྲུག་པ། །སྐྲ་དང ་སྨར་སྨི་མ་གྱེན་བརྫེས། །གར་དགུའི་ཉམས་ལྡན་རྒྱན་ཀུན་དམར་པོ། །དར་དང་སྟག་སོགས་གོས ་ཀྱི་གཡོགས་པ། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན། །སངས་རྒྱས་ཀུན་དང་གཉིས་མེད་བཞུགས་པ། །དེ་ཡི་ཐུཌ ་ཀའི་ཧཱུཾ་གིས་འཕྲོ་འདུས། །ཡེ་ཤེས་སྤྱན་དྲངས་དགུག་གཞུག་བྱས་ལ། །སངས་རྒྱས་རྣམས་ཀྱིས་བདག་ལ་དབང་བསྐུར།། ་ལྷག་པའི་ཆུ་ལ་མི་བསྐྱོད་རྡོ་རྗེ། །རང་ལུས་ལས་བྱུང་ལྷ་མོ་རྣམས་ཀྱིས། །མཆོད་བསྟོད་བདུད་རྩིས་ཚིམ་པར་བྱས་ནས། །ཧཱུཾ་ལས་བྱུང་བའི ་སྤྲོ་བསྡུའི་བཟླས་པས། །སེམས་ཅན་དོན་ཀུན་རྫོགས་པར་བྱས་ལ། །སླར་ཡང་ཐམས་ཅད་ཧཱུཾ་ལ་བསྡུས་ཏེ། །ཕྲ་མོའི་རྣལ་འབྱོར་རྣམ་བཞིས་རྒྱས་གདབ། །ཆུ་ལས་[དྲ:]? ་ཉ་ལྡང་ཇི་བཞིན་ཚུལ་དུ། །ཟུང་འཇུག་སྐུར་ལངས་ཐུན་མཚམས་བྱ་བ། །མ་ལུས་བྱེད་པ་སངས་རྒྱས་ལམ་ཡིན། །དགེ་བ་འདི་དང་དགེ་བ་གཞན་མ་ལུས་པ། །གཅིག་ཏུ་བསྡུས་ནས་ཟུང་དུ་འཇུག་པའི་སྐུ། །གཤིན་རྗེའི་གཤེད་དཔལ་གོ་འཕང ་ཐོབ་གྱུར་ནས། །འགྲོ་ཀུན་རྣམས་མཁྱེན་ས་ལ་འགོད་པར་ཤོག་།བཅོམ་ལྡན་འདས་གཤིན་རྗེའི་གཤེད་དམར་པོ་སྒྲུབ་ཐབས་ལས་ཀྱི་སྙིང་པོ་ཞེས་བྱ་བ་མཁས་ཤིང་གྲུབ་པ་བརྙེས་པའི་རྣལ་འབྱོར་པ་ཆེན་པོ་བུདྡྷ་ཛྙཱ་ན་པཱ་དས། ཨུ་ག? ་ཡ་ན་འབར་བའི་ཕུག་ཏུ་ཌཱཀཱི་ཤཱིར?་བཛྲ་ཝཱ་རཱ་ཧྵི་ཉིད་ལ་དངོས་གྲུབ་ཐོབ་ནས་ལྷག་པའི་བསམ་པ་རྣམ་པར་དག་པས་ཡི་གེར་བྱས་པ་རྫོགས་སོ།། །།ཡུལ་དབུས་ཀྱི་པཎྜི་ཏ་ཨཱ་ནནྟ་བྷ་དྲ་དང་བོད་ཀྱི་ལོ་ཙ་བ་སེ་ཚ་བསོད་ནམS ་རྒྱལ་མཚན་གྱིས་གྲོང་ཁྱེར་ཆེན་པོ་ཏི་ར་ཧ་ཏེའི་ལྷོ་ཕྱོགས་རང་བྱུང་གི་མཆོད་རྟེན་རྣམ་པར་དག་པའི་དྲུང་དུ་ཡུལ་དབུས་ཀྱི་དཔེ་དང་མཐུན་པར་བསྒྱུར་ཞིང་བཅོས་ཏེ་གཏན་ལ་ཕབ་པའོ།། །།སླར་ཡང་གྲུབ་ཐོབ་ཀརྞ་ཤྲཱིའི་ཞལ ་ནས་གནས་བརྟན་ཉི་མ་རྒྱལ་མཚན་གྱིས་ཤྲཱི་ནཱ་ལནདའི་བཙུག་ལག་ཁང་དུ་བསྒྱུར་བའོ།། །།འདིའི་རྒྱུད་པ་ནི་གཤིན་རྗེ་གཤེད་རྡོ་རྗེ་རྣལ་འབྱོར་མ། །སངས་རྒྱས་ཡེ་ཤེས་ཞབས། སློབ་དཔོན་དཔལ་འཛིན། ལི་ལ་བཛྲ། ལོ་ཙ་བ་བསོད ་ནམས་རྒྱལ་མཚན། ཀུན་དགའ་རྡོ་རྗེ། ཀུན་དགའ་གྲགས། ལྷ་ལུང་པ་ཕྱག་ན། སྟག་བ་ཇོ་བཟང། ཆོས་ཀྱི་བཟང་པོ། སྒོ་ཕུ་བ་བློ་ལྡན་འོད་ཟེར། འདུལ་བ་འཛིན་པའི་ཚུལ་ཁྲིམས་གཞོན་ནུ། སེ་སྟོན་ཨ་མོ་གྷ་ཤྲཱི་བྷ་དྲ། བྱ་བྲལ་གྱི་བཙུན ་པ་ཨཱརྱ་དེ་བ། རིན་ཆེན་རྒྱལ་མཚན། དེས་བདག་ལའོ། །ཉེ་རྒྱུད་སེམས་དཔའ་གསུམ་དང་འདྲའོ།། །།*། །རྒྱ་གར་སྐད་དུ། ཏྲཻ་ཀཱ་ཡ་ཝཱཀྩི་ཏྟཱ་དྷི་ཥྛོ་དེ་ཤ་ནཱ་མ། བོད་སྐད་དུ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་མན་ ་