| Wylie | e-texts based on the ACIP/ALL Input |
གསང་འདུས་སྦྱོར་དྲུག་རྒྱུད་ལ་ཕྱག་འཚལ་ལོ།། །།དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་རྣམ་བཤད་བཞུགས་སོ། །*། །རྒྱ་གར་སྐད་དུ། ཏད་ཏྭ་དང་ན་ཨཱ་ལོ་ཀ་དྱ་ཁྱ་ན། བོད་སྐད་དུ། དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་རྣམ་པར་བཤད་པ། བཅོམ་ལྡན་འདས་གསུང་གི་དབང ་ཕྱུག་ལ་ཕྱག་འཚལ་ལོ། །དཔེ་མེད་ཅེས་བྱ་བ་ལ་སོགས་པ་ལ། གང་གིས་ཕྱག་ན་པད་མ་བསྣམས་བ་དེ་ནི། ཕྱག་ན་པད་མ་སྟེ་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་སྟེ། དེ་རྒྱལ་གྱུར་ཅིག་ཅེས་བྱ་བར་སྦྱར་རོ། །ཁྱད་པར་ཅི་ལྟ་བུ་ཞིག་དང་ལྡན་བ་ཅེ་ན། དཔེ་མེད་ཅེས་བྱ་བ་ལ ་སོགས་པ་སྨོས་ཏེ། དཔེ་མེད་པ་དང་ཤིན་ཏུ་གྱ་ནོམ་པ་ཉིད་དང། ཆེ་བ་ཉིད་དང། འཁོར་བའི་མཛའ་ཨི་བར་དུ་གནས་བའི་མཚན་ཉིད་ཀྱི་ཆོས་དང་ལྡན་པ་སྟེ། གཞན་དག་ལ་མེད་པའི་ཕྱིར་རོ། །གང་གི་རང་བཞིན་བདེ་བ་ཉིད་ཀྱི་ངོ་བོ་དཔེ་དང་བྲལ་བར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན ་ཡང་ཁྱད་པར་ཇི་ལྟ་བུ་ཞིག་དང་ལྡན་ཞེ་ན། བདག་དོན་གྱི་འདར་མ་ཀ་ཡ་དཔལ་གཞན་ཀྱི་དོན་ཏུ་བཀག?་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་ཡིན་ལ། དེའི་གནས་ནི་གང་གི་གཞིར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་སྐུའི་ངོ་བོ་ཉིད་ཀྱིས་ཀུན་ཏུ་འགྲོ་བ་ཉིད ་ཡིན་པའི་ཕྱིར་སོ་སོར་ངེས་པའི་གནས་མེད་བས་ན་གནས་མེད་པའོ། །ཡང་ཁྱད་པར་ཅི་ལྟ་བུ་ཞིག་དང་ལྡན་ཅེ་ན། དཔེ་མེད་ཏེ་གཟུགས་མཆོག་ཏུ་གྱུར་པ་དང་ན་ཚོད་དང། སྒེག་པ་ལ་སོགས་པའི་རང་བཞིན་དང། སྙིང་རྗེ་ཆེན་པོ་ལ་སོགས་པ་དང་ལྡན་པ་ཉིད་ཀྱིས་ན་དཔེ་ལས་འདས་པའོ ་གཟུགས་རྡོ་རྗེ་ལ་སོགས་པ་ནས་སྒྲོལ་མའི་མཐར་ཐུག་པ་ལྷ་མོ་བཅུའི་ངོ་བོ་རིག་མའི་འཁོར་གྱིས་བསྐོར་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རང་སྣང་བའི་ངོ་བོ་རིག་པ་སྟེ་ཤེས་རབ་དང་ལྷན་ཅིག་འཇུག་པའི་ཕྱིར་རིག་པ་དང་བཅས་པའོ། །སྲིད་པ་གསུམ་ནི་སྲིད་པ་གསུམ་ན་གནS ་པའི་སྐྱེ་བོའོ། །གདལ་ཕན་པ་ནི་མ་འོངས་པ་འཕན་པ་སྟེ། སངས་རྒྱས་ཉིད་ལ་སོགས་པ་དང། དེ་ལ་བདེ་བ་ནི་བདེ་བ་སྟེ། འཁོར་ལོ་བསྒྱུར་བ་ཉིད་ལ་སོགས་པའོ། །དེ་ཐོབ་པ་ནི་རྙེད་པ་སྟེ། མངོན་སུམ་དུ་བྱས་པའོ། །དེ་དག་གི་རྒྱུ་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡོངས་སུ ་ངན་ལས་མི་འདའ་བའ་ཨི་ཆོས་ཉིད་ཀྱི་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་བརྙེས་པས་རྣམ་པ་གཞན་དུ་འགྱུར་བ་མེད་པའི་ཕྱིར་འགྱུར་བ་མེད་པ་ཡིན་ཏེ། དེ་ལྟ་བུའི་ཁྱད་པར་ཅན་གྱི་བཅོམ་ལྡན་འདས་རྒྱལ་བར་གྱུར་ཅིག་ཅེས་པའོ། །དུས་ཇི་སྲིད་དུ་ཅེ་ན། ཅི་སྲིད་ར་བར ་སྣང་བ་ཞེས་བྱ་བ་སྨོས་ཏེ། རེ་བའི་ངོ་བོའི་སྒྲ་ནི་ཕྱོགས་བཅུའི་ནམ་མཁའ་ཨི་རང་གི་ངོ་བོ་འམ། ཡང་ན་རེ་བ་སྟེ་སེམས་ཅན་ཐམས་ཅད་སྲིད་པའི་ལོངས་སྤྱོད་ལ་སྲེད་པའོ། །རེ་བ་སྣང་བ་ནི་གསལ་བ་སྟེ། རབ་ཏུ་འཇུག་པ། རབ་ཏུ་སྐྱེ་བའི་བར་དུའོ། །དེ་སྲིད་བཅོམ་ལྡན་འདས་རྒྱལ་བར་གྱུར ་པ་སྟེ། ཁྱབ་འཇུག་དང་ཀ་པ་ལྷ་ཆེན་པོ་དང། ཚངས་པ་ཨ་ཀ་པ་ལ་སོགས་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པར་གྱུར་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་དཔེ་མེད་བདེ་བའི་ངོ་བོ་ཞེས་བྱ་བ་འདིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །དཔལ་གྱི་གནས་གྱུར་ཅེས་བྱ་བ ་འདིས་ནི། ཧའི?་ཧར་དེའི་ཐབས་ཡིན་ཧེ་ར་ན་ན་གར་བ་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ནི་དཔལ་གྱི་སྒྲས་མངོན་པར་བརྗོད་བའི་ཕྱིར་རོ། །སྲིད་པ་གསུམ་ལ་ཕན་པ་དང་བདེ་བ་ཐོབ་མཛད་ཅེས་བྱ་བ་འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །དཔེ་མེད་ལྷ ་མོ་བཅུའི་ངོ་བོའི་རིག་མ་དག་དང་རིག་པར་བཅས་ཞེས་བྱ་བ་འདིས་ནི་དེའི་ཐབས་ཡིན་ཏེ། དེ་ལྟ་བུའི་ལྷ་མོ་བཅུ་དང་དམ་པའི་སྐུ་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུའི་རྣམ་པས་སྟོང་ན། གཞན་གྱི་དོན་ཕུན་སུམ་ཚོགས་པ་རྣམ་པ་ཐམས་ཅད་དུ་མཛད ་པའི་མཐུ་མི་མངའ་བའི་ཕྱིར་རོ། །དཔལ་ལྡན་སྔགས་ཀྱི་གཞུང་ལུགས་ཞེས་བྱ་བའི་སྒྲས། །རྣལ་འབྱོར་རྒྱུད་སྤྱིར་བརྗོད་པར་བྱེད་བ་ཡིན་དུ་ཟིན་ཀྱང། ཤུགས་ཀྱིས་དཔལ་གསང་བ་འདུས་པ་ཡོངས་སུ་གཟུང་བར་བྱ་སྟེ། གཞན་དག་ལ་དོན་བཞི་པ་མི་སྲིད་པའི་ཕྱིར་རོ། །ལྷག་མ་ནི་གོ ་སླའོ?། །སློབ་དཔོན་དུ་མའི་མན་ངག་གིས་ཡོངས་སུ་དཀྲུགས་པའི་རྣམ་པར་འཁྲུགས་པ་རྣམ་པར་བཀའ་བ་སྟེ། བདུན་གྱི་དབྱེ་བར?། །ཞེས་བྱ་བ་ནི་འདས་པ་དང། མ་འོངས་པ་དང། ད་ལྟར་གྱི་སློབ་དཔོན་དུ་གཏོགས་པའི་མན་དག་གི་ཆགས་ཡང་དག་པར་བསྡུས་པས ་སོ། །གསལ་བར་རྟོགས་པར་བྱ་བའི་ཕྱིར། ཞེས་བྱ་བ་ནི་བདེ་བར་གསལ་བར་ཁོང་དུ་ཆུད་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ། དེ་ཉིད་ཞེས་བྱ་བ་ལ་སོགས་པ་ལ། མུ་སྟེགས་ཅན་གང་ལ་ཀུན་ནས་འཁྲུལ་པ་སྟེ། རྣམ་པར་འགྲུབ?་པའི་བློ་ཤེས་རབ་ཀྱི་བྱེ་བྲག་ཡོད་པ་དེ་ལ་དེ་སྐད ་ཅེས་བྱའོ། །མུ་སྟེགས་ཅན་དེ་དག་ཐམས་ཅད་བདག་དང་བདག་གིར་འཛིན་པའི་ལིང་ཏོག་གིས་བློ་ཡིད་མིག་ཁེངས་པར་གྱུར་པས། དེ་ཁོ་ན་ཉིད་ནི་འདིའམ། བསྒྲུབ་པར་བྱ་བ་ནི་འདིའོ་ཞེས་དེ་ཁོ་ན་ཉིད་དང་བསྒྲུབ་པར་བྱ་བ་དེའི་རང་གི་ངོ་བོ་གང་ཡིན་པ་རིག་ཅིང་ཁོང་དུ་ཆུ་དཔལ་དེ་དག ་འཁྲུལ་པའོ། །ལྷག་མ་ནི་གོ་སླའོ། །གལ་ཏེ་དེ་ཁོ་ན་ཉིད་དང་བསྒྲུབ་པར་བྱ་བ་དག་ལ་ནི་བླང་བར་བྱ་བ་ཉིད་དུ་ངོ་བོ་ཉིད་གཅིག་པ་མ་ཡིན་ནམ། ཅིའི་ཕྱིར་དེ་ཁོ་ན་ཉིད་དང་བསྒྲུབ་བར་བྱ་བ་དབྱེ་བ་བསྟན་ཅེ་ན། དེ་ནི་བདེན་པ་མ་ཡིན་ཏེ། དེ་ཁོ་ན་ཉིད་བླང་བར་བྱ་བ་ཉིད་ཡིན་ཡང ་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ལ་སོགས་པ་སོ་སོར་སྣང་བའི་ཚོགས་མ་ལུས་པ་ལ་ཁྱབ་པར་བྱེད་པ་ཡིན་ལ། བསྒྲུབ་པར་བྱ་བ་ཡང་མངོན་པར་འདོད་པ་མ་ཡིན་པ་ལས་བཟློག་པར་འདོད་པའི་མཚན་ཉིད་ཀྱིས་འབྲས་བུ་བླང་བར་བྱ་བ་ཉིད་ཡིན་ཡང་སྲོག་ཆགས ་ཐམས་ཅད་ཀྱིས་གདོན་མི་ཟ་བར་བསྒྲུབ་བྱ་བ་མ་ཡིན་པ་ལས་བཟློག་པ་བསྒྲུབ་པར་བྱ་བ་ཉིད་དུ་མངོན་པར་འདོད་པའི་ཕྱིར་ཉེས་པ་མེད་དོ། །དེ་ལ་རིག་བྱེད་ཀྱི་མཐར་སྨྲ་བའི་མངོན་པར་འདོད་པའི་སྒྲུབ་པར་བྱ་བ་ནི། དགའ་བའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགའ་ ་བའི་ངོ་བོ་ཉིད་ནི་རྟག་ཏུ་བདེ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །རང་རིག་པ་ནི་གསལ་བའི་ངོ་བོ་ཉིད་ཀྱིS་བདག་ཉིད་རབ་ཏུ་སྣང་བ་ཉིད་ཀྱི་ཕྱིར་རོ། །མི་གཡོ་བ་ཞེས་བྱ་བ་ནི། མེ་རྟོག་པ་ཉིད་ཀྱིས་བསྐྱོད་པར་མི་ནུས་པའི་ཕྱིར་རོ། །ཞི་བ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་སྟོང་པ ་ཉིད་དུ་ཡོངས་སུ་བརྟགས་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུ་བསྒྲུབ་པར་བྱ་བ་ལ་འདུན་པ་ནི་འདོད་པའོ། །གང་ཉན་ཐོས་དང་བཅས་པའི་འཇུག་པའི་རང་རྒྱལ་བ་ནི་བ་སེ་རུ་ལྟ་བུ་སྟེ། གཅིག་བུ་རྒྱུ་བ་དང། ཚོགས་ཀྱི་སྤྱོད་པའི་རང་སངས་རྒྱས་བག་བསྒྲུབ་བྱར་འདོད་དོ། །ཅི་འདྲ་བ་ཞིག་ཅེ་ན། ་གཟུགས་ལ་སོགས་པའི་ཕུང་པོ་དང་བྲལ་བའོ། །གཟུགས་དང་ཚོར་བ་དང་འདུ་ཤེས་དང། འབུ་བྱེད་རྣམས་དང། རྣམ་པར་ཤེས་པའི་མཚན་ཉིད་དག་གི་ཕུང་པོ་རྣམས་ནི་སྡུད་པ་སྟེ། བྲལ་བ་དང། རྣམ་པར་ཆད་པ་དང། འགག་པར་གྱུར་བ་ཞེས་བྱ་བའི་བར་དུལ། འདི་སྐད ་དུ་བསྟན་པར་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་ཕུང་པོ་ལྷག་མ་དང་བཅས་པ་དང། །ཕུང་པོ་ལྷག་མ་མེད་པའི་དབྱེ་བས་མྱ་ངན་ལས་འདས་པ་ཐ་དད་ཀྱང། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཁོ་ན ་མངོན་སུམ་དུ་བྱ་བའི་ཕྱིར་བསྒྲུབ་པར་བྱེད་པར་ཞུགས་པ་ཡིན་ནོ། །ད་ནི་ཕ་རོལ་ཏུ་ཕྱིན་པའི་ཆུལ་དུ་སྨྲ་བ་དག་མངོན་པར་འདོད་པའི་བསྒྲུབ་པར་བྱ་བ་རྣམ་པ་བཞི་བསྟན་པའི་ཕྱིར། རྣམ་པས་སྟོང་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་ནི་སྔོན་པོ་དང། སེར་པོ་དང། བདེ ་པ་དང། སྡུག་བསྔལ་ལ་སོགས་སྣ་ཚོགས་པའི་ངོ་བོའོ། །དེས་སྟོང་པ་སྟེ་རྣམ་པ་བརྫུན་པའོ། །རྣམ་པ་མེད་པ་དེ་ཉིད་ཀྱི་ཕྱིར་ནམ་མཁའ་ལྟ་བུའོ། །གང་གི་རང་བཞིན་ཟླ་བ་དང་འདྲ་བར་འོད་གསལ་བའི་ངོ་བོ་ཉིད་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སོ་སོ་རང་རིག་ཅེས་བྱ་བ་ནི་རང་རིག ་པ་གཅིག་བུའི་ངོ་བོ་རིག་པའོ། །འདིར་སྡུག་བསྔལ་དང་སྡུག་བསྔལ་རྣམ་པར་བཛུན་པའི་གཞུང་གྱི་རྒྱུ་དག་ལས་འགྲོ་བ་མ་ལུས་པར་འདོན་པར་འདོད་པའི་སྙིང་རྗེའི་རང་བཞིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་དུ་བཤད་པར་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྟོན་པའི ་སྒྲས་བརྗོད་པར་བྱ་བ་སྔོན་པོ་དང། ཕུང་པོ་སེར་པོ་ལ་སོགས་པའི་རྣམ་པ་སྣ་ཚོགས་པས་སྟོང་མི་དགེ་བ་?་ལས་དང་ཉོན་མོངས་ཞིང་སྣང་བ་མེད་ལ། དྲི་མ་མེད་པ་ནམ་མཁའ་ལྟ་བུར་དག་པ་འགྲོ་བ་མ་ལུས་པའི་དོན་བྱེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་སོ་སོ་རང་གིས་རིག་པ་ནི ་བསྒྲུབ་བར་བྱ་བ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་བསྒྲུབ་པར་བྱ་བ་དང་པོའོ། །མཛེས་པ་ཡང་དེ་ཉིད་ཡིན་ལ་མཚན་ཡང་དེ་ཉིད་ཡིན་བས་ན། མཛེས་པའི་མཚན་སུམ་ཅུ་རྩ་གཉིས་ཞེས་བྱ་སྟེ། དེས་བརྒྱན་པའོ། །དོན་ཏེ་སྐྱེ་བོ་རྣམས་ཀྱིས་དགོས་པ་མཛད་པའི ་དང་ཚུལ་ཅན་གྱི་རང་བཞིན་གང་ལ་ཡོད་པ་དེ་ནི་དེའི་དོན་མཛད་པའོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་རྣམ་པ་དང་བཅས་པ་རྒྱུ་མཐུན་པ་དེ་ནི་རབ་ཀྱི་མཛའ་ཨི་སྟོབས་ཉིད་ཀྱིས་འདྲ་བའི་འབྲས་བུའོ། །སྡུག་བསྔལ་སྔར་སྤངས་པ་ཉིད་ཀྱི་ཕྱིར་དང། ?་བ་ཡང་མངོན་སུམ་དུ ་བྱས་པའི་ས་ནས་སྐབས་ན་མེད་པའི་ཕྱིར། བཏང་སྙོམས་ཀྱི་ངོ་བོ་ཉིད་ཀྱིས་བདེ་བ་ཉིད་མེད་པའི་ནི་བདེ་བྲལ་བའོ། །འདི་སྐད་དུ་བསྟན་བར་འགྱུར་ཏེ། མཚན་སུམ་ཅུ་རྩ་གཉིས་འཛིན་ཅིང། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་སྤྲས་བའི་སྐུ་འགྲོ་བ་མ་ལུས་པའི་དོན་མཛད་པ། ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་གོམས་པར་མཛད་བའི་སྟོབས་ཀྱིས་བྱུང་བ་ཡང་དག་བར་རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་ཉིད་བདེ་བ་དང། སྡུག་བསྔལ་སྤངས་པའི་བཏང་སྙོམས་ཀྱི་ངོ་བོ་ཉིད་བསྒྲུབ་པར་བྱ་བ་གཉིས་པ་ཡིན་ནོ། །དགའ་བཅས་ཞེས་བྱ་བ་ལ་སོགས་པ་ལ། ་དགའ་བ་དང་ལྷན་ཅིག་འཇིག་པའི་ཕྱིར་དེ་དགའ་བ་དང་བཅས་པ་ཡང་ཡིན་ལ། མཛེས་པའི་མཚན་གྱིས་བརྒྱན་པའི་སྐུ་ཡང་ཡིན་པས་སོ། །ཡང་དག་ལོངས་སྤྱོད་པ་ནི་ཆོས་སྟོན་པའི་སྒོ་ནས་ཉེ་བར་ལོངས་སྤྱོད་པར་གྱུར་བའོ། །སུ་རྣམ་བཅས་ཀྱི་གཞུང་ཞིག་གིས་ཞེ་ན། ས་བཅུའི ་དབང་ཕྱུག་རྣམས་ཀྱིས་ཏེ། ས་ལྷག་མ་རྣམS་ན་གནས་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར། ས་བཅུ་པ་བརྙེས་པ་སྤྱན་རས་གཟིགས་དབང་ཕྱུག་དང། འཇམ་དཔལ་ལ་སོགས་པ་རྣམས་ཀྱིས་ལོངས་སྤྱོད་པར་བྱ་བ་ཡིན་ནོ། །ཞེས་བྱ་བའི་བར་དུའོ། །ལྷག་མ་ནི་གོ་སླའོ། ། ་འདི་སྐད་དུ་བཤད་པར་འགྱུར་ཏེ། གནས་གཙང་མི་སྟེར་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཕོ་བྲང་སྟུག་པོ་བཀོད་པ་ཞེས་བྱ་བ་ན། ཇི་ལྟར་བཅོམ་ལྡན་འདས་དགའ་བའི་ངོ་བོ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཅན། སྤྲུལ་པའི་སྐུའི་སྒོ་ནས་འགྲོ་བ་མ་ལུས ་པའི་དོན་ཡང་དག་བར་སྒྲུབ་པར་མཛད་པ། ཉན་ཐོས་དང་རང་སངས་རྒྱས་དང་ས་དགུའི་དབང་ཕྱུག་རྣམས་ཀྱིས་ཀྱང་མ་མཐོང་བའི་སྐུ་ཅན། ས་བཅུའི་དབང་ཕྱུག་མཆོག་ཏུ་གྱུར་བའི་བྱང་ཆུབ་སེམས་དཔའ་ཁོ་ནས་ཆོས་གསན་པའི་སྒོ་ནས་ཉེ་བར་ལོངས་སྤྱོད་པར་བྱ་བ་འཁོར་བ་ཇི་སྲིད་གཤགས? ་ཏེ། དེ་ལྟ་བུ་ནི་བསྒྲུབ་པར་བྱ་བ་གསུམ་པ་ཡིན་ནོ། །སྤྱིན་སོགས་ཞེས་བྱ་བ་ལ་སོགས་པ་ལ། ཡོན་ཏན་དུ་བྱེད་གོམས་པར་བྱེད་པའི་ཕྱིར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡོན་ཏན་ཡིན་ལ། དེ་དག་ཡང་དག་པར་རྫོགས་པ་སྟེ། ཡོངས་སུ་རྫོགས་བར་བྱས་ནས། གང་རྫོགས ་པའི་སངས་རྒྱས་རྣམས་ཀྱིས་ངེས་པར་མཛད་པར་དབུ་མ་པའི་གཞུང་བྱ་བ་མ་ལུས་བ་དེ་ཡང་མཛད་ནས། ཡང་དག་མཛའ་སྟེ། གང་སེམས་དང་སེམས་ལས་བྱུང་བ་འགོག་པའི་བདག་ཉིད་ཀྱི་སྟོང་བའི་མཚན་ཉིད་མངོན་སུམ་དུ་མཛད་པའོ། །དེ་ཡང་བསྒྲུབ་བྱར་ཡོད་པ་ཡིན་ནོ་ཞེས་ཕ་རོལ ་ཏུ་ཕྱིན་པའི་ཚུལ་ལ་གནས་པ་དེ་དག་སྐད་དུ་སྨྲ་བ་བསྒྲུབ་པར་བྱ་བ་བཞི་པའོ། བྷ། ད་ནི་སྔགས་ཀྱི་ཚུལ་དུ་བཤད་པའི་བསྒྲུབ་པར་བྱ་བ་རྣམ་པ་བདུན་བསྟན་པར་བྱ་བའི་ཕྱིར། ཉིད་མཚུངས་ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉིད་དང་མཚུངས་པའི་ལྷ་མོས་འཁྱུད་པའི་དང ་ཚུལ་ཅན་གྱི་རང་བཞིན་གང་ལ་མངའ་བ་དེ་ནི་ཉིད་མཚུངས་ལྷ་མོས་འཁྱུད་པ་ཅན་ནོ། །རྟོག་པ་དང་བྲལ་བ་ནི་རྣམ་པར་རྟོག་པ་མེད་ཅིང་རྣམ་པར་རྟོག་པ་སྤངས་པ་ཞེས་བྱ་ཨ་ན་ག་བཛྲ། བའི་བར་དུའོ། །གཞན་ནི་གོ་སླའོ། །དོན་ནི་འདི་ཡིན་ཏེ། ཡང་དག་པར་འཁྱུད་པ་སྟེ། ཉིད ་དང་མཚུངས་པའི་ལྷ་མོས་འཁྱུད་པ་ཅན་འགྲོ་བའི་དོན་མཛད་པའི་སྐུ་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་རྣམ་བར་བརྒྱན་པ་བཏང་སྙོམས་ཀྱི་ངོ་བོ་ཉིད་དུ་འཁོར་བ་ཇི་སྲིད་དུ་བཞུགས་པ་མངོན་སུམ་དུ་བྱ་བ་ཡིན་ཞེས་བྱ་བ་ནི་བསྒྲུབ་བྱ་དང་པོའོ། 11། དང་པོ་ཉིད ་ནས་ཞེས་བྱ་བ་ལ་སོགས་པ་ལ། རང་ལྷའི་རྣམ་པའི་ཁྱད་པར་ཏེ། བདག་ཉིད་ཀྱི་འདོད་པའི་ལྷ་རྣམས་པས་སྟོང་པ་དང། རྣམ་པ་མེད་པ་ཞེས་བྱ་བའི་བར་དུའོ། །དང་པོ་ཉིད་ནས་ཞེས་བྱ་བ་ནི་ཐོག་མ་ཉིད་ནས་བཤད་མ་ཐག་པའི་ལྷའི་རྣམ་པ་ཉིད་ལ་བལྟོས་པ་མེད་ཤ་རབ ་བར་བདེ་བ་ཡང་དག་པར་བསྒོམ་པར་བྱ་བ་བསྒོམ་པས། མངོན་དུ་བྱ་བ་གསལ་བ་མ་ཡིན་པ་གསལ་བར་བྱས་པར་གྱུར་པ་ནི་བདེ་བ་ཆེན་པོ་ཞེས་བྱ་བར་འགྱུར་རོ། །དེ་ཡང་འགྲོ་དོན་མཛད་པ་ནི་ཡིད་བཞིན་གྱི་ནོར་བུ་དང་མཚུངས་པའི་ཚུལ་དུའོ། །འདི་སྐད ་དུ་བཤད་པར་འགྱུར་ཏེ། བཤད་མ་ཐག་པའི་ཉིད་ཀྱི་སྔགས་དང་ཕྱག་རྒྱ་དང་ལྷའི་རྣམ་པ་ཉིད་སྤངས་སྟེ། བསྒོམས་པས་གསལ་པོར་བྱས་པ་བདེ་བ་ཆེན་པོ་ཞེས་བྱ་བ་ཡིད་བཞིན་གྱི་ནོར་བུ་བཞིན་དུ་འགྲོ་བའི་དོན་མཛད་པ། སྒྱུ་མ་ལྟ་བུ་འཁོར་བ་ཇི་སྲིད་པར་བཞུགས་པ་ནི་བསྒྲུབ ་པར་བྱ་བ་གཉིས་པའོ། །རང་བདག་ཅེས་?་ཨ་ཀ་ར་?་ན་ཏི་བྱ་བ་ལ་སོགས་ས་བོན་ལས་ལྷའི་སྐུ་པ་སྨོས་པ་ལ། རང་གི་བདག་པོ་སྟེ། རང་གི་འདོད་པའི་ལྷ་ཉིད་དང། བདེ་བའི་ངོ་བོ་ནི་བདེ་བ་གཅིག་བུའི་རང་བཞིན་ནོ། །མངོན་བྱས་པ་ནི་ཀུན་ནས་མངོན་སུམ་དུ་བྱས་པ་ཡིན་ནོ། །ཕྱིས་ལྷའི་རྣམ་པ་ཉིད ་ཡོངས་སུ་བཏང་ནས་བསྒྲུབ་པར་བྱ་བའི་འབྲས་བུ་བདེ་བ་ཙམ་ལ་རྣམ་པར་གནས་པར་འགྱུར་རོ། །མངོན་སུམ་དུ་བྱས་ནས་ཀྱང་ལྷའི་རྣམ་པ་ངོ་བོ་ཉིད་བཏང་བར་བྱ་བ་ཡིན་པ་དེ་ལྟ་ན་ནི། དང་པོ་ཉིད་ཅིའི་ཕྱིར་རྣམ་པ་བསྒོམ་པར་བྱེད་དེ། བསྒྲུབ་པར་བྱ་བ་གཉིས་པ་བཞིན་དུ་བདེ ་པ་ཙམ་ཉིད་ཅི་སྟེ་བསྒོམ་པར་མི་བྱེད་མ་ཡིན་ནམ། དལ་བ་དོན་མེད་པས་ཅི་ཞིག་བྱ་ཞེ་ན། དག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དག་པ་འབའ་ཤིག་ལྷའི་རྣམ་པ་དང་རྣམ་པར་བྲལ་བའི་བདེ་བ་ཙམ་ཁོ་ནས་མངོན་སུམ་དུ་བྱེད་མི་ནུས་ཏེ། རྣམ་པ་དང་བྲལ་བའི་བདེ་བ་མི་དམིགས་པའི ་ཕྱིར་རོ། །རྒྱུ་དེའི་ཕྱིར་རང་གི་བདག་པོ་རྣམ་པར་བསྒོམ་པར་བྱེད་པ་ཞེས་བྱ་བ་གསུམ་པ་ཡིན་ནོ། །དོན་ནི་འདི་ཡིན་ཏོ། ལྷ་ཉིད་ཀྱི་བདེ་བ་རྣམ་པ་དང་ལྡན་པའི་བདེ་བ་ཁོ་ན་རྣམ་པར་བསྒོམ་པར་བྱ་བ་མངོན་སུམ་དུ་བྱས་ནས་ལྷའི་རྣམ་པ་ཉིད་བཏང་སྟེ། བདེ་བདེ་བའི་ངོ་བོ་བ? ་ཙམ་ཁོ་ན་བསྒྲུབ་པར་བྱ་བ་ཡོན་ཏན་ཅན་དུ་འཆད་དོ། །སྐུ་ནི་ཞེས་བྱ་བ་ལ་སོགས་པ་ལ། རང་གི་འདོད་པ་གང་གི་སྐུ་ནམ་མཁའ་དང་མཚུངས་པ་འདའ་ཚོན་ལྟ་བུར་ནི་སྒྱུ་མ་དང་འདྲ་བར་དཔྱད་མི་བཟོད་པའོ། །གང་གི་ཡན་ལག་མཚན་གྱིས་སྟེ། མཚན་སུམ་ཅུ་རྩ་གཉིསྱ་དང་དཔེ་བྱད ་བཟང་པོ་བརྒྱད་ཅུས་སྤྲས་པར་གྱུར་པའོ། །དཔེ་མེད་ཅེས་བྱ་བ་ནི་ལྷུན་ཆེ་བ་ཉིད་དང། བར་མོད་པ་ཉིད་དང། འཁོར་བ་ཅི་སྲིད་པར་རབ་ཏུ་འཇུག་པ་ཉིད་དང། ཟག་པ་མེད་པ་ཉིད་ལ་སོགས་པ་རྣམས་ཀྱིས་དཔེ་མེད་པའི་ཕྱིར། དཔེ་ལས་འདས་པའི་བདེ་བས་གང་བ་ནི། ད་སླུའི་རྩེ་མོའི ་མཐར་ཐུག་པར་ཡང་དག་པར་གང་པར་གྱུར་པའོ། །ཉིད་དང་མཚུངས་པ་ཡང་དེ་ལྟ་བུར་གྱུར་པས་འདུས་པ་སྟེ་ཀུན་ནས་འཁྱུད་པར་གྱུར་པའོ། །ཐུབ་པའི་དབང་པོ་དཔག་ཏུ་མེད་པ་འཕྲོ་བ་ཡང་དེ་ལྟ་བུར་གྱུར་པ་ཁོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའོ། །ཆད་པས ་ཞེས་བྱ་བ་ནི་འགོག་པས་སྟོང་པ་སྟེ་སྤངས་པའོ། །འདི་སྐད་དུ་བཤད་པར་འགྱུར་ཏེ། ནམ་མཁའ་དང་སྒྱུ་མ་དང། སྨིག་རྒྱུ་དང། དྲི་ཟའི་གྲོང་ཁྱེར་དང། ཆུ་ཟླ་དང་གཟུགས་བརྙན་དང། རྨི་ལམ་དང་འདྲ་བར་གཅིག་དང། དུ་མ་དང། དངོས་པོ་དང། དངོས་པོ་མེད་པ་དང། གཟུང་བ ་དང། འཛིན་པའི་རང་བཞིན་བྲལ་བ། ཐོག་མ་དང་ཐ་མ་མེད་པའི་དངོས་པོ་མ་ལུས་པའི་རང་བཞིན་སྣང་བ་མེད་པ་དྲི་མ་མེད་པ་དཔེ་ཐམས་ཅད་ལས་ཤིན་ཏུ་འདས་པ། མཆོག་ཏུ་ཕྲ་ཞིང་ཤིན་ཏུ་ཟབ་པ་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱིས་ཆོས་ཀྱི་སྐུའི་རང་བཞིན་ཡིན་པ་དང། སྐུ་མཚན ་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་ཅིང་དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་སྤྲས་པ་མཆོག་ཏུ་སྒེག་ཅིང་ན་ཚོད་ལ་སོགས་པ་དང་ལྡན་པ་དང། སྐུ་ཉིད་དང་མཚུངས་པའི་ལྷ་མོས་འཁྱུད་ཅིང། གཟུགས་རྡོ་རྗེ་ལ་སོགས་པ་ནས་སྒྲོལ་མའི་མཐར་ཐུག་བའི་ལྷ་མོའི་ཚོགས་ཀྱིས་མཚན ་མེད་པའི་རང་གི་ངོ་བོའི་རབ་ཏུ་དཔག་ཏུ་མེད་པས་མཆོག་ཏུ་དགའ་བ་ལ་ཉེ་བར་ལོངས་སྤྱོད་པའི་སྒོནས་གཟུགས་བརྙན་དང་འདྲ་བས་ཡང་དག་པར་ལོངས་སྤྱོད་པ་ནི་སྙིང་རྗེའི་རང་བཞིན་རྒྱ་ཆེ་བ་ཉིད་ཀྱིས་ལོངས་སྤྱོད་རྫོགས་པའི་ངོ་བོ་ཉིད་དང། གདུལ་བྱའི་སྐྱེ་བོ་མོས་པ་སྣ ་ཚོགས་པ་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམ་པ་དུ་མའི་སྒོ་ནས་རིགས་ཀྱི་ནང་དུ་ཆུད་པའི་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྤྲུལ་པ་དཔག་ཏུ་མེད་པ་སྤྲོ་བ་དང། བསྡུ་བ་མཛད་པ་ཉིད་ཀྱིས་ན་སྤྲུལ་པའི་སྐུའི་བདག་ཉིད་དང། སྟོང ་ཉིད་དང་སྙིང་རྗེ་དང་ཐ་མི་དང་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དྲི་མ་མེད་པ། ཤེས་རབ་དང་ཐབས་ཀྱི་ཏིང་ངེ་འཛིན་ལས་ཡང་དག་པར་བྱུང་བའི་བདེ་བ་དམ་པས་གང་འཁོར་བ་ཇི་སྲིད་པོར་བཞུགས་པའི་ཆོས་ཅན། མི་གནས་པའི་མྱ ་ངན་ལས་འདས་པའི་ངོ་བོ་དང། མར་མེ་རླུང་གིས་མ་བསྐྱོད་པའི་རྩེ་མོ་བཞིན་དུ་དྲི་མ་མེད་པའི་རྒྱུན་གྱིས་རྟག་པ་ཉིད་ཀྱི་འགོག་པས་སྟོང་པ་ནི་བསྒྲུབ་པར་བྱ་བ་བཞི་པའོ། །རང་བདག་ཅེས་བྱ་བ་ལ་སོགས་པ་ལ། རང་གི་བདག་པོ་མངོན་སུམ་དུ་བྱས་ནས་ཕྱིས་བཏང་སྟེ། བཏང ་སྙོམས་ཀྱི་ངོ་བོ་གང་ཡིན་པའི་ཡེ་ཤེས་དེ་ཙམ་ཞིག་བསྒྲུབ་བྱར་འགྱུར་རོ། །གཞན་ནི་རྟོགS་པར་སླའོ། །འདི་སྐད་དུ་བཤད་པར་འགྱུར་ཏེ། དཀྱིལ་འཁོར་གྱི་འཁོར་ལོའི་ངོ་བོ་མངོན་སུམ་ཟླ་གྲགས་ཀྱི་གཞུང་དུ་བྱས་ནས་ཕྱིས་དེ་བཀག་ཅིང་བཏང་སྙོམས་ཀྱི་ཡེ་ཤེས་ཙམ ་དུ་འབྱུང་བ་ནི་བསྒྲུབ་པར་བྱ་བ་ལྔ་བའོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་བདེ་བའི་རང་བཞིན་ཅན་མངོན་སུམ་དུ་བྱས་ནས། དེ་རང་གི་འདོད་པ་ལས་ངེས་པར་ལྡོག་པ་ནི་འགོག་པའོ། །གལ་ཏེ་མངོན་སུམ་དུ་བྱས་ནས་ཀྱང་ཕྱིས་རང་གི་འདོད་པས ་འདོད་པར་བྱ་བ་ཡིན་ན་ནི། དེའི་ཚེ་ཡུན་རིང་པོར་གོམས་པར་བྱས་པའི་སྙིང་རྗེ་མེད་པར་འགྱུར་མ་ཡིན་ནམ། དེ་ཡང་མེད་པའི་ཕྱིར་སེམས་ཅན་གྱི་དོན་མེད་བར་འགྱུར་ཞེས་དོགས་པ་ལ། སེམས་ཅན་དོན་ཡང་ཡོད་དེ་འདིར་མེད་མིན་ཞེས་བྱ་བ་སྨོས་ཏེ། ཕྱོགས་འདི་ཇི་སྲིད་ ་གྱི་དོན་བྱེད་པ་མེད་པ་མ་ཡིན་ཏེ། གང་གི་ཕྱིར་འགགས་པའི་འཁོར་ལོ་ལས་སྙིང་རྗེའི་རང་བཞིན་ཅན་སེམས་ཅན་གྱི་དོན་ཏུ་རབ་ཏུ་འབྱུང་བ་ཡོད་པ་ཡིན་ནོ། །དེ་ནི་འདི་སྐད་དུ་བསྟན་ཏེ། བདེ་བས་ཡང་དག་པར་གང་པའི་འཁོར་ལོ་མངོན་སུམ་དུ་བྱས་ནས་དུས་ཇི་སྲིད ་འདོད་པར་རྣམ་པར་གནས་ཏེ་ཕྱིས་དེ་རྣམ་པ་ཐམས་ཅད་དུ་མར་མེ་བཞིན་དུ་འགོག་པ་ཡིན་ནོ། །ཡང་གང་གི་ཚེ་སེམས་ཅན་གྱི་དོན་མངོན་པར་འདོད་པར་འགྱུར་ན། དེ་ཚེ་འགག་པ་ཉིད་ལས་འཁོར་ལོའི་ཁྱད་པར་འབྱུང་ཞིང་སེམས་ཅན་གྱི་དོན་མཛད་པའམ། འཁོར་ལོའི ་ཁྱད་པར་འགྱུར་བ་ཡང། རིང་དུ་འགགས་པའི་འཁོར་ལོ་ཁོ་ན་ལས་སྐལ་བ་ཇི་ལྟ་བ་བཞིན་དུ་གདུལ་བྱ་རྣམས་ཀྱིས་མངོན་པར་འདོད་པ་རྙེད་པར་འགྱུར་རོ་ཞེས་བྱ་བ་ནི་དྲུག་པའོ། །དེ་རྣམས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཕྱོགས་དྲུག་པོ་རྣམས་ཀྱི་ནང་ནས་འབྲས་བུ་བསྒྲུབ་བྱ་གང་ཁོ་ན་མངོན ་པར་འདོད་པ་དེ་ཁོ་ན་ཉིད་མངོན་སུཾ་དུ་བྱས་ཤིང། དེའི་འོག་ཏུ་རྣམ་པ་ཐམས་ཅད་དུ་མར་མེ་བཞིན་དུ་འགོག་པ་དུས་གཞན་ན་སེམས་ཅན་གྱི་དོན་ལ་སོགས་པས་སྟོང་པ་མངོན་སུམ་དུ་བྱ་བ་ཡིན་ནོ། །ཕྱོགས་དྲུག་གི་དབྱེ་བས་འགོག་པ་ཡང་དྲུག་ཁོ་ནར་འགྱུར་བ་མ་ཡིན་ནམ། འགོག་པ་དེ་ཇི་ལྟར་ན ་གཅིག་ཁོ་ནར་འགྱུར་ཞེས་དོགS་པ་ལ། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་མི་དད་པའི་ངོ་བོ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཕྱོགས་དྲུག་གིས་མཚན་ཉིད་ཀྱི་དབྱེ་བས་ཀྱང་འགོག་པ་རྣམས་ལ་ཐ་དད་པ་ཡོད་པ་མ་ཡིན་ཏེ། འགོག་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་གཅིག་ཅིང་མཚུངS ་པ་ཉིད་ཀྱི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ། ཕྱོགས་གཞན་ཞིག་མངོན་སུམ་དུ་བྱས་ནས། དེའི་འོག་ཏུ་དེའི་རྒྱུན་ཆད་པའོ་ངོ་བོ་འགོག་པ་ནི་བསྒྲུབ་པར་བྱ་བ་བདུན་པའོ། །ཤེས་རབ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་དང་ཡེ་ཤེས་ཏེ། དབང་བསྐུར་བའི་བྱེ་བྲག་གོ། ཕྱིས་ཏེ་རྫོགས་པའི་དུས ་ཀྱིས་བྱང་ཆུབ་གང་ཞེ་ན། སེམས་ཏེ་བདུད་རྩིའི་ངོ་བོ་ལྕེས་ཀུན་ནས་བླང་བ་གང་ཡིན་པ་དེ་ནི་བཞི་པ་སྟེ། དབང་བསྐུར་པ་བཞི་བར་འགའ་ཞིག་སྨྲ་བ་དེ་ནི་མཆོག་མ་ཡིན་པ་དང། དམན་པ་དང་ཤིན་ཏུ་སྨད་པ་ཞེས་བྱ་བའི་བར་དུའོ། །ཅིའི་ཕྱིར་མཆོག་མིན་ཞེ་ན། གང་ཕྱིར་སྔགས་དང་ཕྱག་རྒྱ་དང་ལྷ་ཉིད་ལ ་སོགས་པའི་རྣམ་པ་བསྒོམ་པ་ལ་འབད་པ་དང། གཞན་ཡང་དེ་བཞིན་གཤེགས་པས་གསུངས་པའི་བསྒྲུབ་པའི་མཚན་ཉིད་དོན་མེད་པ་ཐོབ་པར་འགྱུར་རོ། །གང་ལས་ཞེས་ན། དེ་འབྲས་བུ་སྟེ། བསྒོམ་པས་བསྒྲུབ་པར་བྱ་བའི་འབྲས་བུ་བྱང་ཆུབ་ཀྱི་སེམས་ཀྱི་རོ་མྱང་བའི་དུས་ཉིད་ན ་རབ་ཏུ་གྲུབ་པ་ཉིད་དང། ཐོབ་པ་ཉིད་དང། འབྲས་བུ་ཁྱད་པར་ཅན་མེད་པའི་ཕྱིར་ཞེས་བྱ་བའི་བར་དུའོ། །ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཡེ་ཤེས་ལས་དུས་ཕྱིས་ཕྱིས་གཞན་ལས་ཇི་ལྟ་བ་བཞིན་དུ་རྙེད་པའི་དགའ་བ་སྟེ། བུད་ཐོབ་དེ་ཡིན་ན་མེད་གང་ཡིན་པ་དེ་དང་རེག་པའི ་སྒོ་ནས་རོ་མྱོང་བའི་དབང་བསྐུར་བ་གང་ཡིན་པ་དེ་ནི་དམན་པའོ། །ལྷག་མའི་དོན་ནི་རྟོགས་པར་ཟད་དོ། །དེ་ལ་དེ་ལྟར་དེ་བཞིན་གཞི་པ་ཡང་ཞེས་བྱ་བ་བཤད་པ་ལ། གསུམ་པ་ཤེས་རབ་ཡེ་ཤེས་ལས་ལྟོས་ནས་བཞི་པ་ཞེས་བྱའོ། །དེ་ལྟར་ཞེས་བྱ་བ་ནི་དའི? ་སྒྲས་ཤེས་རབ་ཡེ་ཤེས་དེ་ཉིད་ཀྱི་ངོ་བོ་དེ་མཚོན་པར་བྱེད་པ་ཡིན་ནོ། །ཡང་ཞེས་བྱ་བ་ནི་ཡང་གི་སྒྲས་དེ་ལས་ཁྱད་པར་དུ་གྱུར་པ་ཡིན་ལ། ཁྱད་པར་ཡང་ཟག་པ་མེད་པ་ཤིན་ཏུ་རྒྱས་པ་ཉིད་རྒྱུན་མི་ཆད་པར་སྐྱེ་བ་ཉིད་ཀྱི་མཚན་ཉིད་དོ། །དེ་བཞིན་ཞེས་བྱ་བ་ནི་དེ་བཞིན་གྱི ་སྒྲས་དེ་དང་འདྲ་བ་ཉིད་དུ་བསྟན་པ་ཡིན་ལ། དེ་དང་འདྲ་བ་ཉིད་ཀྱང་ཅི་འདྲ་བའི་ཤེས་རབ་དང་ལྡན་པའི་ཚོགས་པ་ལས། ཤེས་རབ་ཡེ་ཤེས་ཅི་འདྲ་བ་སྐྱེ་བ་བཞིན་དུ། ཕྱིས་ཀྱང་དེ་དང་འདྲ་བའི་ཚོགས་པ་ལས་ཀྱང་དེ་དང་འདྲ་བ་བསྐྱེད་ཀྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི། དེ་བཞིན་གྱི ་སྒྲའི་དོན་ཡིན་ནོ། །འདིར་མཚོན་པར་བྱ་བ་དང་མཚོན་པར་བྱེད་པའི་དངོས་པོས་དོན་ཁོང་དུ་ཆུད་པར་བྱ་བ་ཡིན་ཏེ། འདིས་མཆེན་པར་བྱེད་པས་ན་མཚོན་བྱེད་སྟེ། ཉམས་སུ་མྱོང་བར་གྱུར་པའི་ཤེས་བརྩོན་འགྲུས་བར་མ་ཆད་རྒྱུན་མཆོད་རབ་ཡེ་ཤེས་སོ། །རྟོགས་པར་མ་གྱུར་པ་ནི་མཚོན ་བྱེད་ཉིད་དུ་མི་འཐད་པའི་ཕྱིར་དང། ཁྱད་པར་མ་བཟུང་བར་ཁྱད་པར་གྱི་གཞི་རྟོགས་པར་མི་འགྱུར་བའོ། །ཞེས་བྱ་བའི་རིགས་པས་འདིས་མཚོན་པར་བྱེད་ཤེས་པར་བྱེད། ཁོང་དུ་ཆུད་པར་བྱེད་བསྒྲུབ་པར་བྱེད་པས་ན་མཚོན་པར་བྱ་བ་མངོན་སུམ་དུ་གྱུར་པ་ནི་བཞི་པའོ། །འདིར ་འགའ་ཞིག་བཞི་པ་ནི་ཡང་དག་པར་མ་དཔེ་ཡིན་ནོ་ཞེ་ན། དེ་དོན་ལྟ་ན་དེ་མ་ཡིན་པ་གཞན་དེ་ལྟར་དེ་བཞིན་བཞི་པ་ཡང་ཞེས་བྱ་བ་དེར་བཞི་པ་ཞེས་བྱ་བའི་ཚིག་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡོད་པ་མ་ཡིན་ནམ། དེ་བསྒོམ་པས་ཅི་ལྟར་མེད་ཅེས་བརྗོད། བདེན་ཏེ། བཅོམ ་ལྡན་འདས་གཞན་དག་ན་རེ་ཀྱིས་མན་ངག་བསྲུང་རྒོལ་ལན་བའི་ཕྱིར་དང། སེམས་ཅན་མགོ་རྨོངས་པར་བྱ་བའི་ཕྱིར་གསུམ་པ་ཁོ་ན་ལ་བཞི་པའི་རྒྱུད་ཕྱི་མ་སྒྲས་གསུངས་པ་ཡིན་གྱི། གཞན་ལུང་གིས་བསལ་བདུན་དེ་ལྟར་དེ་བཞིན་བཞི་པ་ཡང་ཞེས་གསུངས་པར་མི་རྒོལ་འགྱུར་རོ།། ་དེ་ནི་ཤིན་ཏུ་འབྲེལ་བ་མེད་པ་ཡིན་ཏེ། ཚད་མས་གྲུབ་པ་བཞི་པ་གོང་དུ་བསྟན་པའི་ཕྱིར་དང། བསྟན་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །གཞན་ངག?