CLOSE WINDOW

N3578: dpal gsang ba 'dus pa'i man ngag rim pa lnga pa zhes bya ba
Wyliee-texts based on the ACIP/ALL Input

རྗེ་དཔལ་གྱིས་མ་གྷ་དྷའི་དཔེ་ལྟར་ལེགས་པར་བཅོས་ཤིང་གཏན་ལ་ཕབ་པའོ།། །།ཤུ་ལོ་ཀ་སུམ་བརྒྱ་དང་སུམ་ཅུ་བཞུགས་སོ།། །།དཔལ་གསང་བ་འདུས་བའི་མན་ངག་རིམ་པ་ལྔ་པ་ཞེས་བྱ་བ་བཞུགས་ཤོ།། །། ་རྒྱ་གར་སྐད་དུ། ཧྲི་ས་མ་ཛཱགྷུ་ཧཱ་ཨུ་པ་དྷེ་ཤ་པཎྩ་ཀྲ་མན་མ། བོད་སྐད་དུ། དཔལ་གསང་བ་འདུས་པའི་མན་ངག་རིམ་པ་ལྔ་བ་ཞེས་བྱ་བ། བླ་མ་དང་ནི་ཡི་དམ་ལྷ། །ཇི་ལྟར་ཆུ་དང་མར་?་བཞིན་དུ། །གཉིས་མེད་ཡེ་ཤེས་ལ་ཕྱག་འཚལ། །རྒྱུད ་ཀྱི་རྒྱལ་པོ་གསང་འདུས་ཀྱི། །རྫོགས་རིམས་དོན་བསྡུས་རིམ་བཞིན་བཤད། །བླ་མའི་ཞལ་གྱི་བདུད་རྩི་འདི། །ཕྱི་དོན་དྲུག་ཏུ་ཤེས་པར་བྱ། །བསྐྱེད་ཕྱག་དང་པོ་རྒྱུད་ཕྱི་མའི་དོན་ལ་ཆུ་བཞག་མར་གཞིའི་བདེན་པ་གནས་ལུགས་བསྟན། ། ་གཉིས་པ་འཁོར་བར་འཁྲུལ་ལུགས་བསྟན། །གསུམ་པ་སྦྱང་གཞིའི་གནས་ཐབས་བསྟན། །བཞི་པ་ལམ་གྱི་རིམ་ལྔ་བསྟན། །ལྔ་པ་འབྲས་བུའི་ཐོབ་ཚུལ་བསྟན། །དྲུག་པ་ཕན་ཡོན་བསྟན་པའོ། །དང་པོ་གཞིའི་གནས་ལུགས་ནི། །གཞི་ཡིས་འབྲས་བུ ་བྱེད་པ་ཡིན། །སེམས་ཅན་སངས་རྒྱས་མཉམ་མེད་མཉམ། །རྣམ་དག་གཟོད་ནས་སྤྱོད་བསྡུས་ནས་ཞི་ཉམས་སུ་བླང་ཐབས་ཞིང་མ་སྐྱེས་པ། །དེ་ལ་སྐུ་གསུམ་ལེའུ་དང་པོ་དང་རྒྱ་པ་ནས། བྲོད་པ་སྐྱེད་པ་འཁོར་དང་རང་བཞིན་ལྷུན་གྲུབ་དེ། མྱང་འདས་མེད། །ལམ་གསུམ་གྱི་མཐར་རང ་བཞིན་མྱ་ངན་འདས་པ་དེ། །གདོད་ངོ་བོ་ཉིད་ལ་ཐ་དད་མེད་པ་ནས་རང་ལ་ཆོས་ཐམས་ཅད་གནས་པ་ཡིན། །གཞི་དང་རང་བཞིན་རྒྱུ་ཡིན་བདེན་པ་གཉིས་མེད་ཏེ། །ལམ་ནི་ཐབས་ཞེས་བྱ་བ་ཡིན། །དེ་བཞིན་མི་འཕྲོགས་འབྲས་བུ་འོད་གསལ་ངོ་བོ་ཉིད་ཀྱི་སྐུ་ངོ་ཡིན། ། ་ཐོག་མ་ཐ་མ་མེད་ཞི་བ། །རྣམ་པར་མི་འགྱུར་སྟོང་པ་འགྲོ་འོད་མེད་པར་ཐམས་ཅད་རྣམ་དག་ངོ་བོ་ཉིད་མཚན་མ་མེད། །ལམ་སྐྱེ་མེད་བུད་དྷའི་མི་འཇིག་སྐྱེ་བ་མེད་གང་ཡིན། །རྒྱུ་ཡིས་འབྲས་བུ་དྲི་མ་གཞོམ་དུ་མེད་པས་རྒྱས་གདབ་བོ། །རྒྱ་ཉིད་འདུས་མ་བྱས ་དུས་གསུམ་མཉམ་ཉིད་དུ་འབྲས་འོད་གསལ་ཆོས་དབྱིངས་བུ་ཉིད་དག་སྟེ། །སྐྱེ་སེང་དག་གི་རྟོག་མེད་ལྷུན་གྱིས་གྲུབ། །དགེ་སྡིག་སེམས་ཀྱིས་འོན་ཀྱང་གློ་བུར་དྲི་མས་སྒྲིབས། དེ་ཉིད་གསལ་ན་སངས་རྒྱས་ཉིད་ཅེས་སྐྱེ་འགག་མེད་པས་དེ་མ་བསྐྱེད། །མཐར་ཆོས་སྐུ་མ་སྐྱེས་པའི་ངོ་བོ ་ཉིད། །དངོས་པོ་ཀུན་ལ་ཁྱབ་པར་གནས། །རྣམ་འོད་གསལ་བ་མཁའ་ལྟ་བུར་འཕོ་སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དབྱེར་མེད་སྐུ་གསུམ་ངོ་བོ་རང་བཞིན་1་ཏུ་ཐམས་ཅད་ཉེ་བར་ཞི་བས་ཏེ་རང་བཞིན་གྱིས་མཚན་མ་མི་དམིགS་པ། འགྱུར་མེད། །གཉིས་པ་འཁྲུལ་ལུགས་བསྟན་པ་ནི། ་འོད་གསལ་སྐུ་འགྲོ་ཀུན་སྙིང་པོ་ཡོངས་ལ་ཆོས་ཀུན་རྒྱུད་ཕྱི་མ་ནས་གཉིས་སུ་མེད་པ་ལ། །དངོས་པོ་རླུང་སེམས་གཉིས་སུ་བརྟགས་གཟུང་འཛིན་པ?་ཡིན། །དོན་དཾ་མི་འགྱུར་བདག་གང་ཟག་དང་ཆོས་ཀྱི་མཛའ་ལས་འདས་པ་ལ་ལུགས་འབྱུང་ལུགས་བལྡོག་གཉིས་སོ། ་ཉིད་འགྱུར། །འཁྲུལ་བའི་རྩ་བ་རླུང་དང་སེམས། །དེ་ལས་མ་རིག་འཁོར་བར་འཁྲུལ། །འཁོར་བ་ཐོག་མ་མེད་པ་ནས། །རླུང་སེམས་རང་བཞིན་ལས་བསགས་འཁོར། །འཁྲུལ་པའི་རྡོ་རྗེ་རབ་ཏུ་གསུངས། །དེ་ལ་སེམས་ཉིད་ངོ་བོ ་དེ། །དོན་དམ་དམིགས་མེད་ཆོས་ཉིད་ཀུན་རྫོབ་ཀྱི་བརྟེན་འབྲེལ་སྟོང། །ཀུན་རྫོབ་རང་བཞིན་སྟོང་པས་སེམས་ཉིད་གསེར་མེད་གཡའི་ཚུལ་དུ་གསལ་རིག་ཙམ། །གཟུང་འཛིན་དགེ་མི་དགེ་འགྲོ་ལྔར་ལས་འབྲས་རླུང་སེམས་ལྷན་ཅིག་སྐྱེས་པར ་འབྱུང། །རླུང་རླུང་སེམས་གི་ངོ་བོ་གསལ་ལ་ཕྲ། །བེམས་པོའི་རང་བཞིན་སྣང་བ་ཙམ་རྣམ་ཤེས་གཡོ། །རླུང་སེམས་གཅིག་ལ་གཅིག་ལྟོས་སྟོང་པའམ་ཚུལ། །རླུང་སེམས་གཉིས་ཀྱིས་འཁོར་འདས་བསྐྱེད། །ཐེག་མ་མེད་པ་ནས་འཁོར་བའི ་རླུང་སེམས་མ་རིག་འཁྲུལ། །བེམ་པོ་དང་པོ་འཁོར་བ་ནས་ཐ་མ་པ་གཅིག་ཚུན་མཆོད་ཡོད་པས་རླུང་གི་ཚོགས་དྲུག་དེ་ལས་ཀུན་རྫོབ་བདགས་མེད་ལས་སྒྲིབ་རྟེན་འབྲེལ་བྱུང། །རླུང་རྟེན་འབྲེལ་རླུང་ལ་ཞོན་པས་སེམས་མི་ཤིགས་ཐིག་ལེ་སྟེ། །སྤང་བྱ་ཡིན ་སྣང་སྟོང་ཞིང་མ་འདྲུལ?་བས་སྟོང་ངོ་བོ་དག་པར་གནས། །ལུས་ངག་སེམས་དང་སྒྱུ་མར་སྦྱོར། །འོད་རྨི་ལམ་སྒྱུ་མ་ལྟ་བུར་གསལ་མཐོང་དང་ཟུང་འཇུག་བསྒོམ། །རླུང་སེམས་དྲི་མ་ཟད་པ་འདུས་མ་བྱས་ཀྱི་རང་བཞིན་ན། །མྱ་ངན་འདས་པས་ཐིག ་དེ?་དག་།ཐིག་ལེ་མ་རྟོགས་རྣམ་ཤེས་རླུང། །བསྐྱོད་རྣལ་འབྱོར་བས་ལམ་དུ་དབེན་པ་གསུམ་པས་མ་རིག་ཕྱི་ཡུལ་ཤར། །གཟུང་ཡུལ་དཀར་གཉིས་མེད་དམར་སྣ་ཚོགས་ཞེ་ན། །དུག་ལྔའི་ནང་དུ་ཤེས་བྱ་འཛིན་པར་སྐྱེས། །གཟུང་འཛིན་གཉིས་ལ ་སྐྱེ་བ་རླུང་སེམས་དག་པ་སྐྱེ་བ་གཅིག་ལྟོས་པས། །བག་ཆགས་ལས་ལས་དང་གཟུང་འཛིན་ཉོན་འཁོར་བ་རྒྱས། །ཚོགས་དྲུག་རྣམས་པ་མི་བདེན་འདུས་བྱས་ཐམས་ཅད་མི་པའི་ཆོས་བཞིན་ཚོགས་དྲུག་ནང་དུ་བདག་ཏུ་དུ་ཀུན་བདག་དང་བདག་གིར་རྫོབ ་སྣང། །ཕྱིའི་སྣོད་ཀྱི་འཇིག་རྟེན་ཀྱང། །འབྱུང་བཞི་ལ་སོགས་སྣ་ཚོགས་སྣང། །ནང་གི་བཅུད་ཀྱི་སེཾས་ཅན་ཀྱང། རླུང་གིས་།འགྲོ་དྲུག་སྐྱེ་རྒན་འཆིར་སྣང། །སྐྱེ་དང་གནས་དང་འཇིག་པ་དང། །སྲིད་པ་བར་མར་གནས་པ་དང། །དེ་ལས་སྐྱེ་བ་ལེན་པ་ཡང། །མངལ་སྐྱེས ་བསྙད་དུ་རླུང་གིས་སྒོང་སྐྱེས་དྲོད་རྫུས་སྐྱེས། །དེ་ལ་མ་ལས་སྐྱེས་པ་ཡང། །བར་དོའི་ཤེས་པ་རླུང་དང་བཅས། །ཕོ་མོའི་འདུ་འཕྲོ་ས་བོན་གཉིས། །སྣོད་བཅུད་ཐམས་ཅད་རླུང་གིས་རྟེན་འབྲེལ་ཙམ་ལོངས་སྐུའི་ཚུལ་དུ་ངོ་བོ་ཉིད་ཀྱིས་རྫོགས་རྣམ་ཤེས་རླུང་གི་མངལ་དུ་འཕངས། །དང་པོ ་རླུང་ལ་བྱང་སེམས་རྟེན། །ཐིག་ལེ་མི་འགྱུར་རྩ་རྣམས་ཆགས། །དེ་ལ་ཡན་ལག་ལུས་ངག་རྒྱས། །ཕ་མའི་ཟླ་བཅུ་སྐྱེ་རྒན་འཆི་འཁྲུལ། །གསུམ་པ་སྦྱང་གཞིའི་གནས་ལུགས་ནི། །ཐ་མལ་བར་དོའི་བསྐྱེད་པའི་ཚེ་ནམ་མཁའ་ཨི་ལས་རླུང་མེ་ཆུས་འཆགས་ཟེར ་ཆུ་བ་ཆགས་པ་ཟེར་མངལ་དུ་ནང་ནར་གོར་གོར་འཁྲེད་འགྱུར་དང་ལྔ་པོ་ལྟེ་བ་སྙིང་ཀ་མགྲིན་པ་སྤྱི་བེཌ་གནས་སྐབས་ལྔ་རྒྱུ་ཚོགས་པས། ལུས་ཀྱི་འཆི་བའི་ཚེས་ཆུ་མེ་རླུང་ནམ་མཁར་ཐིམ་ཆོས་ལ་ནི། །དྲི་མ་ལྔ་རྣམས་གནས་པ་རྒྱུད་ཕྱི་མ་ནས་ནི། །རྣལ་འབྱོར་པའི་ལམ་དུས་ན། །དྲི་མ ་ཡེ་ཤེས་དུམ་བུར་གནས། །དེ་བཞིན་གཤེགས་པ་རྣམས་ལ་ནི། །ཆོས་ཉིད་ཡེ་ཤེས་ཐུགས་རྗེར་གནས། །དང་པོ་སྐྱེ་གནས་འཁོར་བ་ནས། །ཐ་མ་ཐམས་ཅད་འདོད་འདུན་གནོད་སེམས་གཉིད་རྨུགས་རྒོད་འགྱོད་ཐེ་ཚོམ་མཁྱེན་པའི་བར། །ལུས་དང་ངག ་སེམས་ཀྱི་གུར་སྤྲོས་དང་བྲལ། །འོད་གསལ་ཟུང་འཇུག་རང་ཆོས་སྐུ་གཟུགས་སྐུ་གཉིས་བཞིན་རྣམ་པ་ཐམས་ཅད་མཁྱེན་ཟེར་གནས། །དེ་ལས་ཀུན་རྫོབ་ལུས་འདི་ལ། །རྩ་རྣམས་བརྟེན་ནས་གནས་པ་ཡིན། །རྩ་ཡི་ནང་དུ་ཐིག་ལེ་བརྟེན། །ཐིག་ལེ ་རྣམS་ཆོས་ཐམས་ཅད་ལ་རླུང་སེམས་སྐྱེ་མེད་དེ་བརྟེན། །གསལ་རླུང་གིས་སེམས་བསྐྱོད་པས་གཟུང་འཛིན་སྐྱེ་འགག་མེད་རིག་རང་ལ་འཚང་པར་རེ་ཤིག་ཀུན་རྫོབ་ངོ་བོ་སྟོང། །རྟེན་བྱ་རྟེན་བྱེད་ཀྱིས་སྟོང་བཞིན་དུ་སྒྱུ་མ་རྨི་ལམ་འམ་ངོ་བོ་དག་པར་གནས་དཀར་དམར ་སེམས་ཀྱི་ཆོས་ཉིད་བསམ་དུ་མེད། །འཁྲུལ་ཡང་རང་བཞིན་དག་པར་གནས། །སེམས་ཅན་ནམ་མཁའ་ཨི་ཁམས་ལ་གནས། །ཡེ་ཤེས་འབྱུང་བའི་གནས་ཡིན་ནོ། །ཀུན་རྫོབ་སྒྱུ་མའི་ལུས་ངག་སེམས། །རྒྱུ་ལྔ་དང་ནི་འབྲས་བུ་རྡོ་རྗེ?། །རྒྱུད་ཕྱིགས?་སྦྱང ་གཞིའི་རང་བཞིན་ལྔར་ལུས་ལ་གནས་ཏེ། །སྟོང་པ་ཉིད་དུ་མ་བསྡུས་ཀུན་རྫོབ་སྣོད་བཅུད་ཐམས་ཅད་རྟེན་འབྲེལ་དང་རང་བྱུང་སྟོང་བར་གནས་པའི་ལུས་གཟོད་ནས་སྤྲོས་པ་ཞི་བར་གནས་པས་ཀུན་རྫོབ་ཙམ་དུ་རང་བཞིན་སྐྱེ་བ་མེད་པར་གནས་པས་དུག་ལྔའི་སྣང་བ། ལཾ་རིམ་ལྔ་ཡེ་ཤེས་ལྔ་སྐུ་ལྔའི་རང ་བཞིན་དུ། ལུས་ངག་སེམས་ཉམས་པར་སྣང་ཀྱང་ཡང་དགོས་པས་འདི་ལ། །རྩ་བའི་རླུང་དང་ཡན་ལག་རླུང། །དེ་ལ་རྩ་བའི་རླུང་ལྔ་ནི། །སྲོག་འཛིན་དེ་བཞིན་གྱེན་རྒྱུ་དང། །མེ་དང་མཉམ་གནས་ཐུར་སེལ་དང། ན་བཱི?་རླུང། ཁྱབ་བྱེད་རླུང་ཀུན་ལུ་ལུས་འགྲོ་འདུག་ཉལ་བསྐད་འདོན? ་ཚིག་ཀུན་ལའོ། །ཡན་ལག་རླུང་གི་དབྱེ་བ་ཡང། །མིག་དང་རྣ་བ་སྣ་དང་ལྕེ། །དེ་བཞིན་ལུས་ཆོས་ཀྱི་དབྱིངས་ཡེ་ཤེས། ཆུ་རླུང་སྙིང་བར་མ་ཤི་བར་དུ་གནས། རླུང་གི་རླུང། འགྲིན་པར། བྱ་གྲུབ་མེ་རླུང་མཉམ་ཉིད་ས་རླུང་ལྟེ་བར་ནས་དྭང་སྙིངས་འབྱེད། འདོམས་ནས་སྙིགས་མ་ཕྱིར་འདོར་ཀྱི་རེག་དང་ལྡའོ། ། ་མཉམ་ཉིད་ཡེ་ཤེས་སྤྱོད་བསྡུས་ནས་རླུང་ནི་བཅུ་པོ་དེ་གཟུགས་སྒྲ་དྲི་རོ་མྱོང་རྣམས་ཀྱིས། །ལས་རྣམས་ཐམས་ཅད་བྱེད་པ་ཡིན། །རླུང་བཅུ་བསྡུ་ན་འགྲོ་འོད་གསུམ། ། ཐུང་མི་ཤིགས་ཐིག་ལེ་ཡིན། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། ། ་རླུང་སྐྱེ་རྒས་སོགས་འཁོར་བ་མྱང་འདས་ཐམས་ཅད་རླུང་གིས་བྱེད་པ་ཡིན་ནོ་སེམས་འདུས་པའི་ཨ་ཐུང་དེ། །ངོ་བོ་སྨྲ་བརྗོད་བྲལ་བར་གནས། །རང་ལ་ཡེ་ནས་རང་ཆས་གནས་པ་འབྲུ་གསུམ་ཞིག་རལ་མེད་གནས། མི་འགྱུར་ཆོས་ཉིད་ཡིན་དེ་ནི་ངག་དབེན་སྦྱང་ཁོས་བསྐྱེད་པ། ་གཞི་ཡིན། །ཐ་མལ་དབང་པོའི་སྣང་བ་གསུམ། །གསལ་བ་རབ་འབྲིང་རྣམ་པ་དེ་ངག་དང་ན?་ལས་ངག་རྟོག་བྱུང?་སྤྲོས་བྲལ་ནམ་མཁའ་ལྟར། ངོ་བོ་བ་བརྒྱད་ཅུར་གཟུང་འཛིན་སྐྱེས། །ལུས་ངག་ཡིད་ལ་ཆགས་གནས་པ། །ངོ་བོ་གནང། དག་མ་དག་པར་བཅིངས་གྲོལ་མེད་པར ་བདེ་གསལ་མི་རྟོག་ཡིན། །མ་ཤེས་འཁྲུལ་རྟོག་སྡུག་བསྔལ་ཡིན། །སེམས་ཉིད་ཡེ་ནས་དྲི་མེད་སྟོང། །དེ་ནི་སེམས་དབེན་སྦྱང་གཞི་ཡིན། །སྦྱིར་ན་འཁོར་བའི་ཚེས་རྣམས་ཀུན། །ཐམས་ཅད་སྒྱུ་མ་ལྟ་བུ་ཡིན། །ཁྱད་པར་འགྲོ་པ་མིའི ་དབང་པོ་གཉིས་སྦྱོར་དུས་སུ་འདུས་མ་བྱས་ཐབས་ལུས། །རྟེན་འབྲེལ་སྙིང་འཁྲུལ་ཡང་པོ་མེད་པའི་ལུས། །ཁྱད་པར་རྣམ་དག་རྨི་ལམ་གར་དོའི་ལུས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །རང་བཞིན་མེད་བཞིན་སྣ་ཚོགས་སྣང། །ཀུན་ཅག? ་དེ་ནི་སྒྱུ་ལུས་སྦྱང་ལ་ཡེ་ཤེས་ཆེན་པོ་གནས་གཞི་ཡིན། །སྟོང་པ་སྣང་བ་ལུགS་རང་བཞིན་ཡེ་ནས་དག་ཅིང་འདུས་མ་བྱས་ཡེ་ཤེས་རེ་སྣང་ཙམ་སྒྱུ་མ་དངོས། །སོ་སོར་བཏགས་མིན་འགོག་པ་དང། སོ་སོར་བཏགས་པའི་འགོག་པ་དང། ནམ་མཁའ་དང་ཆོས་ཉིད་དེ་བཞིན་ཉིད་དོ། །དེ་?་འདུས་པ་ཆོས་ཀྱི་སྐྱེ་མཆོད་དོ། །? ་འཇུག་རྒྱལ་དུས་དང། །ཕོ་མོའི་འཁྲིག་མངལ་རྣམ་དག་རླུང་འཕོའི་དུས། །ཁྱད་པར་འཆི་བའི་དུས་ཉིད་དུ། །སྣང་གསུམ་རང་བཞིན་རྟོག་འདུས་མ་བྱས་པ་རྣམས། །འདུས་མ་བྱས་སྟོང་འདུས་མ་བྱས་དང་ཡིད་ཁམས་ཆོས་ཁམས་ཡིད་ཀྱི་རྣཾ?་ཤེས་ཀྱི་ཁམས? ་ཤིན་ཏུ་སྟོང་རྟོག་འགག་པ་དང། །གནས་དུས་གཡས་གཡོན་དབུ་མ་ལ་བྷཾ་བསྒོམ་དུས་གསུམ་པ་སྟོང་པ་ཆེན་པོར་འདུ། །ཕུང་ཁམས་སྐྱེ་མཆེད་རླུང་རྣམས་ཐིམ། །འོད་གསལ་ཆོས་ཉིད་ས་ཆུ་མེ་ལུང་སྟོང་པར་གནས། །ཀུན་ལ་གནས ་?