CLOSE WINDOW

N3580: bsdus pa'i rim pa'i bka' 'grel
Wyliee-texts based on the ACIP/ALL Input

པཎྜི་ཏ་དེ་ཉིད་དང། །བོད་ཀྱི་ལོ་ཙ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིས་ཀྱང་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག། །བསྡུས་པའི་རིམ་པའི་དགའ་འགྲེལ་སློབ་དཔོན ་སྐེག?་པའི་རྡོ་རྗེས་མཛད་པ་བལ་པོ་དགེ་འདུན་སོ་སོ་ཏི་དང་ལོ་ཙ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར་བཞུགས།། *། །རྒྱ་གར་སྐད་དུ། པིཎྜི་ཀྲ་མ་ཏྲི་བ་དུ། བོད་སྐད་དུ། བསྡུས་པའི་རིམ་པའི་དཀའ་འགྲེལ། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མཛའ་གཉིས་སོ་ལྡན་འགྲོ་ལ་ཕན་པའི་ཕྱིར། །གང་གིས ་རྟོགས་ནས་དབུ་མའི་ལུགས་བསྟན་པ། །རྒྱལ་སྲས་ཀླུ་སྒྲུབ་དེ་ལ་ཕྱག་འཚལ་ནས། མདོར་བྱས་དང་པོའི་རིམ་པ་གསལ་བར་བྱ། འདི་ལ་འཕགས་པ་ཀླུ་སྒྲུབ་འདིས་རྡོ་རྗེ་ཕྲེང་བ་ལ་སོགས་པ། བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་པས་རང་ཉིད་ཀྱི་དཔལ་གསང་བ་འདུས་པའི་མཛའ་དྲུག་གི ་དོན་ཐུགས་སུ་ཆུང་ནས། ཐུགས་རྗེས་བསྡུས་པའི་རིམ་པ་མཛད་པར་བཞེད་པས། སྐུ་བཞིའི་རང་བཞིན་བཅོམ་ལྡན་འདས་ལ་ཕྱག་འཚལ་བ་གསུངས་པ་ནི། ཁམས་གསུམ་ཞེས་བྱ་བ་ལ་སོགས་ཡིན་ནོ། །བདེ་བ་ནི་བདེ་བ་ཆེན་པོ་སྟེ། རྒྱལ་བ་རྣཾས་ཀྱི་སྐུ་ཟུང་འཇུག་གི་སྒྲས་བརྗོད ་པར་བྱ་བའི་ཕྱག་བགྱིད་དོ། །ཞེས་འབྲེལ་ཏོ། །ཅི་ལྟ་བུར་གྱུར་པ་ལ་ཞེ་ན། མི་མཉམ་མཉམ་པ་ལ་སྟེ། ཤིན་ཏུ་ཐུན་མོང་མ་ཡིན་པ་ལའོ། །དེ་ཅིའི་ཕྱིར་ཞེ་ན། བརྗོད་པ་མི་རྟོགས་ལུས་གཅིག་ཅེས་བྱ་བ་སྟེ། རྣམ་པར་རྟོག་པའི་དྲ་བས་མགོས་པའི་ལུས། གཉིས་པ་མེད་པས་གཅིག་པུར ་གྱུར་པ། མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་བརྒྱན་པའི་སྐུ་གང་ལ་མངའ་བ་དེ་ལའོ། །རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པ་དེ་ཉིད་ཀྱི་ཕྱིར། །ཁམས་གསུམ་སྤྱོད་པ་ལས་སྒྲོལ་ཞེས་བྱ་བ་སྟེ། ཁམས་གསུམ་པ་ཉིད་ནི་ཁམས་གསུམ་པ་སྟེ་ལུས་དང་ངག་དང་ཡིད་ཅེས་བྱ་བའོ། །དེའི་སྤྱོད་པ ་ནི་ཀུན་ཏུ་སྤྱོད་པ་སྟེ། དེ་ལས་གྲོལ་བའོ། །དེ་ལྟ་མ་ཡིན་ན་ནི། རྣམ་པར་རྟོག་པ་ཉིད་ཉམས་པར་འགྱུར་རོ། །མཁའ་མཉམ་རྟོག་པ་ནི་ནམ་མཁའ་དང་འདྲ་བ་ཤེས་པའི་ཕྱིར་རོ། །དངོས་པོ་ཀུན་གྱི་ངོ་བོ་ཉིད་ནི་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །བརྗོད་མ་ཐག་པའི་ཁྱད་པར་གཉིས་པོས་ནི་འདི་གསལ་བའི་རང་བཞིན ་དུ་སྟོན་པར་བྱེད་དོ། །དག་པ་ནི་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར། །ཞི་བ་ནི་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །ཞེས་བྱ་བའི་སྒྲིབ་པ་མེད་པའི་ཕྱིར་ན་རྣམ་དབེན་ནོ། །མཆོག་ཞི་བའི་རང་བཞིན་བླ་ན་མེད་པའི་མྱ་ངན་ལས་འདས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྣལ ་འབྱོར་པ་རྣམས་ཁོ་ནས་རྟོགས་བྱ་བ་ནི་དེ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །རྟོགས་དཀའ་བ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་མངོན་སུམ་མ་ཡིན་པའི་ཕྱིར་རོ། །རྣམ་པར་སྤྱད་དཀའ་བ་ནི་དེ་དག་གི་རྗེས་སུ་དཔག་བྱ་བ་མ་ཡིན་པའི་ཕྱིར་རོ། །རང་དང་གཞན ་ལ་མཆོག་ཕན་ནི། །དེ་ལས་བྱུང་བ་ལོངས་སྤྱོད་རྫོགས་པའི་སྐུ་བདག་ཉིད་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར་དང། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་རྣམས་ཀྱིས་དོན་མཛད་པའི་ཕྱིར་རོ། །འདིས་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཉིད་བརྗོད་པ་ཡིན་ནོ། །ཁྱབ ་པ་ནི་རྫོགས་པར་ལོངས་སྤྱོད་པའི་སྐུར་བསྐྱོད་པའི་སྤྲུལ་པའི་སྐུ་མཛའ་ཡས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འདིས་ནི་སྤྲུལ་པའི་སྐུའི་རང་བཞིན་ཉིད་དུ་བརྗོད་པར་བྱེད་དོ། །མཚན་མ་མེད་པ་ནི་འོད་གསལ་བ་ལ་ཞུགས་པ་ལས། །བག་ཆགས་ཀྱི་མཚན་ཉིད་ཀྱི་མཚན་མ་ནུབ་པ་ན་སྔོན ་བྱས་པའི་སྨོན་ལམ་གྱིས་ལྡང་བའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། ད་ནི་སྒྲུབ་ཐབས་ཀྱི་སྐབས་དབྱེ་བར་གསུངས་པ་ནི་དཔལ་ལྡན་ཞེས་བྱ་བ་ལ་སོགས་པའོ། །དཔལ་ལྡན་འདུས་པའི་རྒྱུད་ཀྱི་སྒྲུབ་ཐབས་མདོར་བྱས་རིམ་པ་ཞེས་བྱ་བ་བདག་གིས་བརྗོད་ཅེས ་འབྲེལ་ཏོ། །སེམས་ཅན་ཐམས་ཅད་ཀྱི་ཕན་པ་འདིར་སྐྱེ་བ་ཞེས་བྱས་པས་སོ། །སྒྲུབ་ཐབས་དུ་མ་ཡོད་པ་ཉིད་ཡིན་པ་དེས་ན། འདིས་ཅི་བྱ་སྙམ་ན། མཛའ་དྲུག་དོན་ནི་རྟོགས་པ་སྟེ་ཞེས་གསུངས་པ་སྟེ། མཛའ་དྲུག་ནི་བཤད་པའི་ཁྱད་པར་སྟེ། ལྡམ?་པ་དགོངས་ཏེ་བཤད? ་པ་དང། ལྡེམ་པེར་དགོངས་པ་མ་ཡིན་པས་བཤད་པ་དང། །སྒྲ་ཇི་བཞིན་པ་དང། སྒྲ་ཅི་བཞིན་མ་ཡིན་པ་དང། ངེས་པ་དང་དྲང་བའི་དོན་གྱི་རང་བཞིན་དོན་གང་ལ་ཡོད་པ་དེ་ནི་དེ་སྐད་ཅེས་བྱ་སྟེ?། དེ་རྟོགས་པ་ལས་ཏེ་ཡོངས་སུ་ཤེས་པ་ལས་བདག་གིས་བརྗོད་དགོས་པ་ནི་ཁོ་བོ་ཅ་གིས་མཛའ་དྲུག? ་བཤད་པར་རྒྱུ་བཤད་པར་བྱ་བ་ཡིན་པ་དེས་ན་རྒྱུད་ལ་འཇུག་པའི་དོན་དུ་སྒྲུབ་ཐབས་བྱེད་པ་ཡིན་ནོ། །སྒྲུབ་ཐབས་གཞན་ནི་རྒྱུད་ལ་འཇུག་པའི་ཐབས་སུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །དགོང་བ་མེད་པ་རྟོགས་པ་དང་ལྡན་པ་འཇུག་པ་མེད་པ་མ་ཡིན་ནམ། །དེས་ན་མདོར་བྱས ་པའི་རིམ་པ་བསྒོམ་པ་ལས་དགོས་པ་ཅི་ཡོད་སྙམ་པ་དོགས་པ་གསུ་ནས། དགོས་པ་སྟོན་པའི་ལྷུར་ལེན་པའི་ཚིགས་སུ་བཅད་པ་གཉིས་གསུངས་པ་ནི་རྣམ་རྟོག་ཞེས་བྱ་བ་ལ་སོགས་པའོ། །མེད་པའི་དོན་དེ་རྣམ་པར་རྟོག་པར་བྱེད་ཅིང་རབ་ཏུ་འཇོག་པར་བྱེད་པས་རྣམ་པར་རྟོག་པ་སྟེ། མ་རིག་པའོ། །དེ ་ཉིད་ནི་བག་ཆགས་ཡིན་ཏེ་སྐྱེད་བྱེད་ཡིན་པས་སོ། །དེ་ལས་བྱུང་བའི་ཉེས་པ་ནི་རྣམ་རྟོག་བག་ཆགས་ཉེས་པ་སྟེ་ཆགས་པ་ལ་སོགས་པའོ། །དེ་ཡང་འགྲོ་གསུམ་རྣམ་པར་རྨོངས་བྱེད་ཡིན་པས། དེ་སྐྱེས་པར་འགྱུར་བ་ལ་བལྟས་ནས་སོ། །རྣལ་འབྱོར་རྒྱུད་ནི་བསྡུས་པ་ལ་སོགས་པའོ། །དེས་བརྗོད ་པའི་དོན་ཀྱི་ཁྱད་པར་སྒྲུབ་ཐབས་སྒོམ་པའི་མཚན་ཉིད་རྣལ་འབྱོར་རྒྱུད་ཀྱི་སྒྲས་བརྗོད་པར་བྱ་བ་ཡིན་པར་རྟོགས་པར་བྱ་སྟེ། ཐ་མི་དད་པས་ཉེ་བར་གནས་པས་སོ། །རྣལ་འབྱོར་གྱི་རྒྱུད་ངེས་སྦྱང་བར་བྱ་ཞེས་འབྲེལ་ཏོ། །འདོད་པ་ནི་གཟུགས་ལ་སོགས་པ་སྟེ། དེ་དག་ཡོངས་སུ་སྤངས་ནས་གོས་ལྷ་མ་གསུམ ་སྤོང་བ་ལ་སོགས་པ་དཀའ་ཐུབ་རྣམས་ཀྱིས་བདག་ཉིད་གདུངས། །མ་ཡིན་པར་བྱ་སྟེ། དེ་བྱས་ན་སྡུག་བསྔལ་བར་གྱུར་ན་བྱང་ཆུབ་ནི་དེ་བས་སྒྲུབ་པར་བྱ་བ་ཡིན་ནོ། །གང་གིས་ཞེ་ན་རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་པ་སྟེ། འདིར་ཡང་རྣལ་འབྱོར་རྒྱུད་ཀྱི་སྒྲའི་དོ་ནི་སྔ་མ་བཞིན་ཏེ་དེའི་རྗེས་འབྲངས་པ་སྟེ། རྗེས་སུ་སྒྲུབ་པས ་སོ། །འདི་སྐད་དུ་ལྷའི་རྣམ་པ་བསྒོམས་པས་འདི་ཐམས་ཅད་རྣམ་པར་སྦྱངས་ནས་སྤྱད་པར་བྱ་སྟེ། ཉེས་པ་ཡང་ལྷའི་རང་བཞིན་དེ་དང་དེར་རྟོག་པར་བྱ་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །མདོར་བྱས་ཀྱི་རིམ་པའི་དགོས་པ་འདི་ནི་རྒྱུ་གང་གིས་ཡིན་པའི་རྒྱུ་དེས་མ་འདིར་ནི་སྡོམ་གནས་པ་ཞེས་བྱ་བ། ལྟུང ་པ་སྦོམ་བེ་ལ་སོགས་པས་མ་གོས་པའོ། དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཀྱི་ཆེ་དམ་ཚིག་ཉམས་པའི་ཉེས་པས་མི་ཕྱེད་པ་ཡིན་ནོ། །བརྟུལ་ཞུགས་རྟག་ལྡན་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་བརྟུལ་ཞུཌ་དང་ལྡན་པའོ། །སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་ཡིས་ཏེ། རྡོ་རྗེ་སེམས་དཔའ་ཨི་སྒྲུབ་པའི་ཐབས་ནི་བསྒོམ་པ་ཞེས ་པ་སྟེ། འདིས་སྒྲུབ་པར་བྱེད་པས་སོ། ནིའི་སྒྲ་ནི་ངེས་པར་བཟུང་བ་དང་རིམ་པ་བཞིན་དུ་ཡིན་ཏེ། དགོས་པ་མཐོང་ནས་སྙམ་དུ་དགོངས་པའོ་།དེ་ལྟར་དགོས་པ་དང་ལྡན་པས་འཇུག་པའི་ཡན་ལག་བསྟན་ནས། །སྒྲུབ་པའི་གནས་གསུངས་པ་ནི། །དགོན་པ་ཆེན་པོ་ལ་སོགས་པའོ། །དགོན ་མཚེན?་པོའི་ཕྱོགས་ཆ་ནི་ཆུའི་གནས་ལ་སོགས་པ་རྣམས་ཀྱིས་ཡིད་འཕྲོག་པའི་ཕྱིར་མཆོག་ཏུ་གྱུར་པའོ་།མེ་ཏོག་དང་འབྲས་བུ་ལ་སོགས་པས་བརྒྱན་པའི་རི་དང། སྐྱེ་པོས་དབེན་པར་ཏེ། དབེན་པའི་གནས་གཞན་དག་ཏུ་ཡང་ངོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས ་སྒྲུབ་ཐམས་ཅད་གང་དུ་ཡང་དག་པར་འདུ་ཞིང་འཛིན་པར་འགྱུར་བ་དེ་ནི་དངོས་གྲུབ་ཐམས་ཅད་བསྡུས་ཏེ་སངས་རྒྱས་ཉིད་དོ། །སྒྲུབ་པ་ནི་བསྒྲུབ་པར་བྱ་བའོ། །ཅི་ལྟར་བསྒྲུབ་པར་བྱ་ཞེ་ན། བརྗོད་པ་ནི་འཇམ་པའི་བསྟན་ལ་ཞེས་བྱ་བ་ལ་སོགས་པའོ། །ཕྱེད་དང་པོ་འདི་ཡི་དོན་ནི་འདི་ཡིན ་ཏེ། བྱུང་འདིར་སྒོམ་པའི་དབང་དུ་བྱས་པའི་སྔགས་པ་ཐོ་རང་སྟན་ལས་ལངས་ནས་གདོད་བཀྲུབ་ལ་སོགས་པ་བྱས་ནས་དྲི་ཞིམ་པོ་ལ་སོགས་པས་ཉེ་བར་བྱུགས་པའི་སའི་ཆར་ཡིད་དང་རྗེས་སུ་མཐུན་པར་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་བཅས་ཏེ། མདུན་དུ་འདུག་པའི་སའི་ཆ་ལ་བ་གླང་གི་ལྕི ་པ་ལ་སོགས་པའི་དཀྱིལ་འཁོར་བྱས་པའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཆད་པར་འགྱུར་བའི་མདོག་དང་ཕྱག་དང་མཚན་མ་ཅན་འཁོར་དང་བཅས་པ་བཞུགས་པར་མོས་ལ་དམིགས་ཏེ། དེ་ལ་འབྱོར་པ་ཅི་ལྟ་པ་བཞིན་མཆོད་པ་བྱས་ནས། དེའི་སྤྱན་སྔར་སྡིག་པ་བཤགས ་པ་ལ་སོགས་པ་དང། སྙིང་རྗེ་ཆེན་པོ་བསྒོམ་པ་ཡང་བྱའོ། །དེའི་རྗེས་ལ་ཞེ་སྡང་རྡོ་རྗེའི་ཏིང་འཛིན་ལ་གནས་པས་གནས་བསྲུང་རྣམ་པར་བསམ། ཞེས་བྱ་བའོ། །འདི་ཡི་དོན་ནི་འདི་ཡིན་ཏེ། སྟོང་པ་ཉིད་དུ་ལྷག་པར་མོས་པས། ཐ་མལ་པའི་ང་རྒྱལ་བསལ་ཏེ། ཡུད་ཙམ་ལ་བདག་ཉིད ་ལ་འཆད་བར་འགྱུར་བའི་རིམ་པས། །མདོག་དཀར་པོ་ལ་སོགས་པའི་བདག་ཉིད་ཀྱི་རྡོ་རྗེ་སེམས་དཔའ་བསྲུང་པའི་འཁོར་ལོའི་དབུས་ན་རྣམ་པར་གནས་པ་ཤེས་རབ་དང་བཅས་པ་རྣམ་པར་བསྒོམ་ནས། བསྐྱོད་པ་ལ་སོགས་པའི་བྱ་བས་ཤེས་རབ་ཀྱི་པད་མའི་ནང་དུ་ལྷུང་བའི་བྱང་ཆུབ་ཀྱི་སེམས་དཀྱིལ ་འཁོར་ཀྱི་འཁོར་ལོའི་རང་བཞིན་དུ་བསྐྱེད་ལ། དེ་ལས་ནི་བཛྲ་དྷྲིཀྐ་ཅེས་པའི་སྔགས་བརྗོད་པས། མི་བསྐྱོད་པ་མདོག་ནག་པོ་ཞལ་གསུམ་པ་ཕྱག་དྲུག་པ་འཆད་པར་འགྱུར་བའི་མཚན་མ་ཅན་རང་གི་མདུན་ན་བཞུགས་པར་བལྟས་ཏེ་དེ་འོ་མ་ལ་ཆུའི་ཚུལ་དུ་རྗེས་སུ་ཞུགས་པར་བདག ་ཉིད་ཨིནྡྲ་ནི་ལའི་མདོག་ཅན་གྱི་ཞེ་སྡང་རྡོ་རྗེའི་རང་བཞིན་དུ་བསྒོམ་པར་བྱ། །དེ་ནས་བྱང་ཆུབ་ཀྱི་སེམས་དེ་ལས་ཧཱུཾ་གི་ཡི་གེ་རིང་པོ་བཅུ་བརྗོད་དེ་ཕྱོགས་བཅུར་ཁྲོ་བོ་རྣམ་པར་སྤྲོ་བར་བྱའོ། །ཞེས་སྟོན་པས་བརྗོད་པ་ནི། འབར་བའི་འོད་ལྡན་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ཧཱུཾ་གི་ཡི་གེ་ལས ་བྱུང་བ་ཡང་ཡིན་ལ། ཉི་མ་ལ་གནས་པ་ཡང་ཡིན་པས་ཞེས་ཁྱད་པར་གྱི་བསྡུ་པའོ། །ཕྱོགས་བཅུ་པོ་རྣམས་ནི་དཀྱིལ་འཁོར་གྱི་མདུན་ནི་ཤར་ལ་སོགས་པའོ་སྒོ་སྟེ། དེར་རིམ་བཞིན་ཏེ་གང་གི་སྒོ་གང་ཡིན་པ་དེ་ལས་མ་འདས་པར་རོ་།དེ་ལྟར་ཞེས་བྱ་བ་ནི་སྔར་བརྗོད་པའི ་རིམ་པས་སོ། །བསམ་པར་བྱ་བ་ནི་བསྒོམ་པར་བྱ་བའོ། །འབར་བའི་འོད་ལྡན་འཇིགས་སུ་རུང་ཞེས་བྱ་བ་ལ་སོགས་པས་བགེགས་ཐམས་ཅད་གསལ་བར་བྱའོ། །ཞེས་ཁོད་ནས་འབྱུང་ངོ། །ད་ནི་ཕུར་བུས་གདབ་པ་གསུངས་པ་ནི་བགེགས་ཀུན་ཞེས་བྱ་བ་ལ་སོགས་པའོ། །དབང་པོ ་ལ་སོགས་པའི་བགེགས་རྣམས་གཞིག་པའི་དོན་ནི་མཐུ་མཉམས་པར་བྱ་པའི་ཕྱིར་རོ། །འོག་ཕྱོགས་ན་གནས་པའི་ཁྲོ་བོའི་རྒྱལ་པོ་གནོད་མཛེས་ཀྱིས་རང་གི་གནས་སུ་སྤྲུལ་པའི་གནོད་མཛེས་ཀྱི་རྒྱལ་པོ་གཉིས་པ་གཞག་གནས་རང་གི་མདུན་དུ་འོངས་ཏེ། མདག ་གཞུག་གི་ཚུལ་དུ་བཀའ་ལུང་གནོད་པར་བྱེད་པར་བསམས་ནས། ཨོཾ་སུཾ་བྷ་ཞེས་བྱ་པའི་སྔགས་ཀྱིས་ཕུར་བུས་གདབ་པའི་དོན་དུ་བཀའ་ལུང་བསྒོ་བར་བྱའོ། །དེ་ནS?་གནོད་མཛེས་ཀྱི་རྒྱལ་པོ་བཀའ་ལུང་ཐོབ་ནས་ཕྱོགས་བཅུ་པོ་རྣམས་སུ་སོང་ནས་བགེགས་ཀྱི་བདག་པོ་རྣམས་ཀྱི་སྙིང་ག་ནས་ལྕགས ་གྱུས?་ཕུག་ཅིང་མགྲིན་པ་ནས་ཞགས་པས་བཅིངས་ནས་ཁྲིད་དེ་འོངས་ཏེ་ཁྲོ་བོ་བཅུ་པོ་རྣམས་ལ་གཏོང་པར་བསམ་མོ། །དོན་འདི་ཉིད་བསྟན་པའི་ཕྱིར་གསུངས་པ་ནི། ཁྲོ་བོ་གཟུགས་ཅན་འདི་ཡིས་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཞེས་བྱ་བ་ནི་བརྗོད་མ་ཐག་པའི་ཚུལ་གྱི་སོ། །སྦྱོར ་བ་ཡིས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་སྔགས་བརྗོད་པས་སོ། །ཆོ་ག་བཞིན་ཞེས་བྱ་བ་ནི་འཆད་པར་འགྱུར་བ་ཕུར་བུ་འདེངས་པའི་ཆོ་གས་སོ། །དེ་ཉིད་སྟོན་པ་ནི་རྡོ་རྗེ་བདུད་རྩི་ཞེས་བྱ་བ་ལ་སོགས་པ་སྟེ། བདུད་རྩི་འཁྱིལ་པས་བྱང་གི་སྒོར་སྤྲུལ་པ་གཉིས་པ་གཞག་ནས་བདག་ཉིད ་ཕུར་བུ་བཅུའི་རྣམ་པར་འཕྲུལ་བར་བསམ་མོ། །ཞེས་བྱ་བའི་དོན་ཏོ། །ཕུར་བུའི་རྣམ་པ་གསུངས་པའི་ལྟེ་བའི་ཕ་ཡིགས་ནས་ཞེས་བྱ་བ་ལ་སོགས་པའོ། །ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། །གཙོ་བོའི་ཞལ་ནི་མདོག་སྔོན་པོ། །གཡས་དཀར་གཡོན་དམར་བ་སོ་སར་སྤྱན་གསུམ ་པའོ། །ཕྱག་དྲུག་ནི་ཕྱག་གཡས་ན་སྣ་ཚོགས་རྡོ་རྗེ་དང་འཁོར་ལོ་དང་ཨུད་པ་ལ་བསྣམས་པའོ། །གཡོན་རྣམས་ན་ནི་སྙིང་གའི་སྡིགས་མཛུབ་ཞགས་པ་དང་བཅས་པ་དང། དྲིལ་བུ་དང་དགྲ་སྟ་ཡིན་པར་རིག་པར་བྱའོ། །ད་ནི་གང་གིས་ཇི་ལྟར་ཕུར་བུས་གདབ་པར་བྱ་བ་དེ་དེ་བཞིན་དུ་སྟོན ་པས་གསུངས་པ་ནི་འོག་ཏུ་ཞེས་བྱ་བ་ལ་སོགས་པའོ། །གནོད་མཛེས་རྒྱལ་པོ་ནི་ནག་པ་དང་དཀར་བ་དང་དམར་བ། ཞལ་སྤྱན་གསུས་པོ་ཆེ་འཇིགས་པར་བྱེད་པ་མི་བསྐྱོད་པའི་དབུ་བརྒྱན་ཅན་ཞལ་སོ་སོ་ལ་སྤྱན་གསུམ་ཡོད་པ། ཕྱག་གཡས་རྣམས་ན་རྡོ་རྗེ་ཏོ་བ་དང་འཁོར ་ལོ་དང་རིན་པོ་ཆེ། གཡོན་རྣམས་ནི་སྙིང་གར་སྡིགས་མཛུབ་ཞགས་པ་དང། བཅས་པ་དང་པདྨ་དང་ཁ་ཊཝཱཾ་ག་འཛིན་པ་སྟེ། བགེགས་ཀྱི་ཚོགས་ཕྱོགས་བཅུ་ན་གནས་པ་རྣམས་ཀྱི་སྤྱི་བོར་རྡོ་རྗེ་ཕུར་བས་བཏབ་ནས། ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་པའི་སྔགས་ཟློ་ཞིང་རྡོ་རྗེ་ཐོ་བས་བརྡུངས་ ་ཏེ། རྐད་ཐིལ་གྱི་བདུ་ཕུར་བུས་གཟེར་བར་བྱའོ། །ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་ཏོ། །སྔགས་དེ་ཉིད་སྟོན་པར་བྱེད་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པས་སོ། །བརྗོད་ཟིན་པའི་གོན་?་རྒྱལ་པོའི་རང་བཞིན་གསུངས་པ་ནི་གནོད་མཛེས་རྒྱལ་པོའི་དེས་བྱ་བས་སོགས ་བས་སོ?། །དམི?་ཁྲོ་བོ་རྣམས་ཀྱིས་བྱས་ཟིན་པའི་བྱ་བ་སྟོན་པས་བྱ་བ་གཞན་གསུངས་པ་ནི། །རྡོ་རྗེ་མེ་ཡང་རྣམ་བསམ་སྟེ་ཞེས་བྱ་བ་ལ་སོགས་པའོ། །སྤྲོས་ཟིན་པའི་ཁྲོ་བོ་བཅུ་པོས་བགེགས་རྣམས་ཕྱོགས་བཅུ་རྣམས་སུ་སྤོས་པ། ཁྲོ་བོ་དག་ཉིད་ཀྱི་ལུས་ལ་འཕྲོས་པའི་མེ་ལྕེ་འབར་བ་རྣམས ་ཀྱི་ཚིག་པར་ཡང་བལྟའོ། །དེའི་རྗེས་ཐོགས་སུ་སྔར་བརྗོད་པའི་གནོད་མཛེས་ཀྱིས་ཕྱོགས་བཅུར་ཕུར་བུས་གདབ་པར་བྱའོ། །ཕུར་བུས་བཏབ་ནས་ཀྱང། སྟེང་འོག་དག་ཀྱང་བྱིན་གྱིས་བརླབས། དེ་ལ་རིམ་ལཾ་ནི་འདི་ཡིན་སྟེ། གནག་པ་དང་དཀར་བ་དང་དམར་བ་དང་སྔོ་བ་ཡི་ཊཱཀྐི?་ཧཱུཾ་ཛ་ཞེས་བྱ ་བ་རྣམས་ཀྱིས་རིམ་པ་ཇི་ལྟ་བ་བཞིན། གནག་པ་དང་དཀར་བ་དང་དམར་བ་དང་སྡོག་ལྕགས་དང་ཆུ་དང་མེ་དང་རླུང་གི་རང་བཞིན་གྱི་རབ་བཞི་ཕྱི་རོལ་དུ་རྣམ་པར་བསམས་ནས། བྲུཾ་དཀར་པོའི་སྟེང་དུ་རྡོ་རྗེའི་དྲ་བ་མཆོད་རྟེན་ལྟ་བུ་ལྕགས་ཀྱི་ར་བའི་སྟེང་ན་རྣམ་པར་གནས་པ་ཡི་གེ ་གསུམ་པོར་མཧཱ?་དྲུག་པའི་ཁ་དོག་ཅན་གྱི་གོ་ཆ་བྱས་པ་དང། ཧཱུཾ་ནག་པོ་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་སའི་ཆ་རྣམ་པར་བསམ་པར་བྱའོ། །དེ་ལྟར་བྱིན་གྱིས་བརླབས་ནས། འོད་གསལ་པར་འཇུག་པར་བྱའོ། །ཞེས་སྟོན་པ་ནི་སྲིད་པ་གསུམ་པོ་ཞེས་བྱ་བ་ལ་སོགས་པའོ།། ་སྲིད་པ་གསུམ་པོ་ནི་ཁམས་གསུམ་པོ། །དོན་དམ་དུ་སྟེ་འོད་གསལ་པའི་རང་བཞིན་གྱིས་སོ། །འདི་ནི་ཉེ་བར་མཚོན་པ་སྟེ། བསྲུང་པའི་འཁོར་ལོ་ཡང་ངོ་བོ་ཉིད་མེད་པར་བལྟ་བ་སྟེ། ཐམས་ཅད་འོད་གསལ་བའི་རང་བཞིན་དུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི ་ཡང་བསྲུང་བའི་འཁོར་ལོ་ཡིན་ནོ། །ད་ནི་དོན་གང་སེམས་ལ་གཞག་ནས་འོད་གསལ་བསྒོམ་པའི་དོན་ཏེ་བསྟན་པའི་དོན་གསུངས་པ་ནི། མེད་ལ་ཞེས་བྱ་བ་ལ་སོགས་པའོ། །བསྟན་པ་དང་གཡོ་བའི་དོན་ཐམས་ཅད་མེད་པར་འགྱུར་པ་ལ་ནི་སྒོམ་པ་ཡོད་པ་མ་ཡིན་ཏེ། བསྒོམ ་པར་བྱ་བ་མེད་པའི་ཕྱིར་རོ། །ཡོད་པ་བསྒོམ་པ་གང་ཡིན་པ་དེ་ཡང་བསྒོམ་པ་མེད་པ་ཉིད་ཡིན་ཏེ། སྒོམ་པ་མེད་ཀྱང་བསྒོམ་བྱ་ཡོད་པའི་ཕྱིར་རོ། །དེ་ལྟར་དེ་ཚུལ་ལུགས་དེ་ལྟར་ན་ཡོད་པ་དང་མེད་པ་དང་ལྡན་པའི་དངོས་པོ་གང་ཡིན་པ་དེ་ནི་ངོ་བོ་མེད་པར་འགྱུར་རོ། །དེའི་ཕྱིར་སྒོམ་པ་དམིགས ་སོ། །འདི་ནི་ཉེ་བར་མཚོན་པ་སྟེ། སྒོམ་པ་པོ་དང་བསྒོམ་པར་བྱ་བ་ཡང་མི་དམིགས་པར་རིག་པར་བྱའོ། །དོན་འདི་ཉིད་ཚིགས་སུ་བཅད་པས་བསྟན་པའི་དོན་གསུངས་པ་ནི་བརྟན་གཡོའི་བདག་ཉིད་ཅེས་བྱ་བ་ལ་སོགས་པའོ། །བརྟན་པ་དང་གཡོ་བ་ནི་བདག་ཉིད་སྣོད་དང་སེམས ་ཅན་གྱི་རང་བཞིན་རྣམས་མེད་པ་ལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འདིས་དངོས་པོ་སྟོང་པ་ཉིད་དུ་བསྒོམ་མོ། །དེ་བསྒོམས་ནས་རྡོ་རྗེའི་རང་བཞིན་གྱིས་གཞི་བསྒོམ་པར་བྱའོ། ཞེས་བསྟན་པ་དོན་དུ་གསུངས་པ་ནི། སྒྲུབ་པའི་རྣལ་འབྱོར་འདི་ཡིས་སུ། །ཞེས་བྱ ་བ་ལ་སོགས་པ་སྟེ། དེ་མ་ཐག་ཏུ་འཆད་པར་འགྱུར་བའི་སྒྲུབ་པའི་རྣལ་འབྱོར་འདིས་སོ། །བསྒྲུབ་པ་བྱ་བས་ན་སྒྲུབ་པ་སྟེ། རླུང་ལ་སོགས་པའི་དཀྱིལ་འཁོར་རོ། །དེ་དག་གི་རྣལ་འབྱོར་ནི་ཏིང་ངེ་འཛིན་བསྒོམ་པ་སྟེ། དེས་སོ་ཡེ་ཤེས་ས་གཞི་ཞེས་བྱ་བ་ལ་དཀྱིལ་འཁོར་བཞི་འདུས་བས ་སྤྱད་པའི་རྡོ་རྗེའི་རང་བཞིན་གྱིས་བཞི་ནི་ཡེ་ཤེས་ས་གཞི་ཡིན་ཏེ། སྒོམ་པའི་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བྱིན་གྱིས་བརླབ་པ་ནི་སྐྱེད་པའོ། །འདི་ཉིད་སྟོན་པར་བྱེད་པ་ནི་ཧཱུཾ་གཉིས་ཞེས་བྱ་བ་ནས་བཟུང་སྟེ། རྡོ་རྗེ་ས་གཞི་དཀྱིལ་འཁོར་འཆར། དཀྱིལ་འཁོར་བཞི་པོ་བསུས་ནས ་སུ?་ཞེས་བྱ་བའི་མཐར་ཐུག་པས་སོ། །རླུང་གི་དཀྱིལ་འཁོར་གཞུའི་རྣམ་པ་ཅན་མདོག་སྔོན་པོ། །ནམ་མཁའ་ཁམས་ཀྱི་དབུས་གནས་པ་ཞེས་བྱ་བ་མཁའ་ཨི་དབུས་སུ་བསྒོམ་པར་བྱའོ། །དེ་ཡང་ཧཱུཾ་གཉིས་ཡི་གི་ས་བོན་ལས་སྐྱེས་པ་ཡིན་ཏེ། ངོས་གཉིས་ཧཱུཾ་ནག་པོ་གཉིས་ཀྱི་དབུས་ན་གནས་པའི ་ཡི་ཡིག་སྔོན་པོ་ཡོངས་སུ་གྱུར་པ་ཡིན་ནོ། །རྡོ་རྗེ་གཉིས་ལྡན་པ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་གཉིས་པོ་ཉིད་ཀྱི་ངོས་གན་ཨིས་སུ་བསྐྱེད་པའི་རྡོ་རྗེ་རྩེ་ལྔ་པ་ནག་པོ་གཉིས་ཀྱིས་མཚན་པའོ། །དེའི་སྟེང་དུ་ནི་མེའི་དཀྱིལ་འཁོར་གྲུ་གསུམ་ཁ་དོག་དམར་པོ་བསྒོམ་པར་བྱའོ། །ཧཱུཾ་གཉིས་ངལ་གྲི ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན?་ནོ། །ས་བོན་གྱི་ཡི་གེ་དམར་པོ་ཡིན་ནོ། །ཞེས་བྱ་བའི་ཁྱད་པར་ཡིན་ནོ། །མེའི་དཀྱིལ་འཁོར་དེའི་སྟེང་དུ་ནི་ཆུའི་དཀྱིལ་འཁོར་ཟླུམ་པོ་མདོག་དཀར་པོ་བསྒོམ་མོ། །དེ་ལ་ཡང་ཧཱུཾ་གཉིས་མཾ་གྱི་ས་བོན་ལS་ཞེས་བྱ་བ་ལ ་སོགས་པ་ནི་སྔ་མ་བཞིན་ཡིན་ལ། ས་བོན་གྱི་ཡི་གེ་ཁ་དོག་དཀར་པོ་ཡིན་ནོ། །ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །ཆུའི་དཀྱིལ་འཁོར་དེའི་སྟེང་དུ་ནི་སའི་དཀྱིལ་འཁོར་གྲུ?་བཞི་པ་མདོག་སེར་པོ་བསྒོམ་པར་བྱའོ། །ཧཱུཾ་གཉིས་ལཾ་གྱི་ས་བོན་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ ་བཤད་པར་བྱའོ། །ས་བོན་གྱི་ཡི་གེ་མདོག་སེར་པོ་ཡིན་པར་ཤེས་པར་བྱའོ། །འདི་ཐམས་ཅད་རྣམ་པར་བསམས་ནས་དཀྱིལ་འཁོར་བཞི་བོ་བསྡུས་པས་རྡོ་རྗེའི་རང་བཞིན་གྱི་སའི་དཀྱིལ་འཁོར་ཙམ་བསྒོམ་པར་བྱའོ། །སྒོམ་པ་དེ་ལ་ཁང་པ་བཙེགས་མ་བསྒོམ་པར་བྱའོ་ཞེས ་སྟོན་པ་ནི། དེར་ནི་ཞེས་བྱ་བ་ནས་བཟུང་སྟེ་རྔ་ཡབ་སོགས་ཀྱིས་རྣམ་བརྒྱན་པོའི་ཤེས་བྱ་བའི་མཐར་ཐུགས་པས་སོ། །རྡོ་རྗེའི་རང་བཞིན་གྱི་སའི་ཆ་དེར་ནི་ཡི་གེ་ཨ་ཡོངས་སུ་གྱུར་པའི་ཆས་འབྱུང་དཀར་པོ་གྲུ་གསུམ་པ་རྣམ་པར་བསམས་ནས་རེའུ་བུ་གའི་དབུས་སུ་ཁ་དོག་སྣ་ཚོགས ་པའི་བཾ་ག་ཡི་ས་བོན་ལས་སྐྱེས་པའི་སྣ་ཚོགས་པདྨའི་ལྟེ་བར་ཡི་གེ་ཧཱུཾ་མདོག་སྣ་ཚོགས་པ་ཡ་ཨོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་ལ་བྲུཾ་ཡིག་དཀར་པོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་རྣམ་པར་བསམས་ནས་དེ་ཡོངས་སུ་གྱུར་པ་ལས་ཁང་པ་རྩེགས་མ་བསྒོམ་པར ་བྱའོ། །ཞེས་བྱ་བར་དགོངས་བའོ། །དེ་ལྟ་བུའི་ཁྱད་པར་ཅན་ལྷ་དང་མི་རྣམས་ལས་འདས་པའི་ཁང་བཟངས་མཆོག་སའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་བསམས་ཏེ། གནས་ཅི་ལྟ་བ་བཞིན་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་དང་ཉི་མ་ལ་སོགས་པའི་གདན་ཡང་རྣམ ་པར་བཞག་ནས་གཞི་ཡོངས་སུ་རྫོགས་པར་སྔོན་དུ་འགྲོ་བ་ཅན་གྱི་རྡོ་རྗེ་གསུམ་བསྐྱེད་པ་བསྒོམ་པར་བྱའོ། །ཞེས་གསུངས་པས་ན་རང་ཉིད་ཐ་མལ་པའི་ང་རྒྱལ་སྤངས་ནས་ཡུད་ཙམ་ལ་བདག་ཉིད་དཀྱིལ་འཁོར་བའི་ལྟས་བསྐོར་བའི་རྡོ་རྗེ་འཆང་གི་རང་བཞིན་དུ་བསྒོམ་པར་བྱའོ། ་ཞེས་སྟོན་པ་ནི་བདག་ཉིད་ཕྱག་རྒྱ་དང་ལྡན་ཞིང་ཞེས་བྱ་བ་བཟུང་སྟེ། སྟེང་དུ་དེ་བཞིན་བསམ་པར་བྱ། ཞེས་བྱ་བའི་མཐར་ཐུག་པས་སོ། །འདི་ཐམས་ཅད་ནི་གོ་བར་སླ་བས་མ་བཤད་དོ། །འདི་དག་ནི་ཕྱག་དང་མདོག་དང་མཚན་མ་དང་གདན་བཞི་ནི་དཀྱིལ་འཁོར་སྤྲོ་བའི་བསྡུས?་སུ་བརྗོད་པར་བྱ་བ ་ཡིན་པས་འདིར་མ་བསྟན་ཏོ། །དེའི་རྗེས་ཐོགས་སུ་ཕུང་པོ་ལྔ་ནི་མདོར་བསྡུ་ན། སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་བདག་ཉིད་ནི། །བྱང་ཆུབ་སེམས་དཔའ་ཨི་དཀྱིལ་འཁོར་མཆོག། ས་ནི་སྤྱན་མ་ཡིན་པར་བརྗོད། །ཆུ་ཁམས་མཱ་མ་ཀཱིར་བརྗོད་དེ། །མེ་ནི་གོས་དཀར་ཞེས་བྱ ་ཡིན། །རླུང་ནི་སྒྲོལ་མར་རབ་གྲགས་ཏེ། །སྔགས་པས་གཟུགས་དང་སྒྲ་སོགས་ཀྱིས། །ལྷ་ནི་རབ་ཏུ་བསྒོམ་པར་བྱ། །ཞེས་བྱ་བ་རྒྱུད་ཀྱི་དོན་མངོན་དུ་བྱས་ནས་མོས་པས་ཡོངས་སུ་བསྒོམས་པས་ཐམས་ཅད་ལུས་ཀྱི་དཀྱིལ་འཁོར་ལ་གཞུག་པར་བྱའོ། །ཞེས་སྟོན་པས་གསུངས་པ་ནི ་ཡོད?་ཅི་བཞིན་ཞེས་བྱ་བ་ལ་སོགས་པའོ། ཆོ་ག་ཇི་ལྟ་བ་བཞིན་པ་ནི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གོམས་རིམས་ལས་མ་འདས་པར་དགོས་པའོ། །དེ་དག་ཁ་སྦྱོར་རྣལ་འབྱོར་གྱིས་ཞེས་བྱ་བ་ནི། དེ་དག་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་སུ་བསྡུས་པ་ཉིད་ཁ་སྦྱོར ་ཡིན་ལ། དེ་ནི་རྣལ་འབྱོར་གྱི་ཏིང་ངེ་འཛིན་བསྒོམ་པ་སྟེ། དེས་དཀྱིལ་འཁོར་གྱི་བདག་པོའི་རང་བཞིན་དུ་གྱུར་པའི་རང་གིས་ལུས་གཞུག་པར་བྱའོ། །དེའི་འོག་ཏུ་ཇི་ཞིག་བྱ་ཞེ་ན་བརྗོད་པ། ལུས་འཁོར་ལ་བརྟེན་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟ་ཇི་ལྟ་བ་བཞིན་དུ་ལུས་ཀྱི་འཁོར ་ལོ་ལ་བསྟེན་པའི་སངས་རྒྱས་དེ་རྣམས་དེ་ལྟར་འཆད་པར་འགྱུར་བའི་ཚུལ་དུ་ཇི་ལྟ་ཇི་ལྟ་བ་བཞིན་དུ་བསམས་ནས་ཏེ་བཀོད་ནས་ཕྱི་རོལ་ཀྱི་དཀྱིལ་འཁོར་ལུས་ཀྱི་དཀྱིལ་འཁོར་དུ་ཞུགས་པར་གྱུར་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་རྡུལ་ཕྲ་རབ་གྱི་ཡོངས་སུ་བསྒྲུབས་པའི ་རང་བཞིན་དོན་དམ་པའི་འཁོར་ལོ་དེ་བྱེད་པར་གྱུར་པས་དེ་བཞིན་ཉིད་དུ་སྟེ། འོད་གསལ་བར་བཞུག་པར་བྱ་སྟེ་ཞུགས་པར་བསྒོམས་པར་བྱའོ། །འདི་ཉིད་སྟོན་པ་ནི་དེ་བཞིན་གཤེགས་པའི་ཚོགས་པས་བསད་ན་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་ཚོགས་ནི་དེ་བཞིན་གཤེགས་པ་ལ་སོགS ་པའི་འཁོར་ལོ་སྟེ། གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་དོ། །བསང་ན་ཞེས་བྱ་བ་དེ་བཞིན་ཉིད་དུ་བཞུག་ནའོ། །དེ་ལྟར་ཡིན་ན་དངོས་གྲུབ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྟེ་ལྡང་བ་ཞེས་བྱ་བའི་དོན་ཏོ། །དེ་འཐོབ་ཅི་རྙེད་པར་འགྱུར་རོ། འདི་ནི་རྩ་བའི་རྒྱུ་ཡིན་ལ ་འདི་ཡི་དོན་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་གཞུག་པ་སྔོན་དུ་འགྲོ་བ་ཅན་གྱི་འོད་གསལ་བར་གཞུག་པའི་མཚན་ཉིད་ནི་བཤད་པའི་རྒྱུད་རྡོ་རྗེ་ཕྲེང་བ་ཞེས་བྱ་བར་ཇི་ལྟར་གསལ་བར་འགྱུར་བཱི?