་བསྒྲུབ་པ་ཆེན་པོ་བཞི་པ་ཡིན་ཞེས་བྱ་བ་ལ་སོགས་པའི་བཞི་ཞེས་པའི་ཚིག་ཡོད་པ་གང་ཡིན་པ་དེ་ཉིད་འདིར་རྣམ་པར་བཀྲོའི་བའི་ཕྱིར་གསུངས་པ་ཡིན་གྱི ་བཞི་པ་ལན་ཞེས་བྱ་བའི་དབང་བདུན་དང་དེ་ལྟར་གསུཾ་བསྐུར་གྱི་ཁྱད་པར་ཡང་ཡོད་པ་ནི་མ་ཡིན་ནོ་ཞེའོ། །བཞི་པ་དེའི་འདོད་པ་དེ་ཉིད་ལྟར་ན་འདི་ལ་འབད་བསྟེན་བསྒྲུབ་ཡན་ལག་བཞི་ལས་པའི་ཕྱིར་བསྒོམ་པ་དོན་མེད་པའི་ཉེས་པར་འགྱུར་རོ། །འབྲས་བུ་དང་བཅས་པ་ཁས་ལེན་ན་ཡང་བཞི་ས་གྲུབ་པ ་ཡིན་ནོ། །དེ་ལ་མཚོན་པར་བྱེད་པ་ཤེས་རབ་ཡེ་ཤེས་ཉིད་ནི་ཁོང་དུ་ཆུད་ལ་མཚོན་པར་བྱ་བ་ལ་ཐམས་ཅད་རྨོངས་མ་ཧཱ་མུ་ཏྲ་པར་འགྱུར་བས་དེ་རྣམ་པར་དཔྱད་པར་བྱ་སྟེ། མཚོན་པར་བྱ་བ་ཡང་སྲིད་མདོན་གྱི་ངོ་བོ་ཞིག་གམ་ཤེས་པའི་ངོ་བོ་ཞིག་ཏུ་ལྷའི་སྐུ་དང་བདེ་བ་དང། ཚིག་ལ་མི་མཐུན་དོན་ལམ་ཐུན? ་འགྱུར་གྲང་ན། དེ་ལ་དོན་གྱི་ངོ་བོ་ཉིད་ནི་མ་ཡིན་ཏེ། དོན་ཉིད་མེད་པའི་དཔེ་ཕྱིར་དང། དོན་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཚད་མས་དེ་བསལ་བ་ཉིད་ཀྱི་ཕྱིར་རོ། །སྔགས་དོན་ཀྱི་ཚུལ་ལ་ཡང་ཡུལ་ལ་རྣམ་པར་ཤེས་པར་སྨྲ་བ་དང། དབུམ་པའི་འདོད་གཞུང་གཙོ་བོ་ཉིད་ཡིན ་བའི་ཕྱིར། ཤེས་པའི་ངོ་བོ་ཉིད་དུ་གཅིག་དང་དུ་མ་དང?་བྲལ་བས་འགྱུར་གྲང་ན། ཤེས་པ་ཡང་རྣམ་པ་དང་བཅས་པ་ཞིག་གམ། རྣམ་པ་མེད་པ་ཞིག་ཏུ་འགྱུར། རྣམ་པ་དང་བཅས་པ་ལ་ཡང་ཤེས་པ་གཉིས་མེད་པའི་ངོ་བོའམ། དུ་སེམས་ཙམ་དུ་མའི་ངོ་བོ་ཞིག་ཏུ་འགྱུར་ཞེས་རྣམ་པར་བརྟག་པར ་བྱ་བ་ཡིན་ནོ། །དེ་ལ་རྣམ་མེད་པར་སྨྲ་བ་དག་ནི་རྣམ་པར་ཤེས་པ་རྣམ་པ་དང་བཅས་པ་ནི་ཐམས་ཅད་དུ་ཡོད་པ་མ་ཡིན་ཏེ། ནམ་ཀའི་མེ་ཏོག་དང་འདྲའོ་ཞེས་སྨྲའོ། །མངོན་སུམ་ལ་སྔོན་པོ་དང། སེར་པོ་དང། དཀར་པོ་ལ་སོགས་པ་དང། བུམ་པ་དང། སྣམ་བུ་དང། ཤིང་རྟ་ལ་སོགས ་པའི་ངོ་བོར་རྣམ་པ་རྣམས་སྣང་བ་མ་ཡིན་ནམ། དོན་དེ་རྣམ་པ་དག་ཀྱང་མེད་པའི་ཕྱིར་ཤེས་པའི་ངོ་བོ་ཉིད་ཀྱང་མེད་ཡིན་ན། དེ་ཇི་ལྟར་རྣམ་པ་དང་བཅས་པ་མ་ཡིན་ཞེ་ན། བདེན་ཏེ་རྣམ་པ་རྣམས་སྣང་བ་ཉིད་ནི་ཡིན་མདོ་ཀྱི་འོན་ཀྱང་བརྫུན་པའི་ངོ་བོར་ཡང་བརྫུན་པའི་ངོ་བོ་ཉིད་དུ་གཅིག ་དང་དུ་མ་དང་བྲལ་བའི་ཚད་མའི་མཚན་ཉིད་ཀྱིས་རབ་ཏུ་འགྲུབ་བོ། །ཚད་མའི་ངོ་བོ་དེ་ཡང་གཞན་དག་ཏུ་བཤད་པ་ཉིད་ཀྱིས་འདིར་མ་སྤྲོས་སོ། །བརྫུན་པ་ཉིད་དུ་གྲུབ་པས་ཀྱང། སྒྱུ་མའི་རང་བཞིན་དང་འདྲ་བར་རྣམ་པར་འཁྲུལ་པའི་རང་བཞིན་དུ་རབ་ཏུ་སྟོན་ལ། འཁྲུལ ་པ་ལྡོག་པས་ཀྱང་ཤེལ་སྒོང་དག་པ་ལྟ་བུ་རྣམ་པ་མེད་པ་ཁོ་ན་དོན་དམ་པར་གྲུབ་པར་འགྱུར་རོ། །དབུ་མ་དེ་ཁོ་ན་ཉིད་ལ་འཇུག་པ་དེ་བས་ན་རྣམ་པ་དང་བཅས་པའི་རྣམ་པར་ཤེས་པ་ནི་ཤེས་པ་གཉིས་མེད་པའི་ངོ་བོ་འམ། དུ་མའི་ངོ་བོར་ཡོད་དོ་ཞེས་པའི་རྟོག་པ་གཉིས་བསལ་བ་ཡིན་ནོ། །རྣཾ ་པ་མེད་པའི་ཤེས་པ་ཡང་དམིགས་པའི་རིག་བྱར་གྱུར་པའི་རྨི་ལམ་ན་ཡང་མི་དམིགས་པ་མ་ཡིན་ནམ། དེ་ཇི་ལྟར་ན་དོན་དམ་པར་ཡོད་པར་གྲུབ་པ་ཞེས་བྱ། འོན་ཏེ་ཤེས་པའི་ནང་ན་བདེ་བ་ལ་སོགས་པའི་རྣམ་པ་ཡོངས་སུ་བསལ་བའི་ངོ་བོ་རྣམ་པ་མེད་པར་རིག་པ་ཁོ་ན་ཡིན་ལ། ་སྔོན་པོ་ལ་སོགས་པའི་རྣམ་པ་ཡང་བརྫུན་པར་སྣང་བ་ཡིན་ནོ། །གཞན་དུ་དེ་དག་བདེན་པ་ཉིད་ཡིན་ན་ནི། རྣམ་པ་ཐམས་ཅད་བདེན་པར་གྱུར་ལ། དེ་ལྟར་ཡང་བཟུང་བ་དང་འཛིན་པའི་དངོས་པོ་ལ་སོགས་པའི་ཡང་བདེན་པར་འགྱུར་རོ། །སྣང་བ་བདེན་པ་ཉིད་དུ་འགྱུར་བ་དེ ་བས་ན་དེ་དག་ཐམས་ཅད་ཀྱང་གྲོལ་བ་ཉིད་དུ་ཐལ་བར་འགྱུར་ཏེ། ཅུང་ཞིག་དང་སེམས་ལོག་པའི་རྣམ་པར་འཁྲུལ་བའི་རྣམ་པ་ཡང་ངོ་བོ་མི་སྣང་བའི་ཕྱིར་རོ། །དེ་སྐད་དུ་ཡང་དང་ཡང་དག་ཉིད་ལ་ཡང་དག་ལྟ། ཡང་དག་མཐོང་ན་རྣམ་པར་གྲོལ་ཞེས་གསུངས་སོ། །དེའི་ཕྱིར ་སེམས་ཅན་མི་འདོད་དུ་ཟིན་ཀྱང་སྔོན་པོ་ལ་སོགས་པའི་རྣམ་པ་བརྫུན་པ་ཉིད་དུ་བལྟ་བར་བྱའོ། །བདེ་བ་ལ་སོགས་པའི་རྣམ་པ་བརྫུན་པ་བདེན་པར་དམིགས་པ་ཡིན་ན། དེ་ཅི་ལྟར་ན་དམིགས་པ་མ་ཡིན་ཞེ་ན། བདེ་བ་ལ་སོགས་པའི་རྣམ་པ་ཡང་རྣམ་པ་དང་བཅས་པའི ་ཤེས་པ་ཁོ་ན་ལ་དམིགས་པ་ཡིན་ཏེ། བདེ་བ་ལ་སོགས་པའི་རྣམ་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །བདེ་བ་ལ་སོགས་པའི་རྣམ་པས་སྟོང་པའི་རྣམ་པར་ཤེས་པ་ནི་རྨི་ལམ་ན་ཡང་རིག་པ་མེད་པ་མ་ཡིན་ནམ། འོན་ཏེ་འཁྲུལ་པ་མ་ལུས་པ་དང་བྲལ་བའི་ས ་བརྒྱད་བ་ལ་དམིགས་པའི་རིག་བྱར་འགྱུར་རོ། ཞེ་ན། འདི་ལ་ཡང་མནའ་དོར་བ་མ་ཡིན་པའི་སྒྲུབ་པར་བྱེད་པའི་ཚད་མ་ནི་ཡོད་པ་མ་ཡིན་པས། དེ་ནི་བདེན་པ་མ་ཡིན་ཏེ། བསམ་པ་ཡོངས་སུ་མི་ཤེས་པའི་ཕྱིར་དང། བདེ་ལ་སོགས་པ་ཉིད་སྔོན་པོ་ལ་སོགས་པའི་རྣམ་པ་དང་བྲལ་བའི་རྣམ་པར ་ཤེས་པ་ལ་རྣམ་མེད་པ་ཉིད་དུ་འདོད་པ་ཉིད་ཀྱི་ཕྱིར། འོན་ཏེ་དེ་ཡང་ད་ལྟར་ཉིད་ན་རང་རིག་པའི་ཚད་མས་གྲུབ་པ་སྲོག་ཆགས་ཐམས་ཅད་ལ་ཡོད་པ་ཡིན་ན། ཇི་ལྟར་དམིགས་པར་མ་གྱུར་ཞེ་ན། དེ་ཡང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་བརྫུན་པ་ཉིད་དང་འཁྲུལ་པ་ཙམ་ཡིན་ཏེ། གཅིག་དང་བུ་མའི་རང ་བཞིན་དང་བྲལ་བ་ཉིད་ཀྱིས་རྣམ་པ་དང་བཅས་པ་དང་རྣམ་པ་མེད་པའི་ཤེས་པ་གཅིག་དུ་མའི་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་རིགས་པ་འདིས་རྣམ་པ་དང་བཅས་པ་དང་རྣམ་པ་མེད་པའི་ཤེས་པ་མ་ལུས་པ་བརྫུན་པར་རབ་ཏུ་བསྒྲུབ་པས་ཅུང་ཞིག་ཀྱང་དོན་དམ་པའི་དངོས་པོ་དེ་ཁོ་ན་ཉིད ་དུ་ཡང་མེད་པ་།མ་ཡིན་ནམ། དེ་ཇི་ལྟར་ན་མཚོན་པར་བྱ་བའི་རང་བཞིན་དུ་ཚད་མས་ཉེ་བར་མཚོན་པར་བྱ་ཞེ་ན། ཉེས་པ་དེ་ནི་མེད་དབུ་མ་?