| Wylie | e-texts based on the ACIP/ALL Input |
འདི་ནི་ཨ་རྱ་པྲབྷ་པེཎདྷ?་བས་དཔལ་དགེ་སྡིང་གི་གཙུག་ལག་ཁང་དུ་བྲིས་སོ།། །།ནཱ་རོ་པས་མཛད་པའི་རིམ་པ་ལྔ་བསྡུས་པ་གསལ་པ་མང་པོ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། །*། །རྒྱ་གར་སྐད་དུ། པཉྡར?་ཀྲ་མ་སཾ་ཀྲ་ཧ་པྲ་བྷ་ཝ། བོད་སྐད་དུ། རིམ་པ་ལྔ་བསྡུས་པ་གསལ་བ། དཔལ་ལྡན་བླ ་མའི་ཞབས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་གསང་བ་ཆེ། །རིམ་པ་ལྔ་ལ་གནས་པ་པོ། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །དངོས་པོའི་གནས་ལུགས་གཉིས་ཡིན་ཏེ། །སེམས་དང་ལུས་ཀྱི་གནས་ཐབས་ལS། རགས་དང་ཕྲ་དང་ཤིན་ཏུ་ཕྲ་ཐུན་མོང་དབྱེར་མེད་?? ་གཉིད་དང་རྨི་ལམ་སྙོམས་འཇུག་པ། །ཐ་མལ་དུས་དང་རྣམ་པ་བཞི། །འཁོར་བཞི་ཡི་བདག་ཉིད་ཀྱིས། །རྩེ་དང་ཐིག་ལེ་སེམས་ཞེས་པ། །ལུས་དང་དུས་དང་ཡུལ་གྱི་ནི། །གནང་ནི་བཞི་རུ་ཤེས་པར་བྱ། །དྲན་པ་སྣ་ཚོགས་རྣམ་རྟོག་རྣམས། །སེམས་ལས་ཡང་དག་འབྱུང་པས་ན། །རྣམ ་ཤེས་སྲོག་ནི་འདུ་བའི་རྟེན། །སྙིང་གར་སྔགས་ཀྱི་འཁོར་ལོ་བསྒོམ།།བཞི་ལམ་འབྲས་བུ་རབ་ཡེ་ཤེས་པས། །ལུས་དབེན་སྔགས་དང་སེམས་གསུམ་གྱི། །སྒྱུ་མ་མངོན་པར་བྱང་ཆུབ་པ། །ཟུང་འཇུག་རིམ་པ་ཤེས་པར་འགྱུར། །སྔགས་ཀྱིས་ཡི་གེའི་འཁོར་ལོ་ནི། །དང་པོར་ཆུ་སྐྱེས་འདབ ་བརྒྱད་པ། །ཕྱི་ནང་གསང་བའི་ཚུལ་གྱིས་ནི། །རིམ་པ་ལྡན་པར་བསམ་གཏན་བྱ། །ཕྱི་རིམ་ཤེས་རབ་དབྱངས་མིག་མཚན། །བར་མ་གསལ་བྱེད་ཐབས་བཅས་པ། །གཉིས་སུ་མེད་པར་ནང་མར་གནས། །ཕྱོགས་མཚམས་རིམ་པར་ཏིང་ངེ་འཛིན། །སྦྱོར་བ་རྣམ་པ་གསུམ་རང་བཞིན། །དབུས ་སུ་མིག་གི་ཐིག་ལེ་ཏེ་ཨ་དང་བཅས་པ་སྲོག་གྱུར་གང། །ཀུན་གྱི་ཉིང་པོ་སྤྲོ་ཞིང་སྡུད། །འབྱུང་བ་བཞི་ཡི་རླུང་རྣམས་ཉིད། །རླུང་དང་སྔགས་སུ་རབ་སྦྱོར་བས། །རྡོ་རྗེ་བཟླས་པ་སྦྱར་བར་བྱ། །འབྱུང་འཇུག་ནས་པ་ཉིད་དུ་བཤད། །ཐ་མལ་རྣམ་རྟོག་བག་ཆགས་རྣམས། །སྔགས་ཉིད་སེམས་སུ་དམིགས ་པས་སོ། །ལུས་ངག་པས་ནི་རྟོག་པ་དག་།རླུང་དག་པས་ནི་དྲི་མང་འགྱུར། །རླུང་ངག་པས་ནི་ཡེ་ཤེས་ཀྱི། །ཀུན་རྫོབ་སྐྱ་མ་མངོན་དུ་བྱེད། །དེ་ཉིད་མངོན་པར་བྱང་ཆུབ་པས།།ཟུང་འཇུག་ཡེ་ཤེས་གཐོབ་པར་འགྱུར། །ལས་རྣམས་བྱ་བ་འཕྲིན་ལས་ཚོགས། །རྣམ་ཤེས་ཡེ་ཤེས་སྦྱོང ་བས་འགྲུབ། །རྟགས་རྣམས་རིམ་པར་འཆར་བའི་དངོས། །ཡེ་ཤེས་ལྔ་ཡིས་རྒྱུ་མཐུན་ཉམས། །གསལ་སྣང་འབར་བའི་དང་དུའོ། །ཡན་ལག་རླུང་ལས་མངོན་ཤེས་ཐོབ། །རྟོག་པའི་ཚོགས་ནི་མེར?་འགྲིབ་ཅིང། །གཉེན་པོ་ཡེ་ཤེས་ཡར་འཕེལ་ཏུ། །ཡེ་ཤེས་རིམ་པ་རང ་ལས་རྙེད།?་།གཅིག་དང་དུ་མར་དམིགས་མི་ཕྱེད། །དང་པོ་སྨིག་རྒྱུ་ལྟ་བུའི་ཉམས། །འོད་ཟེར་ལྔ་དང་བཅས་པ་འཆར། །གཉིས་པ་ཟླ་བ་ལྟ་བུ་དང། །གསུམ་བ་ཉི་མའི་འོད་ཀྱི་འཁྲིག་།མཚམས་སྨན་སྣང་ལས་ནི་ཐོབ་པ་སྟེ། །མཚམས་བྲལ་དུས་ཀྱི་ཡེ་ཤེས་ཆེ། །མངོན་པར་བྱང་ཆུབ ་?་གནས་པས། །དྲི་མེད་ཡེ་ཤེས་མདོན་པར་རྫོགས། །རྟགས་དང་རྟགས་ཅན་འཆར་ཚུལ་ནི། །ཡེ་ཤེས་འབར་དང་རྫོགས་པའི་དུས། །རླུང་སེམས་ཙམ་ལས་གྱུར་བ་ཡིས། །སྒྱུ་མའི་ལུས་ནི་སྣང་པར་བཅས། །འོད་གསལ་རྒྱུན་གྱི་བསམ་གཏན་གྱིས། །ལས་དང ་སྒྲུབ་པ་བག་ཆགས་སྦྱངས། །ས་ལམ་རྟགས་ཀྱི་རིམ་པའི་ཚོགས། །འདི་ཉིད་ཐོབ་པའི་མྱུར་དུ་འཆར། །ནམ་མཁའ་དཀྱིལ་འཁོར་དབུས་གནས་པར། །གསལ་བའི་དཀྱིལ་འཁོར་བར་མ་པར་བྱ། །འདབ་མ་བརྒྱད་པའི་ས་བོན་ལ། །དབུས་སུ་སོག་གིས་ས་བོན་ཏེ། །ཡི་གེ་ཀ་ནས ་?