་དེ་ལྟར་བཅོམ་ལྡན་འདས་ཞེས་བྱ་བ་ཁོ་ནས་ཕྱུང་སྟ་རྣམ་པར་ཕྱེ་བ ་ཡིན་ནོ། །ཇི་ལྟར་ཕྱེ་བ་ཡིན་ཞེ་ན། ཇི་བཞིན་ཞེས་བྱ་བའོ། །གཟུགས་ཕུང་ཞེས་བྱ་བ་ནི། གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་རྣམ་པར་སྣང་མཛད་དེ། །འདི་ནི་གཟུགས་ཀྱི་ཕུང་པོའི་ནང་དུ་འདུ་བ་ཡིན་ནོ། །མེ་ལོང་རྟོགས་པ་ནི་གཤིན་རྗེ་མཐར་བྱེད་དེ། ལག་པ་གཡོན་པར་འདུ་བའོ། །སའི་ཁམས་ནི་སྤྱད ་མ་སྟེ་སར་འདུ་བ་ཡིན་ནོ། །མིག་གི་དབང་པོ་ནི་སའི་སྙིང་པོ་སྟེ་མིག་དག་ཧུའོ། །གཟུགས་ནི་གཟུགས་རྡོ་རྗེ་མ་སྟེ་གཟུགས་ཐམས་ཅད་ལའོ། །ཁྲོ་བོ་དང་ནི་བྱམས་པར་ལྡན་ཞེས་བྱ་བ་ལ། ཁྲོ་བོ་ནི་མི་གཡོ་བ་སྟེ། རྩིབ་ལོགས་གཡས་པར་རོ། །བྱམས་པ་ནི་མགོ་བོར་རོ། །འདིས་ནི་མཚམས་པ། ་བསམ་པའི་?་ན་གནས་པའི་ལྷ་རྣམས་ནང་དུ་འདུ་བསྟན་པ་ཡིན་ནོ། །ཚོར་པའི་ཕུང་པོ་རིན་ཆེན་འབྱུང་པ་སྟེ་ཚོར་པའི་ཕུང་པོའི་ནང་དུ་འདུ་བར་འགྱུར་རོ། །མཉམ་ཉིད་ནི་ནམ་མཁའ་ཨི་སྙིང་པོ་སྣར་རོ། །ཆུ་ཁམས་ནི་མཱ་མ་ཀི་སྟེ་ཆུ་རྣམས་སུའོ། །རྣ་བའི་དབང་པོ་ན་ཕྱག་ན་རྡོ་རྗེ་སྟེ། རྣ ་གཉིས་སུའོ། །སྒྲ་ནི་སྒྲ་རྡོ་རྗེ་མ་སྟེ་སྒྲ་རྣམས་སུའོ། །ཁྲོ་བོ་གཉིས་དང་ཡང་དག་ལྡན་ཞེས་བྱ་བ་ནི་ཊཀྐི་དང་ཤེས་རབ་མཐར་བྱེད་དག་སྟེ། རིན་པ་ཇི་ལྟར་རྩིབ་ལོགས་གཡོན་པ་དང་ཡང་ན་གཡོན་པ་དག་ཏུའོ། །འདིས་ནི་མཚམས་དང་བཅས་པའི་ལྷོ་ཕྱོགས་ན་གནས་པའི་ལྷ་རྣམས་ཀྱི ་ཁོངས་སུ་འདུ་བ་བརྗོད་དོ། །འདུ་ཤེས་ནི་འོད་དཔག་མེད་དེ། འདུ་ཤེས་ཀྱི་ཕུང་པོའི་ནང་དུའོ། །སོ་སོར་རྟོག་པ་ནི་འཇམ་དཔལ་དེ་ཡིད་དུའོ། །བསྲེག་ཟ་ནི་སྒྲོལ་མ་སྟེ་མེའི་ཁམས་སུའོ། །སྣའི་དབང་པོ་ཞེས་བྱ་བ་ནི་སྣས་ཉེ་བར་མཚོན་པ་སྟེ་ལྕེ་ཡིན་པ་ཟུང་ངོ། །དེས་སྣའི་དབང་པོའི་སྒྲ་ནི་ལྕེའི ་དབང་པོ་ལ་བཞེད་པ་ཡིན་ལ། །ངེས་ལྟ་ཡིད་དང་ལྕེའི་དབང་པོ་ནི་འཇིག་རྟེན་དབང་ཕྱུག་ཡིན་པས་ལྕེར་འདུ་བར་འགྱུར་རོ་ཞེས་བྱ་བའི་དོན་འདི་གཞུང་བཙུགས་པར་བལྟའོ། །དྲི་ནི་དྲི་རྡོ་རྗེ་མ་སྟེ་དྲི་རྣམས་སུའོ། །ཁྲོ་བོ་གཉིས་དང་ཡང་དག་ལྡན་ཞེས་བྱ་བ་ནི། དབྱུག་སྔོན་ཅན་དང་པདྨ་མཐར་བྱེད་དག? ་སྟེ་གོ་རིམས་ཇི་ལྟ་བར་པུས་མོ་གཡས་པ་དང་ཁར་འདུའོ། །འདིས་ནི་མཚམས་དང་བཅས་པའི་ནུབ་ཕྱོགས་ན་གནས་པའི་ལྷ་རྣམས་ཀྱི་ནང་དུ་བརྗོད་པ་ཡིན་ནོ། །འདུ་བྱེད་ནི་དོན་ཡོད་གྲུབ་པ་སྟེ་འདུ་བྱེད་ཀྱི་ཕུང་པོར་འདུའོ། །བྱ་བ་གྲུབ་པ་ནི་ཀུན་ཏུ་བཟང་པོ་སྟ་ཚིགས་རྣམས་ཐམས་ཅད་དུའོ། ? ་སྒྲོལ་མ?་སྟེ་རླུང་གི་ཁམས་སུའོ། །ལྕེའི་དབང་པོ་ཞེས་བྱ་བ་ནི་ཁམས་རྣམས་ཀྱི་དོན་དུ་མ་ཡིན་པའི་ཕྱིར་མྱོང་བར་བྱེད་ཅིང་རེག་པར་བྱེད་པ་ཞེས་བྱ་བས། ལྕེའི་དབང་པོའི་སྒྲས་ནི་རེག་པའི་དབང་པོ་ལ་བཞེད་དོ། །དེས་ན་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལུས་ཐམས་ཅད་དུ་འདུ་བ་ཡིན་ཞེས་རིག་པར ་པའོ། །དེ་ནི་རོ་རྡོ་རྗེ་མ་སྟེ་རོ་རྣམས་སུའོ། །ཁྲོ་བོ་གཉིས་དང་ཡང་དག་ལྡན་ཞེས་བྱ་བ་ནི། སྟོབས་པོ་ཆ་དང་བགེགས་མཐར་བྱེད་དག་སྟེ་རིམ་པ་ཅི་ལྟ་བ་པུས་མོ་གཡོན་པ་དང་རྡོ་རྗེ་དག་ཏུ་རྗེས་སུ་ཞུགས་པའོ། །འདིས་ནི་མཚམས་དང་བཅས་པའི་བྱང་གི་ཕྱོགས་ན་གནས་པའི་ལྷ་རྣམས་ནང་དུ་འདུ་བ་རབ་བྱ ་བསྟན་ཏོ། །སྟེང་འོག་ཁྲོ་བོར་ཡང་དག་ལྡན་ཞེས་བྱ་བ་ནི་གཙུག་གཏོར་འཁོར་ལོ་སྒྱུར་བ་དང་གནོད་མཛེས་རྒྱལ་པོ་དག་སྟེ་གྲངས་ཅི་ལྟ་བ་བཞིན་སྤྱི་བོ་དང་རྐང་པའི་མཛའ་མ་གཉིས་སུ་འདུས་སོ། །རང་བཞིན་དུ་ནི་སྣང་ཉིད་བྱ་བ་ཞེས་བྱ་བ་རང་བཞིན་ཏོ་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ལྟ་བུར་སྣང་བའི ་རྣམ་པ་གང་ལ་ཡོད་པ་བཅོམ་ལྡན་འདས་ཀྱིས་གཟིགས་ཏེ། རང་བཞིན་དུ་སྣང་བ་བཅོམ་ལྡན་འདས་ཀྱི་གཟུགས་དེ་ནི་རྣམ་ཤེས་ཕུང་པོར་ཞུགས་པར་འགྱུར་བ་ཡིན་ནོ། །འདིས་ནི་ལྷ་དང་ལྷ་མོ་དག་ཀྱང་འོང་གསལ་བར་ཞུགས་པ་བསྟན་པ་ཡིན་ནོ། །འདི་ནི་རྗེས་སུ་གཞིག་པ་ཞེས་བྱ་བའི་མན་ངག ་ཡིན་པར་རིག་པར་བྱའོ། །ད་ནི་ཚིགས་སུ་བཅད་པ་ཕྱེད་ཀྱིས་འཁྲུལ་པ་ཞི་བར་བྱ་བའི་དོན་དུ་འོད་གསལ་བརྗོད་པར་བྱེད་པའི་སྒྲ་རྣམ་གྲངས་གསུངས་པ་ནི། མྱ་ངན་འདས་དང། ཞེས་བྱ་བ་ལ་སོགས་པས་སོ། །བརྗོད་པ་ཡིན་ཞེས་བྱ་བའི་སྒྲར་བྱས་ཤིང་རབ་ཏུ་བསྒྲགས་པའོ། །དེ་ལྟར་རེ་ཞིག་འོང་གསལ་ཞུགས ་པ་བརྗོད་ནས་བརྟན་པ་བསྐྱེད་པར་བྱ་བའི་དོན་དུ། གདོན་མི་ཟ་བར་བརྗོད་པར་བྱ་བའི་གསང་སྔགས་བརྟན་པར་བྱ་བའི་དོན་གསུངས་པ་ནི། བརྟན་པར་བྱ་བའི་དོན་དུ་ནི། ཞེས་བྱ་བ་ལ་སོགས་པའོ། །འདི་ནི་ཞེས་བྱ་བ་ནི་དེ་མ་ཐག་ཏུ་བརྗོད་བཞིན་པ་སྟེ། ཨོཾ་ཤཱུ?་ནཁ?་ཧཱ་ཞེས་བྱ་བ ་ལ་སོགས་པའི་སྔགས་སོ། །ཅིའི་དོན་དུ་བརྟན་པ་བསྐྱེད་པར་བྱ་ཞེ་ན། འདི་ནི་དོན་དམ་དཀྱིལ་འཁོར་ཏེ། ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་འདི་ནི་དོན་དམ་སྟེ་བཅོས་བུ་མ་ཡིན་པ་ལྷན་ཅིག་སྐྱེས་པར་འགྱུར་པའི་དཀྱིལ་འཁོར་ཡིན་ཏེ། སྣང་བ་མེད་ཅིང་འོད་གསལ་བ་མ་དག ་པའི་སྣང་བ་གསུམ་དང་བྲལ་བཟུང་འཇུག་ནི་སྐུའི་མཚན་ཉིད་ཅན་ཏེ། མཚན་མ་འམ་རྒྱུར་བ་ཡིན་ལ། དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཀུན་གྱི་གནས་ཏེ། གཞི་ཡིན་པ་དང། དོན་དམ་བདེན་པ་ཞེས་ཀྱང་བྱ། །ཞེས་བྱ་བ་དོན་དཾ་པའི་བདེན་པའི་མིང་དུ་ཡང་རབ་ཏུ་གྲགས་པ། དེའི་ཕྱིར ་འདི་དྲན་པའི་དགོས་པ་ཆེད་དུ་བྱས་ནས་བརྟན་པ་བསྐྱེད་པར་བྱ་བ་ཡིན་ནོ། །དེ་ལྟར་སྟོང་པ་ཉིད་ལ་དམིགས་པས་ཉེས་པའི་དྲི་མ་ཐམས་ཅད་བཀྲུས་པ་ན། རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོའི་རང་བཞིན་རིམ་པ་འདིས་བསྐྱེད་པར་བྱའོ། །ཞེས་པ་བསྟན་པའི་ཕྱིར་གསུངས་པ་ནི། སྔགས་དང་ཞེས? ་བྱ་བ་ལ་སོགས་པའོ། །སྔགས་ཀྱི་ཡི་གེ་ལས་བྱུང་བའི་སྐུ་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན་ཀྱི་སྦྱོར་པ་གང་ཡིན་པའི་སྔོན་བྱས་པའི་སྨོན་ལམ་གྱི་འཕེན་པ་དེ་ཡིས་ལྷ་དམིགས་པར་བྱེད་པ་ལ་ལྡང་བ་སྟེ། གྲུབ་པ་ཡང་བསྟན་པར་བྱ་སྟེ། དེ་མ་ཐག་ཏུ་ཞེས་བྱ་བ་ཁོ་ནས་དབྱུང་ངོ། །ཇི་ལྟར་ཞེ་ན་གསུངས ་པ་ནི་ནམ་མཁའ་ཞེས་བྱ་བ་ལ་སོགས་པའོ། །ནམ་མཁའ་ཨི་ཁམས་ནི་ནང་གི་རིམ་པ་སྟེ། ལྷ་ས་སྟོང་བས་ན་ནམ་མཁའ་དང་ཆོས་མཚུངས་པའི་ཕྱིར་རོ། །དེའི་དབུས་སུ་གནས་པ་ཛམྦུའི་འབྲས་བུ་སྨིན་པ་ལྟ་བུའི་ཅུང་ཟད་དམར་བའི་ཉི་མའི་དཀྱིལ་འཁོར་ཡི་གེ་ཧཱུཾ་ལས་སྐྱེས་པ་རྣམ་པར་བསྒོམས ་ཏེ། དེའི་དབུས་ཡི་གེ་ཨོཾ་དཀར་པོ་ཡོངས་སུ་གྱུར་པའི་ཟླ་བ་དཀར་པོ་བསམ་མོ། །དེའི་དེ་མ་ཐག་ཏུ་ཟླ་བ་དེ་ལ་ཡ་དམར་པོས་བསྐྱེད་པའི་པདྨ་འདབ་བརྒྱད་པ་རྣམ་པར་བསྒོམས་ལ་པདྨའི་ལྟེ་བའི་སྟེང་དུ་ས་བོན་གསུམ་པོ་དེ་ཉིད་དགོད་པར་བྱའོ། །ཞེས་བྱ་བ་ནི་མན་ངག་ཡིན་ནོ། །སྔགས་དང་པདྨ་ཉི ་མང?་གཅེས?་བྱ་བ་ནས་བཟུང་སྟེ། རྗེས་སུ་རྣལ་འབྱོར་བརྩམ་པར་བྱ་ཞེས་བྱ་བའི་མཐར་ཐུག་པ་ནི་རྟོགས་སླའོ། །རྗེས་སུ་རྣལ་འབྱོར་དེ་གང་ཡིན་ཞེ་ན། བརྗོད་པ་ནི་ཟླ་པའི་དབུས་སུ་ཞེས་བྱ་བ་ལ་སོག་སྤའོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཟླ་བ་དེ་ཉིད་ཀྱི་དབུས་སུ། །སྔར་བརྗོད་ཟིན་པའི་ས་བོན་གསུམ ་བཀོད་ནས་དེ་གཉིས་གྱུར་པས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་མཚོན་པར་བྱེད་པའི་རྡོ་རྗེ་རྣམ་པར་བསྒོམས་ནས་དེ་ཡོངས་སུ་གྱུར་ནས་རྡོ་རྗེ་སེམས་དཔར་བསྒོམ་པར་བྱའོ། །ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ལྟར་རེ་ཞིག་རྡོ་རྗེ་སེམས་དཔའ་བསྒོམས་ལ་རྡོ་རྗེ་སེམས་དཔའ་སྐྱེལ?་བསྟན ་པ་ཡིན་ནོ། །ཡང་གང་གི་ཚེ་རྣམ་པར་སྣང་མཛད་ལ་སོགས་པ་གཙོ་བོ་ཉིད་དུ་བསྒོམ་པར་འདོད་པ་དེའི་ཆེ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་གསུམ་ཡོངས་སུ་གྱུར་པ་ལས་དེ་རྣམས་ཀྱི་མཚན་མ་བལྟས་ནས་བསྒོམ་པར་བྱའོ། །དེ་དག་གི་རང་རང་གི་གནས་སུ་ནི་བསྟན་?་མ་ཐག ་རྡོ?་རྗེ་སེམས་དཔའ་བལྟ་བར་བྱའོ། །གལ་ཏེ་ཡང་སྔར་མོས་པའི་དཀྱིལ་འཁོར་བསྒོམས་པའི་སྐབས་སུ་རྡོ་རྗེ་སེམས་དཔའ་རེག་རྡོ་རྗེ་མ་ལ་སྙོམས་པར་ཞུགས་པ་བསྟན་ན་ཡང། དེ་བཞིན་གཤེགས་པ་གཞན་བཞི་པོ་བདག་ཉིད་ཅི་ལྟ་བའི་ཤེས་རབ་ཀྱི་མགུལ་རྣ་འཁྱུད་པའི་རྣམས་རང ་གི?་གནས་རྡོ་རྗེ་སེམས་དཔའ་གཞག་ནས་གཙོ་བོར་གྱུར་པར་དེ་དང་དེ་ལ་མོས་པ་རྣམས་ཀྱིས་བསྒོམ་པར་བྱ་བ་ཡིན་ནོ། །དཀྱིལ་འཁོར་པ་གཞན་པའི་ཁམས་ལ་སོགས་པ་རྣམས་སྐྱོང་བར་བྱེད་པ་བརྗོད་པ་རྣམས་ལ་ནི་གཙོ་བོ་ཉིད་ཡོད་པ་མ་ཡིན་ཏེ། ས་ནི་སྤྱན་མ་ཡིན་པར་བརྗོད་ཅེས་བྱ ་བ་ལ་སོགས་ཐ་གསུངས་པ་ཡིན་ནོ། །རྣམ་པར་སྣང་མཛད་ལ་སོགས་པ་མང་རྗེས་སུ་ཞུགས་པ་ཡིན་མོད་ཀྱི། སྐབས་ལས་འོངས་པ་ནི་མི་བསྐྱོད་པ་རྗེས་སུ་ཞུགས་པར་བྱ་བ་ཡིན་ནོ་ཞེས་སྟོན་པས་བརྗོད་པས་སོ། །མི་བསྐྱོད་པས་རྗེས་སུ་ཞུགས་པ་ཞེས་བྱ་བ་ལ་སོགས་ཏེ། ཚིགས་སུ ་བཅད?་པ་འདི་ཡང་གོ་སླ་བར་རོ། །མི་བསྐྱོད་པ་རྗེས་སུ་ཞུགས་པའི་དོན་དུ་གཞི་འདི་བ་བས་བརྗོད་པ་ནི། རྡོ་རྗེ་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། ཚིགས་སུ་བཅད་པ་འདི་ཡིས་ནི་ཀུན?་ད?་ཟླ་བ་ལྟ་ད་དཀར་བའི་བཅོམ་ལྡན་འདས་དེ་ཉིད་ཀྱི་ཕྱག་གཡས་གཡོན་དག་ཏུ་བསྒོམ་པར་བྱ། ་བའི་མཚན་མ་བརྗོད་པ་ཡིན་ནོ། །ད་ནི་འདི་ཉིད་ལྷ་ཐམས་ཅད་ཀྱི་བདག་ཉིད་ཅན་དུ་གྱུར་པ་ན། སྔགས་བཀོད་པའི་དོན་ཀྱི་ཤུགས་ཁོ་ནས་གདུལ་བྱའི་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་འགྱུར་རོ་ཞེས་བསྟན་པའི་དོན་དུ་ས་བོན་དགོད་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ནས ་བརྩམས་ཏེ། གནོད་མཛེས་རྒྱལ་པོ་བཀོད་པར་བསམ། ཞེས་བྱ་བའི་མཐར་ཐུག་པས་སོ། །འདིར་གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་ཀྱི་ས་བོན་ཛ(རྒྱུད་འགྲེལ་དུ་བསྒོམ་མོ། །ལྷ་རྣམས་ཀྱི་ས་བོན་ཉིད་ཐམས་ཅད་ནི་འཆད་པར་འགྱུར་བའི་ཚུལ་གྱིས་བདག་ཉིད་ཇི་ལྟ་བའི་མཚན་མ་དང་གདན་དམིགས་ནས། དེའི་གདན་གྱི་སྟེང་ན་གནས་པའི་མཚན་མའི་ནང་དུ་ཆུད་པར་བསྒོམ་པར་བྱ་བ་ཡིན་ནོ། །གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོ་བཅུ་པོ་རྣམས ་ནི་ཡི་གེ་ཧཾ་རཾ་པོ་བཅུ་ལས་ཡོངས་སུ་གྱུར་པ་ཕྱག་ལ་སོགས་པའི་ཆ་རྣམས་ན་རང་གི་ཕྱག་མཚན་ཡོད་པར་སྒོམ་མོ་ཞེས་བྱ་བ་ནི་མན་ངག་གོ། དེ་ལྟར་རེ་ཞིག་རྣལ་འབྱོར་གསུམ་རྫོགས་ནས་ལུས་ཀྱི་དཀྱིལ་འཁོར་དང་ལྡན་པའི་རྣལ་འབྱོར་པས། སྒྲུབ་པ་ཆེན་པོའི་ཐབས་སུ་གྱུར་པ་རྣལ་འབྱོར ་ཆེན་པོ་བསྒོམ་པར་བྱའོ་ཞེས་བསྟན་པའི་དོན་དུ་གསུངས་པའོ། །ཕུད་སོགས་ཆོ་ག་སྦྱིན་དུ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཚིགས་སུ་བཅད་པ་འདི་ཡང་གོ་སླའོ། །རྣལ་འབྱོར་ཆེན་པོ་ཡང་གང་ཞིག་ཡིན། །སྙམ་ན་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ནས་བརྩམས་ཏེ། འདི་གཉིས་བརྗོད་པས་གསོལ ་བ་གདབ་ཅེས་བྱ་བའི་མཐར་ཐུག་པའོ། །འདིར་དོན་ནི་འདི་ཡིན་ཏེ། མགོའི་ནང་དུ་ཨོཾ་དཀར་པོ་ལས་ཡོངས་སུ་གྱུར་པའི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བའི་ནང་ན་གནས་པའི་ཟླ་བའི་སྟེང་དུ་ཡི་གེ་ཨོཾ་བསམས་ལ་དེའི་མཐུ་ལས་སྤྱན་མ་འཆང་བར་འགྱུར་བའི་མདོག་དང་ཕྱག་རྒྱ་དང ་མཚན་མ་དང་ལྡན་པ་མང་པོ་ནམ་མཁའ་ཨི་མཐོངས་ཐམས་ཅད་ཁྱབ་པར་སྤྲོས་པར་བསྒོམ་མོ། །དེའི་འོག་ཏུ་ས་བོན་དེ་ཉིད་ལས་སྤྲོས་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཆང་པར་འགྱུར་བའི་མདོག་དང་ཕྱག་དང་མཚན་མ་ཅན་ཡང་ནམ་མཁའ་ཐམས་ཅད་ཁྱབ་པར་སྤྲོས་པའི ་རང་གི་འཁོར་ལོའི་དབུས་ན་བཞུགས་པ་སྤྲོས་ཏེ། སྒྲུབ་པ་པོའི་མདུན་གྱི་ཡུལ་དུ་གསོལ་བ་གདབ་པར་བསམ་མོ། །སྒྲུབ་པ་པོའི་བཅོམ་ལྡན་འདས་དེ་ལ་གུས་པ་སྔོན་དུ་འགྲོ་བས་ཚིགས་སུ་བཅད་པ་འདི་གཉིས་ཀྱིས་གསོལ་བ་གདབ་པར་བྱའོ། །དེ་ཉིད་བརྗོད་པ་ནི། དཔལ་ལྡན་སངས་རྒྱས་སྐུ་བཅད? ་བ་ལ་སོགས་པའོ། །དཔལ་ནི་སྤྱན་མ་སྟེ་དེ་གང་ལ་ཡོད་པ་དེ་དཔལ་ལྡན་ནོ། །སངས་རྒྱས་ནི་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་སྐུ་དེའི་བདག་ཉིད་ཀྱིས་འཇིག་པར་བྱེད་པས་ནི་སངས་རྒྱས་སྐུ་འཆད་དོ། །རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོ་?