CLOSE WINDOW

N3581: rnal 'byor yan lag drug pa zhes bya ba
Wyliee-texts based on the ACIP/ALL Input

རྫོགས་སོ།། །།བལ་པོ་དགེ་བསྙེན་སོ་སོ་དི་ཏ་དང། །དག་སློང་ལོ་ཙ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །།རྣལ་འབྱོར་ཡན་ལག་དྲུག་པ་ཀླུ་སྒྲུབ་ཀྱིས་མཛད་པ་གཞུགས?། །*། །རྒྱ་གར་སྐད་དུ། ཥཌངྒ་ཡོག་ནཱམ?། བོད་སྐད་དུ། རྣལ ་འབྱོར་ཡན་ལག་དྲུག་པ་ཞེས་བྱ་བ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སོར་བསྡུད་དེ་བཞིན་བསམ་གཏན་དང། །སྲོག་རྩོལ་དང་ནི་འཛིན་པ་དང། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་པ་མདོར་བསྟན་ཚིག་དང་ནི། །རྒྱས་པར ་བཤད་པའི་ཚིག་དཀའ་སྩལ། །དབང་པོ་བཅུ་ཡི་དོན་རྣམས་ནི། །རང་གིས་འཇུག་གནས་ཐམས་ཅད་ལས། །སོ་སོ་སོ་སོར་འདོད་པ་བསྡུས། །སོ་སོར་བསྡུད་ཅེས་སྨྲ་བའོ། །འདོད་པ་ལྔ་པོ་མདོར་བསྡུ་ན། །སངས་རྒྱས་ལྔ་ནི་རབ་སྦྱོར་ཕྱིར། །རྟོག་པ་བསམ་གཏན་བརྗོད་བྱ་སྟེ། །བསམ་གཏན་ད་ནི ་རྣམ་ལྔར་འགྱུར། །རྟོག་པ་དང་ནི་དཔྱོད་པ་དང། །དགའ་དང་བདེ་བདེ་བ?་དེ་བཞིན་དུ། །སེམས་ཀྱི་རྩེ་གཅིག་ཉིད་དང་ནི། །འདི་ལྔས་བསམ་གཏན་བསྡུས་པའོ། །གསང་བ་གསུམ་ལ་རྟོགས་པ་དང། །རྣམ་པར་དཔྱོད་པ་དེ་འདྲ་ཐོབ། །དགའ་བ་འདྲ་བ་གསུམ་པ་སྟེ། །བདེ་བས་བསྡུས་པ་བཞི ་པའོ། ཤེས་དང་ཤེས་བྱར་བྱུང་བ་སྤང། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཐམས་ཅད་འབྱུང་བཞི་པ། །ནམ་མཁའ་ཀུན་ལ་རབ་ཏུ་གནས། །ཡེ་ཤེས་ལྔ་ལས་བྱུང་བའི་དབུགས། །འབྱུང་བ་ལྔ་ཡི་རང་བཞིན་ཅན། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །པདྨ་སྣ་?་རྟོག ་པར་བྱ། །རིན་ཆེན་ཆེན་པོ་ཁ་དོག་ལྔ། །སྲོག་རྩོལ་ཞེས་ནི་བྱ་བར་དྲན། །རང་སྔགས་སྙིང་ཁར་བསམ་ནས་ནི། །སྲོག་ནི་ཐིག་ལེར་སོན་པར་བཞག་3?་།རང་ཉིད་དབང་པོ་རིན་ཆེན་ལ། །འགག་པ་བཟུང་བྱ་འཛིན་པར་དྲན། 4་།འགོག་པ་རྡོ་རྗེར་སོང་སེམས་ལ། །མཚན་མའི་སྣང་བསྐྱེ་བར ་འགྱུར། །མཚན་མ་རྣམ་པ་ལྔ་དེ་ནི། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །དང་པོ་མིག་རྒྱུའི་རྣམ་པ་སྟེ། །གཉིས་པ་དུ་བའི་རྣམ་པའོ། །གསུམ་པ་མཁའ་སྣང་རྣམ་པ་དང། །བཞི་པ་སྒྲོན་མ་ལྟར་འབར་བ། །ལྔ་པ་ནམ་མཁའ་སྤྲིན་མེད་པ། །ལྟ་བུར་སྣང་བ་དམ་པའོ། །བརྟན་གྱུར་རྡོ་རྗེའི་ལམ་ནས་ནི།། ་ནམ་མཁའ་ཨི་ཁམས་སུ་སྤྲོ་བར་བྱ། །གང་ཞིག་སྒོམ་པ་རྗེས་དྲན་པས། །དེ་ཡི་རྣམ་པ་སྤྲོ་བར་བྱ། །རྗེས་དྲན་ཞེས་བྱར་ཤེས་བྱའོ། །དེ་ལས་སོ་སོར་སྣང་བསྐྱེ། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པ། །གོང་བུའི་སྦྱོར་བས་བསྡུས་ནས་ནི། །དབུས་སུ་གཟུགས ་བརྙན་སྒོམ་པར་བྱ། །ཡུད་ཀྱི་ཡེ་ཤེས་རྫོགས་འགྱུར་བ། །ཏིང་འཛིན་ཞེས་བྱར་འདུ་ཤེས་སོ། །རྒྱས་པར་བཤད་པ་ལ་སོ་སོར་བསྟན་པར་བྱ་བའི་ཕྱིར་དུ། དབང་པོ་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་རྣམས་དང། དབང་པོའི་དོན་རྣམས་ལ། དབང་པོ་བཅུ་པོ་དེ་རྣམས ་ཀྱི་རང་གི་ཡུལ་དང་ཡུལ་ཅན་གྱི་འཇུག་པ་ཇི་ལྟར་བར་རང་ཉིད་ཀྱིས་བཟུང་བ་དང་འཛིན་པའི་རང་བཞིན་གྱིས་རབ་ཏུ་འཇུག་པའོ། །དེ་ལ་གནས་པ་ནི་རང་གི་འཇུག་པ་ལ་གནས་པའོ། །ཐམས་ཅད་ལ་དམན་པ་དང་འབྲིང་དང་མཆོག་གི་དབྱེ་བས་སོ་སོ ་སོ་སོར་འདོད་པ་བསྡུད་པ་ནི། འདོད་པར་བྱེད་པ་དང་མངོན་པར་ཆགས་པར་བྱེད་པ་ཞེས་པའོ། །འདོད་པ་ནི། གཟུགས་ལ་སོགས་པ་ལ་དེ་རྣམས་ཀྱི་དབང་པོ་རྣམས་ཀྱིས་སོ། གང་སོ་སོ་སོ་སོར་སླར་ནས་སླར་དུ་བསྡུད་པར་བྱེད་པ་དེ་ནི་སོ་སོར་བསྡུད་པ་ཞེས་བྱ་བའོ། །ཡན ་ལག་དང་པོའི་སོ་སོར་བསྟན་པའོ། །གང་སོ་སོར་བསྡུད་པ་རྣམ་པར་སྤྱད་པའི་ཆེད་དུ་ཡན་ལག་གཉིས་པ་གསུངས་ཏེ། འདོད་པ་ལྔ་ཞེས་བྱ་བ་ལ་སོགས་པའོ། །འདོད་པ་ལྔ་ནི་གཟུགས་ལ་སོགས་པ་རྣམས་དབང་པོ་རྣམས་ཀྱི་ཡུལ་དུ་གྱུར་པས་བསྡུས་པ་ལས་ཏེ། དབང་པོ་རྣམS ་དང་ངོ་བོ་གཅིག་པ་ཉིད་ལས་སོ། །སངས་རྒྱས་ལྔ་ནི་མིག་ལ་སོགས་པའོ། །དེ་རྣམས་ཀྱིས་ཡང་དག་པར་སྦྱོར་བ་ནི་བསྐུལ་བ་ལ་སྟེ། སངས་རྒྱས་ལྔར་རབ་ཏུ་སྦྱར་བ་ལས་སོ། །དེ་བས་ན་གཟུཌ་ལ་སོཌ་པ་རྣཾས་ཀྱང་སངས་རྒྱས་ལྔའོ། །ཞེས་པ་དེ་ལྟར་རྣམ་པ་གང་གིས་ཡོངས་སུ་དག ་པས་རྟོག་པ་དེ་ནི་བསམ་གཏན་ནོ། །དེ་ཡང་རྟོག་པ་ལ་སོགས་པའི་དབྱེ་བ་རྣམ་པ་ལྔར་འགྱུར་ཏེ། རྟོག་པ་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་དེའི་དབྱེ་བ་བརྗོད་པའོ། །གསང་བ་གསུམ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དབང་བོ་དང་ཡུལ་དང་རྣམ་པར་ཤེས་པ་རྣཾས ་ནི་གསང་བ་གསུམ་མོ། །དབང་པོ་ལྔ་དང། དབང་པོའི་ཤེས་པ་རྣམས་དང། དེའི་ཡུལ་པ་རྣམས་ནི། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཡིན་ནོ། །ཞེས་གང་ཡོངས་སུ་ཤེས་པ་དེ་ནི་རྟོག་པའོ། །དེ་ཉིད་ལ་གང་རྣམ་པར་སྤྱོད་པ་ནི་གནས་པ་ལ་རྣམ་པར་སྤྱོད་པའོ། །དེ་ལྟར ་རྣམ་པར་སྤྱད་ནས། དེ་ཁོ་ན་ཉིད་ལ་རབ་ཏུ་འཇུག་པ་ལ་མངོན་པར་ཕྱོགས་པས་ཡིད་བདེ་བ་ཉིད་ཀྱི་མཚན་ཉིད་ཅན་གང་ཡིན་པ་དེ་ནི་དགའ་བ་འདྲ་བའོ། །དེ་ཁོ་ན་ཉིད་ལ་མངོན་པར་ཞུགས་པས་ལུས་ཤིན་ཏུ་སྦྱངས་པ་ལ་སོགས་པའི་བདེ་བ་ཐོབ་པ་གང་ཡིན་པ་དེ་ནི་བདེ ་བ་བསྡུས་པའོ། །འདི་ལྟར་གོམས་བ་རབ་ཀྱི་མཐར་ཐུག་པར་སོན་པས་ཤེས་པ་སྟེ། མིག་ལ་སོགས་པ་དྲུག་གི་འཇུག་པའི་རྣམ་པར་ཤེས་པ་དང། ཤེས་བྱ་ནི་གཟུགས་ལ་སོགས་པ་ནས་ཆོས་ཀྱི་ཁམས་ཀྱི་མཐར་ཐུག་པར་རོ། །བྱུང་བ་ནི་ཤེས་དང་ཤེས་བྱར་རོ་བྱུང་བའོ། །དེ་སྤང་བ ་ནི་རང་གི་སེམས་སོ། །སེམས་ཀྱི་གཟུང་བ་དང་འཛིན་པའི་སྟོང་པ་ཉིད་ཡོངས་སུ་ཤེས་པའི་མཚན་ཉིད་ཅན་ནི། སེམས་རྩེ་གཅིག་པ་ན་རང་གི་སེམས་ཤེས་གསུངས་སོ། །དེ་ལྟ་བུའི་སེམས་ཀྱི་རྣམ་པ་ནི། སངས་རྒྱས་ཐམས་ཅད་འབྱུང་ཞི་བ་སྟེ། སྣང་བ་ཙམ་དང་ཐམས་ཅད་སྟོང་པ ་གཅིག་ཏུ་ངེས་པ་སྐྱེ་བར་འགྱུར་རོ་ཞེས་པ་ནི་དབྱེ་བ་ལྔ་སྟེ་ཡན་ལག་གཉིས་པའོ། །ཡེ་ཤེས་ལྔ་ལས་ཤེས་བྱ་བ་ལ་སོགས་པ་ལ། མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་གྱི་འོག་གི་དབུགས་ཏེ། དེ་ཉིད་འཇུག་པ་ལ་སོགས་པའི་བདག་ཉིད་ཅན། རང་གི་རྡོ་རྗེའི་བུ? ་ཁ་ནས་བྱུང་ནས་པདྨའི་སྣའི་རྩེ་མོར་གོང་བུའི་གཟུགས་ཀྱིས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་གྱིས་བསམ་པར་བྱའོ། །དེ་ཉིད་སྟེང་དུ་འཇུག་པའི་དབུགས་ཁ་དོག་ལྔ་པ་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ཏེ། དེ་ཉིད་ནི་རིན་ཆེན་ཆེན་པོའོ། །སྲོག་ནི ་འཚོ་བའོ། །རྩོལ་བར་བྱ་བ་ནི་རིང་དུ་སྤྲོ་བར་བྱ་བ་གང་ཡིན་པའོ། །དེ་ནི་སྲོག་རྩོལ་ཞེས་བྱ་བར་དྲན་པ་སྟེ་ཤེས་པར་བྱས་པ་ལས། དེ་ཉིད་འཇུག་པ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཐིག་ལེས་ཉིན་དང་མཚན་དུ་གོམས་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །རང་སྔགས་སྙིང་ཁར་ནི། ་རང་གི་སྙིང་གའི་པདྨ་དཀར་པོ་ལར?་བསམས་ནས། སྲོག་ནི་ཐི་ལེར་སོན་པར་བཞག་ཅེས་བྱ་བ་མི་ཤིགས་པ་གཏོགས་པར་དགོང་པར་བྱ་བ་སྟེ། ཡན་ལག་གསུམ་པའོ། །རང་ཉིད་དབང་པོ་ཞེས་བྱ་བ་ལ་སོགས་པ་ལ། རང་ཉིད་ནི་གཟུགས་ལ་སོགས་བྱ?་ལ། རང་ཉིད་ནི་གཟུགས་ལ ་སོགས་པའི་ཡུལ་རྣམས་སོ། །དབང་པོ་ནི་མིག་ལ་སོགས་པའོ། །དེ་ལ་རང་ཉིད་དབང་པོར་འགག་པ་སྟེ་ཐིམ་པའོ། །དེའི་རྗེས་སུ་ཡུལ་དང་དབང་པོའི་གཞིར་གྱུར་པའི་རིན་པོ་ཆེ་སྟེ། སེམས་ཀྱི་རིན་བོ་ཆེ་ལ་སྲོག་རྩོལ་དང་ལྷན་ཅིག་པས་འགག་པ་སྟེ་ནུབ་པར་གྱུར་བའི་གཟུང་བྱ ་གང་ཡིན་བ་དེ་ནི་འཛིན་པའོ། །དེ་གང་དུ?་ཞེ་ན། ཡང་དག་པའི་མཛའ་ཞེས་བྱ་བ་སྟེ། དེ་དག་ནི་འཛིན་པར་བཤད་པའོ་ཞེས་པ་ཡན་ལག་བཞི་པའོ། །འགོག་པ་རྡོ་རྗེར་སོན་སེམས་ལ། མཚན་མ་ཡོངས་འཛིན་སྐྱེ་བར་འགྱུར་ཞེས་བྱ་བ་ལ་འགོག་བའི་རྡོ་རྗེ་ནི་འོད? ་གསལ་བའོ། །དེ་ལས་སྐྱེ་བར་འགྱུར་ན་ནི་སེམས་མཚན་མ་ཡོངས་འཛིན་པའོ། །མཚན་མ་ཡོངས་སུ་འཛིན་པ་ནི། མཚན་མར་སྣང་བའོ། བསྐྱེ་བར་འགྱུར་བ་ནི། བསྐྱེད་པར་འགྱུར་ཞེས་པའོ། །མཚན་མ་རྣམ་པ་ལྔ་དེ་ནི། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །ཞེས་བྱ་བ་ནི། ས་ཆུ་ལ་ཐིམ ་པར་འགྱུར་བ་ལས་མཚན་མ་དང་བ་སྨིག་རྒྱུའི་རྣམ་པར་སྣང་བར་འགྱུར་བའོ། །དེ་བཞིན་དུ་ཆུ་མེ་འཐིམ་པར་འགྱུར་བ་ལས། གཉིས་པ་དུ་བའི་རྣམ་བལྟ?་བུའོ། །མེ་རླུང་ལ་ཐིམ་པར་འགྱུར་བ་ལས་གསུམ་པ་མཁའ་སྣང་གི་རྣམ་པ་སྣང་བའོ། །ཁམས་ཕྲ་མོ་ཀུན་དུ་སྣང་བ ་གསུམ་དུ་སོན་པ་ལས། བཞི་པ་སྒྲོན་མེ་ལྟ་བུར་སྣང་བའི་ཚོགས་ཀྱི་ངོ་བོ་ཉིད་དོ། །རང་བཞིན་ཀུན་ཏུ་སྣང་བ་ལ་ཐིམ་པར་གྱུར་པ་ལས་ནི། ལྔ་པ་ནམ་མཁའ་སྤྲིན་མེད་པ་ལྟ་བུའི་སྣང་བ་དཀར་པོ་ཉིད་ཀྱི་འོད་གསལ་བ་ཙམ་དུ་འགྱུར་རོ། །མཚན་མ་ལྔ་པོ་དེ་དག་གིས་ནི་མྱ་ངན་ལས ་འདས་པ་རབ་ཏུ་ཐོབ་པར་འགྱུར་རོ། །ཇི་སྐད་དུ་ལས་ཀྱི་མཛའ་རྣམ་པར་འབྱེད་པ་ལས་གསུངས་པ། དང་པོར་ས་ནི་ཚུལ་ཐིམ། །ཆུ་ཡང་མེ་ལ་ཐིམ་པར་འགྱུར། །མེ་ནི་རླུང་ལ་ཐིམ་འགྱུར་ཞིང། །རླུང་ཡང་རྣམ་པར་ཤེས་ལ་འཇུག་།རྣམ་ཤེས་བཟུང་བར་སོང་བ་ཉིད།། ་དེ་ནས་འོད་གསལ་འཇུག་པར་འགྱུར། །ཞེས་སོ། །བརྟན་གྱུར་ཞེས་བྱ་པ་ལ་སོགས་པ་ལ། བརྟན་གྱུར་ནི་རྣམ་པར་དག་པར་གྱུར་པའོ། །རྡོ་རྗེའི་ལམ་ནས་འདའ་བར་མི་བྱ་བའི་མཚན་མ་ལྔའི་རིམ་པས་འོད་གསལ་དུ་རབ་ཏུ་འཇུག་པས་སེམས་ནི་ནམ་མཁའ་ཨི་ཁམས ་སུ་སྤྲོ་བར་བྱ་ཞིང། ཆོས་ཀྱི་སྐུའི་རང་བཞིན་གྱིས་ཁྱབ་པར་བྱའོ། །འདི་ལྟར་བདག་ཉིད་འོད་གསལ་དུ་སོང་བར་བསྒོམ་པར་བྱ་བ་སྟེ་མངོན་སུམ་དུ་བྱས་ལ། གང་སྔོན་རྗེས་སུ་དྲན་པར་བྱས་ནས་སྨིག་རྒྱུ་ལ་སོགས་པའི་རྣམ་པས་ཡང་དག་པའི་མཛའ་ཐོབ་པ་དེའི་རྣམ་པ་ཡིས་སོ།། ་དེ་ཉིད་ཀྱི་རིམ་པས་སྤྲོ་བར་བྱ་སྟེ?་བསྐྱེད?་པར་བྱའོ?་?་ཆད་དུ་སྨྲས་བ་དེ་དག་ནི་ཡན་ལག་ལྔ་ལས་རྗེས་སུ་དྲན་བ་ཞེས་བྱ་བར་རྟོགས་ཤིང་ཤེས་པར་བྱའོ་ཞེས་ཡན་ལག་ལྔ་ངའོ། །དེ་ལས་སོ་སོར་སྣང་བ་སྐྱེ་ཞེས་ཏེ། འདིར་རྗེས་སུ་དྲན་པའི་ཡན་ལག་ལས་སོ་སོར་སྣང་བ་སྐྱེ་བར་འགྱུར་ཀྱི ་གཞན་དུ་ནི་མ་ཡིན་ནོ། །དངོས་པོ་ཐམས་ཅད་ནི་བརྟན་བ་དང་གཡོ་བའོ། །ཐབས་དང་ཤེས་རབ་སྙོམས་འཇུག་པ་ནི་ཀུན་རྫོབ་དང་དོན་དམ་པའི་སྦྱོར་བས་གནས་པའོ། །གོང་བུའི་སྦྱོར་བ་སྟེ། ཕྱག་རྒྱ་ཆེན་པོའི་རང་བཞིན་གྱིས་གཅིག་ཏུ་བྱས་ནས་བསྟན་པ་དང་གཡོ་བ་དེའི ་དབུས་སུ་ཟུང?