་ཡི་བར། །ཀྵ་ནི་སྤངས་པའི་བཞི་བཅས་པ། །དབྱངས་ནི་ཕྱི་རིམ་སྣང་བ་སྟེ། །གསལ་བྱེད་བར་མ་མཆེད་པ་ཉིད། །མ་ནིང་སྣང་བ་ཐོབ་པར་བརྗོད། །བཅུ་གཉིས་ཡི་གེས་ཐིག་ལེར་བཅས། །ཕྲེང་བ་ལྟ་བུར་གནས་པ་ནི། །རིམ་པ་ལྔ་ལྡན་བསམ་པར་བྱ། །འཁོར་ལོའི་དཀྱིལ ་འཁོར་ཡོང་རྫོགས་པ། །ེ་ཝཾ་ཐབས་དང་ཤེས་རབ་ལས། །སྡུད་ཅིང་སྤྲོ་པར་མཛད་པ་ཡི། ། ཞེས་དབུས་སུ་གནས་པར་མཛད། །མཉམ་པ་ཉིད་དུ་སེམས་བསྡམ་སྟེ། །མཉམ་བཞག་འཁོར་ལོའི་ལྟེ་བ་ཡིས་ཡེ་ཤེས་མཉམ་པར་མཐོང་འགྱུར་བ། །ཉེ་བར་ཐོབ ་པ་སྟོང?་པ་ཆེ། །འོད་གསལ་བ་ཡི་གནས་ཐོབ་པ། །འཁོར་བ་ལས་ནི་བརྒལ་བར་འགྱུར། །ཐུན་གཅིག་ཡང་ནི་ཉིན་གཅིག་གམ། །ཟླ་ཕྱེད་?་བ་ལོ་ཡི་ནུས། །བསྐལ་པ་འམ་བསྐལ་པ་སྟོང་དུ་ཡང། །སྐད་ཅིག་རེ་རེར?་གནས་པ་ནི། །ཡེ་ཤེས་སྦྱོར་བ་རྟབ་བུ་འབྱུང། །རིམ་པ་གཉིས་པ་ལ་གཉིས ་པ། །མཉམ་པར་ཟུང་འབྲེལ་ཉིད་བསྒོམ་པ། །བསྐྱེད་པའི་རིམ་འདི་ལྷ་ཡི་སྐུ། །རྫོགས་སངས་རྒྱས་ཀྱི་དཀྱིལ་འཁོར་མཆོག་།རྣམ་པ་མངོན་དུ་བྱེད་པ་གང། །ལེགས་པར་བསླབ་པས་མཐར་ཕྱིན་འགྱུར། །ལུས་དབེན་སྣང་བ་སེམས་དང་ལུས། །རྒྱུ་དང་མི་རྒྱུ་འཇིག་རྟེན་བཅས། །རིམ་པས ་ལྷ་ཡི་བདག་ཉིད་སྦྱོར། །རྡོ་རྗེ་འཆང་ཆེན་ལམ་དུ་བྱེད། །མོས་པ་ལས་བྱུང་ཏིང་ངེ་འཛིན། །རྟེན་ཅིང་འབྲེལ་བར་འབྱུང་བའོ། །རླུང་གི་འབྱུང་འཇུག་གནས་པ་གསུམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །རླུང་སྔགས་མཉམ་པར་རབ་སྦྱོར་གང། །རྡོ་རྗེ་བཟླས་པའི་རིམ་པའོ།། ་གསང་སྔགས་ལས་བྱུང་རྣམ་པར་ཤེས། །སྣང་བ་གསུམ་གྱི་བདག་ཉིད་ནི། །ཡེ་ཤེས་འཇུག་ལྡོག་ངེས་པ་གང། །སེམས་ལ་དམིགས་པའི་རིམ་པའོ། །རྨི་ལམ་ལུས་ནི་རྣམ་སྦྱངས་ཕྱིར། །སྒྱུ་མར་མཚོན་པའི་དུས་གང་ལས། །ཡུལ་སྣང་ཀུན་རྫོབ་གང་བྱུང་བ། །སྒྱུ་མ་ལྟ ་བུའི་རིམ་པའོ། །དེ་བཞིན་ཤེས་པ་བསམས་གཏན་ལས། །ཐབས་ལས་མ་བསྐྱེད་ཏིང་ངེ་འཛིན། །དང་གསལ་ངོ་བོ་མི་རྟོག་པ། །འོད་གསལ་དོན་དམ་རིམ་པའོ། །བསམ་གཏན་མེད་སྦྱངས་ལྟ་ཡི་སྐུ། །རང་བྱུང་ཡེ་ཤེས་དག་པའི་ལུས། །སྦྱངས་གཞི་སྦྱོངས་བྱེད་བྲལ་པར ་གནས། །ཟུང་དུ་འཇུག་པའི་རིམ་པའོ། །བྱང་ཆུབ་སེམས་ལྡན་བླ་མ་དང། །ལྷག་པའི་ལྷ་ཡི་རྣལ་འབྱོར་དང། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །རྗེས་སུ་རྣལ་འབྱོར་བཅས་པ་དག། ཏིང་འཛིན་རིམ་པ་ལྡན་པ་ཡིས། །བསྙེན་པ་ཉེར་སྒྲུབ་བསྒྲུབ་པ་ཆེ། །སྒྲུབ་པའི་ངོ་བོ་ཁྱད ་པ་བདུད?་སོ་སོར་སྡུད་དང་བསམ་གཏན་དང། །སྲོག་རྩོལ་དེ་བཞིན་འཛིན་པ་དང། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །ཡན་ལག་དྲག་ལྡན་ཁྱད་པར་རོ། །རིམ་པ་བཞི་ལྡན་ཕྱག་རྒྱར་བཅས། །དབང་བཞི་སྐུ་བཞི་རང་འབྱུང་བས། །མངོན་པར་བྱང་ཆུབ་ཚུལ་ལྔ་ལས། །བསྐྱེད་དང་བསྐྱེད་ཅིང་གནས་པ ་དང། །ལམ་གྱུར་རིམ་པ་ལྔ་ལྡན་ལས། །བྱང་ཆུབ་ཕྱོགས་ཆོས་མདོ་དོན་དང། །སྦས་བ་རྣམ་གསུམ་མཐར་ཐུག་བཅས། །སྣ་ཚོགས་སྒྲ་ནི་མཚོན་པའོ། །གཏུམ་མོའི་རྣལ་འབྱོར་རླུང་གིས་ཏེ། །བདེ་ཆེན་སེམས་ལ་དམིགས་པའོ། །རྨི་ལམ་སྐྱུ་མ་གཅིག་ཏུ་སྦྱངས། །བར་དོ ་རྣམ་གསུམ་བསྲེབ་ཉིས། ཉོན་མོངས་ཡེ་ཤེས་ལམ་དུ་འགྱུར། །ལམ་གྱུར་གཅོད་པ་འཕོ་བ་སྟེ། །གྲོང་དུ་འཇུག་པ་ཡན་ལག་གོ་།འོད་གསལ་པ་གནས་ཐོབ་སྔོན་སངས་རྒྱས། །བརྩོན་འགྲུས་ཅན་ནི་ཚེ་འདི་ཉིད། །ལེ་ལོ་ཅན་ནི་འཆི་ཁ་སྟེ། །?་སྲིད་པའི་བར་མདོར། །མཆོས་? ་སྐུས་ནི་གཞན་དོན་བྱེད། །ངོ་བོ་རྒྱུ་ཚུལ་འབྱུང་བ་ཁམས། །ལས་དང་ངོ་བོ་དབྱེ་བ་དེ་ཉིད་རླུང། །འབྱུང་འཇུག་གནས་པ་རྣམ་པར་བརྟགས། །འབྲུ་གསུམ་སྔགས་ཀྱི་ངོ་བོ་ཉིད། །ཱ་ལི་ཀཱ་ལི་སྦྱོར་དབུས་ལས། །བརྟགས་པ་གྲངས་ལྡན་བཟླས་པ་ཉིད། །སྦྱོར་དང་ཁྱད་པར་ཐབས ་ལྡན་ལས། །ངག་དབྱེན་རླུང་གི་རྣལ་འབྱོར་བསྟན། །རྒྱུ་དང་འབྲས་བུ་སྦྱོར་བ་གང། །སྣང་བ་གསུམ་གྱི་འཆར་ཚུལ་ཏེ། །དུས་དང་འབྱུང་འགྱུར་ཐབས་ཁྱད་པར། །དབྱེར་མེད་ཡེ་ཤེས་གནས་ཐོབ་པ། །སྤྱོད་པ་ཡེ་ཤེས་མངོན་དུ་བྱེད། །སློབ་དང?་མི་སློབ་དར་སྤྱོད་པའི། །རང་བཞིན ་ཤེས་པའི་ལམ་གྱུར་པ། །རྣམ་ཤེས་རྒྱུ་མར་མཚོན་པའི་ཆོས་།ཁྱད་པར་ལས་དང་སྤྲོད་པ་གང། །དངོས་གྲུབ་ཐོབ་ཕ་ཡིར་བདག་བྱིན་བརླབས། །ཕྱི་ནང་མངོན་པར་བྱང་ཆུབ་ཚུལ། །རྣལ་འབྱོར་ཐབ་པས་བསམ་གཏན་གནས། །འབྱུང་དང་འཇུག་པ་མ་བརྟག་པར། །སྤྱོད་ཚུལ་ཡེ་ཤེས་དེ ་ཐོབ་པ?་།ལྟ་དང་ཉམས་མྱོང་ལུས་དང་ངག་།བསམ་གཏན་མཉམ་རྗེས་སྤྱོད་པ་དང། །སློབ་དང་མི་སློབ་གཉིས་མེད་ཅིང། །རབ་ཏུ་མི་གནས་ཟུང་དུ་འཇུག། ཡི་གེའི་དོན་དང་སྤྱི་ཡི་དོན། །སྤས་དང་མཐར་ཐུགས་ཉིད་ཡིན་ཏེ། །ཐེག་པ་སྣ་ཚོགས་ཕ་རོལ་ཕྱིན། །སྲིད་པར་སྐྱེ་དང་གནས་པ་སོཌ ་དུས་ཀྱི་དབྱེ་བའི་ཁྱད་པར་ཀྱི། །སྟན་ཅིག་སྟེང་དུ་བསྒོམ་པར་བྱ། །འདི་ཉིད་ཡང་དག་རྟོགས་པ་འདིར། །ལམ་མཆོག་རིམ་པ་ལྔ་པོ་ཉིད། །ཕ་རོལ་ཕྱིན་དང་ཐེག་སྣ་ཚོགས། །སྲིད་པ་སྐྱེ་དང་ཉིན་ཞག་ཅིག་།སྟན་ཅིག་སྟེང་དུ་སྦྱར་ཏེ་བཤད། །འབྲས་བུ་སྐྱེ་བའི་རིམ ་པ་ཉིད། །ཚོ་འདི་ཉིད་དུ་སངས་རྒྱས་ཏེ། །རྣལ་འབྱོར་དབང་ཕྱུག་དམ་པ་སྟེ། །སྐུ་ལྔ་རབ་རྫོགས་གྱུར་པའོ། །རིམ་པ་ལྔའི་དོན་བསྡུས་པ་གསལ་བ་ཞེས་བྱ་བ་དཔལ་ལྡན་ན་རོ་པས་མཛད་པའི་གསང་བའི་མན་ངག་བླ་མའི་ཞལ་ལས་རྟོགས་པར་བྱ་བ་རྫོགས་སོ།། །། ་པཎྜི་ཏ་དེ་ཉིད་དང། །བོད་ཀྱི་ལོ་ཙ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིས་ཀྱང་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག། །བསྡུས་པའི་རིམ་པའི་དགའ་འགྲེལ་སློབ་དཔོན ་