། དེ་དང་མི ་ཕྱེད་ཅིང་བདག་ཉིད་གཅིག་ཏུ་བསྒོམ་པའོ། །བདག་ལ་སྟེ། བདག་གི་ལུས་ལ་དེའི་བྱིན་གྱིས་བརླབས་ཀྱིས་གནས་ཏེ། བཞུགས་པར་མཛོད་ཅིག་པའོ། །སྐུའི་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །དེ་ལྟར་བདག་པོ་ལ་གསོལ་བ་བཏབ་ནས། དེའི་འཁོར་ལོ་ལ་གསོལ་བའི་དོན་དུ་བརྗོད་པ་ནི་ཕྱོགས? ་བཅུར་བཞུགས་པའི་ཞེས་བྱ་བ་ལ་སོགས་པའོ། །འདི་ཡི་དོན་ཡང་སྔ་མ་བཞིན་རྟོགས་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་ལ་གསོལ་བ་བཏབ་ན་གང་དུ་གྱུར་པ་དེ་བསྟན་པའི་ཕྱིར་སྤྱན་མ་དང་ལྷན་ཅིག་ཅེས་བ་ལ་སོགས་པའོ། །གསོལ་བ་བཏབ་མ་ཐག་ཏུ་མདུན་ན་བཞུགས་པའི་བཅོམ་ལྡན་འདས ་འཕྲོས་པའི་བདག་ཉིད་ཀྱི་རང་བཞིན་རྣམ་པ་དེ་ལྟ་བུར་སྤྱན་མ་དང་སྙེམས་པར་ཞུགས་པ་བསྒོམ་པར་བྱའོ། །དེའི་རྗེས་ལ་ཕན་ཚུན་རྗེས་སུ་ཆགས་པས་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་ཏེ། འོད་ཟེར་དཀར་པོའི་གཟུགས་ཀྱིས་སྒྲུབ་པ་པོའི་མགོ་ཡི་ཕྱོགས་སུ་ཞུགས་ནས་ཕུང་པོ་ལྔ་པོ་རྣམས ་གྱི་གང་བའི་ལུས་འདིས་བྱིན་གྱིས་བརླབས་པོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ནས་སྒྲུབ་པ་པོ་རེ་བ་ལ་སྨོན་པ་ནི། སངས་རྒྱས་ཀུན་གྱི་སྐུ་གང་ཞིག། ཕུང་པོ་ལྔས་ནི་རབ་གང་ལྟར། །སངས་རྒྱས་སྐུ་ཡི་རང་བཞིན་གྱིས། །བདག་གི་ཡང་ནི?་དེ་འདྲར་ཤོག། ཅེས་བྱ་བ་སྟེ། སྐུའི་རྡོ་རྗེ་སངས་རྒྱས་ཀུན་གྱི ་སྐུ་གང་ཞིག། གཟུགས་ལ་སོགས་པའི་ཕུང་པོ་ལྔས་རབ་ཏུ་བརྒྱན་པའོ། །གང་ཞིག་ཅེས་བྱ་བ་ནི་ཇི་ལྟར་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པའི་རང་བཞིན་གང་གིས་བཞུགས་པ་ལྟར། །སངས་རྒྱས་སྐུའི་རང་བཞིན་ཏེ། རྣམ་པར་སྣང་མཛད་ཀྱི་སྐུའི་ངོ་བོ་ཉིད་ཀྱིས ་བདག་ཉིད་ཀྱི་ཡང་ནི་དེ་འདྲར་ཤོག་སྟེ་ལུས་ཤོག་ཅིག་ཅེས་ཁོང་ནས་དབྱུང་ངོ། །འདི་བསྟན་པར་བྱ་བའི་དོན་དུ་གདོན་མི་ཟ་བར་བརྗོད་པར་བྱ་བའི་སྔགས་གསུངས་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལྟར་དེ་ཞིག་སྐུ་རྡོ་རྗེ་རྫོགས་ནས་རིམ་པ་འདིས་? ་གསུང་རྡོ་རྗེ་བསྒྲུབ་བར་བྱའོ་ཞེས་སྟོན་པར་བྱེད་པ་ནི། ལྕེའི་པདྨའི་ཞེས་བྱ་བ་ལ་སོགས་པའོ། །ལྕེའི་རྩ་པ་མགྲིན་པ་ཞེས་བྱ་བའི་མིང་གཞན་དང་ལྡན་པའི་སྟེང་གི་ཟླ་བར་ཡི་གེ་ཨ་དམར་པོ་ལས་ཡོངས་སུ་གྱུར་པའི་པདྨ་དམར་པོའི་དབུས་ཀྱི་ཟླ་བ་ལ་གནས་པའི་ས་བོན་དེ་ཉིད་ལས་ངེས ་བར་བྱུང་བའི་གོས?་དཀར་མོ་འཆད་པར་འགྱུར་བའི་མདོག་དང་མཚན་མ་ཅན་སེམས་ཅན་གྱི་དོན་དུ་སྤྲོས་བའི་ཚུལ་གྱིས་ནམ་མཁའ་ཨི་ཕྱོགས་ཐམས་ཅད་ཁྱབ་པར་བསྒོམས་ནས་སོ། །རྡོ་རྗེ་གསུང་ཞེས་བྱ་བའི་ས་བོན་དེ་ཉིད་ལས་སྤྲོས་པ་སྟེ། འཆད་པར་འགྱུར་བའི་མདོག་དང་ཕྱག་ལ ་སོགས་པ་ཅན་འཕྲོ་བ་དང་འདུ་བའི་རང་བཞིན་སྤྲོས་པའི་རང་གི་འཁོར་ལོ་དེའི?་དབུས་ན་བཞུགས་པ། སྐྱེས་བུ་ཆེན་པོའི་མཚན་ལ་སོགས་པས་བརྒྱན་ཅིང། རང་གི་མདུན་ན་བཞུགས་པ་གསོལ་པ་གདབ་པར་བྱ་བ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་གཉིས་གྱི་དོན་ཏེ། ད་ནི་གསོལ ་བ་གདབ་པར་བྱ་བའི་དོན་དུ་ཚིགས་སུ་བཅད་པ་གཉིས་བརྗོད་པ་ནི། དཔལ་ལྡན་གསུང་གི་ཞེས་བྱ་བ་ལ་སོགས་པའོ། །དཔལ་ནི་ཏ་ར་སྟེ། དེ་དང་ལྡན་པའི་ཕྱིར་དཔལ་ལྡན་ནོ། །ཆོས་ནི་འོད་དཔག་མེད་གསུང་གི་རང་བཞིན་ཡིན་པའི་ཕྱིར་རོ། །མི་ཕྱེད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་སྔགས?་བཞིན་ནོ།། ་བདག་ལ་ཏེ་བདག་གི་བདག་ལ་བྱིན་གྱིས་བརློབ་ཀྱི་ན་བཞུགས་པ་མཛོད་ཅིག་པའོ། །གསུང་གི་རྡོ་རྗེ་ནི་རྡོ་རྗེ་གསུང་ལྡན་ནོ། །འདི་ཡི་འཁོར་ལོ་ལ་གསོལ་བ་གདབ་པ་སྔ་མ་ཁོན་བཞིན་ནོ། །གསོལ་བ་གདབ་མ་ཐག་ཏུ་གསུང་གི་རྡོ་རྗེ་བྱིན་གྱིས་བརླབ་བརྗོད་པ་ནི་རང་གི་བདག་པོ་དང་ཞེས ་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས་འོད་དཔག་མེད་འཆད་པར་འགྱུར་བའི་མདོག་དང་ཕྱག་ལ་སོགས་པ་དང་ལྡན་པ་ཐམས་ཅད་སྤྲོས་པའི་རང་བཞིན་ཅན་འཆད་པར་འགྱུར་བའི་མདོག་དང་ཕྱག་ལ་སོགས་པའི་ཅན་གྱི་དཀར་མོ་དང་ལྷན་ཅིག་ཁ་སྦྱ་བར་གྱུར་ནས་ཕན་ཚུན་རྗེས་སུ་ཆགས ་བར་སྔོན་དུ་སོང?་བ?་ཅེན་གྱིས་འོད་ཟེར་དམར་པའི་རང་བཞིན་གྱིས་ཁ་སྒོ་ནས་ཞུགས་ཏེ། ལྕེའི་པདྨ་བཞུགས་ཤིང་སྒྲུབ་པ་པོ་དེའི་དག་བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ནི་རེ་བ?་སྨོན་པར་རྗོད?་པ་ནི། རྡོ་རྗེ་ཆོས་ཀྱི་གསུང་གང་ཞིག་ཞེས་བྱ་བ་ལ་སོགས་པས་སོ། །རྡོ་རྗེ་ཆོས་ཞེས་བྱ ་བ་འོད་དཔག་མེད་ཀྱི་གསུང་སྟེ་བརྗོད་པ་གང་ཞིག་ཐོབ་པའོ། །ཅི་འདྲ་བ་ཞེ་ན། ངེས་པར་བརྗོད་པ་ནི་ངེས་ཚིག་སྟེ། གང་དག་ལ་དེ་ཕུན་སུམ་ཚོགས་པ་ཡོད་པ་དེ་དག་ནི་ངེས་པའི་ཚིག་ཕུན་སུམ་ཚོགས་པའོ། །ངེས་ཚིག་སྨོས་པ་ཉེ་བར་མཚོན་པ་སྟེ། དེ་ན་ཆོས་དང་དོན་དང་སྤོབས་པ་རྣམས་བཟུང་བ། ་ཡིན་ནོ། །བདག་གི་ཚིག་ཀྱང་དེ་འདྲ་སྟེ། དེ་དང་འདྲ་བར་བརྗོད་པར་རོ། །ཆོས་འཛིན་པ་དང་འདྲར་གྱུར་བ་ཞེས་བྱ་བ་ནི་ཆོས་འཛིན་པ་དང། འདྲ་བ་བདག་གི་ཡང་དེ་འདྲ་བར་ཤོག་ཅིང་གྱུར་ཅིག་པའོ། །བསྟན་པར་བྱ་བའི་དོན་ཏུ་བརྗོད་པར་བྱ་བའི་སྔགས་ནི། ཨོཾ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། ། ་ད་ནི་སེམས་བྱིན་གྱིས་བརླབ་པ་སྟོན་པས། སྔགས་པ་སྙིང་གར་ཞེས་བྱ་བ་ལ་སོགས་པའོ། །སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་སྔོན་པོ་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པའི་ནང་ན་གནས་པའི་ཟླ་བ་ལ་འོད་ཟེར་རྣམ་པ་ལྔ་རྣམ་པར་འཕྲོ་ཞིང་མདངས་འབར་བའི་ཧཱུཾ་བསམས་ནས། ་དེ་ནས་ལྷ་མོ་མཱ་མ་ཀཱི་མདོག་དང་ཕྱག་ལ་སོགས་པ་འཆད་པར་འགྱུར་བ་དང་མཐུན་པ་སྤྲོ་བ་དང་སྡུད་པའི་རང་བཞིན་ཅན་སྤྲོ་བར་བྱ་ཞིང་བཅོམ་ལྡན་འདས་མི་བསྐྱོད་པ་འཆད་པར་འགྱུར་བའི་མདོག་དང་ཕྱག་ལ་སོགས་པ་ཅན་སྤྲོ་བ་དང་བསྡུས་པའི་རང་བཞིན་ཅན་རང་གི་ལྷ་མོའི ་འཁོར་ལོའི་དབུས་ན་རྣམ་པར་བཞུགས་པ་བདག་ཉིད་ཀྱི་མདུན་དུ་བསམས་ལ་གསོལ་བ་གདབ་པོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་ཀྱི་དོན་ཏོ། །སྔ་མ་བཞིན་གསོལ་བ་འདེབས་བའི་དོན་དུ་ཚིགས་སུ་བཅད་པ་གཉིས་བརྗོད་པ་ནི་དཔལ་ལྡན་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པའོ། །དཔལ ་ལྡན་ནི་མཱ་མ་ཀཱི་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །རྡོ་རྗེ་ལྟ་བུའི་ཐུགས་ནི་ཐུགས་རྡོ་རྗེ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་གིས་མ་གོས་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་བའི་ཐུགས་མདའ་བ་ནི་ཐུགས་ཀྱི་རྡོ་རྗེ་འཆང་སྟེ་མི་བསྐྱོད་པའོ། །ལྷག་མ་ནི་སྔ་མ་ཡིན་ནོ་དེ་བཞིན་དུ་འདི ་ཡི་འཁོར་ལོ་ལ་གསོལ་བ་གདབ་པ་ཡང་སྔ་མ་ཁོ་ན་བཞིན་ནོ། །དེ་ལྟར་གསོལ་བ་བཏབ་པར་གྱུར་བ་ན་གང་ཞིག་བསྒོམ་པར་བྱ་བ་དེ་བསྟན་པའི་ཕྱིར་གསུངས་པ་ནི་ཐུགས་ཀྱི་རྡོ་རྗེ་དང་བཅས་པ་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་མི་བསྐྱོད་པ་ཡང་དག ་པར་སྤྲོ་བར་བྱ་བའི་བདག་ཉིད་ཀྱི་རང་བཞིན་འཆད་པར་འགྱུར་བའི་མདོག་ལ་སོགས་པ་ཅན། སྤྲོས་པར་གྱུར་བའི་བདག་ཉིད་ཀྱི་རང་བཞིན་ཅན་གྱི་མཱ་མ་ཀཱི་འཆད་པར་འགྱུར་བའི་མདོག་ལ་སོགས་པ་དང། ལྡན་པ་དང་ལྷན་ཅིག་ཁ་སྦྱོར་དུ་གྱུར་ནས་ཕན་ཚུན་རྗེས་སུ་ཆགས་པས་བདེ་བ་ཆེན ་པོའི་རང་བཞིན་ཉམས་སུ་མྱོང་བར་གྱུར་ནས་འོད་ཟེར་ནག་པོའི་རང་བཞིན་གྱིས་སྙིང་གང་ཟླ་བ་བཞུགས་པས་སེམས་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་ཏོ། །ཕྱིས་རེ་བ་སྨོན་པར་བྱའོ་ཞེས་གསུངས་པ་ནི་ཀུན་ཏུ་བཟང་པོ་ཞེས་བྱ་བ་ལ་སོགས་པས་སོ། །ཀུན་ཏུ་བཟང ་པོ་ནི་མི་བསྐྱོད་པའོ། །གསང་དབང་པོ་ཞེས་བྱ་བ་ལ་གསང་བ་ནི་གཉིས་མེད་ཀྱི་ཡེ་ཤེས་སོ། །དེ་ཀ་ཡ་ཏི་སྟེ། བརྗོད་པར་བྱེད་པས་ན་གུ་ཧཡ་ཀའོ། །ཀའི་སྒྲ་ནི་ས་ཁམས་སོ། །དབང་བྱེད་པས་ནི་དབང་སྟེ། དབང་ཕྱུག་དམ་པའོ། །གསལ་བ་སྟོན་བ་རྣམས་ཀྱི་དབང་པོ་སྟེ། དེ་ཁོ་ན་སྟོན་པ་རྣམས་ཀྱི་གཙོ ་བོར་གྱུར་པ་ཞེས་བྱ་བའི་དོན་ཏོ། །བློ་ལྡན་ནི་རེག་བྱ་རྡོ་རྗེ་མ་དང་ཡང་དག་པར་ལྡན་པའོ། །རྣམ་པ་དེ་ལྟ་བུའི་སེམས་གང་ཡིན་པ་དང་འདྲ་བར་རྡོ་རྗེ་འཛིན་པ་དང་མཚུངས་པར་གྱུར་པ་བདག་གི་སེམས་ཀྱང་གྱུར་ཅིག་ཅེས་བྱ་བ་ནི་གསོལ་བ་ཡིན་ནོ། །སེམས་བྱིན་གྱིས་རློབ་པའི་སྔགས་ནི་ཨོཾ་ཞེས ་བྱ་བ་ལ་སོགས་པའོ། །དེ་ལྟར་རེ་ཞིག་སོ་སོར་བྱིན་གྱིས་བརླབས་ནས། ང་ནི་བདག་ཉིད་ཐམས་ཅད་བྱིན་གྱིས་རློབ་པ་བརྗོད་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཚིགས་སུ་བཅད་པ་འདི་ཡང་གོ་བར་བསླའོ། །བྱིན་གྱིས་རློབ་པའི་མན་ངག་ཀྱང་སོ་སོར་བྱིན་གྱིས་བརླབ་པ་བཞིན་ནོ། །སྔགས་ཀྱང་ཨོཾ་ཞེས ་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལྟར་དམ་ཚིག་སེམས་དཔའ་བསྒོམས་ནས་ཡེ་ཤེས་སེམས་དཔའ་བསྒོམ་པའི་དོན་དུ་གསུངས་པ་ནི། དེ་ལྟར་བྱིན་གྱིས་བརླབས་ནས་བདག་ཅེས་བྱ་བ་ལ་སོགས་པའོ། །དེ་ལྟར་བརྗོད་ཟིན་པའི་རིམ་པས་སོ་སོ་བ་དང་བསྡམས་ནས་བདག་ཉིད་དེ་བཞིན་གཤེགས ་པ་རྣམས་ཀྱིས་བྱིན་གྱིས་བརླབས་པར་བྱས་ནས་སོ། །ཟླ་བའི་དཀྱིལ་འཁོར་གནས་ཤིང་ཞེས་བྱ་བ་ནི་སྔར་བརྗོད་པའི་ཚུལ་གྱིས་ས་བོན་དང་མཚན་མ་ཡོངས་སུ་གྱུར་པ་སྔོན་དུ་འགྲོ་བ་ཅན། རྒྱུའི་རྡོ་རྗེ་འཆང་དམ་ཚིག་སེམས་དཔའ་ཞེས་བྱ་བའི་མིང་གཞན་དང་ལྡན་པ། རྡོ་རྗེ་དང་དྲིལ་བུས་ཉེ་བར་མཚོན་ཅིང། ་ཟླ་བའི་གདན་ལ་བཞུགས་པ་མཚན་མ་དྲུག་དང་ཞེས་བྱ་བ་སྔར་བརྗོད་པའི་ཚུལ་ལ་སོགས་པ་ཕྱག་ན་གནས་པ་དང་ལྡན་པ་བསམས་པར་བྱའོ། །སྙམ་དུ་དགོངས་པའོ། །དེའི་ཐུགས་ཀར་ནི་ཕྱག་ལ་སོགས་པ་རང་ཉིད་དང་འདྲ་བའི་ཡེ་ཤེས་སེམས་དཔའ་མདོག་དམར་པོ་རྣམ་པར་བསྒོམས ་ནས་དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་སྔོན་པོ་བཀོད་དེ། རྣལ་འབྱོར་ཆེན་པོའི་མིང་ཅན་སེམས་པ་གསུམ་གྱི་བདག་ཉིད་ལ་དབང་བསྐུར་བར་གྱུར་པ་ན་བདག་ཉིད་མི་བསྐྱོད་པའི་ཅོད་པན་དང་ལྡན་པར་བསྒོམ་མོ། །དེ་ལྟར་རྣམ་པར་བསྒོམས་ནས་བསྒྲུབ་པ་ཆེན་པོ་བྱ་བ་གསུན ་པ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །བསྒྲུབ་པའི་སྦྱོར་བ་འདི་ཡིས་ཞེས་བྱ་བ་ནི་འཆད་པར་འགྱུར་པའི་སྒྲུབ་པའི་ཆོ་ག་འདིས་སོ། །བསྒྲུབ་པ་ཆེན་པོ་ཞེས་བྱ་བ་འདིས་རྡོ་རྗེ་འཆང་ལ་སོགས་པ་ཆེན་པོ་རྣམས་སྒྲུབ་པས་ན་སྒྲུབ་པ་ཆེན་པོའོ། །སྒྲུབ་པ་ནི་སྐྱོད་པ་ལ་སོགས་པ་བྱེད་པ་ཡན་ལག ་དང་བཅས་པ་སྟེ། དེ་བརྩམ་པར་བྱ་སྟེ་ཞེས་བྱ་བའོ། །ད་ནི་གཞི་འདི་སྔ་པ་བརྗོད་པ་ནི་གཟུགས་དང་ཞེས་བྱ་བ་ལ་སོགས་པའོ། །ཚོར་བ་མ་ཞེས་བྱ་བ་ནི་ཆོས་བསྟན་པ་ལ་སོགས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་དགའ་ཞིང་སྒྱུར་བར་བྱེད་པས་དེ་བསྐྱེད་པའི་འོ། །ལེགས་བརླབས་ཤིང་ཞེས ་བྱ་ནི་རང་དམ་གཞན་གྱི་གསོ་སྦྱོང་ལ་སོགས་པ་བྱིན་པའི་ཚུལ་གྱིས་ཡོངས་སུ་སྦྱངས་པའི་ཕྱི་རོལ་གྱི་བུད་མེད་དེ་རྡོ་རྗེ་སེམས་དཔའ་སྐྱེད་པ་བཞིན་དུ་དཀར་བ་དང་དམར་བ་དང་ནག་པོའི་བདག་ཉིད་ཅན་གྱི་ཡི་གེ་གསུམ་གྱིས་རེག་བྱ་རྡོ་རྗེ་མའི་རང་བཞིན་བསྐྱེད་ལ། རག་ཏུ་བསླངས་ནས་འཁྱུད་ལ ་བསྒྲུབ་བ་ཆེན་པོ་བརྩམ་པར་བྱའོ། །ཞེས་སྔ་མ་དང་འབྲེལ་ཏོ། །དེ་རིགས་ལྔའི་ཚོགས་སུ་རིམ་གྱིས་སྟོན་པས། བརྗོད་པ་ནི། ཨེ་ཡིག་ཞེས་བྱ་བ་ལ་སོགས་པ་སྟེ། ཨོཾ་ཡིག་ནི་སྤྱི་བོར་ཟླ་བའི་སྟེང་གི་སྲོག་དཀར་པོ་ལས་ཡོངས་སུ་གྱུར་པའི་འཁོར་ལོ་དཀར་པོའི་ལྟེ་བའི་ཟླ་བ་ལ་གནས་པའི་སྲོག་དཀར་ ་པོའི་ཨ་ཡིག་ཅེས་བྱ་བ་ནི། ལྕེ་རྩའི་སྟེང་དུ་ཨ་དམར་མོ་ལས་ཡོངས་སུ་གྱུར་པའི་པདྨ་དམར་པོ་ལྟེ་བའི་དབུས་ཀྱི་ཟླ་བར་གནས་པའི་ཡི་གེ་ཨ་དམར་པོའོ། །ཧཱུཾ་དང་ཞེས་བྱ་བ་ནི། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་སྔོན་པོ་ལས་ཡོངས་སུ་གྱུར་པའི་རྡོ་རྗེ ་སྔོན་པོ་རྩེ་ལྔ་པའི་ལྟེ་བའི་དབུས་ནས་གནས་པའི་ཉི་མའི་ཡི་གེ་ཧཱུཾ་སྔོན་པོའོ། །ལྟེ་བར་སྭཱ་ཞེས་བྱ་བ་ནི། ལྟེ་བར་ཟླ་བའི་སྟེང་དུ་ཡི་གེ་སྭཱ་སེར་པོ་ལས་ཡོངས་སུ་གྱུར་པའི་རིན་པོ་ཆེ་མདོག་སེར་པོ་ལ་གནས་པའི་ཟླ་བའི་སྭཱ་མདོག་སེར་པོའོ། །རྐང་པ་གཉིས་ལ་?