་འདོད་པའི་ཚད་མས་བརྫུན་པ་ཉིད་དུ་གྲུབ་ཀྱང། གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཆོས་ཅན་གྱི་ངོ་བོ་སྣང་བ་སྒྱུ་མ་ལྟ་བུ་མ་བཀག་པའི་ཕྱིར་རོ།། ་བརྫུན་དུ་སྣང་བ་དེ་ཉིད་ཡིན་ལ་མཚོན་པར་བྱ་བ་དང། མཚོན་པར་བྱེད་པ་དང། འཁོར་བ་དང་མྱ་ངན་ལས་འདས་པ་དང། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་བསྒོམས་པས་འགྲོ་བ་མ་ལུས་པའི་དོན་བྱེད་པ་ལ་སོགས་པ། གནོད་པ་མེད་པ་རྣམ་པར་གཞག་པ་གྲུབ་པ ་ཡིན་ནོ། །དེ་སྐད་དུ་ཡང་སངས་རྒྱས་དང་རྡོ་རྗེ་སེམས་དཔའ་ཉིད་ཀྱང། ཀུན་རྫོབ་ཉིད་དུ་རབ་ཏུ་བསྒྲུབ་ཅེས་གསུངས་པས་སོ། །འོན་ཏེ་དངོས་པོ་སྐྱེས་པ་ཐམས་ཅད་བརྫུན་པའི་ངོ་བོ་ཉིད་ཀྱིས་སྙིང་པོ་མེད་པ་མ་ཡིན་ནམ། དེའི་ཚེ་ཅིའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ ་བསྒོམ་པའི་འབད་པ་བྱེད་ཅེ་ན། དེ་ནི་བདེན་པ་མ་ཡིན་ཏེ། ལོག་པར་སྒྲོ་འདོགས་སྤངས་པའི་ཕྱིར། གྲོལ་བ་པོ་ནི་མེད་དང་བརྩོན། ཞེས་བྱ་བའི་ཚིག་གིས། ཇི་ལྟར་ཡང་རྣམ་པར་དབྱེད་ན་ཡང་དག་པའི་དངོས་པོའི་ངོ་བོ་ཉིད་མེད་པ། དེ་ལྟ་ན་ཡང་བདག་བདེ་བར་གྱུར་ཅིག་སྡུག་བསྔལ་བར ་མ་གྱུར་ཅིག་ཅེས་པའི་སྲེད་པ་སྲོག་ཆགས་མ་ལུས་པ་ལ་ཡོད་དོ། །འདི་ལྟར་དགེ་བ་དང། མི་དགེ་བའི་རྨི་ལམ་ལོག་པ་ཉིད་དུ་མཚུངས་ཀྱང། དགེ་བའི་རྨི་ལམ་མཐོང་བས་ཡིད་བདེ་བར་འགྱུར་ལ། མི་དགེ་བའི་རྨི་ལམ་མཐོང་བ་ལས་ནི་ཡིད་མི་བདེ་བར ་འགྱུར་ཏེ། དེ་བསལ་བའི་ཕྱིར་དམ་པའི་ཆོས་ཀློག་པ་དང། སྔགས་ཟློས་པ་ལ་སོགས་པ་ལ་རབ་ཏུ་འཇུག་པར་འགྱུར་རོ། །དེ་བཞིན་དུ་བརྫུན་པ་ཉིད་དུ་ཁྱད་པར་མེད་ཀྱང། སྡུག་བསྔལ་ལ་སོགས་པ་རང་བཞིན་གྱི་རྣམ་པར་རྟོག་པ་སྤང་བའི་ཕྱིར་དང་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཀྱི་མཚན་ཉིད་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་རྟོག་པ་དང་ལྡན་པའི་དོན་དུ་གཉེར་བ་རྣམས་རབ་ཏུ་འཇུག་པར་འགྱུར་རོ། །གལ་ཏེ་གང་གི་དོན་དུ་འདི་བརྩམས་པའི། །དེའི་དོན་ནི་ཉམས་པར་འགྱུར། །འདི་ལྟར་མཚན་གཞི་དང་མཚན་ཉིད་དཔྱད་པའི་སྐབས་ལ་བབ? ་ན། དེ་ཡང་གཏམ་གཞན་དུ་ཐལ་བས་བརྗོད་པའི་ཕྱིར། གང་དུ་སོང་བ་མི་ཤེས་སོ་ཞེ་ན། དེ་བདུན་དུ་དབྱེ་བས་བྱས་པ་ཉིད་མ་ཡིན་ནམ། བདེན་ཏེ་བུ་རམ་དང་དར་བཞི་པ་བཤད་བའི་བཤད་པའི་དུས་བཞི་བ་བའི་ཚུལ་གྱིས་དེ་ལྟར་ནི་མི་ཤེས་སོ། །དེ་ལས་སྙིང་པོ་བཞི་པ་དང་སྙིང་པོ་མ་ཡིན་པ ་གང་ཡིན་ཞེ་ན། སྨྲས་པ། སྔགས་ཀྱི་ཚུལ་ལ་བརྗོད་པའི་རིམ་པ་མེད་པའི་ཕྱིར་དང། སྙོམས་པར་འཇུག་པ་སྒོམ་པ་དོན་མེད་པའི་ཕྱིར། རིག་པ་མེད་པའི་ཕྱིར་དང་སྙིང་པོ་མེད་པའི་ཉིད་དེ། འདི་ལྟར་ཚོགས་པ་དང་ཚོགས་པ་ཅན་ལ་འབྲས་བུ་གང་ཡིན་པ་དེ་གདོན་མི་ཟ་བ་ཉིད་ ་ཡིན་ནོ། །གཞན་དུ་མཚོགས་པ་དང་ཚོགས་ཅན་ལོངས་སྤྱོད་རྫོགས་པའི་བདུན་མི་ཚད། ཉིད་དུ་དེ་མི་འགྱུར་རོ། །མངོན་སུམ་དུ་བྱས་བདེ་བ་མེད་པས་གསུམ་དང་བདུན་པའི་གནས་སྐབས་ན་བདེ་བ་ཚོགས་པ་དང་ཚོགས་པ་ཅན་དེ་ཡོད་པ། དེས་ན་དེ་གདོན་མི་ཟ་བར་འགྱུར་རོ། །དེ་ལྟར་གྱུར ་རྡོ་རྗེ་དང་པདྨ་དང་ལྷའི་ང་རྒྱལ་ཚོགས་པ་ལས་པ་དང་པོ་ཉམས་པ་ཡིན་ནོ། །སྐུ་ལ་སོགས་ལུས་བདེ་བ་པའི་བཞི་པ་རྣམ་པས་སྟོང་པའི་ལོངས་སྤྱོད་རྫོགས་སྙིང་རྗེ་རྒྱུན་བདེ་བ་ཆེན་པོ་ཟག་པ་མེད་བདེ་བའི་ངོ་བོ་འབའ་ཤིག་མཾ་དམིགས་པས། གཉིས་པ་བདེན་པ་ཉིད་མ་ཡིན་ཏེ། འདི ་ལྟར་མཚན་མས་རྣམ་པར་ངེས་པ་ཉིད་རྟོག་པ་དང་ལྡན་པས། བསྒོམ་པར་བྱ་བ་ཡིན་གྱི་གང་ཡང་རུང་བ་ནི་མ་ཡིན་ནོ། །ཚད་མས་གྲུབ་པའི་ངོ་བོ་ཐམས་ཅད་དུ་དམིགས་ལ་དེ་ཉིད་སྐྱེ་བོ་ཐམས་ཅད་ཀྱིས་འདོད་པར་བྱ་བ་ཉིད་དུ་སྣང་ངོ། །དེ་བས་ན་གཅིག་པུ་མ་དམིགས་པའི་ཕྱིར་དང། ་འདོད་པ། དེ་ལྟར་དེ་བཞི་?་ཡང་བདུན་མེད་པའི་ཕྱིར་དང། འཁོར་ལོའི་རྣམ་པའི་རང་བཞིན་མ་དམིགས་པའི་དྲུག་ཕྱིར་བཞི་པ་དང། མངོན་དུ་བྱེ་མང?་མི་ནུས་པའི་ཕྱིར་དང། འབད་པ་ཉིད་མཚུངས་པའི་ཕྱིར་གཉིས་པ་རྣམ་པར་རྟག་པ་ཙམ་ཡིན་ནོ། །གནོད་བཞི་པར་?་ཁྱེར་པ་མེད་པ་ཉི ་ཡང་དག་པའི་དོན་གྱི་རང་བཞིན་ཉིད་ཀྱིས་རང་དབང་དུ་གྱུར་པ་དོར་བར་མི་ནུས་པ་ཉིད་ཀྱི་ཕྱིར་དང། ལྡན་པའི་ངོ་བོ་ལ་བྱེ་བྲག་མེད་པའི་ཕྱིར་དང། དགོས་པ་མེད་པའི་ཕྱིར་གསུམ་པ་ལྷའི་སྐུ་བདེ་བ་དགེ་བ་མ་ཡིན་ཏེ། འདི་ལྟར་ལྷན་ཅིག་དམིགས་ནས་དེའི་བདག་ཉིད་བྱུང?་བ་ལས། བཞི? ་གཅིག་ཡོངས་སུ་དོར་ན་གཞན་ཡང་གདོན་མི་ཟ་བར་ཡོངས་སུ་སྤང་བ་འམ། ཡང་ན་འགའ་ཞིག་ཀྱང་གཉིས་པ་དང་མ་ཡིན་ནོ། །སྤྲོས་པ་ཉིད་ཀྱིས་འབད་པ་མངས་པ་ཉིད་ཀྱི་ཕྱིར་དང། རྣམ་པར་དཔྱད་མི་བཟོད་པ་ཉིད་ཀྱིས་ལྷའི་རྣམ་པ་འཁྲུལ་པའི་ངོ་བོ་ཉིད་ཡིན་པས་དོན་དམ་པའི ་ངོ་བོ་ཉིད་མ་ལྷའི་ངོ་བོ་ཡིན་པའི་ཕྱིར། གསུམ་པའི་མཛའ་བདེ་བ་མའི་ཕྱོགས་ཀྱང་ལེགས་པ་མ་ཡིན་ནོ་ཞེ་ན། དེ་ལ་འགའ་ཞིག་བཞི་པ་རིགས་པ་བརྗོད་པར་བྱེད་དེ། སྤྲོས་པའི་ངོ་བོ་ཉིད་དུ་གྱུར་ཀྱང་ཕྲ་མོ་དང་ཐིག་ལེ་ལ་སོགས་པ་ཡང་དང་ཡང་དུ་བསྒོམ་པ་ན། ཡང་ཇི་སྲིད ་མངོན་སུམ་དུ་གྱུར་པ་དེ་སྲིད་དུ་འབད་པས་ཡང་དང་ཡང་དུ་བསྒོམ་པའི་ཕྱིར་ཐམས་ཅད་དུ་བསྒོམ་པར་བྱ་བའི་དངོས་པོ་ཡོད་དོ། །དེ་ལ་འདིར་གལ་ཏེ་འབད་པས་འཇིགས་ན་ནི། བསྐྱེད་བའི་རིམ་པའི་སྒྲོ་བསྡུ། ཅུང་ཞིག་དང་བསྒོམ་པར་མི་བྱའོ། །སྤྲོས་པ་ཉིད་ཀྱིས་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། ་འཁོར་ལོའི་རྣམ་པ་སྤྲོས་པ་དང་སྤྲོས་འཁོར་ལོའི་རྣམ་པ་བ་མེད་པ་ཐིག་ལེ་དང་ཕྲ་མོ་དག་ཐིག་ལེ་དང་ཕྲ་མོ་བསྒོམ་པའི་གནས་སྐབས་ན་ཁྱད་པར་ཅི་ཞིག་ཡོད། འོན་ཏེ་སྤྲོས་པ་མེད་པ་མྱུར་དུ་བརྟན་ཐིག་ལེ་པོར་གྱུར་པ་འདི་ཁྱད་པར་ཡིན་ནོ། ཞེ་ན། དམིགས་པ་གང་ཁོ་ན ་ལ་སེམས་ཡུན་རིང་པོར་རྒྱུན་མི་ཆད་པར་ཡང་དང་ཡང་དུ་གཏད་པས་དེ་ཉིད་བརྟན་པོར་འགྱུར་ཞེས་བྱ་བ་ནི་ལུང་ཡིན་ནོ། །འདི་ལ་རིགས་པ་ཡང་ཡོད་དེ། འདི་སྐད་དུ་དེ་ཕྱིར་ཡང་དག་མིན། །གང་གང་ཤིན་ཏུ་བསྒོམས་པ་ལས། །བསྒོམ་པའི་སྟོབས་ནི་རྫོགས ་པ་ན། དེ་གསལ་མི་རྟོག་བློའི་འབྲས་བུ། །ཞེས་གསུངས་སོ། །འདིར་ཐག་མི་རིང་བ་ན་གནས་པ་ན་ཡང། ཨེ་མའོ་རྨོངས་ཉིད་ཨེ་མའོ་སྙོམས་ལས་ཅན། ཨེ་མའོ་མཛེས་པའི་དོན་ལ་རྒྱབ་ཀྱིས་དེ་ཉིད་བསྐྱེད་ཕྱོགས། །རང་སེམས་ཙམ་དང་འབྲེལ་པའི་སངས་རྒྱས་ཉིད། །རང ་མི་གནས་ཀྱང་གང་ཞིག་རྟེན་མི་བྱེད། །ཅེས་གསུངས་པ་མ་ཡིན་ནམ། དེ་རང་སེམས་བས་ན་འདི་ལ་ཁྱད་པར་མེད་དོ། །འཁྲུལ་པའི་ངོ་བོ་ཉིད་ཀྱིས་དོན་དམ་པ་མ་ཡིན་པ་ཉིད་དོ། ཞེ་ན། ཐམས་ཅད་དུ་བསྒོམ་པའི་ཡུལ་གྱི་དངོས་པོ་ནི། འཁྲུལ་པ་ཡིན་རང་སེམས་རྟོགS་ཕན་དོན ་པས་ཅུང་ཞིག་ཀྱང་བསྒོཾ་སེམས་ལ་བར་བྱ་བ་མེད་པར་འགྱུར་ལ། དེ་བས་ན་རྣམ་པ་ཐམས་ཅད་དུ་ཐར་པའི་ལམ་བསྒོམ་པ་ལ་དོན་བསྐྱེད་པ་མེད་པར་འགྱུར་རོ། །འཁྲུལ་པའི་ངོ་བོ་ལ་ཡང་སྒྱུ་མ་ལྟ་བུའི་རྣམ་པར་ཞུགས་པས། སྤྲོས་པ་མེད་པའི་སྒོམ་པར་འགྱུར་བ་ལ་སྐྱོན ་ཡོད་པ་མ་ཡིན་ནོ་ཞེ་ན། སྤྲོས་པ་དེ་ལ་སྒྱུ་མའི་རྣམ་པར་ཞུགས་པ་མཚུངས་པས་དེ་ལ་ཡང་དེ་སྐྱོན་གྱི་སྐབས་ཅི་ཞིག་ཡོད། དེ་བས་ན་དོན་དུ་གཉེར་བས་སྤྲོས་པ་འམ། སྤྲོས་པ་མེད་པ་ཡང་རུང། གང་ཁོ་ན་འདོད་པའི་ཚད་མ་དང་ལྡན་པའམ། གཅིག་ཤོས་དེ་ཉིད་ལ་ལེ་ལོ་སྤངས ་ནས་ཕྱག་རྒྱ་ཆེན་པོ་དོན་དུ་གཉེར་བས་སྒོམ་པར་བྱ་སྟེ། ཤིན་ཏུ་ཐལ་བས་ཆོག་གོ་།དེ་ལ་སྙིང་པོ་དང་གཅིག་ཤོས་ཀྱི་རྣམ་པར་དབྱེ་བ་ཡང། བླ་མ་མཉེས་པར་བྱེད་པ་རྣམས་ཀྱིས་ཤེས་པ་ཡིན་ནོ། (རྒྱུད་འགྲེལ་ཕྱིར་དང། གསང་སྔགས་ཀྱི་ཚུལ་གྱི་རིམ་པ་མེད་པའི་ཕྱིར་ལྔ་པ་སྐྱོན་དང་བྲལ་བ་མ་ཡིན་ནོ། །སྔར་མངོན་སུམ་དུ་བྱས་པའི་ཕྱིར་སྔགས་ཡན་ལག་བདུན་པ་ནས་ཀྱི་ཚུལ་ལ་རབ་ཏུ་སྦྱོར་བ་ཡོད་པ་མ་ཡིན་ནམ། དེ་ཅིའི་ཕྱིར་དེ་ལ་མེད་ཅེ་ན་བདེན་ཏེ། བསྒྲུབ་པར་བྱ་བ་འབྲས ་བུ་མངོན་དུ་གྱུར་པའི་གནས་སྐབས་ན་དེ་ཡང་རིམ་པ་འདི་ལ་མེད་བ་དང། མངོན་སུམ་དུ་གྱུར་པ་ཡོངས་སུ་བཏང་བ་ལ་དགོས་པ་ཡང་མ་མཐོང་བའི་ཕྱིར་རོ། (རྒྱུད་འགྲེལ་རབ་ཏུ་དབྱེ་བ་རྟོག་པའི་དྲི་མས་སྟོང་པ་མ་ཡིན་ཏེ། འདི་ལྟར་འགའ་ཞིག་ལྡོག་པ་ནི་རྒྱུ་ལྡོག་པའམ། ཁྱབ་པར་བྱེད་པ་ལྡོག་པར་འགྱུར་ན། དེ་ལ་མངོན་སུམ་དུ་བྱས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལྡོག་པར་བྱེད་པ་ནི། རྒྱུ་འམ་ཁྱབ་པར་བྱེད་པ་ལོག་པས་ཡང་མ་ཡིན་ནོ། ། ་རང་གི་འགོག་པར་ཡང་མི་ནུས་པ་ནི་མི་མཐུན་པ་མེད་པའི་ཕྱིར་ཏེ། སྡུག་བསྔལ་ལ་སོགས་པ་འགོག་པར་འདོད་པ་ན་ཡང་སྡུག་བསྔལ་ལ་སོགས་པ་ལ་འཇུག་པ་མཐོང་བའི་ཕྱིར་རོ། །སྟོང་པ་ཉིད་ཀྱིས་ལྡོག་པར་བྱེད་པ་ཡོད་མ་ཡིན་ནམ། འདི་ལྟར་ཤིན་གི་ཕུང་བོ་ལ་མེ ་རབ་ཏུ་འབར་བས་ཤིང་མ་ལུས་པ་ཐལ་བར་བྱས་ནས། དེའི་འོག་ཏུ་བདག་ཉིད་ཀྱང་རང་གི་དང་ཁོ་ནས་ལྡོག་པར་འགྱུར་བ་དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་མངོན་སུམ་དུ་བྱས་ནས་ཀྱང། དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པར ་ལྡོག?་པར་བྱེད་ལ། བདག་ཉིད་ཀྱང་རང་གི་ངང་གིས་ལྡོག་པར་འགྱུར་རོ་ཞེན། དེ་ནི་མེ་རང་བདེན་པ་མ་ཡིན་ཏེ། དཔེ་ལ་སྐྱོན་ཡོད་པའི་ཕྱིར་རོ། །འདི་ལྟར་དེ་ལ་ཤིང་འགྱུར་པར་བྱེད་པའི་རྒྱུར་གྱུར་པའི་མེ་ནི་ཤིང་འགྱུར་བ་ཡང་དག་པར་སྐྱེད་པ་ཉིད་ཀྱིས། ཤིང་འགྱུར་བར་བྱེད་པ་ནི ་མེ་ཡིན་ནོ་ཞེས་འཇིག་རྟེན་པ་རྣམས་སེམས་ལ། འདིར་ནི་སྟོང་པ་ཉིད་ནི་དཀྱིལ་འཁོར་གྱི་འཁོར་ལོ་འགྱུར་བར་བྱེད་པའི་རྒྱུ་མ་ཡིན་ན། དེའི་ཕྱིར་དེ་ལྡོག་པར་བྱེད་པ་ཡིན། སྟོང་པ་ཉིད་ལ་རང་གི་ངང་གིས་ལྡོག་གོ་ཞེས་ཀྱང་སྨྲ་བར་བྱ་བ་མ་ཡིན་ནོ། །རྒྱུར་མི་འགྱུར་དུ་ཆུག་ན་སྟོང ་པ་ཉིད་ཁྱབ་བར་བྱེད་པ་ནི་འགྱུར་བ་མ་ཡིན་ནམ། ཁྱབ་པར་བྱེད་པ་ཤིང་ལྡོག་པས་ཁྱབ་པར་བྱ་བ་ཤིང་ཤ་པ་ལྡོག་པ་བཞིན་དུ་ལྡོག་པར་འགྱུར་རོ་ཞེ་ན། དེ་ཡང་སྙིང་པོ་མ་ཡིན་ཏེ་འདི་ལྟར་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ལ་ཁྱབ་པར་བྱེད་པ་དེ་ཁོ་ན་ཉིད་ཀྱི་སྟོང་པ་ཉིད་དེ་ལ ་ལྡོག་པ་ཡང?་ཡོད་པ་མ་ཡིན་ན། །གལ་ཏེ་འགྱུར་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་བྱེད་པ་ལས་དུས་སྔ་མ་འམ། དེ་མ་ཐག་ཏུ་སངས་རྒྱས་བཅོམ་ལྡན་འདས་འདོག་པར་འགྱུར་ན། དེ་ལྟ་ནི་མ་ཡིན་ཏེ། ཡང་དག་པར་རྫོགས་པའི ་སངས་རྒྱས་སུ་གྱུར་ནས་ཀྱང་ཐུགས་རྗེས་དུས་ཇི་སྲིད་ཅིག་གི་གནས་སྐབས་ཉིད་ཀྱིས་ཞལ་གྱིས་བཞེས་པའི་ཕྱིར་འགྱུར་པ་ཡང་མ་ཡིན་ནོ། །འོན་ཀྱང་སྟོང་པ་ཉིད་ཀྱང་ཡེ་ཤེས་ཀྱི་ངོ་བོ་ཡིན་ལ། འཁོར་ལོ་ཡང་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ནོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་སྐྱེས་པས ་འཁོར་ལོའི་ཡེ་ཤེས་ནི་ལྡོག་ན། སྟོང་པ་ཉིད་ཀྱི་ཡེ་ཤེས་གང་གིས་ལྡོག་པར་བྱེད། །དེ་ཉིད་ཀྱིས་ལྡོག་པ་ཡང་འགལ་བ་མེད་པའི་ཕྱིར་དང། རྒྱཱུམ་ཁྱབ་པར་བྱེད་པ་མེད་པ་ལས་མེད་པ་བསན། སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་ལྡོག་པ་མེད་དོ། །དཀྱིལ་འཁོར་གྱི་འཁོར་ལོ་ཡང་སྟོང ་པ་ཉིད་ཀྱིས་ལྡོག་གོ་ཞེས་བྱ་བ་ཡང་མ་ཡིན་ཏེ། སྟོང་པ་ཉིད་ཀྱིས་ལྡོག་པར་བྱེད་པ་མ་ཡིན་པ་རང་གི་དང་ལ། སྟོང་པ་ཉིད་ཀྱིས་ལྡོག་པར་བྱེད་པ་ཡིན་ཞེས་སུ་ཞིག་སྨྲ། རང?་གིས་འོན་ཀྱང་ལྡོག་པར་བྱེད་པ་གང་ཡིན་པ་དེ་ནི་བླ་མའི་མན་ངག་ལས་ཤེས་སོ་ཞེས་ཟེར་བ་འདི་ཡང ་སྙིང་པོ་མ་ཡིན་ཏེ། བླ་མའི་མན་ངག་ལས་ཀྱང་སྟོང་པ་ཉིད་ཀྱིས་ལྡོག་པར་བྱེད་པ་མ་ཡིན་ལྡོག་པའི་ཚད་མ་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་པས་སོ་སོར་སྐད་ཅིག་མའི་འཇིགས་པ་དང། སྐད་ཅིག་གིས་ཉམས་པའི་ངོ་བོས་དངོས་པོ་ཐམས་ཅད་ལ་ཁྱབ་པའི་ཚེ་རྒྱུད་ཀྱི ་རྒྱུན་ལྡོག་པར་བྱེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་རང་གི་འདོད་པས་མི་འགྱུར་ཏེ། ལྡོག་པའི་སྙིང་པོ་མེད་པ་ཡང་རྟོག་པ་དང་ལྡན་པ་རྣམས་ལ་དགོས་པ་ཡོད་པ་མ་ཡིན་ནོ། །དེ་སྐད་དུ་ཡང་སེམས་ཅན་རྣམས་ནི་གྲོལ་གྱུར་ལ། །རབ་དགའ་རྒྱ་མཚོ་གང་ཡིན་དེ། །དེ་ཉིད་ཀྱིས ་རྫོགས་མ་མི་གནས་པའི་མྱ་ངན་འདས་ཡིན་ནམ། །ཐར་པ་རོ་བྲལ་ཅི་ལྷག་མེད་ཞིག་དགོས། །ཞེས་གསུངས་སོ། །སེམས་ཅན་དོན་ཡང་ལྡོག་པ་པ?་མེད་དོ། །ནམ་ཀ་དང་ནམ་ཀའི་མེ་ཏོག་ལ་ནམ་ཡང་དོན་གྱི་བྱ་དོན་བྱ་བ་ཅུང་ཞིག་ཀྱང་འཁོར་བ་མྱ་ངན་ལས་པ་མི་སྲིད་དོ། ། ་ཡུན་རིང་པོར་འགགས་ཀྱང་དངོས་པོ་མེད་པའི་ངོ་བོ་འདས་པའི་འཁོར་ལོ་ལས་སེམས་ཅན་གྱི་དོན་འབྱུང་བར་འགྱུར་རོ། ཞེས་བྱ་བ་ཡང་སྙིང་པོ་མ་ཡིན་ཏེ། ཡུན་རིང་པོར་ལོན་པའི་ཁྱིམ་བྱ་ཤི་བའི་སྒྲ་སྒྲོགས་པར་ཐལ་བའི་ཕྱིར་རོ། །འོན་ཏེ་རྣལ་འབྱོར་པའི་བྱིན་གྱིས་བརླབས་ཀྱིས་ནམ ་མཁའ་ལས་ཀྱང་དོན་བྱེད་པ་སྲིད་པ་མ་ཡིན་ནམ་ཞེ་ན། རྣལ་འབྱོར་པའི་བྱིན་གྱི་བརླབས་ཉིད་སེམས་ཀྱི་ངོ་བོ་ཉིད་ཀྱིས་དོན་བྱེད་པ་ཡིན་ལ། ནམ་མཁའ་ནི་མ་ཡིན་ཏེ། དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །འོན་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་འགགས་པ་ལས་སེམས་ཅན་དོན་བྱེད་པའི་དུས ་ན་ཡང་འབྱུང་ཞིང། དེ་ལས་དོན་བྱེད་པར་འགྱུར་བ་མ་ཡིན་ནམ། དེ་བས་ཡང་འགོག་ཅིང་ཡང་སྐྱེ་བར་འགྱུར་རོ་ཞེ་ན། དེ་ནི་བདེན་བ་མ་ཡིན་ཏེ། ཇི་ལྟར་སེམས་ཅན་གྱི་དོན་བྱེད་པ་དེ་ལས་འབྱུང་བ་མེད་པ་དེ་བཞིན་དུ་འཁོར་ལོ་ཡང་དེ་ལས་མི་སྲིད་དོ། །འགགས་པ་ལས ་ཡང་འབྱུང་བ་ལ་ཡང་དགོས་པ་ཅུང་ཟད་ཡོད་པ་མ་ཡིན་ཏེ། ཤིན་ཏུ་སྤྲོས་པས་ཆོག་གོ་།དྲུག་པའི་ཕྱོགས་ལ་བཤད་པའི་སྐྱོན་གྱི་ཚོགས་བདུན་པ་ལ་ཡང་ཡོད་པས། བཏགས་པ་ལ་འཐག་པ་མི་བྱའོ། །དྲུག་པ་དང་བདུན་པ་མཚུངས་པ་ཉིད་ཀྱི་ཕྱིར་དེ་ལས་བདུན་པ་ཁྱད་པར ་ཅི་ཡོད་ཅེ་ན། ཁྱད་པར་ཡོད་དེ་སྔ་མའི་གནས་སྐབས་སུ་འཁོར་ལོའི་རྣམ་པ་ཉིད་ངེས་པར་བྱས་ནས། ཡང་རང་གི་འདོད་པས་འགོག་ཅིང་རང་གི་འདོད་པས་སྐྱེད་པར་བྱེད་པའི་ཕྱིར་ལ། བདུན་པ་ལ་ཡང་མེད་པ་དེ་བས་ན་མཚུངས་པ་དང་ཐ་མི་དད་པ་མ་ཡིན་པར་བསྟན་ཏོ།། ་རྡོ་རྗེའི་ས་བོན་ཞེས་བྱ་བ་ལ་སོགས་པ་ལ་དེ་དག་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །གསལ་བྱེད་ལྔ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གསལ་བྱེད་ལྔའི་སྒྲ་ནི། བ་གླང་དང། ཁྱི་དང། གླང་པོ་དང། རྟ་དང། མིའི་མཚན་ཉིད་དོ། །བདུད་རྩི་ལྔའི་སྒྲ་ནི། བེ་དང། ་མུ་དང། ཏྲ་ཆུ་མང་དང། ?