་དུ་འཇུག་པའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོའི་གཟུགས་བརྙན་རྣམ་པར་བསྒོམ་པར་ཤེས་པར་བྱའོ། །རིམ་པ་འདིའི་ཡུང་ཀྱིས་ཏེ་སྐད་ཅིག་མས་ཡེ་ཤེས་རྫོགས?་པར་བྱེད་པ་ནི། ཡེ་ཤེས་ཀྱི་སྐུ་རྫོགས་པར་བྱེད་པའོ། །དེ་ནི་ཏིང་ངེ་འཛིན་ཞེས་བྱ་བ་ཡན ་ལག་དྲུག་པར་བརྗོད་པར་བྱའོ། །རྣལ་འབྱོར་ཡན་ལག་དྲུག?་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིS?་མཛད་པ་རྫོགས་ཤོ།། །།འདི་ནི་ཐམས་ཅད་མཁྱེན་པ་རོང?་སྟོན་ཆོས་རྗེའི་བཀས་བསྐུལ་བ་ལས། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་པ་ན་རཏནའི ་ཞབས་དང། སྟག་ཚང་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །།ཤུབྷ་མམསྟུ་སརྦ་ཛ་ག་ཏཾ། འདིའི་རྒྱུད་པ་ནི་སངས་རྒྱས་རྡོ་རྗེ་འཆང། འཕགས་པ་ཀླུ་སྒྲུག་ནཱ་ག་བོ་དྷི:། ཙནྡྲ་ཀིརྟྟི། ཨཱརྱ་དེ་བ། ཤཱཀྱ་རཀྵི་ཏ:། རཏན་མིཏྲ(རྒྱུད་འགྲེལ་བུ་ཏམ་ཏི:། མཉྫུ་ཤྲཱིཛྙཱན:། ཨ་མོ་གྷ་ཤྲཱི:། པཱི་ར་མ་ཏི:། བཛི་ཡ་ཀཱིརྟྟི:། བར་པྲཛྙཱ་དྷ་རྨབྷདྲ:། ཤྲཱི་བྷ་དྲཱ(རྒྱུད་འགྲེལ་དྷརྨ་བུདྡྷི་ལའོ།། །རྡོ་རྗེ་འཆང་དབང་སློབ་དཔོན་ཀླུ་སྒྲུབ་དང། །ཀླུ་ཡི་བྱང་ཆུབ་དང་ནི་འཕགས་པ་ལྷ། །ཟླ་བ་གྲགས་པ་ཧཤཱཀྱས་འོ་ཚ་བ་དང། རིན་ཆེན་བཤེས་གཉེན་ཆོས་ཀྱི་བཟང་པོ་དང། །ཡོན་ཏན་རྒྱ་མཚོ་འཇམ་དཔལ་ཡེ་ཤེས་ཞབས། །དོན་ཡོད་དཔལ་ ་དང་དཔའ་བོའི་བློ་གྲོས་ཅན། །རྣམ་རྒྱལ་གྲགས་པ་ཆོག་ཤེས་ཆོས་བཟང་དང། །དཔལ་བཟང་པོ་དང་ཆོས་ཀྱི་སྐྱོང་བའི་ཞབས། །ཤཱཀྱ་རྒྱལ་མཚན་ངག་གི་དབང་ཕྱུག་གྲགས། །རིན་ཆེན་གྲགས་དང་པཎ་ཆེན་རིན་པོ་ཆེ། །དཔལ་ལྡན་བླ་མ་ཆོས་ཀྱི་རྒྱལ་པོ་སྟེ།། ་གསང་འདུས་སྦྱོར་དྲུག་རྒྱུད་ལ་ཕྱག་འཚལ་ལོ།། །།དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་རྣམ་བཤད་བཞུགས་སོ། །*། །རྒྱ་གར་སྐད་དུ། ཏད་ཏྭ་དང་ན་ཨཱ་ལོ་ཀ་དྱ་ཁྱ་ན། བོད་སྐད་དུ། དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་རྣམ་པར་བཤད་པ། བཅོམ་ལྡན་འདས་གསུང་གི་དབང ་