་དེས་བྱ་བ་ནི་བརླ་གཉིས་སུ་ཟླ་བའོ། །སྟེང ་དུ་ཡི་གེ་ཧ་སྔོན་པོ་གཉིས་ལས་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་འོད་ཟེར་དང་བཅས་པའི་ལྟེ་བ་གཉིས་ལ་གནས་པའི་ཟླ་བ་གཉིས་ལ་ཧ་སྔོན་པོ་གཉིས་དགོད་པར་བྱའོ། །ས་བོན་འདི་ཐམས་ཅད་ནི་རང་རང་གི་གཙོ་བོའི་མདོག་ཅན་དུ་དངོས་སུ་འམ་མོས་པས་བསྒོམ་པར་བྱ་བ་ཡིན་ནོ ་སྤྱན་དང་ཞེས་བྱ་བ་ལ་སོགས་པ་ནི་སྤྱན་མ་ལ་སོགས་པའི་ལྷ་མོ་བཞིས་སོ། །ས་ལ་སོགས་བའི་ཁམས་བཞི་ལ། རང་རང་གི་མཚན་མའི་དབུས་ན་གནས་པའི་ཟླ་བའི་དཀྱིལ་འཁོར་དུ་མོ་ཧ་ར་ཏི་ཞེས་བྱ་བ་ལ་སོགས་པའི་ས་བོན་གྱི་རང་བཞིན་དུ་བསྒོམ་པར་བྱ་བ་ཡིན་ནོ། །ལྷ་མོ་རྡོ་རྗེ་གཟུགས་སོགས ་རྣམས་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་མ་དང། སྒྲ་རྡོ་རྗེ་མ་དག་དྲི་རྡོ་རྗེ་མ་དང། རོ་རྡོ་རྗེ་མ་དང་ནི་བཅོམ་ལྡན་འདས་མ་དེའི་ཕྱི་རོལ་དང་ནང་གི་བདག་ཉིད་ཅན་གྱི་གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་ལ་འཆད་པར་འགྱུར་བའི་ཚུལ་གྱིས་རང་རང་གི་ས་བོན་མའི་དབུས་ན་གནས་པའི་ཟླ་པའི་དབུས་སུ་སྔར ་བརྗོད་པའི་རང་གི་ས་བོན་གྱི་བདག་ཉིད་དུ་བསྒོམ་པར་བྱའོ། །དེ་དག་ས་སྙིང་ལ་སོགས་པ་ཞེས་པ་ནི་སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དང་ནམ་མཁའ་ཨི་སྙིང་པོ་དང་འཇིག་རྟེན་དབང་ཕྱུག་གི་ས་བོན་བདག་ཉིད་མིག་ལ་སོགས་པའི་དབང་པོ་ལ་གནས་པའི་འཛིན་པར་བྱེད་པའི་རང་བཞིན་རྣམས་དང ་སྙོམས་པར་ཞུགས་པ་སྟེ་བཟུང་བར་བྱ་བ་ཡིན་བར་གཟུགས་རྡོ་རྗེ་མ་ལ་སོགས་པ་དེ་དག་བསྒོམ་པར་བྱའོ། །བྱང་ཆུབ་སེམས་དཔའ་གཞན་བཞི་པོ་བྱམས་པ་དང་འཇམ་དཔལ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ཀུན་ཏུ་བཟང?་པོ་ཞེས་བྱ་བ་རྣམས་ནི་རིམ་པ་ཅི་ལྟ་བ་བཞིན་མགོ་བོ ་དང་ཡིད་དང་ལུས་དང་མཚམས་རྣམས་སུ། ས་བོན་གྱི་བདག་ཉིད་དུ་རྣམས་པར་གནས་པར་བསྒོམ་མོ། །ལག་པ་གཡས་ཞེས་བྱ་བ་ལ་སོགས་པ་ནི་ཁྲོ་བོ་བཅུ་པོ་རྣམས་ཀྱི་ལྷ་མོ་རྣམས་དང་རང་གི་བདག་པོ་དང་ཕྱག་ལ་སོགས་པ་འདྲ་བར། སྔ་མ་ཁོ་ན་བཞིན་ཡི་གེ་ཧཱུཾ་རིང་པོ་མདོག་སྔོན་པོ་རྣམས ་ལས་ཡོངས་སུ་གྱུར་པ་རེག་རྡོ་རྗེ་མའི་ཡན་ལག་གི་གནས་རྣམས་སུ་བསྒོམ་པར་བྱའོ། ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །སའི་སྙིང་པོ་ནས་བརྩམས་ཏེ། ས་འཛིན་གྱི་མཛའ་ཐུག་པའི་ལྷའི་རང་བཞིན་འདི་རྣམས་ཀྱི་ས་བོན་ནི་རང་རང་གི་མཚན་མའི་དབུས་ན་གནས་པའི་ཉི་མ་དང་ཟླ་བ་ལ་བསྒོམ་པར ་བྱ་བ་ཡིན་ནོ། །རྡོ་རྗེ་རོ་ལངས་མ་ལ་སོགས་པ་ནི་སའི་ས་བོན་ལས་ཡོངས་སུ་གྱུར་པའི་དངོས་ཁོ་ནང་བསྒོམ་པར་བྱ་བ་ནི་ཁྱད་པར་ཡིན་ནོ། །བརྗོད་ཟིན་པའི་ཚུལ་དེ་ལྟར་ལྷ་མོ་དེ་ལེགས་བར་སྦྱངས་ནས་དེ་ལྷ་མོ་ལ་སོགས་པ་བགོད་པས་ཐ་མལ་པའི་བུད་མེད་ཀྱི་རང་བཞིན་སྤངས་ཏེ་རྣལ ་འབྱོར་བས་དེ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་དང་ལྡན་པས་རྡོ་རྗེ་པདྨ་བརྩམས་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་ཡོངས་སུ་གྱུར་མ་ཐག་དུ་འཆད་པར་འགྱུར་བའི་ཚུལ་གྱིས་བརྩམས་པར་བྱའོ། །འདི་ནི་རེ་ཞིག་ཕྱི་རོལ་གྱི་བུད་མེད་ཡོངས་སུ་སྦྱོད་བ་བརྗོད་པ་ཡིན་ནོ། །གལ་ཏེ་ཕྱི་རོལ་གྱི་བུད་མེད་མེད་པར་གྱུར ་ན་དེའི་ཚེ་རྣམ་པར་རྟོག་པ་ལ་གནས་པའི་རེག་རྡོ་རྗེ་མ་ལ་ཡང་ཡོངས་སུ་སྦྱོང་བ་འདི་ཉིད་བྱ་བ་ཡིན་ནོ། །ད་ནི་རྡོ་རྗེ་དང་པདྨ་ཡོངས་སུ་སྦྱོང་བ་བརྗོད་པ་ནི། །སྔགས་པས་ཞེས་བྱ་བ་ལ་སོགས་པ་ནས་བཟུང་སྟེ། དེ་འོག་བསྒྲུབ་པ་བརྩམ་པར་བྱ་ཞེས་བྱ་བའི་མཐར་ཐུགས་པས་སོ། །ཧཱུཾ་ཡིག་མཐོན་མཐིང་གྱིས་རང་གི ་མཚན་མ་རྡོ་རྗེ་རྩེ་ལྔ་པ་ནག་པོ་འོད་ཟེར་ལྔ་དང་ལྡན་པ་བསམས་ནས་དེའི་རྩེ་མོ་དབུས་མ་ལ་སྲོག་དཀར་པོ་དགོད་ཅིང། དེའི་ཆོས་འབྱུང་ལ་ཡང་ཨ་ཡིག་དམར་པོ་ལས་ཡོངས་སུ་གྱུར་པ་པདྨ་དམར་པོ་འདབ་བརྒྱད་པའི་རང་བཞིན་དུ་བསྒོམ་པར་བྱའོ། །ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ནས་ཨོཾ་སརྦ་ཏ ་ཐཱ་ག་ཏ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས། རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་ལྡན་པས་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་འཁྱུད་པ་དང་འོ་ལ་སོགས་པ་བྱའོ། དེ་ནས་ང་རྒྱལ་འདི་ཉིད་ཀྱིས་བསྐྱོད་པ་བྱའོ། །ཞེས་སྟོན་པས་བརྗོད་པ་ནི། ཡི་གེ་ཧཱུཾ་གི་གླུ་ཡིས་ཞེས་བྱ་བ་ལ་སོགས་པའ ་ཡི་གེ་ཧཱུཾ་གི་ཀླུ་རྣམ་པ་མང་པོ་བརྗོད་ཅིང་རྡོ་རྗེ་པདྨའི་ནང་དུ་ཆུད་པས་རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་ལྡན་པས་བསྐྱོད་བྱ་སྟེ་གཡོ་བར་བྱའོ་དེ་ནས་རིམས་ཀྱིས་དགའ་བ་གཉིས་རྟོགས་པར་བྱས་ནས། རྡོ་རྗེའི་ནོར་བུའི་ནང་དུ་དགའ་བ་གསུམ་པ་སྐྱེས་པ་ན། ་ནོར་བུའི་རྩེ་མོའི་བུ་ག་བགེགས་པར་བྱེད་པའི་ཡི་གེ་གཉིས་རྣམ་པར་བསམས་ནས་དགག་པར་བྱ་ཞིང་ཡི་གེ་གཉིས་པོ་འདི་ཉིད་བརྗོད་པར་བྱའོ། །ཞེས་བྱ་བ་ནི་ཚོགས?་སུ་བཅད་པའི་དོན་ཏོ། དེ་ནས་ནི་ལུས་ཀྱི་དཀྱིལ་འཁོར་བའི་ལྷ་རྣམས་ལྷན་སྐྱེས་པའི་བདེ་བ་ཉམས་སུ་མྱོང་ནས་རྩའི ་སྐུགས?་ནས་ཐིག་ལེའི་གཟུགས་ཀྱིས་པདྨའི་ནང་དུ་བབས་པར་འགྱུར་རོ། །འདིས་ནི་དགའ་བ་བཞི་པ་ཡང་ཡང་དག་པར་སྐྱེ་བར་གྱུར་བ་ཡིན་ནོ་ཞེས་རིག་པར་བྱའོ། །དེ་ནས་ནི་བརྟ་བར་གྱུར་བའི་བྱང་ཆུབ་ཀྱི་སེམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་བྱའོ། ཞེས་སྟོན ་བར་བྱེད་པས་གསུངས་པ་ནི་འབྱུང་བའི་མཐར་ཡང་ཞེས་བྱ་བ་ལ་སོགས་པའོ། །སྤྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་དོན་གྲུབ་པའི་དོན་ཏོ། །སྔགས་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ད་ནི་ཞེ་སྡང་རྡོ་རྗེའི་བདག་ཉིད་ཀྱིས་དཀྱིལ་འཁོར་བའི་ལྷ་དག་སྤྲོ་བར་བྱ་བ་ཡིན་ཏེ། དེS་ན་ཞེ་སྡང་རྡོ ་རྗེའི་གནས་སུ་འདུག་བར་བྱ་བའི་ཕྱིར་གསུངས་བ་ནི་རང་སྔགས་ཡི་གེ་ཞེས་བྱ་བ་ལ་སོགས་པའོ། །རང་གི་སྔགས་ཀྱི་ཡི་གེ་ནི་བཛྲ་དྷྲིག་ཅེས་བྱ་བའི་སྔགས་མདོག་ནག་པོ་སྟེ་དེ་ལས་སྐྱེས་བའོ། །ཞེས་བྱ་བ་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི ་རང་བཞིན་ཨོཾ་ཨ་ཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་པོ་མགོ་དང་མགྲིན་བ་དང། སྙིང་ག་ལ་གནས་པས་བྱིན་གྱིས་བརླབས་པ་རྡོ་རྗེ་འཆང་གི་རང་བཞིན་བདག་ཉིད་པདྨའི་ནང་དུ་སྟེ་པདྨའི་ཁོང་པར་བསྐྱེད་ནས་དེ་མ་ཐག་ཏུ་སླར་ཡང་ཞེ་སྡང་རྡོ་རྗེར་བསྐྱེད་བར་བྱ་སྟེ་མི་བསྐྱོད་བཅི་འདྲ ་བ་བཞིན་དུ་བསྐྱེད་ནས་བསྒོམ་པར་བྱ་ཞེ་ན་བརྗོད་པ་བཛྲ་དྷྲིག་ཅེས་བྱ་བའོ། །མི་བསྐྱོད་ཅེས་བྱ་བ་ནི་མི་འཁྲུགས་པས་ན། མི་བསྐྱོད་བ་སྟེ། རྡོ་རྗེ་སེམས་དཔའ་ཨོ། །དེས་དབུའརྒྱན་བྱས་པ་སྟེ། དབུར་བརྒྱན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔོ་དམར་དཀར་བའི་ཞལ་དང་ལྡན། ཞེས ་བྱ་བ་ནི་གཙོ་བོའི་ཞལ་ནི་སྔོ་བཾ་གཡོན་ནི་དམར་བ་གཡས་ནི་དཀར་བའོ། །རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་སྔོན་པོ་རྩེ་ལྔ་བའོ། །འཁོར་ལོ་ཞེས་བྱ་བ་ནི་འཁོར་ལོ་སེར་པོ་རྩིབས་བརྒྱད་པའོ། །དྲིལ་བུ་ཞེས་བྱ་ནི་མདོག་དཀར་པོ་སྒྲ་དང་ལྡན་པའོ། །ཡིད་བཞིན་ནོར་བུ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་བསམ ་བསྒོམ་པར་བྱེད་པ་སྟེ་རིན་པོ་ཆེ་ཡིད་སྦྱིན་ནོ། །རལ་གྲི་ཞེས་བྱ་བ་ནི་ནོར་བུ་རིན་པོ་ཆེ་ལ་སོགས་པས་བརྒྱན་པའི་ཡུ་བཅན་གྱི་རལ་གྲི་སྔོན་པོ་རབ་ཏུ་འབར་བའོ། །འདིས་ནི་འདིའི་འཁོར་ལོ་སྒྱུར་བ་དྲུག་གི་རང་བཞིན་དུ་བསྟན་པའོ། །འདི་ནི་དཀྱིལ་འཁོར་བ་གཞན་རྣམས་དང། རྒྱུའི་རྡོ་རྗེ་འཆང ་ལ་ཡང་ཇི་ལྟར་སྲིད་པར་རྟོགས་པར་བྱའོ། །དེས་ན་དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་བསྒོམ་པར་བྱ་བ་ཡིན་ནོ། །བཅོམ་ལྡན་འདས་འདིས་ཅི་ཞིག་བྱ་ཞེ་ན་བརྗོད་པ་འདི་ནི་ཞེས་བྱ་བ་བཅོམ་ལྡན་འདས་མི་བསྐྱོད་པ་ནི་སྙིང་ག་ནས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་ཐུགས་ཀྱི་རང་བཞིན་བུད་མེད་ཀྱི་པདྨའི་ནང་དུ་བབས་པའི་བྱང་ཆུབ་ཀྱི་སེམས་ལས་བཛྲ་དྷྲིཀ་གི་སྔགས་ཀྱིས་བསྐྱེད་པ་བྱུང་ནས་ཏེ། བཏོག་ནས་ཕྱོགས་བཅུར་རྣམ་པར་གཟིགས་མཛད་དེ་ཞེས་བྱ་བ་ཕྱོགས་བཅུ་ན་རྣམ་པར་གནས་པའི་སེམས་ཅན་ཀུན་ལ་ལྷའི་སྤྱན་གྱིས ་གཟིགས་ནས། འབར་བ་དང་འཚེར་བ་ལ་སོགས་པ་སངས་རྒྱས་ཀྱི་ཆོ་འཕྲུལ་མ་ལུས་པ་ཡང་མཛད་ཅིང་དེ་རྣམས་ཀྱི་བསམ་པ་ཅི་ལྟ་བ་བཞིན་ཆོས་ཀྱི་འཁོར་ལོ་ཡང་བསྐོར་བས་ཞེ་སྡང་རྡོ་རྗེའི་གནས་པ་སྟེ། ཞེ་སྡང་ཆེན་པོའི་ཉོན་མོངས་བས་ཉོན་མོངS་པཱི་?་ནད་དག་ཀྱང་རྣམ ་བར་སྦྱངས་ཤིང་ཞེ་སྡང་རྣམ་བར་བྱས་ནས་སླར་བྱོན་ནས། རྡོ་རྗེ་མགོན་པོ་སྟེ། རྡོ་རྗེ་སེམས་དཔའ་ཨི་རང་བཞིན་ཅན་གྱི་བསྒྲུབ་པ་པོའི་སྤྱན་སྔར་འདུག་ནས་སོ། །ཕྱི་ནས་སྒྲུབ་པ་པོས་ཅི་ཞིག་བྱ?་ན་བརྗོད་པ་སྔགས་པས་དེ་ན་ཞེས་བྱ་བ་ལ་སོགས་པ་སྟེ། མདུན་ན་འདུག་པ་སྟེ། བདག་ཉིད ་ཀྱི་སྙིང་གར་བཅུ་གནས་བསྒོམ་པར་བྱའོ། །སྔར་གྱིས་གཟུགས་ནི་ཞེས་བྱ་བ་ལ་སོགས་པའོ། སྔར་གྱི་རྡོ་རྗེ་འཆང་གི་རྣམ་པ་མདོག་དཀར་པོ་ཡོངས་སུ་གྱུར་པ་སྟེ། ཡོངས་སུ་སྤངས་ནས་ཞེ་སྡང་རྡོ་རྗེའི་གནས་ལ་སྟེ། མི་བསྐྱོད་པའི་རང་བཞིན་ལ་གཞུགས་པར་གྱུར་བ་ན། བདག་ཉིད་ཨིནྡྲ ་ནཱི་ལ་ལྟ་བུ་ནག་པོ་འབར་བ་སྟེ། བ་སྤུའི་བུ་གནས་བྱུང་བའི་འོད་ཟེར་རྣམས་ཀྱིས་སྐུ་རྣམ་པར་འཚེར་བར་རོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པ་ཞེས་བྱ་བ་ནི། སྣ་ཚོགས་པདྨའི་ནང་ན་གནས་པའི་ཡི་གེ་ཧཱུཾ་སྔོ་དམར་ལས་སྐྱེས་པའི་ཉི་མའི་ཡི་གེ་ཧཱུཾ་སྔོན ་པོའི་རང་བཞིན་ཅན་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ལ་གནས་པའི་ཉི་མའི་སྟེང?་ན་གནས་པའོ། །རང་གི་ཕྱག་རྒྱ་སྟེ་རེག་རྡོ་རྗེ་མས་འཁྱུད་པ་སྟེ། མགུལ་པ་ནས་ཉེ་བར་འཁྱུད་པའོ། །རྒྱན་རྣམ་ཀུན་གྱི་སྟེ། ནོར་བུ་དང་མུ་ཏིག་ལ་སོགས་པས་རྣམ་པར་སྤྲས་པའི་ཅོད་པ་ན་དང་སྐ་རགས་ལ་སོགས ་པས་བརྒྱན་ཅིང། དྲག་པོ་ལ་སོགས་པའི་རང་བཞིན་གྱི་ཞལ་གསུམ་གྱི་རྣམ་པར་མཛེས་པ་བསྒོམ་པར་བྱའོ་ཞེས་སྔ་མ་དང་འབྲེལ་ཏོ། །དེ་དེ་ལྟར་ཞེ་སྡང་རྡོ་རྗེའི་ཏིང་འཛིན་ལ། གནས་པས་དཀྱིལ་འཁོར་རྣམ་པར་སྤྲོ། དཀྱིལ་འཁོར་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ ་འཁོར་བ་ཐམས་ཅད་དོ། །ཇི་ལྟར་སྤྲོ་ཞེ་ན་གསུངས་པ་ནི་ཛིན་ཛིག་ཅེས་བྱ་བ་ལ་སོགས་པའོ། །འཛིན་འཛིག་སྔགས་ལས་བྱུང་བ་ཞེས་བྱ་བ་ནི། བུད་མེད་གྱི་པདྨའི་ནང་དུ་ལྷུང་བའི་བྱང་ཆུབ་ཀྱི་སེམས་ལས་སྐྱེས་པའི་ཛིན་ཛིག་གི་སྔགས་དཀར་པོའོ། །དེ་ནས་དེ་ལས་སྐྱེས་པའི ་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ། དེའི་ལྟེ་བའི་དབུས་སུ་ནི་སྔགས་ཁ་དོག་དཀར་པོ་དེ་ཉིད་ནི་མཚན་མ་དང་ལྡན་པའི་སྔགས་དེ་ཉིད་ཀྱིས་བསྐྱེད་པས་ན། ཛིན་ཛིག་སྔགས་ལས་ཕྱུང་བའི་དེ་བཞིན་དུ་དཀྱིལ་འཁོར་བ་གཞན་རྣམས་དང་སྔར་བརྗོད་པའི་ཞེ་སྡང་རྡོ་རྗེ་ལ་ཡང། བདག་ཉིད ་ཅི་ལྟ་བ་དང་ཁ་དོག་ཅི་ལྟ་བའི་མཚན་མ་དང་ས་བོན་དམིགས་ནས་བསྐྱེད་བར་བྱ་བ་ཡིན་པར་རིག་པར་བྱའོ། །དཀར་དང་དམར་དང་ནག་པའི་ཞལ། ཞེས་བྱ་བ་ནི་གཙོ་བོ་དཀར་བ་དང་གཡས་ནག་པ་གཡོན་དམར་བའོ། །འཁོར་ལོ་ཞེས་བྱ་བ་ལ་སོགས་པ། པདྨ་མ་རྟོགས་པ་མཚན་མ་ལྔ ་པོ་འདི་དག་གི་མདོག་དང་རང་བཞིན་ནི་སྔ་མ་ཁོན་བཞིན་ནོ། །འདོད་ཆགས་ནི་གཏི་མུག་གི་ཕྱོགས་ཅིག་ཡིན་པའི་ཕྱིར་ན། འདི་དག་ནི་དོན་དམ་བར་དེའི་བདག་ཉིད་ཡིན་ནོ་ཞེས་བྱ་བ་བསྟན་པའི་ཕྱིར་པདྨ་འདབ་མ་བརྒྱད་པ་གཟུགས་དཀར་པོ་ཉིད་ཡིན་ནོ། །ཐུགས་ཀ་ནས་ཞེས་བྱ་བ་ནི་སྔ་མ ་བཞིན་ནོ། །ཤར་ཕྱོགས་ཀྱི་ཟླ་བར་ཞེས་བྱ་བ་ནི་སྣ་ཚོགས་འདབ་མ་ནི་པདྨ་ལ་གནས་པའི་ཡི་གེ་ཨོཾ་དཀར་པོས་བསྐྱེད་པའི་ཟླ་བའི་ཨོཾ་ཡིག་དཀར་པོས་བསྐྱེད་པའི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ཟླ་བའི་དཀྱིལ་འཁོར་ཀྱིས་རྣམ་པར་བརྒྱན་པའོ། །བཞུགས་ཞེས་བྱ་བ་ནི ་རྣམ་བར་སྣང་མཛད་དོ་ཞེས་རིག་པར་བྱའོ། །དེ་ལྟར་རྣམ་པར་སྣང་མཛད་སྤྲོ་བ་བརྗོད་པ་ཡིན་ལ་མི་བསྐྱོད་པའི་སྔར་བརྗོད་ཟིན་ཏེ། ད་ནི་རིན་ཆེན་འབྱུང་ལྡན་གྱི་བརྗོད་པའི་དོན་དུ་གསུངས་པ་ནི། རཏན་དྷྲིག་ཅེས་གསུངས་པ་སྟེ། རྟོགས་པར་སླའོ་སེར་དང་ཞེས་བྱ་བ་ལ་སོགས་ལ་རྩ་བའི ་ཞལ་ནི་སེར་བ་གཡས་ནག་པ་གཡོན་དཀར་བའོ། །འདི་ཡང་མཚན་མ་ལྔ་པོའི་མདོག་དང་རང་བཞིན་ནི་སྔ་མ་བཞིན་ནོ། །འདོད་ཆགས་དང་སེར་སྣ་དག་ཙམ་གྱི་ནི་དེའི་བདག་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་པདྨ་མདོག་སེར་པོ་ཡིན་ནོ། །སྙིང་ག་ལས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། ་རིན་ཆེན་དབུས་སུ་ཞེས་བྱ་བ་ནི། སྣ་ཚོགས་པདྨའི་ལྟེ་བའི་ཡི་གེ་ཨོཾ་དཀར་པོ་ལས་ཡོངས་སུ་གྱུར་པའི་ཟླ་བ་ལ་གནས་པའི་ཡི་གེ་སྭཱ་སེར་པོས་བསྐྱེད་བའི་རིན་པོ་ཆེའི་དབུས་ན་གནས་པའི་ཟླ་བ་ལའོ། །གཞུགས་པར་བྱ་ཞེས་བྱ་བ་ལ། རིན་ཆེན་འབྱུང་ལྡན་ཞེས་ཁོང་ནས་དབྱུང་ངོ། །ད་ནི ་མི་བསྐྱོད་པའི་སྤྲོ་བ་བསྟན་པའི་ཕྱིར་གསུངས་བ་ནི་ཨ་རོ་ལིག་སྔགས་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པའོ། །པདྨ་ར་གའི་འོད་ཅེས་བྱ་བ་ནི་མདོག་དམར་པའོ། །དམར་དང་ནག་དང་དཀར་བའི་ཞེས་བྱ་བ་ནི། རྩ་བ་དང་གཡས་པ་དང་གཡོན་རྣམས་ཏེ་གཞན་ནི་གོ་སླའོ།། ་མཚན་མ་ལྔ་པོའི་མདོག་དང་རང་བཞིན་ནི་སྔ་མ་བཞིན་ནོ། །པདྨ་ནི་གཙོ་བོ་ཡི་མདོག་ཅན་ནོ། །སྔ་མ་བཞིན་ཞེས་བྱ་བ་ལ་སོགས་ནི་ཐུགས་ཀ་ནས་བྱུང་སྟེ། སྤྲོ་བ་དང་བསྡུ་བ་བྱས་ནས་སོ། །པདྨར་ཞེས་བྱ་བ་ནི་སྣ་ཚོགས་པདྨའི་ནང་དུ་ཨོཾ་ཡིག་དཀར་པོ་བསྐྱེད་པའི་ཟླ་བ་ལ་གནས་པའི་ཨ་ཡིག་དམར་པོ་ལས ་ཡོངས་སུ་གྱུར་པའི་པདྨ་དམར་པོ་འདབ་མ་བརྒྱད་ཀྱི་དབུས་ན་གནས་པའི་ཟླ་བའི་དཀྱིལ་འཁོར་ལའོ། །བཞུགས་པར་བྱ་ཞེས་བྱ་བ་འདིར་ཡང་འོད་དཔག་མེད་ཅེས་ཁོང་ནས་དབྱུང་བར་བྱའོ། །དེའི་རྗེས་ལ་དོན་ཡོད་གྲུབ་པའི་སྤྲོ་པ་བརྗོད་བའི་དོན་དུ་གསུངས་པ་ནི་པྲཛྙཱ་དྷྲིག ་ཅེས་བྱ་བ་ལ་སོགས་པ་སྟེ། རྟོགས་སླའོ། །ལྗང་དང་ཞེས་བྱ་བ་རྩ་བའི་ཞལ་ནི་ལྗང་གུ་གཡས་ནག་པ་གཡོན་དཀར་བའོ། །རལ་གྲི་ཞེས་བྱ་བ་ལ། འདིར་ཡང་མཚན་མ་ལྔ་པོ་རྣམས་ཀྱིས་མདོག་དང་རང་བཞིན་སྔ་མ་བཞིན་ནོ། །འདོད་ཆགས་དང་ཕྲག་དོག་དག་སེམS ་ཙམ་ཉིད་ཀྱིས་དེའི་བདག་ཉིད་དུ་མངོན་བར་བཞེད་ན་པདྨ་ལྗང་གུ་ཉིད་དོ། །སྣ་ཚོགས་རྡོ་རྗེ་ཞེས་བྱ་བ་ནི་སྣ་ཚོགས་པདྨའི་སྟེང་དུ་ཡི་གེ་ཨོཾ་དཀར་པོ་ལས་ཡོངས་སུ་གྱུར་བའི་ཟླ་བ་ལ་གནས་པའི་ཡི་གེ་ཧ་སྔོན་པོ་ལས་སྐྱེས་པའི་སྣ་ཚོགས་པའི་ལྟེ་བ་ལ་གནས་པའི་ཟླ་བ་ལའོ་བཞུགས་བྱ་བ ་འདིར་ཡང་དོན་ཡོད་པ་ཞེས་རྟོགས་པར་བྱའོ། །དེ་བཞིན་གཤེགས་པ་ལྔ་པོ་འདི་དག་བསྒོམ་པའི་དགོས་པ་གསུངས་པ་ནི་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཡང་རྟོགས་པར་སླའོ། །ད་ནི་ལྷ་མོ་བཞི་པོ་རྣམས་ཀྱི་སྤྲོ་བ་གསུངས་པ་ནི། མོ་ཧ་ར་ཏི་སྔགས་ཞེས་བྱ་བ་ནས་བརྩམས་ནས ་ཞི་བ་ནས་བཞུགས་པར་བྱ་བའི་མཐར་ཐུག་པ་སྟེ། འདི་ནི་དེ་བཞིན་གཤེགས་པ་བཞི་པོ་སྤྲོས་པ་བཞིན་བཤད་པར་བྱའོ། །སྒྲོལ་མའི་མཚན་མ་ལ་ཨུཏ་བ་ལའི་སྒྲས་ནི་པདྨ་དམར་པོ་བརྗོད་པ་ཡིན་ཏེ། འདོད་ཆགས་ཀྱི་ཡུལ་ཉིད་དུ་བསྟན་པའི་དོན་དུའོ། །གཞན་སྤྱན་མ་ལ ་སོགས་པ་རྣམས་ལ་ནི་ཕྲག་དོག་གི་ཡུལ་ཉིད་དུ་བསྟན་པའི་དོན་དུ་ཨུཏ་པ་ལ་ཡིན་པས་ན་སྔ་མ་ལས་ཁྱད་པར་རོ། །དེ་ལྟར་འདི་ཐམས་ཅད་ཀྱིས་ནང་རིམ་གྱི་ལྷ་རྣམས་ཀྱི་སྤྲོ་བ་བརྗོད་པ་ཡིན་ནོ། །རིམ་པ་གཉིས་པའི་ལྷ་རྣམས་ཀྱི་སྤྲོ་བ་གསུངS་ནི། །རིམ་པ་གཉིས་པར་ཞེས་བྱ ་བ་ལ་སོགས་པའོ། །གང་གི་གནས་གང་ཡིན་ཞེ་ན། བརྗོད་པ་ནི་རྡོ་རྗེ་གཟུགས་མ་ཡིད་འོང་ནི། ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་གཟུགས་མ་ནི་དཀར་མོ། སྣ་ཚོགས་པདྨ་ཅན་གྱི་པདྨའི་སྟེང་གི་ཨོཾ་དཀར་པོ་ལས་ཡོངས་སུ་གྱུར་བའི་ཟླ་བ་ལ་གནས་པའི་ས་བོན་དཀར་པོ་ཡི་གེ ་གསུམ་དུ་གྲགས་པས་བསྐྱེད་པའི་མེ་ལོང་དཀར་པོ། །ས་བོན་ཀྱི་སྙིང་པོ་ཅན་ལས་ཡོངས་སུ་གྱུར་པའི་སྟེ། ཕྱག་དྲུག་རྣམ་པར་སྣང་མཛད་ཀྱིས་མཚན་པའོ། །རྩ་བའི་ཕྱག་གཉིས་ཀྱིས་མེ་ལོང་བཟུང་བ། གཡོན་དང་གཡས་དང་དབུས་ན་གནས་པའི་ཞལ། སྔོ་བ་དང་དམར་བ་དང ་དཀར་བའོ། །གཞན་མཚན་མ་དང་གདན་དང་བྱ་བ་ནི་གཏི་མུག་དགའ་མ་དང་འདྲའོ། །བུད་མེད་ཀྱི་པདྨའི་ནང་དུ་བསྐྱེད་ནས་མེའི་ཕྱོགས་བཞག་པར་བྱའོ་ཞེས་བྱ་བ་ནི་ལྟ་བུར་བྱ་བའི་དོན་ཏོ། །དེ་བཞིན་དུ་ལྷ་མོ་གཞན་གསུམ་པོ་ཡང་སྒྲ་དང་དྲི་དང་རོ་རྡོ་རྗེ་མ་རྣམས་ཀྱང། ཨོཾ་དཀར་པོ་ཡོངས་སུ་གྱུར་བའི་ཟླ་བ ་ལ་གནས་པའི་སེར་བ་དང་དམར་བ་སྔོ་བའི་ཡི་གེ་གསུམ་ལས་བྱུང་བ་།པི་མ་དང་དུང་ཆོས་དང་རོའི་བསྣོད་སེར་པོ་དང་དམར་པོ་དང་སྔོན་པོ། །ས་བོན་གྱི་སྙིང་པོ་ཅན་རྣམས་ལས་ཡོངས་སུ་གྱུར་པ་རྣམས་ནི། རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པས་མཛེས་པར་བྱས་པ་རང ་རང་གི་བདག་པོ་དང་འདྲ་བའི་ཞལ་དང་ལྡན་པ། རྩ་བའི་ཕྱག་རྣམས་ཀྱིས་བརྗོད་མ་ཐག་པའི་མཚན་མ་འཛིན་ཅིང་མཚན་མ་དང་ལྡན་དང་བྱ་བ་གཞན་ནི། མཱ་མ་ཀཱི་དང་གོས་དཀར་དང་ཏར་རྣམས་འདྲ་བ་སྟེ་བདེན་བྲལ་དང་རླུང་ལྷ་དང་དབང་ལྡན་གྱི་ཕྱོགས་རྣམས་སུ་དགོད་པར་བྱ་བ་ཡིན་ནོ་ཞེས་བསྟན ་པའི་ཕྱིར་གསུངས་པ་ནི་རྡོ་རྗེ་སྒྲོལ་མ་ཞེས་བྱ་བ་ནས་བརྩམས་ནས། ལྷག་མ་སྒྲོལ་མ་ཇི་བཞིན་ནོ་ཞེས་བྱ་བའི་མཐར་ཐུག་པ་སྟེ། འདི་ཐམས་ཅད་ནི་གོ་སླའོ། །བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་གྲུབ་པ་རེག་བྱ་རྡོ་རྗེ་མའི་རང་བཞིན་གསུངས་པ་ནི་རྡོ་རྗེ་སེམས་དཔའ་དང་འཁྱུད་ཅིང་ཞེས་བྱ་བ ་པ་སོགས་པ་སྟེ། ཚིགས་སུ་བཅད་པ་འདི་ཡང་གོ་བར་སླའོ། །རིམ་གཉིས་པའི་ལྷ་གཞན་ཀྱང་བསྟན་པའི་ཕྱིར་གསུངས་པ་ནི་རིམ་པ་གཉིས་པའི་ཤར་ཕྱོགས་ཀྱི་ཞེས་བྱ་བ་ལ་སོགས་པ་ནས་གཟུང་སྟེ། བྱང་གི་ཕྱོགས་སུ་སྤྲོ་བར་བྱ་བའི་མཐར་ཐུག་སྟེ་གོ་བར་སླའོ། །བྱང་ཆུབ་སེམས་དཔའ་ ་བརྒྱད་པོ་སྣ་ཚོགས་པའི་པདྨའི་ལྟེ་བར་གནས་པའི་ཟླ་བའི་དཀྱིལ་འཁོར་དུ་རང་གི་ས་བོན་དང་མཚན་མ་ཡོངས་སུ་གྱུར་བ་ལས་སྐྱེས་པ་འདི་རྣམས་ཀྱི་སྦྲོ་བ་ནི་སྔ་མ་བཞིན་རྟོགས་པར་བྱའོ། ཞེས་བྱ་བ་ནི་ཉེ་བར་བསྟན་པ་ཡིན་ནོ། །ད་ནི་བརྗོད་མ་ཐག་པའི་བྱང་ཆུབ་སེམས་དཔའ་བརྒྱད་པོ ་རྣམས་ཀྱི་རང་བཞིན་ལ་སོགས་པ་སྟོན་པར་བྱེད་པས། འདི་དག་དབུར་རྒྱན་རང་མགོན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱམས་པ་དང་སའི་སྙིང་པོ་དག་གི་དབུར་རྒྱན་ནི་རྣམ་པར་སྣང་མཛད་དོ། །ཕྱག་ན་རྡོ་རྗེ་དང་ནམ་མཁའ་ཨི་སྙིང་པོ་དག་ནི་རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ཅན་ནོ། །འཇིག་རྟེན་དབང ་ཕྱུག་དང་འཇམ་པའི་དབྱངས་ཀྱི་ནི་མགོན་པོ་འོད་དཔག་ཏུ་མེད་པའོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ཀུན་ཏུ་བཟང་པོ་དག་ནི་བདག་པོ་ནི་དོན་ཡོད་པ་ཡིན་ནོ་ཞེས་བྱ་བའོ། །མདོག་སོགས་ནི་ཞེས་བྱ་བ་ནི་མདོག་དཀར་པོ་ལ་སོགས་པ་དང། ཞལ་གསུམ ་པ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་གནས་པའི་འཁོར་ལོ་ལ་སོགས་པ་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པ་དང་འདྲའོ། །དེ་བཞིན་དུ་ཕྱག་དྲུག་པོ་རྣམས་དང་རྡོ་རྗེ་ལ་སོགས་པའི་མཚན་མ་རྣམས་ཀྱང་རྣམ་པར་སྣང་མཛད་ལ་སོགས་པ་དེ་རྣམས་ཉིད་དང་འདྲ་བ་ཡིན་ནོ།། ་བྱམས་པའི་མཚན་མ་ལ་ཁྱད་པར་གསུངས་པ་ནི་བྱམས་པ་འབའ་ཞིག་ཅེས་བྱ་བ་ལ་སོགས་པས་སོ། །འདི་དག་བསྒོམས་པས་སྒྲུབ་པ་པོ་དང་གཞན་རྣམས་ལ་ཅི་ཞིག་བྱེད་སྙམ་ན་གསུངས་པ་ནི་ལྷའི་མིག་སོགས་རྩོལ་མཛད་པ་ཞེས་བྱ་བ་ལ་སོགས་པས། སྒྲུབ་པ་པོ་ཡི་མིག་ལ་སོགས ་པའི་རྣམ་པར་དག་པ་བསྒོམས་པ་རྣམས་ཀྱིས་ནི་མིག་ལ་སོགས་པ་རྣམས་རྣམ་པར་སྦྱོང་བར་བྱེད་ལ་དེ་བཞིན་དུ་སེམས་ཅན་གཞན་ཁམས་གསུམ་ན། གནས་པ་རྣམས་ཀྱི་མིག་ལ་སོགས་པ་ཡང་རྫུ་འཕྲུལ་གྱིས་རྣམ་པར་སྦྱོང་བར་བྱེད་དོ། །ཞེས་བྱ་བ་འདི་དགོངས་པས་སོ། །གདན ་རྣམས་ལ་ནི་བཞུགས་པར་བྱ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་གདན་སྔར་བརྗོད་པའི་འཁོར་ལོ་ལ་སོགས་པ་རྣམས་ལའོ། །དེ་ལྟར་ན་རེ་ཞིག་བྱང་ཆུབ་སེམས་དཔའ་བརྒྱད་ཀ་ཡང་སྤྲོ་བ་ཡིན་ནོ། །ད་ནི་བགེགས་བསད་པའི་དོན་དུ་ཁྲོ་བོ་བཅུ་པོ་རྣམས་ཀྱི་སྤྲོ་བ་གསུངS ་པ་ནི། ཡ་མན་ཏ་ཀྲིཏ་ཅེས་བྱ་བ་ལ་སོགས་པའོ། །འདིའི་སྤྲོ་བ་ནི་རྣམ་པར་སྣང་མཛད་སྤྲོ་བ་བཞིན་ཏེ། པདྨའི་ནང་དུ་སྔོན་པོ་ཡ་མན་ཏ་ཀྲིཏ་ཅེས་བྱ་བ་དེ་ལས་གྲུབ་པ་ཡིན་པར་རིག་པར་བྱའོ། །ནག་དང་དམར་དང་དཀར་བའི་ཞལ། ཞེས་བྱ་བ་ལ་རྩ་བའི་ཞལ་ནག་པ། གཡོན་པ་དམར་བ་གཡས ་པ་དཀར་བ་སྟེ། སོ་སོར་སྤྱན་གསུམ་དང་ལྡན་པའོ། །འདི་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་ཡང་ཐུགས་ཀྱི་དབང་པོའི་རང་བཞིན་བསན་ནག་པ་ཉིད་དོ། །དབྱུག་པ་ཞེས་བྱ་བ་ནི་དབྱུག་པ་དཀར་པོ་རྡོ་རྗེས་མཚན་པའོ། །འཁོར་ལོ་དང་རྡོ་རྗེ་ནི་སྔར་བརྗོད་པའི་མདོག་དང་རང་བཞིན་ཅན་ནོ།། ་ཐུགས་ཀར་ནི་སྡིགས་མཛུབ་ཞགས་པ་ཞེས་བྱ་བ་ནི་སྙིང་གའི་སྡིགས་མཛུབ་དང་ལྷན་ཅིག་པའི་རྡོ་རྗེའི་རང་བཞིན་གྱི་ཞགས་པ་ནག་པོ་ཐོགས་པའོ། །དགྲ་སྟ་ཞེས་བྱ་བ་ནི་རྡོ་རྗེས་མཚན་མ་རྡོ་རྗེའི་རང་བཞིན་གྱི་དགྲ་སྟ་ནག་པོའོ། །མི་བཟད་ཅེས་བྱ་བ་ལ་སོགས་པས་ནི་བྱ་བ་བརྗོད་པའོ། །བསྒྲུབ་པ ་པོ་རྡོ་རྗེ་སེམས་དཔའ་ཨི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཏིང་ངེ་འཛིན་ཉམས་པར་བྱེད་པ་གང་དག་ཡིན་པ་བརྒྱ་བྱིན་ལ་སོགས་འཁོར་དང་བཅས་པ་དེ་དག་སྲིག་པར་མཛད་ཅིང་རྒྱད་སྲིད་བར་བྱེད་པ་ཡིན་ནོ། །ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ལྟར་བྱས་ནས་མི་ཞིག་བྱེད་ལྟ?་ཡིན། ་པདྨ་ཉི་མ་ལ་ཞེས་བྱ་བ་ན་གསུངས་སོ། །འདབ་མ་སྣ་ཚོགས་ཅན་གྱི་པདྨའི་སྟེང་དུ་རང་ཉིད་ཀྱི་ས་བོན་གྱིས་བསྐྱེད་པའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཡི་གེ་ཧཱུཾ་སྔོ་ནག་ནི་ས་བོན་ལས་བསྐྱེད་པའི་ཉི?་མའི་དཀྱིལ་འཁོར་ལ་གཡོན་བརྐྱང་བའི་གནས་པས་བཞུགས? ་པ་ཞེས་བྱ་བ་ནི་མན་ངག་གི་དོན་ཏོ། །པདམཱནྟ་ཀྲིཏ་ཅེས་བྱ་བ་ལ་སོགས་པས་ནི་གཉིས་པོ་སྤྲོ་བ་གསུངས་བའོ། །འདིའི་སྤྲོ་བ་ནི་པྲཛྙཱ་ཏ་ཀྲིཏ་ཅེས་བྱ་བ་དཀར་པོར་གྱུར་པ་སྔགས་དེ་ལས། རིན་ཆེན་འབྱུང་ལྡན་སྤྲོ་བ་བཞིན་སྤྲོ་བར་རིག་པར་བྱའོ། །དཀར་དང་ཞེས་བྱ་བ་ལ་སོགས་པའོ་རྩ་བའི ་ཞལ་ནི་དཀར་བ་གཡས་ནག་པ་གཡོན་དམར་པོའོ། །རིན་ཆེན་འབྱུང་ལྡན་གྱི་རང་བཞིན་འདི་དཀར་བ་ཉིད་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །མཚན་མ་རྣམས་ཀྱི་རང་བཞིན་དང་མདོག་ནི་སྔ་མ་བཞིན་རིག་པར་བྱའོ། །པདྨ་ཉི་མ་ལ་གནས་ཞེས་བྱ་བ་ནི་སྣ་ཚོགས་པདྨའི་ལྟེ་བར་རང ་གི་ས་བོན་ཉིད་ཀྱིས་བསྐྱེད་པའི་ཡིད་བཞིན་གྱི་ནོར་བུ་སེར་བོའི་དབུས་ཀྱི་ཡི་གེ་ཧཱུཾ་སྔར་བརྗོད་བའི་རང་བཞིན་ལས་སྐྱེས་བའི་ཉི་མ་གཡོན་བརྐྱང་བའི་ཞབས་ནས་མནན་ནས་གནས་པ་ཞེས་བྱ་བའི་དོན་ཏོ། །ད་ནི་གསུམ་པའི་སྤྲོ་བ་གསུངས་པ་ནི། པདམཱནྟ་ཀྲིད་ཅེས་བྱ་བ་ལ་སོགས་པའོ།། ་འདིའི་སྤྲོ་བ་ནི་འོད་དཔག་མེད་ཀྱི་སྤྲོ་བ་བཞིན་རིག་པར་བྱའོ། ཞལ་ནི་དམར་དང་ཞེས་བྱ་བ་ལ་སོགས་པ་ལ་ཞལ་དང་པོ་ནི་དམར་བ་གཡས་ནག་པ་གཡོན་དཀར་བའོ། །གཏུན་ཤིང་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་རྡོ་རྗེའི་རང་བཞིན་ནོ། །མཚན་མ་གཞན་རྣམས་ཀྱི་མདོག་དང ་རང་བཞིན་ནི་སྔ་མ་བཞིན་རིག་པར་བྱའོ། །པདྨ་ཉི་མ་ལ་བཞུགས་ཤིང་ཞེས་བྱ་བ་ནི་འདིར་ཡང་སྣ་ཚོགས་པའི་ལྟེ་བར་རང་གི་ས་བོན་ཉིས་ཀྱིས་བསྐྱེད་པའི་པདྨ་དམར་པོའི་དབུས་ཀྱི་སྔ་མའི་རང་བཞིན་ཅན་གྱི་ཡི་གེ་ཧཱུཾ་གིས་བསྐྱེད་པའི་ཉི་མའི་དཀྱིལ་འཁོར་ལ། བཅོཾ ་ལྡན་ནས་གཡོན་བརྒྱད་བས་བཞུགས་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ད་ནི་བཞི་པ་སྤྲོ་བར་གསུངས་པ་ནི། བིགྷྣནྟ་ཀྲིཏ་ཅེས་བྱ་བ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་སྟེ། འདིའི་སྤྲོ་བ་ཡང་དོན་ཡོད་གྲུབ་པ་སྤྲོ་བཞིན་རིག་པར་བྱའོ། ཞལ་ནི་སྔོ་དང་ཞེས་བྱ་བ་ལ་སོགས་པ་ལ། ་ཞལ་དང་པོ་ནི་སྔོ་བ་གཡོན་དམར་བ་གཡས་དཀར་པའོ། །པདྨ་ཉི་མ་ལ་ཞེས་བྱ་བ་ནི་སྣ་ཚོགས་པདྨའི་དབུས་སུ་རང་གི་ས་བོན་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཡི་གེ་ཧཱུཾ་སྔར་བརྗོད་པའི་རང་བཞིན་ཅན་ལས་སྐྱེས་པའི་ཉི་མ་ལ་གཡོན་བརྐྱང་བས་བཞུགས་པ་ཞེས་བྱ་བའི་དོན ་ཏོ། །དེ་བཞིན་དུ་ཁྲོ་པོའི་རྒྱལ་པོ་གཞན་དྲུག་པོ་རྣམས་ལ་ཡང་སྔ་མའི་ཚུལ་ཁོ་ན་བཞིན་རང་གི་བདག་པོ་ཅི་ལྟ་བའི་མཚན་མས་སྐྱེད་པ་དང། མཚམས་རྣམས་སུ་གནས་པར་རིག་པར་བྱའོ། །ཞེས་བསྟན་པའི་དོན་དུ་གསུངས་པ་ནི་རང་གི་གསང་སྔགས་ལས་བྱུང་བའི་ཞེས་བྱ་བ་ལ་སོགས ་པའོ། །རང་གི་སྔགས་ནི་ཡི་གེ་ཧཱུཾ་སྟེ། དེ་བཞིན་དུ་གཞན་ལ་ཡང་རྟོགས་པར་བྱའོ། །འདི་རྣམས་ཐམས་ཅད་ཀྱི་མདོག་ནི་ནག་པོ་ཁོ་ན་ཡིན་ནོ། །གཞན་ནི་གོ་བར་སླའོ། དེ་ལྟར་རེ་ཞིག་དཀྱིལ་འཁོར་བ་རྣམས་ཐམས་ཅད་ཀྱི་སྤྲོ་བ་རྫོགས་པ་ཡིན་ནོ། །ཕྱིས་བསྒྲུབ་པ་ཅི་ཞིག་བྱ་སྙམ་ན་གསུངས ་པ་ནི། ལྷ་ནི་སུམ་ཅུ་གཉིས་རང་བཞིན། ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཡང་གོ་བར། ཕྲ་མོའི་རྣལ་འབྱོར་འདི་ཡང་གང་ཡིན་སྙམ་ན་གསུངས་པ་ནི། སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་ཏེ། ཤེས་རབ་ཀྱི་པདྨའི་སྣ་རྩེར་ཡུངས་ཀར་ཞེས་བྱ་བ་ཡུངས་འབྲུའི་ཚད་ཙམ་གྱི་ཚད། །བྱང་ཆུབ་ཀྱི ་སེམས་སྤྲུལ་པ་ལས་སྐྱེས་པ། རྡོ་རྗེ་ལ་སོགས་པའི་ཁོང་པ་དེར་རྟེན་དང་བརྟེན་པར་བཅད་པའི་དཀྱིལ་འཁོར་བསྒོམས་ཞེས་བྱ་བར་འབྲེལ་ཏོ། །དེ་ཡང་ཡེ་ཤེས་ཀྱི་གནས་ཡིན་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བཞི་ཡིན་ཏེ། སེམས་བསྟན་པ་ལ་དེ་འདྲ་བའི་མངོན་དུ་འགྱུར ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡིད་དུ་འོང་བ་ཡིན་ནོ། །གསང་བ་ནི་སྔ?