་ཤ་ར་དང་ཀ་ཏ་དྲག་ཤུའི་མཚན་ཉིད་དོ། །རྟག་ཏུ་བསྟེན་པ་ཁོ་ན་བསྒྲུབ་བྱར་སེམས་སོ། །ཐིག་ལེ་ཞེས་བྱ་བ་ནི། སྙིང་ཀར་ཟླ་བ་ལ་གནས་པའི་ཐིག་ལེ་འོད་འཕྲོ་བར་གྱུར་པ་དེ་ཁོ་ན་ཉིད་བསྒྲུབ་བྱ་ཡིན་ནོ་ཞེས་སེམས་ནས་རྣམ་པར་?་སྟེ་ཕྱི ་བསྒོམ་པར་བྱེད་དོ། །ཟླ་བ་ཞེས་བྱ་བ་ནི་སྙིང་ཀའི་གནས་སུ་ཟླ་བའི་བཞི་དུམ་བུ་འམ་ཟླ་བ་རྒྱས་པ་འམ། ཟླ་བ་རྒྱས་པ་སྙིང་ཀར་པདྨ་ལ་གནས་པ་འགའ་ཞིག་རྣམ་པར་བསྒོམ་པར་བྱེད་དོ། །སྨིན་དབུས་ཐིག་ལེ་ལས་བྱུང་དཀྱིལ་འཁོར་ཞེས་བྱ་བ་ནི། སྨིན་མའི་དབུས ་ཏེ་མཛོད་སྤུའི་གནས་སུ་ཐིག་ལེ་རྣམ་པར་སྒོམ་པར་བྱའོ། །ཐིག་ལེ་དེ་ལས་བྱུང་བའི་དཀྱིལའཁོར་ནི་རླུང་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་དང། མེའི་མཚན་ཉིད་དོ། །འདི་སྐད་དུ་བཤད་པར་འགྱུར་ཏེ། ཁ་དང་རྣ་བ་དང་སྣ་དང་མིག་ལག་པའི་སོར་མོས་བཀབ་ལ་སྨིན? ་མའི་དབུས་སུ་ཐིག་ལེ་བལྟ་བར་བྱའོ། །དེ་ཡང་གསལ་པོར་གྱུར་པའི་གནས་སྐབས་སུ་དགེ་བ་དང། མི་གཡོན་དང་?་ལག?་གཉི་ག་དགེ་བའི་ལྟོས?་ཡང?། ཁ་དོག་མཐུན་པར་གཡལ་དག་པར་སྟོན་པར་བྱེད་པ་དབང་ཆེན་གྱི་ལ་སོགས་པའི་དཀྱིལ་འཁོར་རབ་ཏུ་སྐྱེད་པའི་ཐིག་ལེ་དེ་ལ ་ཡང་དེ་ཁོ་ན་ཉིད་དུ་སེམས་སོ། །རླུང་གི་རང་བཞིན་ཞེས་བྱ་བ་ནི་ཕུ་ར་ཀ་དང། ཀུམ་བྷ་ཀ་དང། རེ་ཙ་ཀ་དང། རབ་ཏུ་ཞི་བའི་མཚན་ཉིད་དང། དབུགས་དབྱུང་རྔུབ་ལ་སོགས་པའི་མཚན་ཉིད་ཡིན་ནོ། །འདི་སྐད་དུ་བཤད་པ་ཡིན་ཏེ། དེ་ལ་འདི་ལྟར་ཤི་བ་དང་གྲངས་ཅན་ལ་སོགས་པས ་བསྟན་པའི་རླུང་གི་རང་བཞིན་ཤེས་པར་བྱས་ནས། དབུགས་འགེངས་བྱེད་འཛིན་བྱེད་འབྱིན་བྱེད་འགག་པའི་སྒོམ་ཐ་མ་སངས། པ་བརྟན་པོ?་?་བྱས་ནས་ནམ་མཁའ་ལ་རྒྱུ་བས་འོང་བ་དང། གཞན་གྱི་གྲོང་ལ་འཇུག་པ་དང། གྲོལ་བའི་བར་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཞེས ་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་དུ་སྨྲ་བ་རྣམས་ཀྱིའོ། །ལྕེའུ་ཆུང་ཞེས་བྱ་བ་ནི། མིད་པའི་ཕྱོགས་ལྕེའི་ཕུགས་ཀྱི་སྟེང་ན་གླང་པོ་ཆེའི་སྣའི་རྣམ་པ་ལྟ་བུ་ཁ་འོག་ཏུ་ལྟས་པ་ཉེ་བའི་ལྕེའི་མིང་ཅན་ལྕེའི་ཆུང་ཡོད་དོ། །དེ་ཡང་ནུས་པའི་རང་བཞིན་ནོ་དེའི་འོག་ན་ཞི་བའི་ངོ་བོ་ཡོད་པ་དེ་ཁོ ་ན་ཉིད་ཡིན་ནོ། །དེ་ལ་ཡང་ལྕེའི་རྩེ་མོས་རེག་པར་གྱུར་པ་ན་བདུད་རྩིའི་རྒྱུན་མི་འཆད་པར་འཛག་པར་འགྱུར་རོ། །བདུད་རྩིའི་རྒྱུན་འབབ་པ་དེས་དོན་དམ་པའི་བདག་ཉིད་ཚིམ་པར་གྱུར་པར་སྒོམ་མོ། །ཞེས་བྱ་བ་ནི་ལྕེའུ་ཆུང་གི་དེ་ཁོ་ན་ཉིད་ཡིན་ནོ། །སོགས་པའི་སྒྲས་ཞི་བའི་ངོ་བོ ་སྙིང་ཀའི་དབུས་ཀྱི་འཁོར་ལོ་རྩིབས་བཅུ་དྲུག་པའི་དབུས་ན་གནས་པ་ཡེ་ཤེས་ཀྱི་རང་བཞིན་ཞི་བའི་ངོ་བོ་དེ་ཁོ་ན་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་བཟུང་ངོ། །དེ་ཡང་སྨྲས་པ། བཅུ་ལས་དྲུག་ལྷག་རྩེ་དང་ལྡན་པའི་འཁོར་ལོའི་དཀྱིལ་ན་གནས་པ་སྙིང་གང་རྣམ་པར ་གནས་པའི་བདག་།དེས་ནི་དེའི་ཁྱད་པར་ལྟ་བུ་ཡི་གྲུབ་པ་སྟེར། །དེ་ནི་མངོན་པར་མི་གཡོ་བའི་ཡིད་དག་གིས། །རྣལ་འབྱོར་པ་ཡིས་དེ་ལྟར་མངོན་པར་བསམ་པར་བྱ། །ནུས་པར་གྱུར་པའི་མགོན་པོ་རྒྱལ་བར་གྱུར། །དེ་ནི་ནུས་པ་དག་གིས་དེ་ནི་ཡོངས་སུ་བསྐྱོར་དང་བཅས། ཞེས་དེ ་ལྟ་བུ་མུ་སྟེགས་ལ་སོགས་པ་དེ་ཁོ་ན་ཉིད་དུ་མངོན་པར་འདོད་པ་དེ་དག་ཐམས་ཅད་ནི་དེ་ཁོ་ན་ཉིད་མ་ཡིན་ཞེས་བདག་ཉིད་ཀྱིས་བརྟག་བར་བྱ། དཔྱད་པར་བྱ་ཞེས་བྱ་བའི་བར་དུའོ། །རྨི་ལམ་མིག་འཕྲུལ་ཞེས་བྱ་བ་ལ་སོགས་པ་ལ། རྨི་ལམ་དང། མིག་འཕྲུལ་ལྟ་བུ་དང། གཟུགས ་བརྙན་དང། སྒྱུ་མ་དང། སྨིག་རྒྱུ་དང། དྲི་ཟའི་གྲོང་ཁྱེར་དང། ཆུ་ཟླ་ལྟ་བུའོ། །གཞན་གྱི་སྒྲས་ནི་ནམ་མཁའ་དང། བྲག་ཆ་དང། དབུ་བ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པའི་སྒྲས་སོ། །དེ་ལྟ་བུར་མངོན་པར་བརྗོད་པ་ནི་སྨྲ་པ་པོས་དེ་ལྟ་བུས་བསྟན་པའི་བསྒྲུབ་བྱ་ལས་གཞན་མེད་པ་ཉིད་དེ། ་གཞན་དུ་ཡང་འདིར་བཤད་པ་ཁོ་ན་བསྒྲུབ་བྱ་ཡིན་ནོ་ཞེས་སྒྲ་དེ་ལས་རབ་ཏུ་འཇུག་པར་རང་ཉིད་ཀྱིས་ཤེས་པར་བྱའོ། །ཟབ་མོ་སྟོང་ཉིད་སོ་སོ་སྣང་བ་ཙམ། །ཞི་བ་ཤིན་ཏུ་སྒྲས་བརྗོད་མིན། །མ་གོས་དངོས་གྲལ་དྲི་མེད་ལ་སོགས་དང། །ཞེས་བྱ་བ་ལ་སོགས་པའི་སྒྲ། ་ཡིས། ཞི་བ་དང་རྣམ་པ་མེད་པ་དང། སྤྲོས་པ་མེད་པ་དང། ཐོག་མ་མེད་པ་དང། འགག་པ་མེད་པ་ཞེས་བྱ་བ་ལ་སོགས་སྒྲ་ཡིས་ཀྱང་འཁྲུལ་པར་མི་བྱ་ཞིང། གཞན་བསྒྲུབ་ཏུ་ཡོད་པ་ནི། གཞན་གྱི་བསྒྲུབ་པར་བྱ་བ་ཡོད་པ་སྟེ། འདིར་ཡོད་པའི་སྒྲས་དེས་བཤད་པའི ་སྒྲུབ་པར་བྱ་བ་ལས་མཆོག་འགའ་ཞིག་ཡོད་དོ་ཞེས་འཁྲུལ་པར་མི་བྱ་སྟེ། བཤད་པ་བསྒྲུབ་བྱ་ཁོ་ན་དེ་དག་ཐམས་ཅད་ཀྱིས་བརྗོད་པར་བྱ་བ་ཡིན་ཞེས་ངེས་པར་བྱའོ། །དཔལ་ལྡན་གསང་བ་འདུས་པ་ལས། །དྲི་མེད་དང་མཆོག་མཐར་ཕྱིན་པས། ། ་ངག་གི་དབང་ཕྱུག་དེ་ཡིས་འདི། །བྱས་པས་བློ་ངན་འཇིགས་གྱུར་ཅིག་།བདག་གིས་འདི་བཤད་པ་ལས་པད་ཀར་ཀུན་ད་ཁ་བྱེ་དང། འོ་མ་ལྟ་བུར་སྐད་མ་ལྟ་བུའི་བསོད་ནམས་དཔག་མེད་གང་བསགས་པ། །དེས་འབྲོ་བ་མ་ལུས་པ་དག་ཉིད་མཚུངS? ་རིག་མས་ཉེར་འཁྱུད་པའི། །དཔེ་མེད་བདེ་ཆེན་གང་བའི་ངག་གི་དབང་ཕྱུག་དཔལ་འགྱུར་ཤོག། །།དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་རྣམ་པར་བཤད་པ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྫོགས་སོ།། ཡུལ་རང་དོན་ཕུན་སུམ་ཚོཌ་པ།། ་གཤིན་རྗེ་གཤེད་ནག་པོའི་སྒྲུབས་ཐབས་བཞུགས་སོ། །*། །རྒྱ་གར་སྐད་དུ། ཀྲི་སྣ་ཛ་མཱ་རི་ས་དྷ་ན་མ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབས་ཐབས་ཞེས་བྱ་བ། དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །བླ་མ་ལ་གུས་དེ་རྗེས་གཤིན་རྗེ་གཤེད ་