་བར་བྱ་བ་ཡིན་པའི་ཕྱིར་རོ། །ཡེ་ཤེས་རྟགས་རྣམས་ཡེ་ཤེས་དང་མཚུངས་པར་བསྒོམ་པར་བྱའོ།། །།ཡང་ན་མཚན་མ་ཅམ?་བསྒོམ་པར་བྱའོ་ཞེས་སྟོན་པས་གསུངས་པ་ནི་རིན ་ཆེན་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །རིན་ཆེན་ཆེན་པོ་དེ་ནི་རིན་ཐང་ཆེ་བའི་ཕྱིར་རོ། །མདོག་ལྔ་པ་ནི་རིགས་ལྔ་ལས་བྱུང་བ་རྡོ་རྗེ་ལ་སོགས་པའི་མཚན་མའོ། །ཡུངས་ཀར་སྦོམ་པོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །རྣལ་འབྱོར་གྱིས་ནི་ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་གྱིས་སོ།། ་རྟག་ཏུ་ནི་ཉིན་དང་མཚན་ཏུའོ། །བསྒོམ་པ་ལ་རག་ལས་པའི་སེམས་བརྟན་པ་ཉིད་བསྐྱེད་པའི་ཕྱིར་སྤྲོ་བར་བྱའོ་ཞེས་སྟོན་པས་གསུངས་པ་ནི། རིན་ཆེན་བརྟན་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རིན་ཆེན་ནི་རྡོ་རྗེ་ལ་སོགས་པའི་མཚན་མའོ། །བརྟན་པ་ནི་བསྒོམ་པ་གཡོ་བ་མེད་པ་ཉིད་དུ ་ངེས་པར་རིག་ནས་སྤྲོ་བར་བྱ་སྟེ། སེམས་ཅན་གྱི་དོན་བྱེད་པན་རང་བཞིན་གཅིག་ཏུ་བྱའོ། །གང་གི་ཚེ?་བསྒོམ་པ་མ་བརྟན་པར་རིག་པ་དེའི་ཚེ་ནི་སྤྲོ་བར་མི་བྱ་བ་ཁོ་ན་སྟེ་དངོས་པོ་མེད་པའི་ཕྱིར་སྤྲོས་པའི་འབྲས་བུ་ཡང་དགོས་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་ལས་འཕྲོས་པ་བརྟན་པར་བྱས་པS ་ན་ཕྱག་རྒྱ་ཆེན་པོའི་རང་བཞིན་ཡང་འགྱུར་བ་ཡིན་ནོ། །ཕྱོགས་དང་པོ་ལ་ནི་དེའི་ཁོ་ན་གནས་པ་དང་གཉིས་པ་ལ་དེ་ལས་འཐོན་པ་སྤྲོ་བར་བྱའོ། །ཞེས་གསུངས་པ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་འབར་བ་དང་མཚུངས་པའི་ཞེས་བྱ་བ་ལ་སངས་རྒྱས ་རྣཾས?་ཀྱི་འབར་བ་ནི་དཀར་པོ་ལ་སོགས་པའི་མདོག་གོ། དེ་དག་དང་མཉམ་ཞིང་མཚུངས་པའི་དོན་དམ་པ་མདངས་དགའ་བ་དག་ལ་ཡོད་པ་དེ་རྣམས་ཏེ། དཀར་པོ་ལ་སོགས་པ་མདོག་དང་བཅས་པ་ཞེས་བྱ་བའི་དོན་ཏོ་རབ་མཆོག་སྤྲིན་རྣམས་ཞེས་བྱ་བ་ནི་ཕུལ་དུ་བྱུང་བའི་སངས་རྒྱས ་ཀྱི་ཆོ་གས་རྣམས་སོ། །ད་ནི་རྡོ་རྗེ་སློབ་དཔོན་བཟླས་པ་བྱའོ་ཞེས་བྱ་བ་གསུངས་པ་ནི། སློབ་མོ་ཟ་ཞིང་ཞེས་བྱ་བ་ལ་སོགས་ཏེ། སློངས་མོ་ཟ་བའི་ངང་ཚུལ་གྱིས་སོ། །མི་ཟླ་སྟེ་ཞེས་བྱ་བ་ནི་རབ་ཏུ་སྨྲ་བར་མི་བྱའོ། །སློངས་མོ་ཟ་བ་ཉེ་བར་མཚན་པའི་དོན་ཏེ། ཡོངས་སུ་ཚོལ་བ་ལ་སོགས ་དམན་པར་འཇུག་པ་གཞན་དག་དང་ལྡན་པས་ཀྱང་བཟླ་བར་མི་བྱའོ། །ཞེས་བྱ་བ་ཡིན་ནོ། །སློབ་ད?་དགའ་བར་ཡང་མི་བྱ་ཞེས་བྱ་བ་ལ་སློང་བ་ཞེས་བྱ་བ་ནི་ཟས་ཉེ་བར་མཚོན་པ་སྟེ། སློང་བ་ལ་དགའ་བ་ཁ་ཟས་ལ་དགའ་བ་ཡང་མི་བྱའོ། །ཅི་ཙམ་གྱིས་ལུས ་བརྟན་པར་འབྱུང་བ་དེ་ཙམ་གྱིས་ཆོ་ག་ཤེས་པས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྤྱོད་པར་བྱའོ། །དེ་ལྟ་བུར་གྱུར་པའི་སྤྱོད་པ་ལ་གནས་པས་ཅི་ཞིག་བྱ་སྙམ་པ་གསུངས་པ་ནི། འདོད་པ་ཀུན་གྱི་ཞེས་བྱ་བ་ནས་ཕ་ལ་སོགས་པའོ། །སྔགས་པས་འདོད་པ་ཀུན་ལ་སྤྱོད་པར་བྱེད ་པས་སྔགས་དེ་ཡི་གེ་གསུམ། ལུས་ཐ་མི་དད་པ་སྟེ། ལྷའི་རྣལ་འབྱོར་དང་ཐ་དད་པ་མེད་པས་བཟླས་པ་བྱའོ། །འདི་ནི་དོན་ནི་འདི་ཡིན་ཏེ། རང་གི་སྙིང་ག་ན་གནས་པའི་མི་ཤིགས་པ་བསྒོམ་པར་བྱའོ། །བརྟན་པར་བྱས་ནས་དེ་ལ་ཡི་གེ་མདོག་དམར་པོར་གནས་པའི་སྔགས་གང ་ཡིན་པའི་རྣམ་པར་བསྒོམ་ནས། འཇུག་པའི་རླུང་དང། གཅིག་ཏུ་འདྲེས་པར་ཨུར་པ་འཇུག་པ་དང། ཡི་གེ་ཨོཾ་དཀར་པོ་དེ་བཞིན་གཤེགས་པའི་ཚོགས་སྤྲོ་བར་བྱེད་པ་བལྟས་ནས། འབྱུང་བའི་རླུང་གིས་ཕྱིར་འབྱུང་བ་དང། ཡི་གེ་ཧཱུཾ་ནག་པོ་ཡི་གེ་ཨོཾ་གྱིས་སྤྲོས་པའི ་སངས་རྒྱས་བྱེད་རྣམས་བསྡུས་པར་བྱེད་པ་དང། སངས་རྒྱས་དེ་དག་གནས་པར་བྱེད་པའི་ཡི་གེ་ཨཱ་ཡང་བསྒོམ་པར་བྱའོ། །འདི་ནི་གཡས་དང་གཡོན་དང་སྟེང་དང་འོག་དང་རྒྱུ་བའི་དཀྱིལ་འཁོར་བཞི་པོ་རྣམས་ཀྱི་རང་བཞིན། གོ་རིམས་ཇི་ལྟ་བ་བཞིན་གོས་དཀར་དང་སྒྲོལ་མ ་དང་མཱ་མ་ཀཱི་དང་རེག་བྱ་རྡོ་རྗེ་མ་རྣམ་ཀྱི་རང་བཞིན་ཡིན་པའི་ཕྱིར། གོས་དཀར་མོ་ལ་སོགས་པའི་བཟླས་པ་ཡིན་ནོ། །ད་ནི་དག་གི་བཟླས་པའི་དོན་དུ་ཁ་སྦྱར་བྱ་བ་གསུངས་པ་ནི། རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་སྤྲོ་བའི་ལྷ་རྣམས་ཀྱི་ལུས་སོ། །བརྗོད་ནས་ཞེས་བྱ་བ་ནི་གནས་ནས ་བཟླས་བསླང་ནས་གནས་སོ། །སྤྲོ་བར་བྱ་སྟེ་ཞེས་བྱ་བ་ནི། ཕུང་པོའི་ལས་ལ་སོགས་པའི་རང་བཞིན་གྱི་བདག་ཉིད་ལ་གཞག་པར་བྱའོ། །རྫོགས་པ་ན་ཏེ་ཁ་སྦྱོར་བྱེད་པའི་བྱ་བ་མཐར་ཕྱིན་པ་ན་ནི། བསྡུ་བར་བྱ་སྟེ། ཏིང་འཛིན་སེམས་དཔའ་བཞུགས་པར་བྱ་བ་ཞེས་བྱ་བ་བསྒྲུབ་པའོ། ། ་དེ་ནས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ནོ། སྙམ་པ་ང་རྒྱལ་དང་ལྡན་པས། མྱུར་བ་དང་བུལ་པ་ལ་སོགས་པ་དང་ཉེས་བ་དང་ཚིག་གིས་ཡི་གེ་གསུམ་བརྗོད་པར་བྱའོ། །གང་གི་ཚེ་བཟླས་པ་བྱས་ནས་རྫོགས་པ་དེའི་ཚེ་ན་དཀྱིལ་འཁོར་བ་རྣམས་གནས་ཇི་ལྟ་བ་བཞིན་དགོས་པར ་བྱའོ། །ཞེས་བྱ་བ་ནི་མན་ངག་ཡིན་ནོ། །འདི་ཐམས་ཅད་ནས་བྱ་བར་འོས་པ་གཞན་གང་ཡིན་པ་དེ་ཁོ་ན་བས་གསུངས་པ་ནི་རྣལ་འབྱོར་ཕྲ་བའམ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་ཉིད་དུ་བཞུགས་པར་བྱ་ཞེས་བྱ་བ་ནི། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པས་བྱང་ཆུབ་ཀྱི་སེམས་ཀྱི་གནས་སྐབS ་སུ་བྱའོ། །དེ་ལྟར་འོད་གསལ་བར་ཞུགས་པའི་རྗེ་བཙུན་མ་མཐོང་ནས་སྤྱན་མ་ལ་སོགས་ལྷ་མོ་རྣམས་སྐུལ་བར་བྱེད་པ་ནི་དཀྱིལ་འཁོར་ལ་གནས་ཞེས་བྱ་བ་ལ་སོགས་པ་སྟེ། རྟོགས་སླའོ། །ཚིགས་སུ་བཅད་པ་བཞི་པོ་དེ་བསྡམས་ན། རྡོ་རྗེ་ཐུགས་ཁྱོད་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། ་རྡོ་རྗེ་ཐུགས་ནི་སེམས་ལ་དབང་ཐོབ་པའོ། །ཁྱོད་ཅེས་བྱ་བ་ནི་མདུན་ན་གནས་པ་ལྟ་བུར་བསམས་ནས་མངོན་པར་བརྗོད་པའོ། །ཁམས་གསུམ་པའི་ཆོས་ཀྱིས་རྒྱལ་སྲིད་ཐོབ་པའི་ཕྱིར་ན་སའི་དབང་ཕྱུག་གོ་།སེམས་ཅན་དབྱིངས་ནི་འབྱུང་བོ་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ།། ་དགའ་བ་ནི་རྩེ་དྲོད་དོ། །དེ་ཡིད་དུ་འོང་བའི་ཚིམ་པ་བསྐྱེད་པ་ཡིན་པའི་ཕྱིར་རོ། །དོན་ཆེན་ནི་མཆོག་དགའ་གོ་།དེ་འདོད་ཅིང་སྐྱེད་པར་བྱེད་པས་ན་དོན་ཆེན་འདོད་པའོ། །རྣམ་པ་དེ་ལྟ་བུའི་དགའ་བ་ཡིད་ཡོད་དོན་ཆེན་འདོད་པ་སྟེ། འཁྱུད་པ་ལ་སོགས་པ་རྣམས་ཀྱིས་བདག་ལ་སྐྱབས་ཏེ། དགའ་ ་བ་མཛོད་ཅིག་པའོ། །མགོན་པོ་ནི་ཇོ་བོ་རོ་སེམས་ཅན་ཐམས་ཅད་པའི་རྒྱུ་ཡིན་པས་ན་བསྐྱེད་བྱེད་དོ། །སེམས་ཅན་རྣམས་ལ་ཕན་པ་དང། བདེ་བ་བྱེད་པས་ན། གཉེན་ཆེན་མཆོག་གོ། བདག་ནི་སྟེ་ཁོ་མོ་སོན་པར་བཞེད་ན་དེའི་ཆེ་བདག་ལ་རོལ་ཏེ་འདོད་པར་མཛོད་ཅིག་པའོ། །འདི་ནི་སྦྱན་མས ་བསྐུལ་བའོ། །དེའི་དེ་མ་ཐག་ཏུ་མཱ་མ་ཀཱི་ས་བསྐུལ་བ་བསྟན་པའི་དོན་ཏུ་གསུངས་པ་ནི། མི་འཇིགས་པའི་སྐུ་མངའ་བས་ན་རྡོ་རྗེའི་སྐུའོ། །ཁྱོད་ནི་སྔ་མ་བཞིན་ནོ། །སེམས་ཅན་མ་དགའ་ཞེས་བྱ་བ་ནི་དགའ་བ་བསྐྱེད་པའི་ཕྱིར་རོ། །བཀའ་འཁོར་ལོ་ཞེས་བྱ་བ་ནི་བཀའ་ཨི་འཁོར་ལོ་བསྐོར་བའི་དང ་ཚུལ་ན་ཡིན་པའི་ཕྱིར་རོ། །སངས་རྒྱས་དོན་དུ་བྱང་ཆུབ་མཐར་ཐུག་ཕྱིར་དོན་སྟོན། །ཞེས་བྱ་བ་ལ་སངས་རྒྱས་ཀྱི་ཕུང་པ་ལྔའོ། །དེ་རྣམས་ཀྱི་དོན་དུ་ཀུན་རྫོབ་ཀྱི་བདེན་པའོ། །བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །དེ་གཉིས་ཀ་མཐར་ཐུག་ཡིན་ཏེ། ཡང་བདག ་པའི་སྦྱོར་པས་བསྐྱེད་པའི་སྐུའོ། །ཐེག་པ་གསུམ་གྱི་སེམས་ཅན་རྣམས་ལ་ཕན་པའི་བསམ་པས་སྟོན་པས་ན་ཕན་དོན་སྟོན་ནོ། །མགོན་པོ་གལ་ཏེ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཆགས་པ་སྟེ་ཆགས་པའི་རྣམ་པར་དག་པཱི་རྣཾ་པS། འདོད་ཆགས་དམ་ཚིགས་ཏེ། འདོད་ཆགས་ལ ་སྤྱོད་པ་བདག་ལ་དགྱེས་རོལ་ཏེ་འདོད་པ་མཛོད་ཅིག་པའོ། །ལྷག་མ་རྣམ་པར་བཀྲལ་ཟིན་ཏོ། །ད་ནི་གོས་དཀར་མོས་སྐུལ་བ་ནི་རྡོ་རྗེ་གསུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ་།རྡོ་རྗེ་གསུང་ནི་གསུང་གི་དབང་ཕྱུང་ཐོབ་པའི་ཕྱིར་རོ། །ཁྱོད་ཅེས་བྱ་བ་ནི་སྔ་མ་བཞིན་ནོ།། ་ཐམས་ཅད་ལ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་སོ། །ཕན?་རྗེས་བརྩེ་ནས་ཞེས་བྱ་བ་ནི་ཤིན་ཏུ་བརྩེ་པའི་བདག་ཉིད་ཅན་ནོ། །དེ་ཉིད་ཕྱིར་ཚངས་པའི་གནས་གཞིས་སེམས་ཅན་རྣམས་ཀྱི་དོན་བྱ་བ་ལ་རྟག་ཏུ་སྟེ། དུས་ཐམས་ཅད་དུ་ཡང་དག་པར་འཇུག་པ་ཡིན་ནོ།། ་རབ་དགྱེས་དཔྱོད་མངའ་སྟེ་རབ་ཏུ་དགྱེས་པའི་སྤྱོད་པས་སོ། །ཀུན་ནས་སེམས་ཅན་གྱི་ཁམས་ལ་བཟང་ཞིང་དགེ་བ་བསྐྱེད་པར་བྱེད་པས་ན་ཀུན་བཟང་ངོ། །བདག་ལ་དགྱེས་རོལ་ཞེས་བྱ་བ་ནི་བདག་ལ་རྟེན་གཅིག་པའོ། །ད་ནི་སྒྲོལ་མའི་བསྐུལ་བ་གསུངས་པ་ནི། རྡོ ་རྗེ་འདོད་ཁྱོད་ཅེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་དང་པདྨ་ཡང་དག་པར་ལྡན་པས་སྤྲོས་པའི་དཀྱིལ་འཁོར་པའི་ལྷ་རྣཾས་ཀྱིས་ཞེ་སྡང་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་རྣམ་པར་སྤྱོད་པའི་ཕྱིར་རྡོ་རྗེ་འདོད་པ་སྟེ། མངོན་པར་འདོད་པའི་དོན་ཐུགས་ཆེན་པོ ་སྒྲུབ་པར་བྱེད་པ་ཁྱོད་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །ལས་ཀྱི་རིགས་ཀྱི་བདག་པོ་ཡིན་པའི་ཕྱིར་དམ་ཚིག་མཆོག་གོ། འདོད་ཆགས་ལ་དཔྱོད་པའི་སེམས་ཅན་རྣམས་ལ་འདོད་ཆགས་རྣམ་པར་དག་པའི་ཐབས་ཀྱིས་ཐར་པ་སྟེར་པས་ན། ཕན་ཆེན་དོན་ནོ། ཤཱཀྱའི་རིགས་སུ་སྐྱེ་བ ་རྣམས་ཀྱིས་ཐིག་ལེར?་གྱུར་པས་རྫོགས་སངས་རིགས་ཀྱི་ཐིག་ལེའོ། །ཡང་ན་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་འགྲོ་པའི་དོན་བྱེད་པའི་ཕྱིར་རྫོགས་སངས་རིགས་ཀྱི་ཐིག་ལེའོ། །རང་དང་གཞན་གྱི་རྣམ་པར་དབྱེ་བའི་དམིགས་པ་བྲལ་པ་ཡིན་ཡང་སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བའི་ཕྱིར་ན། ་མཉམ་ཉིད་རྗེས་བརྩེ་ཅན་ནོ། །མགོན་པོ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །གང་གི་ཕྱིར་ཆགས་དང་ཆགས་བྲལ་དང་བར་མའི་ཆགས་བྲལ་དང་འོད་གསལ་བའི་ཡེ་ཤེས་སྐྱེད་པར་བྱེད་པ་ནི་ཁོ་མོ་ཡིན་ནོ་ཞེས་བར་དུ་བསགས་པ་བྱེད་པའི། ཡོན་ཏན་གཏེར?་བཅུ?་? ་ཞེས?་བྱ་བ་ལ་སོགས་པའོ། །དེ་ལྟར་ཚངས་པའི་གནས་བཞིའི་རང་བཞིན་རྣམས་ཀྱིས་བསྐུལ་བ་ནི་སྔོན་གྱི་སྨོན་ལམ་གྱི་རྒྱུན?་གྱིས་མཐུས་སྟོང་པ་ཉིད་ཀྱི་རྣལ་འབྱོར་ལམ་བཞེངས་ནས་དེ་?་པ་ཐམས་ཅད་དག་ཏུ་དགྱེས་པའི་མཛད་པས་ཆམ་པར་མཚད་པར་གྱུར་ཏེ་ཞེས་བྱ་བ་ནི་མན ་བའོ?། །དེ་རྣམས?་ཀྱིས་བཞིངས་སུ་གསོལ་བའི་མགོན་པོ་ལ་དེ་བཞིན་གཤེགས་པ་རྣམས་དང་སྟོང་པར་བྱེད་དོ་ཞེས་བསྟོད?་པས་གསུངས་པ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ་རྟོགས་པར་སླའོ། །དེ་ལ་དང་པོ་མི་སྐྱེད་པའི་རང་བཞིན་དུ་སྟོད་པ་ནི། མི་བསྐྱེད་ཅས?་ཕྱག?་སོགས་པའོ ་?་མཛེས?་པའི་ཆོ་གས་ཐམས་ཅད་མི་གཡོ་པས་ན་མི་བསྐྱོད་པའོ། །རྡོ་རྗེ་སྟེ་ཐུགས་གང་ལ་དེ་ཡོད་པ་དེ་ལ་བོད་པའོ། །སྟོང་པ་བཞིའི་བདག་ཉིད་ཡིན་པའི་ཕྱིར། ཡེ་ཤེས་ཆེན་པོ་ཡིན་ནོ་།རྡོ་རྗེ་ནི་མི་བསྐྱོད་པ་ལ་སོགས་པའོ། །དེ་དག་འཛིན་པས་རྡོ་རྗེ་འཛིན་པར་དབྱིངས་སོ། དབེན? ་པ་གཉིས་ཁྱད་པར་དུ་ཡོངས་སུ་ཤེས་པས་ན། ཁམས་ཆེན་པོའོ། །དོན་དམ་པའི་དཀྱིལ་འཁོར་དང་ལུས་ཀྱི་དཀྱིལ་འཁོར་དང་སྤྲོས་པའི་དཀྱིལ་འཁོར་གསུམ་གྱི་རང་བཞིན་ཡིན་པའི་ཕྱིར་འཁོར་གསུམ་མོ། །སྐུ་རྡོ་རྗེ་ལ་སོགས་པ་གསུམ་གྱི་ངོ་བོ་ཡིན་པའི་ཕྱིར་རྡོ་རྗེ་གསུམ་གྱི་མཆོག་གོ། ་རྡོ་རྗེ་སྒྲོག་ཞེས་བྱ་བ་ནི་ཁོ་བོ་དག་ལ་དམ་ཚིག་གི་དེ་ཁོ་ན་ཤོད་ཅིག་པའོ། །འདི་མི་བསྐྱོད་པའི་སྒོ་ནས་བསྟོད་པའོ། །ད་ནི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་བསྟོད་པ་གསུངས་པ་ནི། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པའོ། །རྣམ་པར་སྣང་བར་བྱེད་ཅིང་འོད་གསལ་གྱི་མེས་བསལ ་པར་བྱེད་པས་ན་རྣམ་པར་སྣང་མཛད་དོ། །དེ་ཉིད་ཀྱི་ཕྱིར་བདག་པོ་ཆེན་པོའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། དེ་དག་རྣམ་པར་དག་པའི་རང་བཞིན་ཡིན་པས་དྲུག་པ་ཡིན་པའི་ཞི་བའོ། །མཆོག་དག་གི་བདག་ཉིད་ཡིན་ཕྱིར། དགྱེས་པ་ཆེའོ། །དང་བཞིན ་འོད་གསལ་ཆོས་རྣམས་ནི། རྡོ་རྗེ་སྟོན་ཁྱོད་ལ་ཕྱག་འཚལ། ཞེས་བྱ་བ་ལ་རང་བཞིན་གྱིས་འོད་གསལ་བ་སྟེ་ངོ་བོ་ཉིད་ཀྱི་དག་པའི་ཆོས་རྣམས། ཀྱེ་རྡོ་རྗེ་ཞེས་བོས་ནས་རྟོག་ཅེས་བྱ་བ་ནི་རྟོག་གཅིག་པའོ། །ད་ནི་རིན་ཆེན་འགྱུར་ལྡན་གྱི་སྒོ་ནས་བསྟོད་པ་གསུངས་པ་ནི། རིན་ཆེན་རྒྱལ ་པོ་ཞེས་བྱ་བ་ལ་སོགས་པའོ། །རིན་ཆེན་ནི་རིན་ཆེན་ཆེའི་རིགས་ཏེ། དེ་དག་མཛེས་པར་བྱེད་མིགས་ལ། གསལ་བར་བྱེད་པས་ན་རིན་ཆེན་རྒྱལ་པོའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་ཤིན་ཏུ་ཟབ་པའོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་ནམ་མཁའ་དྲི་མ་མེད་པ་ཡིན་ནོ།། ་གདོད་མ་ནས་དག་པའི་ཕྱིར་ངོ་བོ་ཉིད་དག་གོ་།ཆོས་ཐམས་ཅད་དང་མ་འདྲེས་པའི་ཕྱིར་གོས་པ་མེད་དོ། །རྡོ་རྗེ་སྒྲོག་ཁྱོད་ལ་ཕྱག་འཚལ། ཞེས་བྱ་བ་ནི་གསལ་བསྟོན་ཅིང་ཤོག་ཅིག་པའོ། །དེ་ནས་འོད་དཔག་མེད་ཀྱི་སྒོ་ནས་སྟོད་པ་གསུངས་པ་ནི་རྡོ་རྗེ་དཔག་མེད་ཅེས་བྱ་བ་ལ་སོགས ་བའོ། །རྡོ་རྗེ་དཔག་མེད་ནི་པདྨའི་རིགས་ཏེ། དེ་དག་གི་བདག་པོ་ཡིན་པས་ན་རྒྱལ་པོ་ཆེན་པོའོ། །སོ་སོར་རྟོགས་པའི་བདག་ཉིད་ཡིན་པའི་ཕྱིར་མི་རྟོགས་པའོ། །དེ་ཉིད་ཀྱི་ཕྱིར་ནམ་མཁའ་རྡོ་རྗེ་འཛིན་ཡིན་ནོ། །འདོད་ཆགས་ནི་འཁོར་བ་ལ་ཆགས་པའི་མཚན་ཉིད་དོ། །དེའི་ཕ་རོལ་ནི་མུ་སྟེ ་དེར་ཕྱིན་པ་གཉེས་པའོ། །རྡོ་རྗེ་གསུང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དོན་ཡོད་གྲུབ་པའི་སྒོ་ནས་སྟོད་པ་གསུངས་པ་ནི། དོན་ཡོད་ཅེས་བྱ་བ་ལ་སོགས་པའོ། །དོན་དང་བཅས་པའི་ཡེ་ཤེས་གཙོར་གྱུར་པ་ཡིན་པའི་ཕྱིར་དོན་ཡོད་རྡོ་རྗེ་སྡེ། དོན་ཡོད་པའི་རིགས་རྣམས་སོ། །རྫོགས་སངས་རྒྱས ་ནི་རིགས་དེ་རྣམས་ཀྱི་མདུན་དུ་བྱས་པའོ། །ཞིབ་ལ་སོགས་པའི་ལས་རྣམས་ཀྱི་སྒྲུབ་པ་པོའི་སྐྱེ་བོ་རྣམས་ཀྱི་བསམ་པ་རྫོགས་པར་བྱེད་པས་ན། འདོད་པ་ཐམས་ཅད་ཡོང་སྐོར་མཛད་དོ། །དག་པའི་ངོ་བོ་ལས་བྱུང་བའོ། །དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་ཁྱོད་ལ་འདུད་ཅེས་དོན་ཡོད ་པའི་སྒོ་ནས་སྟོད་པའོ། །ད་ནི་ཉེ་བར་བསྡུ་བ་གསུངས་པ་ནི་སངས་རྒྱས་ཀྱིས་བསྟོད་ཅེས་བྱ་བ་ལ་སོགས་པའོ། །དེ་ནས་ཏེ་དེ་མ་ཐག་ཏུ་འགོན་པོ་གཅིག་བུ་བཞུགས་པར་གྱུར་ཅེས་འབྲེལ་ཏོ། །ཅི་ཞིག་ནས་མཉམ་ན་གསུངས་པའི་ཕྱིར་ནི། བྱེད་བར་གྱུར་པའི་སངས་རྒྱས་རྣམས་ཀིས་བདག་ཉིད་ལ ་བསྟོད་ནས་སོ། །སངས་རྒྱས་ཉེ་བར་མཚོན་པའི་དོན་ཏོ། །ལྷ་མོ་རྣམས་ངོ་བོ་ཞེས་རིག་པར་བྱའོ། །འཁོར་ལོ་ཞེས་བྱ་བ་ནི་ལྷ་མོའི་འཁོར་ལོའོ། །སྔར་གྱི་ཚུལ་དད་མཉེས་མཛད་དོ། །ཞེས་བྱ་བ་རྗེས་སུ་ཆགས་པར་བྱ་ཞིང་དེ་རྣམས་ལ་མཆོག་ཏུ་གསང་བ་ཇི་ལྟ་བ་བཞིན་དུ་བཤད་ནས་རང་གི་ལུས ་ཀྱི་འཁོར་ལོར་དཀྱིལ་འཁོར་བའི་འཁོར་ལོ་རྣམས་ཕུང་པོ་ལ་སོགས་པའི་འཁོར་ལོ་རྣམས། ཕུང་པོ་ལ་སོགས་པའི་རང་བཞིན་གྱིས་བསྡུས་ནས་བཞུགས་པར་གྱུར་བ་ཡིན་ནོ། །བསྡུས་པའི་རིམ་པ་དང། རྡོ་རྗེ་བཟླས་པའི་རིམ་པ་ནི་སྔར་བསྟན་ཏེ། བདེ་བ་ཆེན་པོ་ནི་སེམས་ཀྱི་རང་བཞིན ་ཡིན་པའི་ཕྱིར་དེ་ལྟ་ན་བདེ་བ་ཆེན་པ་ཅིག་པུ་བཞུགས་པར་འགྱུར་ཞེས་བྱ་བའི་སྒྲ་འདིར་སེམས་རྣམ་པར་དག་པའི་རིམ་པ་ཟུར?་གྱིས་སྟོན་པ་ཡིན་ནོ། །དེ་ནས་དང་བྱིན་གྱིས་བརླབ་པའི་རིམ་པ་གསུམ་བསྟན་པའི་དོན་གསུངས་པ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཞེས ་བྱ་བ་བརྗོད་མ་ཐག་པའི་ཚུལ་གྱིས་རྣལ་འབྱོར་བཞིའི་ཚུལ་གྱིས་རྣལ་འབྱོར་བཞི་བྱེད་དེ། རྣལ་འབྱོར་བཞི་སྒྲུབ་པར་བྱེད་པའི་རྣལ་འབྱོར་པ་སྟེ་སྒྲུབ་པ་པོས། བརྟན་པ་དང་རྒྱུ་བར་གྱུར་པའི་འཇིག་རྟེན་ཧཱུཾ་ཡིག་སྙིང་པོ་ཅན་ཞེས་བྱ་བ་ཡི་ཀེ་ཧཱུཾ་གི་སྙིང་པོ་དེ་སྒྱུར་གྱུར་པ་འདི་ལ་ཡོད་པS ་ན?་ཧཱུཾ་ཡིག་སྙིང་བོ་ཅན་ནོ། །བསམས་ནས་ཞེས་བྱ་བ་ལ་སྙིང་གར་ཞེས་བྱ་བ་ནི་ཁོང་ནས་དབྱུང་བར་བྱ་བའོ། །ད་འགྲོ་བ་དེ་དག་ཀྱང་དེས་བསྐྱེད་རྡོ་རྗེ་སེམས་དཔར་ཞེས་བྱ་བ་ཡི་གེ་ཧཱུཾ་དེས་རྡོ་རྗེ་སེམས་པའི་རང་བཞིན་དུ་ཡོངས་སུ་གྱུར་པར་བལྟས་ནས། བདག་ཉིད་ཀྱང་འོད་གསལ་ལས་ཡུད ་ཙམ་གྱིས་ལ་ངས་ནས། ངེས?་བློས་ཞེས་བྱ་བ་ལ་བརྗོད་མ་ཐག་པའི་རང་བཞིན་གྱིས་དྲན་པ་དང་ཤེས་བཞིན་ལྡན་པར་རོ། །ཇི་བཞིན་ཞེས་བྱ་བ་ནི། ཉེ་བར་བསྟན་པ་ཇི་བཞིན་དུ། སྤྱོད་ལམ་རྣམ་པ་བཞི་པོ་རྣམ་པར་རྒྱུ་བར་བྱའོ། །འདིར་དོན་ནི་འདི་ལྟར་དགོངས་པ་ཡིན་ཏེ་རྣལ་འབྱོར་ ་རྣམ་པ་བཞི་དང་ལྡན་པའི་རྣལ་འབྱོར་པས། སྙིང་ག་ན་གནས་པའི་འཇིག་རྟེན་ལ། ཡི་གེ་ཧཱུཾ་ནི་ས་བོན་ལས་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་དུ་ཡོངས་སུ་གྱུར་པ་བལྟས་ཏེ། བདག་ཉིད་ཀྱང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་ལངས་པར་རྟོག་པར་བྱས་ནས་བར་ཆད་མེད ་པར་དེའི་ཡིད་ཀྱི་གནས་པར་བྱའོ། །ཞེས་གནས་པར་བྱའོ། །རྣལ་འབྱོར་གཞན་གྱིས་སྐབས་འཆའ་བ་གསུངས་པ་ནི། སྔགས་པ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ཇི་ལྟར་བསྒོམ་སྙམ་ན་གསུངས་པ་ནི། མཐོ་གང་ཙམ་ནི་ཞེས་བྱ་བ་ལ་སོགས་པའོ། །ཡི་གེ་བྷྲུཾ་མདོག་དཀར་པོ་རྣཾ ་པར་བསམས་ནས་དེ་ལས་ཡོངས་སུ་གྱུར་པས་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་དབུས་སུ་ཡི་གེ་ཨོཾ་དཀར་པོ་བལྟས་ཏེ། དེ་ལས་བདུད་རྩི་འབབ་པར་སྒོམ་པར་བྱའོ། །ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་ཏོ། །རྡོ་རྗེ་སྦྱོར་བ་འདི་ཡིས་ནི་ཞེས་བྱ་བ་ལ་སོགས་པས་ནི་ཕན ་ཡོན་བརྗོད་པ་སྟེ། དེ་ཡང་གོ་བར་སླའོ། །ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག་བསྟན་པའི་ཕྱིར་གསུངས་པ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །སྦྱར་བ་ལ་སོགས་པ་ཇི་ལྟར་བྱ་སྙམ་ན། ཡི་གེ་ཧཱུཾ་གིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡི་གེ་ཧཱུཾ་ཞེས་བྱ་བ་ནི་ཧཱུཾ་ལས་ཡོངས་སུ་གྱུར་པའི ་རྡོ་རྗེས་སོ། །སྦྱང་བྱ་ཞིང་ཞེ་ན་ནི། ?་མ་དང་སྤྲོ་ས་མ་དག་གིས་དག་པར་བྱས་བའོ། ། ཡིག་གིས་ནི་ཞེས་བྱ་བ་ནི་ཨ་ཡིག་ལས་ཡོངས་སུ་གྱུར་པའི་པདྨའི་སྣོད་ཅེས་པར་གྱུར་པས་སང་བར་བྱས་ཏེ། པདྨ་སྣོད་དུ་ཆུང་པ་ཟན་ལ་སོགས་པ་རྣམས་སྔོན་གྱི་དམ་ཚིག་རྗེས་སུ ་རྟོགས་པར་བྱའོ། །ཞེས་བྱ་བའི་དོན་ཏེ་ཇི་ལྟར་ཡང་བར་བྱ་ཞེས་ན། དེའི་ཕྱིར་བརྗོད་པ་ནི། ཨོཾ་གྱིས་མནན་ནས་ཞེས་བྱ་བ་ལ་སོགས་པའོ། །ཡི་གེ་ཨོཾ་གྱིས་མནན་པ་ཞེས་བྱ་བ་ངེས་མཚན་པའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། ནམ་མཁའ་ལ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའི་རྡོ་རྗེ་དེའི་འོག ་ཏུ་ཡི་གེ་ཨ་ལས་ཡོངས་སུ་གྱུར་པའི་བདེ་སྣོད། །དེའི་དབུས་སུ་ནི་ཡི་གེ་ཨོཾ་གྱིས་མཚན་པའི་དམ་ཚིག་གི་རྫས་རྣམས། རྡོ་རྗེ་དང་པདྨ་སྤྲད་པ་ལས་མེ་འབར་ཏེ། དེས་རྫས་རྣམ་པར་སྤྲོས་ཏེ་བཙོས་པས་ཞུ་བར་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཡང ་དག་པར་སྟོན་པར་བྱེད་པའི་ཡེ་ཤེས་ཀྱིས་ཉི་མའི་འོད་ཟེར་གྱི་ཡེ་ཤེས་ཀྱི་ས་བོན་ལ་དེའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་དྲེངས?་ནས་དངོས་པོར་རྣམས་དང་ལྷན་ཅིག་གཅིག་ཏུ་བྱས་ནས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ནས། ཞེས་བྱ་བ་ནི་ཁ? ་ཟས་ཡོངས་སུ་སྦྱང་བའོ། །མགྲིན་པ་སྦྱངས་བ་གསུངས་པ་ནི། དུང་ཞེས་བྱ་བ་ནི་ཡི་གེ་ཨོཾ་དཀར་པོ་ལས་ཡོངས་སུ་གྱུར་པའི་དུང་དཀའ་པོའོ། །ཧྲི་ཡིག་ལས་བྱུང་བ་ཞེས་བྱ་བ་ནི་ཧྲི:དམར་པོ་ལས་བྱུང་བའོ། །པདྨ་ནི་པདྨ་དམར་པོའོ། །ཡི་གེ་ཧཱུཾ་ནི་ནག་པོའོ། །རྡོ་རྗེ་རྩེ?་ནི་རྡོ་རྗེ་རྩེ་ལྔ་པ་མདོག་སྔོན ་པོའོ། །མ་ཡིག་ནི་མདོག་དམར་པོ་སྟེ། མགྲིན་པ་སྐྱོང་བའོ། །ལྷ་རྣམས་མཆིམ་པར་བྱེད་པ་གསུངས་པ་ནི། སྙིང་གར་འབྲུག་སྒྲ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །འབྲུག་སྒྲ་ཞེས་བྱ་བ་ནི་འབྲུག་སྒྲའི་སྒྲ་དང་ཆོས་མཐུན་པའི་ཕྱིར་ཏེ། ཡི་གེ་ཧཱུཾ་མེ་ལྕེ་གཅིག་གསུམ་དང་ལྡན ་པའོ། །སྒོམ་པའི་ཡི་གེ་ཧཱུཾ་དེ་ལས་མེ་ལྕེ་འབར་བར་བྱའོ། །དེར་ནི་ཁ་ཟས་སྦྱིན་སྲེག་བྱ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡི་གེ་ཧཱུཾ་དེར་ཁ་ཟས་དེ་ཡོངས་སུ་སྦྱར་བའི་དམ་ཚིག་རྫས་རྣམས་སྦྱིན་སྲེག་བྱ་སྟེ། བསྲེག་བླུགས་བྱའོ། །དེ་ལྟར་གྱུར་ན་ལུས་ཀྱི ་དཀྱིལ་འཁོར་པའི་ལྷ་རྣམས་ཡང་དག་པར་ཚིམ་པར་བྱས་པར་གྱུར་ཏེ། གང་གི་ཕྱིར་འདི་ནི་ནང་གི་སྦྱིན་སྲེག་ཡིན་པ་དེའི་ཕྱིར་རོ། །ད་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ལྟེ་བ་དང་མགྲིན་པ་དང་སྙིང་ག་དང། བསང་བ་ན་གནས་པ། རླུང་དང་མེ་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་རྣམས ་ཀྱི་བྱ་བ་གསུངས་པ་ནི། རླུང་གིས་ཞེས་བྱ་བ་ལ་སོགས་པ་སྟེ་རླུང་ནི་རླུང་གི་དཀྱིལ་འཁོར་ཏེ། ངེས་མེ་དེ་མེའི་དཀྱིལ་འཁོར་ཡང་བར་བྱ་ཞིང་མེའི་དཀྱིལ་འཁོར་དེ་འཆེད་པར་བྱའོ། །འཆེད་པར་བྱེད་པ་ནི་སྐེམས་པར་བྱེད་བའོ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཞེས་བྱ་བ་ནི་སའི ་དཀྱིལ་འཁོར་རོ། །གནས་ནི་གཞི་སྟེ་དེ་ཉིད་ཀྱི་ཕྱིར་གང་རུ་བསྲེག་རྫས་ཞུགས་གྱུར་པ་ཞེས་གསུངས་སོ། །བཟའ་བ་དང་ལྟུང་བ་ཇི་སྙེད་ཞུགས་གྱུར་པ་ཞེས་བྱ་བ་ནི་བཟའ་བ་དང་ལྟུང་བ་ཞུགས་པ་དེ་དག་ཐམས་ཅད་འཇུ་བ་ཡིན་ནོ། །གང་གིས་སྙམ་པ་ལ་བརྗོད་པ་ནི་ཆུ་ཡིས་ཡིན་ཞེས་བྱ་བ་སྟེ། ་སྲུལ་བར་བྱེད་པའི་ཆུས་རུལ་བར་བྱས་པ་ན་དེ་དག་འཇུག་པའི་ཕྱིར་ཞེས་དགོངས་པའོ། །སྒྲུབ་པ་པོས་གདོན་མི་ཟ་བར་བྱ་བའི་ལས་གསུངས་པ་ནི་ཁའི་པདྨའི་ཞེས་བྱ་བ་ལ་སོགས་པའོ། །ཁ་སྦྱོར་བྱེད་པའི་སྦྱོར་བ་ཡིས་ཞེས་བྱ་བ་ནི་བཤད་ལམ་གྱི་པདྨ ་བཙུམ་པ་སྔོན་དུ་བཏང་བས་འོག་དང་སྟེང་གི་རླུང་བཀག་པས་སོ། །དེའི་དེ་མ་ཐག་ཏུ་བཤད་ལམ་པད་མ་ནས་ཏེ། བཤད་ལམ་གྱི་སྒོ་ནས་བྱུང་སྟེ་ཞེས་བྱ་བའི་ཕྱིར་སྟོན་ནས་ཐལ་བའི་མཐར་ནི་ཟས་ཞུ་བའི་དེ་མ་ཐག་ཏུ་མཐར་ནི་ཞེས་བྱ་བ་མཐར་ཐུགས་པར་གྱུར་པ་བཤད་པའི ་གནས་སྐབས་སུ་གྱུར་པ་རྣམས་པར་ལྟས་ཏེ་ཤེས་པར་བྱའོ། །དེས་ཅིར་འགྱུར་སྙམ་པ་ལ་བརྗོད་པ་ནི། དགའ་བ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་བར་སླའོ། །དགའ་བ་ལ་སོགས་པ་ཉེ་བར་འཚེ་བ་དང་བྲལ་བའི་སྒྲུབ་པ་པོས་ཚེ་འདི་ཉིད་ལ་བཅོམ་ལྡན་འདས་ཡུན་རིང་པོར ་བསྒོམས་པ་ན་མངོན་དུ་བྱེད་པར་འགྱུར་རོ་སྙམ་དུ་དགོངས་པའོ། །བདག་གི་སྤྱོད་ཡུལ་དུ་གྱུར་པའི་དོན་འདི་སྐྱེའོ་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག་སྙམ་དུ་སྨོན་པར་བྱེད་པ་ནི། རྡོ་རྗེ་འཕྲེང་བ་དཔལ་རྟ་མཆོག་གིས་ནི་ཞེས་བྱ་བ་ལ་སོགས་ཏེ། འདི་ཡང་གོ་བར ་སླའོ། །རྡོ་རྗེ་འཛིན་པའི་སྒྲུབ་ཐབས་བསྡུས་རིམ་ནི། བཤད་པས་བསོད་ནམས་ཐོབ་པ་གང་ཡིན་ཏེ། བདག་ལུས་ལ་གནས་བསྡུས་པའི་རིམ་པ་ནི། འགྲོ་བ་ཇི་སྲིད་ལུས་ཀུན་ལ་འཇུག་ཤོག་།བསྡུས་པའི་རིམ་པའི་དཀའ་འགྲེལ། སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པ ་རྫོགས་སོ།། །།བལ་པོ་དགེ་བསྙེན་སོ་སོ་དི་ཏ་དང། །དག་སློང་ལོ་ཙ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །།རྣལ་འབྱོར་ཡན་ལག་དྲུག་པ་ཀླུ་སྒྲུབ་ཀྱིས་མཛད་པ་གཞུགས?། །*། །རྒྱ་གར་སྐད་དུ། ཥཌངྒ་ཡོག་ནཱམ?། བོད་སྐད་དུ། རྣལ ་