་ངོ་མ་ཤེས། །དེ་ནི་འོད་གསལ་སྦྱང་གཞི་ཡི་ནི། །ཆོས་རྣམས་ཐམས་ཅད་གཉིས་སུ་མེད། །བར་དོའི་རླུང་གིས་སེམས་བསྐྱོད་པ། །གྲིབ་མ་གཞའ་ཚོན་ལྟ་བུའི་སྐུ། །སྣང་སྟོང་བདེན་ལུགS་བཟློག་གཉིས་སྣང་གིས་པ་གཉིས་སུ་མེད། །བཅིངས་གྲོལ་མེད ་དེ་ནི་སེཾས་བསྒོམས་ན་བཅིངས་གྲོལ་ཡེ་མེད་ནས་རྣམ་དག་ཅན་ཀུན་ལ་གནས། །ཟུང་དུ་འཇུག་གཉིས་མེད་པའི་སྦྱང་གཞི་ཡིན། །རྣམ་དག་དེ་ལ་ཡེ་ཤེས་ཀྱི་སྐུ་དང་འདྲའོ་ལུས་སྦྱོང་བྱེད་བསྟན་པ་ནི། །བཞི་པ་ལམ་གྱི་རིམ་པ་ཡིས། །འཁྲུལ ་བ་ལམ་དུ་བཟློག་པ་ནི། །དུས་གསུམ་དག་གི་ལམ་དུ་འབྱུང། །སྨིན་གྲོལ་གཉིས་སུ་ཤེས་པར་བྱ། །དེ་ལ་སྐྱེས་ཤིས་འཇིགས་པ་ཀུན། །རང་རྒྱུད་དབང་གིས་སྨིན་པར་བྱས། །དེ་ནས་བསྲུང་བཱི་དཾ་ཚིག་ལ། །བྱ་བ་མ་ཡིན་མི ་དགེ་བསྡམ། །ཤ་སྐྱོན་ཐམས་ཅད་སྤངས་པ་ལྔ་བུ་ཏའི་བདུད་རྩི་ལྔ་ཡང་བཟའ་། མ་སྲོག་གཅོད་པ་དང་མ་བྱིན་ལེན། །ཕྱི་རོལ་པ་ཉན་རང་ལོགས་པ་མིན་མི་ཚངས་ལེའུ་བཞི་ངལ་རྒྱད་པ་བཅུ་བཞི་པ་བཞིན་སྤྱོད་དང་བརྫུན་ལེའུ་དགུ་པ་སོགས་སྐུའི་དམ་ཚིག ་དུ་སྨྲའོ། །གསུང་གི་གཉིས་པ་གྲོལ་ལམ་སྐྱེད་རྫོགས་གཉིས། །དེ་ལ་རེ་ཤིག་རྫོགས་རིམས་ལ། །ཐུགས་ཀྱི་གཉིས་མེད་ཡེ་ཤེས་བསྒོམ་སྤྱི་དོན་གསུམ་དུ་བསྟན་པར་བྱ། །དང་པོ་གང་ཟག་སྒྱུ་མེ་བརྫུན་དབྱེ་བ་བསྟན། །གཉིས་པ་རྒྱུད ་སེམས་ཅན་གྱི་དོན་དུ་འགྲོ་ན་བཞི་དཀར་བྱ་མི་འགྲོ་ན་བསྡམ་པ་གཅེས་སོ་དོན་མདོ་རུ་བསྟན། །གསུམ་པ་རིམ་ལྔ་རྒྱས་པར་བཤད། །གང་ཟག་ཐ་མ་འབྲིང་གཉིས་ནི། །དཔེར་ན་སྐས་ཀྱི་རིམ་པ་ལྟར། །དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནས། །བསྐྱེད་པའི་རིམ ་ནས་ཟུང་འཇུག་བར། །ཐེག་པ་རིམས་ཀྱིས་སྦྱངས་ནས་སུ། །མཐར་གྱིས་སྐད་ཅིག་ཆོས་སྐུ་ཐོབ། །གཅིག་ཆར་ལམ་ནི་ཆོས་སྐུ་ཐོབ། །ཚོགས་རྫོགས་མི་རྟོག་བློ་ཆེན་གྱིས། །སྐད་ཅིག་ངག་གིས་འབད་མེད་སྐྱེ་མེད་རྟོགས། །དཔའ་བོ་གཅིག་པ་ལོགས་པ ་ཡོད་མེད་སྨྲ་བསམ་སྤྲོས་ཆེན་དུ་པ་མེད། །སྒྱུ་མ་ལྟ་བུར་སྒྲིབ་པ་སྤངས། །ཟུང་འཇུག་མི་སློབ་པའི་བདག་མེད་དོན་གྲུབ་ལྟ་བུ་འོད་གསལ་སྡོན་སྦྱངས་མཚན་མ་རང་གྲོལ་ཤེས་སྟོང་པའི་སྟོང་ལ་ཉིད་རྟོགས། །གཉིས་མེད་ཏིང་ངེ་འཛིན་དྲི་མ་ཟད། །ཆོས་ཀུན ་མཛའ་གཉིས་ཐོབ་ནས་རྫོགས་སངས་དབེན་པ་གསུམ་ལུས་རྒྱས། ཉོན་མོངས། རིམ་ལྔ་མདོར་གང་ཟག་བསྟན་བརྒྱུད་ཆས་ཀྱི་བདག་མེད་ནས་ནི། །རྡོ་རྗེ་བཟླས་པ་ཡེ་ཤེས་ཆེ། །ཡིད་འོང་སྔགས་དབྱིངས་ཡེ་ཤེས་དུག་ལྔ་ཕྲ་རགས་རྣམས་ཀུན་གསུམ ་བསྡུས་པའོ། །སེམས་ལ་དམིགས་པ་བདག་མེད་པའོ། །ཆོས་རྣམས་སྒྱུ་མ་ལྟ་བུས་ཏེ། །ཐམས་ཅད་རང་བཞིན་འོད་གསལ་བ། །གཉིས་མེད་གཉིས་སུ་མེད་མིན་ཞིང། །དེ་སྐད་གསུངས་པས་རིམ་ལྔ་ནི། །རླུང་བཟུང་འགྲོ་འོང་གནས་གསུམ ་པོ། །འབྲུ་གསུམ་ཐ་ཐུང་ཐིག་ལེར་བསྒོམ། །གཟུང་འཛིན་གཉིས་མེད་དམིགས་པ་ཞི། །མཛའ་བྲལ་སྙུག་མ་ལྷན་ཅིག་སྐྱེས། །དག་གི་བརྗོད་བྲལ་སྐྱེ་མེད་བསྒོམ། །སེམས་ནི་བདེ་གསལ་སྟོང་བས་ཞི། །རླུང་དང་སེམས་ཀྱི་རྣམ་འཕྲུལ་ལས།། ་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ། །ཕྱི་ནང་བསྡུས་ལ་སྟོང་པར་བསྒོམ། །འོད་གསལ་སྟོང་པ་ཆོས་སྐུ་ལས། །ཟུང་འཇུག་སྒྱུ་མ་ལྟ་བུར་ལངས། །ཐམས་ཅད་ཟུང་འཇུག་སྒྱུ་མ་རོ་གཅིག་ལས། །སྙིང་རྗེ་སྟོང་པས་འགྲོ་དོན་བྱས། །ཐམས་ཅད ་སྟོང་པར་སྤྱོད་པ་བྱས། །དྲི་མེད་ཆོས་དབྱིངས་མཐར་ཕྱིན་པS། །མྱ་ངན་འདས་པ་ཚེ་འདིར་ཐོབ། །ཆོས་ཅན་དག་དབེན་ལྟ་བུ་ཡི། །གཅིག་གི་ཁོངས་སཱུང་རིམ་ལྔ་ལྡན། །ད་ནི་རིམ་ལྔ་རྒྱས་བཤད་པའོ། །དེ་ལ་དག་དབེན་སྤྱི་དོན་ལྔ། །དང་པོ་ངོ་བོ་དབྱེ་བ ་ཙམ། །གཉིས་པ་བེམས་པོའི་རླུང་ལ་སྦྱངས། །གསུམ་པ་རླུང་སེམས་བསྒོམ་པ་བསྟན། །བཞི་པ་གསལ་བའི་རླུང་ལ་བསྒོམ། །ལྔ་པ་འབྲས་བུ་བསྟན་པ་ཡིན། །དང་པོ་ཀུན་རྫོབ་ཁམས་གསུམ་རླུང། །འགྲོ་འོད་གནས་གསུམ་ཡིག་འབྲུ ་གསུམ། ། ཐུར་སྐྱེ་མེད་སྟོང་པར་བསྒོམ། །དོན་གྱི་ངོ་བོ་དམིགས་སུ་མེད། །བརྗོད་དང་དམིགས་པར་བཤད་པ་དང། །བརྡར་གྱུར་དང་ནི་དོན་དམ་མོ། །ངག་གི་སྒྲ་ཡང་རླུང་སེམས་སྦྱངས། །རླུང་ལ་ངོ་བོ་དབྱེ་བ་དང། །ངེས་པའི་ཁྱད་པར་ལས་དང་ནི།། ་རྒྱུན་ལ་གཡས་གཡོན་དྲིལ་བ་དང། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས། །སྦྱང་ཐེབས་གསུམ་དུ་ཤེས་པར་བྱ། །གཉིས་པ་བེམས་པོའི་རླུང་ལ་སྦྱངས། །དངོས་མེད་རྟེན་འབྲེལ་ལས་བྱུང་བའི། །དབུགས་ནི་ནང་དུ་རྡུབས་གྱུར་པ། །ོཾ་དང་རྣམས་སྣང་སྐྱེ་མེད ་གནས། །ཁོག་པའི་རླུང་ལ་སེམས་ཉིད་གཟུང། །རླུང་དེ་ཁོ་ན་གནས་པ་ནི། ། ཐུར་སྐྱེ་མེད་སྣང་མཛའ་ཡས། །རླུང་ནི་ཕྱིར་འགྲོ་ཧཱུཾ་དུ་བསམ། །སྒྱུ་མ་ལྟ་བུའི་མི་བསྐྱོད་སྟོ། །རླུང་ནི་འབྱུང་འཇུག་གནས་གསུམ་མོ། །རང་བཞིན་ལྷུན ་གྲུབ་བཟླས་པ་ཡིན། །སྔགས་ལ་རྣམ་ཤེས་བསྡུས་བསྒོམ་པས། །སེམས་ཉིད་མི་རྟོག་བཟླས་པ་ཡིན། །རྟགས་སུ་རླུང་རྒྱུའི་གྲངས་ཤེས་ཤིང། །མེ་དང་རླུང་དང་ས་ཆུའི་རླུང། །ནང་ནས་རྒྱུ་བའི་ཁ་དོག་ཤེས། །གསུམ་པ་རྩ་རླུང་བསྒོམ་ཐབས་ནི། །མྱུར་དང་རྣམ་སྦྲད? ་དལ་བས་སྦྱངས། །མྱུར་བས་རླུང་སེམས་ཕྱིར་སྤྲོས་པས། །ཁྲུ་གང་ཙམ་ནས་རླུང་རྡུབས་པ། །འོག་རླུང་འཐེན་ལ་སྟེང་རླུང་གནན། །དེ་ལྟར་རླུང་སྔགས་བྱང་ཆུབ་སེམས། །མི་རྟོག་པ་ལ་རབ་སྦྱར་བས། །ནང་དུ་སྟོང་ཉིད་ཡེ་ཤེས་འཕེལ། །ཕོ་རླུང་གདུལ་ལ ་མོ་རླུང་སྦྱང། །མ་ནིང་རླུང་ལ་སྟ་སྟངས་བྱ། །བཞི་པ་གསལ་བའི་རླུང་ལ་ནི། །མིག་གི་ལམ་ནས་རྒྱུ་བའི་རླུང། །ཧཱུཾ་སེམས་ཕྱི་རོལ་རྒྱུ་རྣམས་ཀུན། །མི་བསྐྱོད་སྒྱུ་མའི་རྣམ་ཤེས་ཀུན། །གཟུང་བས་རང་བཞིན་མེད་པར་བསྒོམ། །ནང་དུ་ལོག་པས་ཨོཾ ་སེམས་བསྡུས། །སྒྱུ་མའི་རྣམ་སྣང་འཛིན་མེད་བསྒོམ། །སེམས་ཉིད་གནས་པ་སྐྱེ་མེད་ཨ། །སྒྱུ་མའི་སྣང་མཛའ་གཟུང་འཛིན་སྟོང། །དེ་བཞིན་སྣ་དང་ལྕེ་ལུས་བསྒྲེ། །ལུས་ངག་བྱ་བྲལ་ཞི་གནས་ནི། །བསྟན་པ་ཇེ་ཆེ་ཇེ་ཆེ་གནས། །དེ་ལྟར་ཉིན་ཞག་ཕྲུགས ་གཅིག་ལ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང། །ཉིན་མཚན་འགྲོ་འོད་གནས་གསུམ་འགག་།དེ་ལྟར་ཡན་ལག་རླུང་ལྔ་ཡང། །ཐིག་ལེ་མི་ཤིགས་སྟོང་པར་གནས། །དམིགས་མེད་ཆོས་ཉིད་རྟག་ཏུ་བསྒོམ། །ད་ཡི་འབྲས་བུ་བསྟན་པ་ནི། །ངག་དབེན་རླུང ་སེམས་སྦྱངས་པ་ཡིས། །ཞི་རྒྱས་དབང་དྲག་བཞི་ཡང་འགྲུབ། །ཡེ་ཤེས་རྒྱུད་ལ་སྐྱེ་བར་བྱེད། །མི་རྟོག་པ་ཡི་ཆོས་ཉིད་དོ། །དམིགས་པ་མེད་པའི་ཨ་ཐུང་དེ། །བདེ་བ་ལྷན་ཅིག་གཡོས་པ་སྤངས། །གདོད་ནས་ཞི་ཞིང་དྲི་མེད་སྟོང། །ཆོས་རྣམས་དེ ་ལྟ་བུ་ཤེས་པས། །སྨྲ་བར་བྱེད་པའི་བརྗོད་དང་བྲལ། །འགྲོ་འོད་གནས་མེད་རླུང་སེམས་སྟོང། །རྗེས་ཤེས་བདེ་གསལ་རྒྱ་ཡིས་གདན། །སྒྲ་རྣམས་བྲག་ཆ་ལྟ་བུར་ཤེས། །ལུས་ངག་དྲེགས་པ་ལས་སྒྲིབ་སྤོང། །ཞི་གནས་ནམ་མཁའ་ལྟ་བུར་རྟོགས། །སྣོད་བཅུད་ཐམས་ཅད ་སྒྱུ་མར་འཆར། །རང་བཞིན་རྟོག་པ་རྣམ་རྟོག་འགྱུར། །ཐམས་ཅད་སྣང་སྟོང་གཉིས་མེད་སྦྱངས། །དེ་ནི་དག་དབེན་སླབ་བྱ་ཡིན། །གཉིས་པ་སེམས་དབེན་བསླབ་བྱ་ལ། །སྤྱི་དོན་རྣམ་པ་བཞི་ཡིན་ཏེ། །དང་པོ་སེམས་དབེན་རྣམ་རྟོག་བསྟན། །གཉིས་པ་སྒྲུབ ་ཐབས་གསུམ་གྱི་ལམ། །གསུམ་པ་དག་པ་ཆེ་འབྲིང་བསྟན། །བཞི་པ་ཞར་འབྱུང་གྲོལ་ལམ་མོ། །དེ་ལ་སེམས་ཀྱི་རྣམ་པ་དེ། །ངོ་བོ་སྤྲོས་བའི་མཛའ་དང་བྲལ། །ནམ་མཁའ་ལྟ་བུར་མཚན་མ་མེད། །ཀུན་རྫོབ་སྣང་ཙམ་གསལ་རིག་ཙམ། །དེ་ལ་རྟེན ་ནས་སྣང་གསུམ་འབྱུང། །དཔེར་ན་གཉིད་ལོག་སད་པ་ལྟར། །ཡིད་ཀྱི་རྣམ་ཤེས་དེ་ཉིད་ནི། །གསལ་དང་ཤིན་ཏུ་གསལ་བ་དང། །གསལ་བ་བྱ་བརྫོགས་དང་གསུམ། །སྣང་བ་གསུམ་པོ་དེ་ཉིད་ལས། །དཔེ་ནི་ཉི་ཟླ་མཚམས་གསུམ་ཡིན། །སྣང་བ་གསུཾ ་པོ་དེ་རྣམས་ལས། །གཟུང་འཛིན་རྟོག་པ་བརྒྱད་ཅུར་འབྱུང། །ཉིན་མཚན་མཚམས་གསུམ་རྟོག་པ་ཡིས། །འཁོར་བའི་རྩ་བ་བསྐྱེད་པར་བྱེད། །དེ་ཉིད་ཐབས་ཀྱིས་བཟང་རྟོག་ནི། །སྣང་བ་གསུམ་དང་སྟོང་པ་གསུམ། །ཆོས་དབྱིངས་སྟོང་པར་སྦྱར་ལ ་བསྒོམ། །ཇི་སྲིད་རླུང་ནི་མི་རྒྱུན། །སྣང་གསུམ་རྟོགས་པས་མི་གཡོ་བས། །གཉིས་པ་སྒྲུབ་ཐབས་གསུམ་ལ་བསླབས། །རྟོག་པ་ཆུང་བས་མུ་ཏྲ་ལ། །དངོས་སུ་རྟེན་ལ་སེམས་དབེན་སྦྱངས། །བདག་དང་མུ་ཏྲ་སྒྱུ་མར་བསྒོམ། །མཁའ་གསང་བྱིན་བརླབས ་སྙོས་ཞུགས་བས། །ལུས་རྩ་སྟོང་ཕྲག་བདུན་ཅུ་ནས། །རྩ་ནང་ཐིག་ལེ་བྱང་སེམས་རྣམས། །འདུས་ནས་སྤྱི་བོར་རྩ་དབུས་ཞུགས། །ཡུལ་ལྔ་དབང་པོ་ལྔ་ལ་འདུས། །དབང་པོ་ལྔ་ཡང་སྟོང་པར་ཐིམ། །སེམས་སྣང་སྟོང་པར་ལུགས་ཞུགས་པས། །དེ་དུས ་རྟོག་པ་འདི་ཆོ་འགག་།ཆགས་བྲལ་དང་ནི་བར་བར་ཉིད། །དེ་བཞིན་དུ་ནི་ཆེན་པོ་དག་།ཡིད་ལ་འགྲོ་ཞིང་འོང་བ་དང། །མྱ་ངན་ལ་སོགས་གསུམ་དེ་བཞིན། །ཞི་དང་རྣམ་རྟོག་འཇིགས་པ་དང། །འཇིགས་པ་བར ་དང་ཤིན་ཏུ་འཇིགས། །སྲེད་དང་སྲེད་པ་བར་མ་དང། །ཤིན་ཏུ་སྲེད་དང་ཉེར་ལེན་དང། །མི་དགེ་བཀྲེས་དང་སྐོམ་པ་དང། །ཚོར་དང་ཚོར་བ་བར་མ་དང། །ཤིན་ཏུ་ཚོར་བའི་སྐད་ཅིག་དང། །རིག་པ་པོ་དང་རིག་འཛིན་བཞི། །སོ་སོར་རྟོག་དང་ངོ་ཚ་ཤེས ་སྙིང་རྗེ་དང་ནི་རྩེ་བ་གསུམ། །དོགས་དང་བསགས་པ་ཉིད་དང་ནི། །ཕྲག་དོག་ཅེས་ནི་བྱ་བར་གྲགས། །རང་བཞིན་སུམ་ཅུ་རྩ་གསུམ་གང། །ལུས་ཅན་རྣམས་ཀྱིས་རང་རིག་ཏེ། །ཀུན་རྫོབ་ཐ་མལ་སེམས་འབྱུང་རྣམས། །གཉིས་པ་སྟོང་ཉིད་སྐད ་ཅིག་འགག་།དགེ་བདེ་མི་རྟོག་སྟོང་ཉིད་ཐིམ། །ཉམས་ཤེས་ཟླ་བ་ལྟ་བུར་སྣང། །དེ་བཞིན་ཏིང་འཛིན་སྙོམས་ཞུགས་པས། །བྱང་སེམས་སྙིང་ཁར་བབས་ཙམ་ན། །མཆེད་པ་ཤིན་ཏུ་སྟོང་པར་ཞུགས། །རང་བཞིན་རྟོག་པ་འདི་རྣམས་འགག་། ་འདོད་ཆགས་ཆགས་དང་དེ་བཞིན་དགག་།དགའ་བ་བར་དང་ཤིན་ཏུ་དགའ་། །རང་དང་རབ་ཏུ་མགུ་བ་དང། །ངོ་མཚར་དེ་བཞིན་རྒོད་པ་དང། །ཚིམ་དང་དེ་བཞིན་མཁྱུད་པ་དང། །འོ་བྱེད་དེ་བཞིན་འཇིབས་པ་དང། །བརྟན་དང་བཙོད་དང་ང་རྒྱལ་དང། ། ་བྱང་དང་འགྲོགས་དང་སྟོབས་དག་དང། །སྤྲོ་དང་དཀའ་ལ་སྦྱོར་བ་དང། །དེ་བཞིན་རྐང་སྦྱོར་བར་མ་དང། །ཤིན་ཏུ་དཀའ་ལ་སྦྱོར་བ་དང། །རྣམ་པར་སྒེག་དང་ཞེས་འདྲས་ཉིད། །དགེ་དང་ཚིག་གསལ་བདེན་པ་དང། །མི་བདེན་པ་དང་དེ་བཞིན ་ངེས། །ཉེ་བར་མི་ལེན་སྦྱིན་པ་པོ། །བཀུལ་དང་དེ་བཞིན་དཔའ་བོ་དང། །ངོ་ཚ་མེད་དང་རྒྱུ་དང་སྡུག་།མི་བསྲུན་པ་དང་གྱ་གྱུ་ཉིད། །རང་བཞིན་བཞི་བཅུ་ཐམ་པ་ཡིས། །སྐད་ཅིག་གཉིས་པ་མཆོག་དགའ་བ་དེ། །ཤིན་ཏུ་སྟོང་ཉིད་གསལ ་སྣང་རྒྱས། །ཉམས་སྣང་ཉི་མ་ཤར་བ་འདྲ། །སྣང་སྟོང་དབྱེར་མེད་སྦྱོར་བ་ཡིས། །བྱང་སེམས་སྟོང་ཉིད་རྡོ་རྗེར་འདུས། །ཐོབ་པ་སྟོང་ཉིད་ཆེན་པོར་སྐྱེ། །རྟོག་པ་འདི་རྣམས་ཆོས་དབྱིངས་ཐིམ། །ཆགས་པ་བར་མའི་སྐད་ཅིག་དང། །བརྗེད་པས་པ་དང ་འཁྲུལ་པ་དང། །མི་སྨྲར་གྱུར་དང་སྐྱོ་བ་དང། །ལེ་ལ་དེ་བཞིན་ཐེ་ཙོམ་བདུན། །མ་རིག་བདུན་པོ་འདི་རྣམས་ནི། །ཕྲ་མོའི་རྣལ་འབྱོར་པས་ཤེས་བྱ། །སྐད་ཅིག་གསུམ་ལ་ཁྱད་དགའ་བདེ། །སྟོང་ཆེན་མུན་པ་ལྟ་བུའི་ཉམས། །བཞི་པ་ཉེ་བར་ཞི་བ་ནི། །རྟོག་པ་ཐམས ་ཅད་ཀྱིས་སྟོང་ངོ། །གཟུང་རྟོག་ཡུལ་དང་ཞོན་སྤངས། །འཛིན་རྟོག་སེམས་ཀྱི་ཆགས་སྡང་སྤངས། །བྱང་སེམས་རྟོག་པས་དབེན་པའོ། །སྟོང་པ་གསུམ་གྱིས་བརྒྱས་བཏབས་པས། །སེམས་དང་སེམས་འབྱུང་དམིགས་སུ་མེད། །རང་བཞིན་འོད ་གསལ་ཐིམ་གྱུར་པས། །བཞི་པ་དགའ་བྲལ་ལྷན་ཅིག་སྐྱེས། །ཐམས་ཅད་སྟོང་པས་ཡེ་ཤེས་དག་།བྱང་སེམས་བཟུང་བཟློག་དགྲམ་གནས་བསྐྱལ། །རྫེས་ཤེས་གཟུགས་སོགས་རབ་འབྲིང་རྣམས། །བདེ་སྟོང་ནང་དུ་མཉམ་པར་གཞག་།ཕྱག ་རྒྱའི་བསམ་གཏན་འབྱོངས་པ་དང། །འདྲ་འབགས་ལན་ཅིག་མྱོང་ལ་སྦྱངས། །སྔར་བཞིན་ཡེ་ཤེས་དམིགས་ལ་བསྒོམ། །སྣང་བ་མཆོད་ཐོབ་ལུགས་ཞུགས་ཏེ། །རྟོག་པ་སུམ་ཅུ་བཞི་བཅུ་བདུན། །སྐད་ཅིག་བཞི་དང་དགའ་བདེ་བཞི། །སྟོང་པ ་བཞི་ཡིས་རྣམ་དག་པ། །རྟག་ཏུ་རྣལ་འབྱོར་པས་མཚོན་བསྒོམ། །གཉིས་མེད་གཉིས་སུ་མེད་པར་གནས། །མཉམ་གཞག་ནམ་མཁའ་ལྟ་བུ་ལས། །རྗེས་ཤེས་སྒྱུ་མའི་ཚོགས་དྲུག་པོ། །བདེ་སྟོང་ཡུལ་དུ་མཉམ་པར་གཞག་།དཔེར་ནམ་མཁའ་? ་སྤྲིན་བྱུང་ཡང། །དེ་ཉིད་དུ་ནི་ཐིམ་པ་ལྟར། །དེ་བཞིན་རྣམ་རྟོག་སྟོང་པར་ཐིམ། །དེ་ཉིད་ཤེས་ན་ཡེ་ཤེས་ཅན། །སྤྲོས་པའི་མཚན་མ་རྣམ་པར་སྤངས། །དེ་ལྟར་སྒྲུབས་པ་གསུམ་པོ་ལ། །སེམས་ནི་དེ་ལྟར་བསྒོམ་པ་ལས། །གསུམ་པ ་སེམས་ཉིད་དག་པར་འགྱུར། །རབ་ནི་ཚེ་འདིར་ཟུང་འཇུག་རྟོགས། །དབང་དང་ངོ་སྤྲོད་བླ་མས་བྱས། །སྟོང་པ་གསུམ་དང་རྣམ་དག་པས། །འོད་གསལ་བར་ནི་དེ་བཤད་དོ། །ཐམས་ཅད་སྟོང་པར་དེ་བརྗོད་དོ། །ཡེ་ཤེས་གསུཾ ་ནི་རྣམ་དག་པ། །ཡེ་ཤེས་དག་ནས་དེ་ཉིད་དང། །ཐམས་ཅད་མཁྱེན་པ་བླ་མེད་པ། །གཉིས་མེད་མཆོག་ཏུ་ཞི་བ་སྟེ། །ཡང་དང་དེ་བཞིན་མེད་པ་དང། །ཚིག་དང་ཡིད་ཀྱི་སྤྱོད་ཡུལ་མིན། །དེ་བས་འོད་གསལ་དག་པ་ལས། །ཡེ་ཤེས་གསུམ་ནི་འབྱུང ་འགྱུར་ཏེ། །སུམ་ཅུ་རྩ་གཉིས་མཚན་འཆར་ཞིང། །དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །འབྲིང་ནི་བར་དོར་ཟུང་འཇུག་རྟོགས་།འཆི་ཀར་སྒྱུ་ལུས་བསྒོམ་པ་དེ། །མཚམས ་མེད་ལྔ་ཡིས་ལས་ཅན་དང། །མི་གང་བསོད་ནམས་དམན་པ་ཡང། །ཡིད་སྦྱིན་ནོར་དང་འདྲ་བར་གཞག་།བླ་མའི་དྲིན་གྱིས་ཐོབ་འགྱུར་ཏེ། །འདི་ནི་མ་འོངས་རྫོགས་སངས་རྒྱས། །ཆགས་མིན་ཆགས་དང་བྲལ་བ་མིན། །དབུ་མར་ཡང ་ནི་མི་དམིགས་སོ། །ཡེ་ཤེས་གསུམ་བྲལ་དེ་ཉིད་གང། །ཐམས་ཅད་སྟོང་པར་གསུངས་པ་ཡིན། །དབང་པོ་ཐ་མ་སྐྱེ་བའི་རྒྱུད། །ངག་དབེན་སེམས་དབེན་བསྒོམ་པ་དེ། །བར་དོར་སྒྱུ་ལུས་ཏིང་འཛིན་སྦྱངས། །སྐྱེ་བ་བརྒྱུད་ནས་ཟུང ་འཇུག་རྟོགས། །དེ་ནི་རིམས་ཀྱིས་ས་ཞེས་བྱ།། །།བཞི་པ་གྲོལ་ལམ་སེམས་དབེན་ནི། །སྐུ་ནི་དྲང་པོ་མ་ཡིན་ཞིང། །མི་དྲང་བ་ཡང་མ་ཡིན་ཞིང། །ལྟ་སྟོངས་ལྡན་པས་རླུང་བཅིངས་བྱ། །སེམས་ནི་བདེ ་གསལ་སྟོང་པ་ཉིད། །སྒྱུ་མའི་ལུས་ཀྱི་སྙིང་ཁ་རུ། །འཁོར་ལོ་སྟོང་པ་ཉིད་དུ་བསྡུ། །ཐམས་ཅད་སྟོང་པ་རྨད་པ་ཆེ། །དངས་ཞིང་གསལ་བའི་ཡེ་ཤེས་ཆེ། །ལྔ་པ་བན་ཡོན་སྤྱོད་པ་ནི། །མངོན་ཤེས་ལྔ་དང་འགྲོ་དོན་བྱེད། །འདོད ་ཡོན་ལྔ་ལ་ཅིང་དེར་སྤྱོད། །སྲིད་པའི་གཟེབ་ལས་གྲོལ་བར་འགྱུར། །ཡེ་ཤེས་མེ་ཆེན་ཉོན་མོངས་སྲེག་།གསུམ་པ་སྒྱུ་ལུས་བསླབས་པ་ནི། །ས་མཚམས་རྣམ་པ་ལྔར་ཤེས་བྱ། །དང་པོ་རང་བཞིན་སྒྱུ་མར་བསྟན། །གཉིས་ལ་སྒྱུ་ལུས་དཔེ་ལ་སྦྱར། ། ་གསུམ་པ་དང་དོན་སྦྱར་ལ་བསྒོམ། །བཞི་པ་དེ་ཉིད་བསྒོམ་པར་བྱ། །ལྔ་པ་ཞར་ལ་རྨི་ལམ་སྦྱངས། །དེ་ལ་རང་བཞིན་སྒྱུ་ལུས་ནི། །རླུང་གི་སྦྱོར་བ་མེད་པར་ནི། །སེམས་ཀྱི་རང་བཞིན་བཟུང་དུ་མེད། །རླུང་སེམས་གཉིས་པོ་རྒྱུ་གྱུར་པས། །ལས་དང ་སྐྱེ་བ་ཀུན་ཏུ་འབྱུང། །རླུང་དང་སེམས་ཀྱི་རྣམ་འཕྲུལ་ལས། །རྣམ་ཤེས་ལུས་གྲུབ་སྒྱུ་མའི་གཟུགས། །འགྲོ་བ་ཐམས་ཅད་སྒྱུ་མ་ཡིན་ནོ། །ཕྱི་ནང་ཐམས་ཅད་སྒྱུ་མ་ཡིན། །སྲིད་གསུམ་སྒྱུ་མ་སྙིང་པོ་མེད། །དེ་ནི་རང་བཞིན་སྒྱུ་ལུས་སོ། །གཉིས ་པ་དཔེ་ཡི་སྒྱུ་ལུས་ནི། །མེ་ལོང་གཡའ་དག་གསལ་བ་ལ། །ཡི་དམ་གཟུགས་བརྙན་འཆར་དུ་གཞུག་།བསྟོད་དམད་རྟོག་པ་དེ་ལ་མེད། །སྣང་ལ་རང་བཞིན་མེད་པར་འདུག་།གསལ་ལ་རྟོག་པ་མེད་པར་འདུག་།ཁ་དོག་སྣ་ཚོགས་གཞི?་འཚོན་འདྲ། །གནས ་དང་ལོངས་སྤྱོད་ཐམས་ཅད་ཀུན། །དྲི་ཟའི་གྲོང་ཁྱེར་ལྟ་བུར་བསྒོམ། །ནམ་ཤེས་རླུང་དང་བཅས་པ་ནི། །ཆུ་ཡི་ཆུ་བུར་ལྟ་བུ་ཡིན། །མི་རྟག་འགྱུར་བ་གློག་ལྟ་བུ། །གཡོ་ཞིང་མི་བསྟེན་སྨིག་རྒྱུ་འདྲ། །དུ་མར་སྣང་བས་མིག་འཕྲུལ་འདྲ། །རང་ལས ་གཞན་སྣང་བྲག་ཆ་འདྲ། །མེད་བཞིན་སྣང་བས་མིག་འཕྲུལ་འདྲ། །ཀུན་ལ་ཁྱབ་པས་ཆུ་ཟླ་འདྲ། །རྒྱུ་རྐྱེན་བཅས་པས་སྒྱུ་མ་འདྲ། །སེམས་དང་བཅས་པས་རྨི་ལམ་འདྲ། །གསུམ་པ་དཔེ་དོན་བཅས་ལ་བསྒོམ། །སྒྱུ་མའི་དཔེ་ནི ་དེ་རྣམས་དང། །རྣལ་འབྱོར་དབང་པོས་གང་དམིགས་པ། །དེ་དེ་སྒྱུ་མ་བཞིན་དུ་བསྒོམ། །སྣང་བ་སྒྱུ་མ་ལྟ་བུ་དང། །ཕུང་ཁམས་སྐྱེ་མཆེད་སྒྱུ་མ་དང། །སེམས་དང་ཆོས་ཉིད་སྒྱུ་མ་དང། །དབྱེར་མེད་གཉིས་གཅིག་སྟོང་པར་བསྒོམ། ་བཞི་པ་སྒྱུ་མའི་དེ་ཉིད་ནི། །ཆོས་རྣམས་ཐམས་ཅད་སྒྱུ་མ་ལ། །དགག་སྒྲུབ་མེད་པར་མཉམ་གནས་པ། །སྒྱུ་མའི་སྣང་བ་གསུམ་པོ་དང། །སྒྱུ་མའི་རང་བཞིན་རྟོགས་པ་རྣམས། །ཁམས་གསུམ་ཕྱི་ནང? ་སྣོད་བཅུད་ཀུན། །ཅི་སྣང་སྒྱུ་མའི་ལུས་ལ་བསྡུས། །སྒྱུ་མའི་ལུས་ཡང་སྟོང་པར་བསྒོམ། །རྣམ་པར་དག་པ་ནམ་མཁའ་བཞིན། །བསམ་དུ་མེད་པའི་དཔལ་གཞག་།སྒྱུ་མས་སྒྱུ་མར་རློམ་སེམས་མེད། །སྒྱུ་མ་ཙམ་ཏུ་ཏིང་འཛིན་ལ།། ་ཞན་པར་གྱུར་ན་དེ་ཡང་སྤངས། །སྒྱུ་མ་འོད་གསལ་མེ་ཡིས་སྦྱངས། །དངོས་དང་དངོས་མེད་ལས་གྲོལ་ཏེ། །བདེན་བརྫུན་དག་པས་དོན་དམ་ཡིན། །ཆོས་རྣམས་ཀུན་ལ་གནས་པ་མེད། །འོད་གསལ་ཐམས་ཅད་སྟོང་པའོ། ། ་ཆོས་རྣམས་ངོ་བོ་མེད་པ་ལ། །ཡང་དག་རྟོགས་ན་སྟོང་ཉིད་གྲོལ། །དངོས་དག་ཀུན་ལས་རྣམ་པར་གྲོལ། །གཟུགས་སྒྲ་ལ་སོགས་སྒྱུ་མར་སྤྱོད། །སྒྱུ་མའི་ཏིང་འཛིན་བརྟག་པ་ན། །ངན་སོང་མི་འགྲོ་སྡུག་བསྔལ་ཞིང། །ཉོན ་མོངས་རགས་པ་ཆ་བྲིས་ནས། །འོད་གསལ་བདེན་པ་མཐོང་བར་འགྱུར། །སྒྱུ་ལུས་ཉིན་པར་སྦྱང་ཐབས་སོ། །ད་ནི་མཚན་མོའི་སྒྱུ་ལུས་སྦྱངས། །མཚན་མོའི་རྨི་ལམ་སྒྱུ་ལུས་བཟུང། །དེ་ལ་འདུན་པ་དྲག་པོ་བྱ། །རྨི་ལམ་ན་ནི་ཆོས་རྣམས་ཀུན། །རྨི་ལམ ་འཁྲུལ་པ་སྒྱུ་མར་བསྒོམ། །དེ་ལ་སྤྲོ་བསྡུ་དུ་མ་བྱ། །རྣམ་པ་སྣ་ཚོགས་རྨི་ལམ་ན། །སྣང་ཡང་དེ་ཉིད་སྟོང་པར་བསྒོམ། །ལོག་རྟོག་སྒྱུ་མར་སྣང་བ་དེ། །ཡེ་ཤེས་སྒྱུ་མར་སྣང་བར་བྱས། །ཉམས་བ་བག་ཚ་མེད་པའི་སེམས། །རྨི་ལམ་སྒྱུ་མ་ལྟར་ཞི་ཞིང། །དེ་ཉིད ་ཡིས་སླེབས་པ་ཡིན། །འཁྲུལ་སྣང་བྱུང་ན་ཡང་ཡང་སྦྱངས། །དམིགས་མེད་སྟོང་པའི་རྒྱ་ཡིས་གདབ། །རྨི་ལམ་སྣང་བ་ལུགས་ཞུགས་ནས། །རྨི་ལམ་དུས་ན་འོད་གསལ་རྟོགས། །དེ་ཉིད་བར་དོ་འབྱོངས་པ་ཡིན། །གཉིད་ལོགས་སད་པར་གྱུར་པ་དེས། །སྔར་གྱི་རྨི་ལམ ་ཟིན་པ་དང། །སད་པའི་འཕྲུལ་སྣང་ཁྱད་མེད་བསྒོམ། །ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང། །འོད་གསལ་སྟོང་པར་རང་བཞིན་གནས། །ཁམས་གསུམ་འཁོར་འདས་མཁའ་བཞིན་བྷོ། །སྒྱུ་ལུས་ཉིན་མཚན་གཉིས་ལ་སྦྱངས། །འཆི་ཀར་སྒྱུ་ལུས་འོད་གསལ་བསྒོམ།། ་དེས་ནི་བར་དོར་སྒྱུ་མར་དྲན། །རྨི་ལམ་ཇི་བཞིན་ཡེས་ལུས། །བར་དོར་འོད་གསལ་ཆོས་ཉིད་རྟོགས། །མཁའ་སྤྱོད་གནས་སུ་ཟུང་འཇུག་སྦྱངས། །མྱ་ངན་འདས་པ་དེ་ཡིས་ཐོབ། །བཞི་པ་འོད་གསལ་བསྒོམ་ཐབས་ལ། །རྣམ་པ་ལྔ་རུ་ཤེས་པར་བྱའོ། །དང་པོ་མཆོད་དང་གསོལ་བ་གདབ ་གཉིས་པ་ཕྱི་ནང་བྱང་ཆུབ་བསྟན། །གསུམ་བ་བླ་མས་ངོ་སྤྲོད་བྱ། །བཞི་པ་ཉམས་བླང་རྒྱས་པར། །ལྔ་པ་གཉིད་ཀྱི་འོད་གསལ་བའོ། །རྡོ་རྗེ་སློབ་དཔོན་དྲིན་ཅན་ལ། །ཕྱི་ནང་གསང་བའི་འདོད་ཡོན་ལྔ། །ཅི་འབྱོར་པས་ནི་མཆོད་བྱས་ལ། །ཚོགས་ཀྱི་དལ་ཏུ་སྙོམས་འཇུག་པའི། །མུ ་དྲ?་ཕུལ་ནས་གསང་དབང་ཞུ། །བླ་མས་སྒྱུ་ལུས་ངོ་སྤྲད་པས། །ཡང་ན་ནམ་གྱི་ཐོ་རས་དུས། །མཆོད་དང་གསོལ་བཏབ་གཞུང་བཞིན་བྱས། །གཉིས་པ་ཕྱི་ནང་བྱང་ཆུབ་ནི། །བླ་མས་འདི་སྐད་བཤད་ཅིང་བསྟན། །དཔེར་ན་མཚན་མོ་ཟླ་བ་དེ། །སེམས་ཉིད་སྣང་བའི་དཔེ་ཡིན་ནོ། །ཉི་མ་ཆེས་གསལ ་མཆོད་པའི་དཔེ?། །ཉི་ཟླ་མེད་པ་མཚམས་ཀྱི་སྨག་།མི་གསལ་མུན་པ་ཐོབ་པའི་དེ། །ནམ་ནངས་ཉི་མ་ཤར་བ་ལྟར། །སྤྲིན་མེད་ནམ་མཁའ་འོད་གསལ་དཔེ། །དེ་བཞིན་ནང་གི་བྱང་ཆུབ་ལ། །སྒོམས་པས་སྣང་གསུམ་ལུགས་ཞུགས་པས། །རང་བཞིན་བརྒྱད་ཅུ་སྟོང་པར ་?། །རང་བཞིན་དག་ན་འོད་གསལ་མཆོག་།ཐམས་ཅད་མ་སྐྱེས་ཟག་པ་མེད། །ཟད་འཕེལ་ཡོད་མེད་ཐ་སྙད་བྲལ། །དགེ་དང་སྡིག་པའི་གཟུགས་མེད་པས། །ངོ་བོ་ཉིད་དག་གོས་པ་མེད། །ཐམས་ཅད་སྟོང་པར་སངས་རྒྱས་གསུངས། །དེ་ཉིད་ཉམས་སུ་ལེན་པ་ལ། །གསུམ་པ ་བླ་མས་ངོ་སྤྲད་བྱ། །དབང་ནི་གསུམ་པའི་དུས་འདི་རུ། །ཡེ་ཤེས་གཉིས་མེད་དོན་ལ་བལྟ། །སྤྲོས་པ་མཛའ་བྲལ་སྟོང་པ་ཉིད། །གྲོལ་ལམ་ཟུང་འཇུག་རྦ་རླབས་མནན། །ཆགས་ལམ་མུ་ཏྲ་གད་ནས་སུ། །དེ་ནས་སྙོམས་འཇུག་བསམ་གཏན་ལ། །སྣོད་བཅུད་ཕུང་ཁམས་སྐྱེ་མཆེད ་བསྡུས། །སྐུ་གསུང་ཐུགས་དང་ཐིག་ལེར་བསྡུ། །དགའ་བ་བཞི་དང་སྟོང་ཉིད་བཞི། དཔེ་དོན་འོད་གསལ་སྐད་ཅིག་ཐོད། །ལུགས་བཟློག་རྗེས་ཤེས་སྒྱུ་མར་ལངས། །བླ་མས་གདམས་པ་སྦྱིན་པ་ནི་དངོས་པོ་ཐམས་ཅད་དང་བྲལ་ཞིང། །ཕུང་པོ་ཁཾས ་དང་སྐྱེ་མཆེད་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། ཆོས་བདག་མེད་དང་མཉམ་ཉིད་པས། །རང་སེམས་གཟོད་ནས་མ་སྐྱེས་པས། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད། །བླ་མའི་དྲིན་ཐོབ་བསྒོམ་བྱ་བ། །གསལ་དག་འཕྲོ་བ་མཆོག་ཏུ་ཞི། །རང་བཞིན་སངས་རྒྱས་མྱང་འདས ་ཁམས། །གཉིས་མེད་རྟོག་བྲལ་རྟག་ཏུ་བདེ། །རང་བཞིན་དེ་བཞིན་ཉིད་ལ་ནི། །རྟག་པར་རྣལ་འབྱོར་པས་བསྒོམ་བྱ། །བཞི་བ་ཉམས་བླང་རྒྱས་པར་བཤད། དེ་ལ་ནང་སེལ་གསུམ་ཡོད་དེ། རིལ་འཛིན་རྗེས་གཞིག་རྣམ་གཉིས་དང། །གསུམ་བརྒྱ་དག་ལྔར་བའོ། ངེ་འཛིན ་པོར་འཛིན་པ་ནི། །དཔེར་ན་མེ་ལོངས་ཧས་བཏབ་བཞིན། །བདག་དང་ཕྱི་ནང་སྣོད་བཅུད་ཀུན། །སྒྱུ་མ་ལྟ་བུའི་རྣམ་སྣང་དུ། །རང་བཞིན་མེད་པར་ཐལ་འཚེར་བསྒོམ། །དེ་ཡང་སྤྲོས་མེད་ཧཱུཾ་དུ་བསྡུས། །དེ་ཡང་ཐིག་ལེན་བསྔར་བསྡུས། །ནང?་རྟོག་མེད་སྟོང་པར་བསྒོམ། །སྟོང ་པའི་དང་ལ་མཉམ་གནས་པ། །སྣང་བ་མཆེད་པར་ལུགས་ཞུགས་བས། །རྟོག་པ་སུམ་ཅུ་རྩ་གསུམ་ཐིམ། །མཉམ་ཉིད་སྟོང་པའི་ཞི་གནས་སོ། །ཉམས་མྱོང་ཟླ་པ་ལྟ་བུར་འཆར། །ས་རླུང་ཆུ་ལ་ཐིམ་པ་ཡིས། །ཉམས་སུ་སྨིག་རྒྱུ་ལྟ་བུ་ལ། །འོད་ཟེར་ལྔ་ཡི་ཚོགས་འབྱུང་ངོ། །དེ་ལས་སྣང་བ ་ཐོབ་པ་དང། །ཆུ་རླུང་མེལ་ཐིམ་པ་ཡིས། །སྣང་བ་དུ་བ་ལྟར་སྣང་ངོ། །དེ་ནས་ཕྱི་ནས་ཁམས་གསུམ་པོ། །མཛའ་ཡས་སྒྱུ་མར་བསྡུས་ལ་བསྒོམ། །དེ་ཡང་སྐྱེ་མེད་ཨ་ལ་བསྡུས། །ཤིན་ཏུ་སྟོང་པ་དམིགས་མེད་པས། །མཆེད་པ་ཐོབ་པར་ཞུགས་ཞུགས་ཏེ། །རང་བཞིན་རྟོག ་པ་བཞི་བཅུ་ཐིམ། །མཆོག་ཏུ་བདེ་ཆེན་དམིགས་སུ་མེད། །མཆེད་པ་ཉི་མ་ལྟ་བུའི་ཉམས། །མེ་རླུང་རླུང་ལ་ཐིམ་པ་ཡིས། །སྲིན་བུ་མེ་ཁྱེར་ལྟར་སྣང་ངོ། །ནམ་མཁའ་ཨི་གློག་ལྟར་དམར་ཁྱུག་འོད་།ཡང་ནི་ཁམས་གསུམ་སྣོད་བཅུང་རྣམས། མི་བསྐྱོད་སྒྱུ་མར་བསྡུས་ལ་བསྒོམ། །དེ་ཡང་རྟོག་མེད་ཧཱུཾ ་ལ་བསྡུས། །ཧཱུཾ་ཡང་ཐིག་ལེ་སྟོང་ཆེན་བསྒོམ། །ཐོབ་པ་ལུགས་སུ་ཞུགས་པ་ཡིས། །རང་བཞིན་རྟོག་པ་བདུན་ཐིམ་ནས།། ཤེས་པ་མི་གསལ་མུན་པ་བཞིན། །རླུང་ནི་རྣམ་ཤེས་ལ་ཐིམ་པས། །སྣང་བ་མར་མེ་ལྟ་བུར་དམར། །ཐོག་པ་ཡང་ན་སྐད་ཅིག་དྲན་རྫོགས་ལ། །ལུས་ངག་ཡིད ་གསུམ་སྟོང་པར་བསྒོམ། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །བློ་བཏགས་རགས་ཕྲའི་རྟོག་པ་རྣམས། །འོད་གསལ་སྟོང་པ་ཆོས་ཀྱི་སྐུ། །གསལ་དག་མཆོག་ཞི་རྣལ་འབྱོར་ཡུལ། །སྨྲ་བས་མ་བརྗོད་སྐྱེ་བ་མེད། །བསྒོམ་བྱ་བསྒོམ་བྱེད་གཉིས ་སུ་མེད་དཔེར་ན་སྤྲིན་མེད་ནམ་མཁའ་བཞིན། །འོད་གསལ་རང་བཞིན་དྲི་མ་མེད། །ཟག་མེད་ཟིལ་གྱིས་མི་གནོན་པ། །ཐམས་ཅད་ཡོད་མེད་ཕྱོགས་ལས་འདས། །སྟོང་ཉིད་བརྗོད་ལས་འདས་པ་ལས། །ཡི་གེ་མེད་པར་ཡི་གེ་བསྟན། །དེ་ཉིད་རྒྱུད་དང་ཟུང་དུ་འགྱུར། །དབང་པོ ་རབ་ཀྱིS་དེ་བཞིན་བསྒོམ། །རྗེས་གཞིག་དབང་པོ་འབྲིང་གིས་བསྒོམ། །དཔེ་ནི་ཆུ་ཡི་པདྨ་བཞིན། །རིམས་ཀྱིས་ཁམས་སྟོང་པ་གསུམ། །འོད་གསལ་སྟོང་པར་ལུགས་སུ་གཞུགས། །དེ་ནས་བདག་ཉིད་སྐུ་གསུང་ཐུགས། །སེམས་དཔའ་གསུམ་རྩེག་བསྒོམ་ལ་བསྡུ། །རྟོག ་པ་སུམ་ཅུ་བཞི་བཅུ་བདུན། །རིམས་བཞིན་སྟོང་དང་ཤིན་ཏུ་སྟོང། །སྟོང་ཆེན་བཞི་པ་ཐམས་ཅད་སྟོང། །ཟླ་ཉི་མུན་དང་ས་ཆུ་མེ། །རླུང་དང་རྣམ་ཤེས་ཐིམ་པའི་རྟགས། །འོད་གསལ་ལ་སོགས་གོང་དང་འདྲ། །རྗེས་སུ་གཞག་པའི་བསམ་གཏན་ཡིན། མཉམ་གཞག ་འོད་གསལ་རྟོགས་པ་ཡིས། །ལུགས་བཟློག་སྒྱུ་མ་དག་པའི་སྐུ། །ཟུང་འཇུག་སྒྱུ་མ་ལྟ་བུར་བཞེངས། །དབང་པོ་ཡུལ་སྣང་གང་བྱུང་ཡང། །སྒྱུ་མར་སྣྔ་ཡང་བཟུང་འཛིན་མེད། རླུང་སེམས་རག་པས་ཞིང་རྣམས་སྦྱར་ས། །སྣང་སྟོང་གཉིས་མེད་རོ་གཅིག་བསྒོམ་། ་ཡེ་ཤེས་སྒྱུ་འདྲ་དག་པ་ཡིས། །རང་སེམས་སྐྱེ་མེད་རྣམ་དག་པས། །ཏ་ཐའི་ཞལ་མཐོང་ཆོས་ཉན་དང། །ནམ་མཁའ་མཛོད་ཀྱི་སྦྱིན་པ་གཏོང། །སེམས་ཅན་དོན་དུ་འཕྲིན་ལས་བཞི། དག་པའི་ཆུ་རླུང་ཉིས་བརྒྱ་དང། །ཉེར་ལྔའི་བར་དུ་འོད་གསལ་བསྒོམ། །སེམས་ཅན་ནང ་གདོན་ཞི་བར་འགྱུར། །དེ་བཞིན་ས་མེ་རླུང་གི་རླུང། །སེར་དམར་ལྗང་བ་དབང་རྒྱས་དྲག་།སེམས་ཅན་དོན་ཏུ་ཐོགས་མེད་འགྲུབ། །འདོད་ཡོན་ཐམས་ཅད་སྟོང་པས་སྤྱོད། །སེམས་ཅན་དོན་ཉིད་མ་གཏོགས་པའི། །ཁམས་གསུམ་གནས་སུ་སྐྱེ་མི་ལེན། །ལས་ཉོན ་སྒྲིབ་པ་རྣམས་སྤངས་ཏེ། །མངོན་ཤེས་ལྔ་པོ་ཐོབ་པར་འགྱུར། །ཟུང་འཇུག་གཉིས་མེད་ཐོབ་པར་འགྱུར། །ལྔ་པ་དབང་པོ་ཐ་མ་ཡིས། །ཞར་འབྱུང་གཉིས་ཀྱིS་བསཾ་གཏན་སྦྱངས། །ཉིན་མཚན་གཉིས་ལ་འོད་གསལ་སྦྱངས། །འགྲོ་བ་གང་ཞིག་གཉིད་ལོག་པ། ། ་ནང་གསུམ་དང་གིས་ལུ་གསུང་འཇུག། །ཤེས་པ་གཉིད་དུ་འགྲོ་འདུས་སུ། །ཕུང་ཁམས་སྐྱེ་མཆེད་དབང་སོགས་རྣམས། །ཤེས་པ་གཉིས་པོ་དེ་ནི་ཐོབ་པར་ལེགས་འདུས་ནས། །སྟོང་ཆེན་གྱུར་ལ་འགྲོ་བ་གང་ཞིག་གཉིད་ལོག་པ། །གཉིས་དུ་འགྲོ་ཁང་འདི་བཞིན ་བསྒོམ། །སེམས་ཀྱི་ཕྱི་རོལ་མཚན་མ་མེད། །ཕུང་ཁམས་སྐྱེ་མཆེད་སྙིང་གར་བསྡུ། །མི་རྟོག་སྟོང་ལ་ལྷན་ཙེར་གཞག་།ཕྱི་ནང་རྟོག་པས་རྣམ་པར་དབེན། །བློ་ནི་སྟོང་པར་དམིགས་མེད་གཞག་།གཉིད་དང་སྟོང་ཉིད་བསྲེས་ལ་ཉལ། །གཉིད་དེ་སྟོང་ཉིད་འོད་གསལ ་འགྱུར། །ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །བཟུང་འཛིན་མེད་བཱི་ཏིང་འཛིན་ཉིད། ཐོབ་ཆེན་ཕྲ་མོས་རྨི་ལམ་སྣང། །རྨི་ལམ་རབ་ཏུ་འོད་གསལ་བསྒོམ། ཐོབ་པ་གཉིད་ཀྱི་དང་ཉིད་ལས། །རྨི་ལམ་ལུགས་ཞུགས་འོད ་གསལ་རྟོགས། །རང་རིག་འོད་གསལ་དེ་བཞིན་ཉིད། །གནས་མེད་གསལ་ལ་འོད་གསལ་བ། །རང་བཞིན་རྣམ་དག་རྟོག་མེད་སྐུ། །འཛིན་མེད་དེ་བཞིན་ས་ལེ་མཁྱེན། །གཉིད་ཀྱི་འོད་གསལ་ཟུང་འཇུག་ཡིན། །མ་ཞེན་རྣལ་འབྱོར་རྒྱུན་མར་སྦྱངས། །ནམ་མཁའ་ལྟ་བུར ་སྐྱེ་འགག་མེད། །ཉིན་དང་མཚན་དུ་ཡང་ཡང་བསྒོམ། །ལུང་སྟོན་དང་འོད་གསལ་མཐོང། །གཉིད་ཀྱི་འོད་གསལ་རྟོགས་པ་ན། །རྣལ་འབྱོར་པ་དེ་འཆི་བའི་ཚེ། །སྣང་གསུམ་རང་བཞིན་ལུགས་སུ་འཇུག། །ཕུང?་ཁམས་སྐྱེ་མཆེད་རླུང་རྣམས་འདུ། །དེ་ཚེ་འོད ་གསལ་བསྒོམ་པར་བྱའོ། །ཞེན་རྟོག་སྟོང་པར་བཙན་ཐབས་བཅད། །ཤི་བ་སྟོང་པའི་འོད་གསལ་རྟོགས། །ཟུང་འཇུག་མྱང་འདས་དེས་ཐོབ་པོ། །ལྔ་པ་ཟུང་འཇུག་བསྒོམ་པའི་ལམ། །རྣམ་པ་ལྔ་དུ་ཤེས་པར་བྱ། །དང་པོ་ལྟ་བཟུང་དུ་འཇུག་།གཉིས་པ་བསྒོམ་པ་ལམ་དུ ་འཇུག་།གསུམ་པ་འབྲེལ་པ་ཟུང་དུ་འཇུག་།བཞི་པ་སྤྱོད་པ་ཟུང་དུ་འཇུག། ལྔ་པ་འབྲས་བུ་ཟུང་དུ་འཇུག་།དང་པོ་ལྟ་བ་ཟུང་འཇུག་ནི། །གངྒའི་ཀླུང་གི་བྱེ་སྙེད་ཀྱི། །སངས་རྒྱས་རྣམས་ཀྱིས་འདི་ཉིད་དག་།ཐུགས་ཆུད་ཡོད་མེད་ཕྱོགས་སྤངས་པ། །ཕྱག་རྒྱ་ཆེན་པོའི་བདག་ཉིད ་འགྲུབ། །ལྟ་བ་ཐམས་ཅད་རབ་སྤངས་པའོ། །བལྟ་བྱ་ལྟོ་བྱེད་གཉིས་སུ་མེད། །དངོས་པོ་འདི་རྣམས་མ་སྐྱེས་པས། །ཆོས་དང་ཆོས་མིན་རྣམ་རྟོག་མེད། །ཆོས་མེད་ཆོས་ཉིད་མེད་པས་ཏེ། །ནམ་མཁའ་ལྟ་བུར་བདག་མེད་པ། །ཆོས་རྣམ་ཐམས་ཅད་དངོས་མེད་ཅིང། །ཆོས་ཀྱི་མཚན ་ཉིད་རྣམ་པར་སྤངས། །རྣམ་པར་མི་རྟོག་དོན་དམ་ལ། །བྱང་ཆུབ་མེད་ཅིང་བསྒོམ་པ་མེད། །གཉིས་མེད་ཡེ་ཤེས་ཆོས་ཉིད་ལ། །མཚན་མར་སློབ་བཟང་པ་ཡིན། །ཆོས་ཉིད་ནམ་མཁའ་སྨ་བསམ་མེད། །རང་བཞིན་དག་པས་ཆོས་ཉིད་ལ། །གཉིས་མེད་བློ་ནི་དབྱེར་མི་ཕྱེད། །ཆོས་ཀྱི ་དབྱིངས་ནི་གནས་མེད་པ། །ནམ་མཁའ་ལ་ནི་ནམ་མཁའ་གནས། །དམིགས་པའི་མཚན་མ་བསྒོམ་མི་བྱེད། །སྟོང་དང་ཉོན་མོངས་སྟོང་པས་འཇོམས། །སྟོང་པ་ཡོད་མེད་མངོན་ཞེན་ན། །དྲི་མ་ཆེན་པོར་དེ་ཉིད་འགྱུར། །སྟོང་དང་མི་སྟོང་བསམ་དུ་མེད། །ངོ་བོ་གཉིས་མེད ་ཡེ་ཤེས་ཉིད། །སྤངས་ཐོབ་རྣམ་དག་སངས་རྒྱས་མེད། །རྟག་ཆད་སྐྱེ་འགག་མཛའ་དང་བྲལ་།སྐྱེ་མེད་ནམ་མཁའ་ཁས་ལེན་བྲལ། །བྷོ་བ་ཟུང་འཇུག་བསྟན་པ་ནི། །འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་རྣམ་སྤངས་པ། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང ་དུ་འཇུག་ཅེས་དེ་ལ་བཤད། །ཀུན་ཉོན་མོངས་དང་རྣམ་པར་བྱང། །དོན་དམ་ཉིད་དུ་ཤེས་ནས་ནི། །གང་གི་གཅིག་ཏུ་ཤེས་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་ཤེས། །དངོས་པོ་རྣམས་བཅས་ཀུན་རྟོག་དང། །དངོས་པོ་མེད་པར་རྟོག་པ་དག། །རྣལ་འབྱོར་པས་ནི་གཅིག་སྦྱང་བྱ། །དེ་ནི་ཟུང ་འཇུག་ཤེས་པའོ། །བཟུང་བ་དང་ནི་འཛིན་པ་ཞེས་།རྣམ་གཉིས་བློ་ནི་ཡོད་མིན་གྱི། །གང་དུ་མི་ཕྱེད་བློ་ཡོད་པ། །དེ་ནི་ཟུང་འཇུག་ཅེས་བྱང་བཤད། །རྟག་དང་ཆད་པའི་བློ་དག་ནི། །གང་གིས་སྤངས་ནས་རབ་གནས་པའི། །ཟུང་དུ་འཇུག་པའི་རིམས་འདི་ཡི། ། ་དེ་ཉིད་ཤེས་ཏེ་མཁས་པ་ཡིན། །ལྷག་བཅས་ལྷག་མེད་རྟོག་མེད་ཟུང། །བདག་མེད་རྟོག་གཉིས་རྣམ་གྲོལ་ཟུང། །ངག་སེམས་སྒྱུ་མ་འོད་གསལ་པ། །ཟུང་འཇུག་གཉིས་མེད་བསམ་གཏན་གནས། །ཐམས་ཅད་མཉམ་གྱུར་ཟུང་འཇུག་པས། །གཉེན་པོ་བསྒོཾས་པS་རྟོག་པ་དག། ་ཀུན་རྫོབ་དོན་དམ་འདྲེས་གྱུར་ཟུང། །དེ་བཞིན་ཉིད་དང་ལྡན་གྱུར་ཟུང། །མ་སྐྱེས་པའི་ཆོས་རྣམས་ལ། །ངོ་བོ་མེད་དེ་བསྒོམ་པ་མེད། །ངོ་བོ་ཉིད་ནི་ཞི་བ་ལ། །གཉེན་པོ་མི་རྟོག་མི་དམིགས་པ། །ནམ་མཁའ་ཨི་ལམ་ལ་མཉམ་གནས་པ། །ཟུང་འཇུག་བསྒོམ་པའི ་བསྒོམ་ཞེས་བརྗོད། །མཉམ་ཉིད་རྣམ་དག་ཟད་བ་མེད། །དངོས་དང་དངོས་མེད་རྣམས་སྤངས་པའི། །དམིགས་པ་མེད་ཅིང་རབ་ཏུ་ནི། །ཞི་གནས་དང་ནི་ལྷག་མཐོང་གིས། །ཐམས་ཅད་སྟོང་པའི་ཆོས་ཉིད་ལ། །བསྒོམ་བྱ་སྒོམ་བྱེད་དམིགས་སུ་མེད། །ཆོས་ཉིད་ཡེ་ཤེས་ཆུང་འབྲིང་ཆེ། །ཁམས་གསུམ ་དྲི?་རྟོག་ཆེ་འབྲིང་འཇོམས། །ཡེ་ཤེས་གསུམ་ནི་རྣམ་དག་པས། །ས་བཅུ་ལ་ནི་གནས་པར་འགྱུར། །ལྷན་སྐྱེས་དྲི་མ་རིམས་བཞིན་སྤོང། །གསུམ་པ་འབྲེལ་པའི་ཟུང་འཇུག་ནི། །སྟོང་པ་སྙིང་རྗེ་དབྱེར་མེད་ཟུང། །ཆོས་ཉིད་སྤྲོས་མེད་མི་སྐྱེས་ལས། །ཐབས་དང་ཤེས་རབ ་སྙོམས་འཇུག་ཟུང། །ཐམས་ཅད་རྣལ་འབྱོར་སྟོང་པར་གནས། །གཉིད་ལོག་པ་དང་རྣམ་འབྲེལ་ཟུང། །མཉམ་པར་གཞག་དང་མ་གཞག་མེད། །དངོས་དང་དངོས་མེད་རྣལ་འབྱོར་ཟུང། །དྲན་དང་མི་དྲན་ལས་གྲོལ་བས། །ཆགས་དང་ཆགས་མེད་ལས་གྲོལ་ཞིང། །མཆོག ་ཏུ་བདེ་ཆེན་ལུས་དང་ལྡན། །བྱ་དང་མི་བྱེད་རྣལ་འབྱོར་པས། །བསྐྱེད་རྫོགས་གཉིས་མེད་གཅིག་གྱུར་ཟུང། །དག་དང་མ་དག་ལྟ་མེད་དེ། །གཟུགས་ཅན་གཉིས་སྤངས་ནས། །གང་ཞིག་ཞི་རྟོག་རྣལ་འབྱོར་དབང། །དེ་ནི་ཟུང་འཇུག་ཐོབ་པའོ། དེ་ལྟར་གང་གནས་རྣལ་འབྱོར་པས། །ཟུང ་འཇུག་རིམ་ལ་གནས་པ་སྟེ། །རང་བཞིན་དག་བས་དག་པར་གནས། །ཐམས་ཅད་འབྲེལ་ཞིང་སྟོང་བས་ཁྱབ། །ཐམས་ཅད་རིག་ཡང་ཆོས་ཉིད་དག་།བཞི་པ་སྤྱོད་པའི་ཟུང་འཇུག་ནི། །ཟུང་འཇུག་གོ་འཕངས་ལ་གནས་པའི། །སྤོང?་བཞིན་པ་ཡི་རྣལ་འབྱོར་ཆེ། །སྤྱོད་པ་དེ་དང་གཉིས་སུ་མེད། །དོགས་པ ་མེད་པའི་སེམས་ཀྱིས་ནི། །སྔགས་བས་སེང་གེ་བཞིན་དུ་སྤྱོད། །འདི་ལ་མི་བྱ་ཅི་ཡང་མེད། །འདི་ལ་མི་བཟའ་ཡོད་མ་ཡིན། །སྨྲ་བར་མི་བྱ་ཅི་ཡང་མེད། །རྟག་ཏུ་མི་བསམ་གང་ཡང་མེད། །མཉམ་པར་མ་གཞག་སྦྱོར་བ་ཡིས། །རྟག་པ་ཉིད་དུ་མཉམ་པར་འཇོག་།ཡུལ་དབང་སྟོང་པར ་ཀུན་ཏུ་སྤྱོད། །ཆོས་ཉིད་གཉིས་མེད་འབའ་ཞིག་ནས། །ཆོས་སམ་ཆོས་མ་ཡིན་ཡང་རུང། །ཐམས་ཅད་ནམ་མཁའ་ལྟ་བུར་མཚུངས། །དཀར་པོའི་ཆོས་རྣམས་ཁོང་དུ་ཆུད། །མུ་མཛའ་མེད་པའི་ཏིང་འཛིན་རྒྱས། །ཉོན་མོངས་མ་ཡིན་མ་རིག་ཕྲ། །སློབ་པའི་ཟུང་འཇུག་མཐར་སྤངས ་བས། །ལྔ་པ་འབྲས་བུའི་ཟུང་འཇུག་ནི། །སྐད་ཅིག་ཆོས་དབྱིངས་དེ་ཉིད་མཐོང། །རླུང་སེམས་ལུགས་འབྱུང་ལུགས་བཟློག་ཟང། །སྣང་བ་གསུམ་པ་རྣམ་དག་པ། །རྟོག་དང་ཉོན་སྒྲིབ་ཆོས་དབྱིངས་གྲོལ། །སྐྱེ་འགག་ཆོས་ཉིད་ཡང་དག་དག་།སྤྲོས་མེད་རང་བཞིན་རོ་གཅིག ་?། །ཡེ་ཤེས་དག་པས་འོད་གསལ་དག་།སྐུ་དང་གསུང་ཐུགས་མཁའ་མཉམ་དག་།ཉོན་མོངས་ལས་རྣམས་གྲོལ་བ་ཡི། །སྤངས་ཐོབ་རྟག་ཆད་སྐྱེ་འགག་མེད། །ཡོད་མེད་གཉིས་ཀ་གཉིས་མེད་མིན། །འཁོར་འདས་གཉིས་མེད་དམིགས་སྤྲོས་ཤིང། །མྱ་ངན་འདས་མེད ་?་འདས་ཞེས། །ནམ་མཁའ་ལྟ་བུར་བཅིངས་ལས་གྲོལ། །སྣ་ཚོགས་འཛིན་ཅེས་བརྗོད་པ་ཡིན། །སྒྱུ་འཕྲུལ་དྲ་བ་སྔོན་སངས་རྒྱས། །འཁོར་བའི་རྒྱ་མཚོར་ཕ་རོལ་སོན། །བྱ་བ་བྱས་པའི་རྣལ་འབྱོར་ཆེ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །དེ་ཉིད་གཉིས་མེད་ཡེ་ཤེས་ཏེ།། ་ཆོས་ཉིད་སྨྲ་བསམ་བརྗོད་ལས་འདས། །འདི་ལ་བསམ་དུ་ཅི་ཡང་མེད། །ཐམས་ཅད་སྟོང་བའི་ཆོས་ཉིད་ལ། །བསྟན་པར་བྱ་བ་ཅུང་ཟད་མེད། །ལམ་གྱི་ཆོས་རྣམས་ཟད་པས་ཏེ། །སླར་ཞིང་གང་ལའང་མི་སློབ་བོ། །བླང་དོར་མེད་ཅིང་སངས་རྒྱས་མེད། །ཆོས་ཀྱི་སྐུ་ཞེས་མིང་དུ ་བརྗོད། །ཐམས་ཅད་མཁྱེན་པའི་སངས་རྒྱས་ཡིན། །ད་ནི་འབྲས་བུའི་ཐོབ་ཚུལ་བསྟན། །མིག་ནས?་མྱ་ངན་འདས་བ་དེ། །ཆོས་དབྱིངས་སྐྱེ་བ་མེད་པའི་དབྱིངས། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི། །གཉིས་མེད?་ཡེ་ཤེས་སྐུ ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །དག་པ་གཉིས་མེད་ཡེ་ཤེས་སྐུ། །སྐུ་ནི་མི་འགྱུར་མ་སྐྱེས་པ། །གསུང་དང་ཐུགས་ཀྱང་མཚན་མ་མེད། །སངས་རྒྱས་རྣམས་ནི་ཆོས་སྐུར་བཞུགས། །དེའི་རྣམ་འཕྲུལ་གཟུགས་སྐུ་གཉིས། །ཆོས་ཉིད་འགྲིབ་པ་མེད་པར་དག་།ནམ་མཁའ་ལྟ་བུར་འཕོ་འགྱུར་མེད ་ཆོས་སྐུ་སྐྱེ་མེད་སྐུ་དེ་ནི། །གཉིས་མེད་ཡེ་ཤེས་སྟོན་པ་རྣམས། །སངས་རྒྱས་རྣམས་ལ་ཆོས་སྐུ་དེ། །ནམ་མཁའ་ཁྱབ་པར་གནས་པ་ཡིན། །ཆོས་ཉིད་རྣམ་པར་དག་པ་ལ། །བཞེངས་དང་བཞུགས་པ་མི་མངའ་ཡང། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །ལོངས་སྐུ་སྤྲིན་གཞལ་ལྟ་བུ་དེ། །ལོངS ་སྤྱོད་རྫོགས་པའི་སྐུ་རུ་སྣང། །མཚན་བཟང་སུམ་ཅུ་རྩ་གཉིས་དང། །དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན། །ལོངས་སྐུ་རྡོ་རྗེ་འཆང་བ་དེ། །ཐུགས་རྗེ་ཆེན་པོ་དྲི་མེད་དང། །སྔོན་གྱི་སྨོན་ལམ་སྟོབས་དག་གིས། །གདུལ་བྱ་བྱང་ཆུབ་སེམས་དཔའ་ལ། །ལོངས་སྐུ་གཞལ་ཚན་ལྟ་བུ་དེ། །སྟོང ་གསུམ་ཁྱབ་པར་གནས་གནས་སུ། །འོག་མིན་ཆོས་ཀྱི་ཕོ་བྲང་དུ། །རྡོ་རྗེ་འཆང་གི་རྣམ་པ་དེས། །འཁོར་བ་མ་སྟོངས་བར་དུ་ནི། །རྒྱུན་མི་འཆང་པའི་ཆོས་གསུངས་སོ། །ལོངས་སྐུ་དེ་ཡི་ཕྲིན་ལས་ལས། །དང་པོ་བསྐྱེད་རིམས་བསྒོམ་པཡིས། །འབྲས་བུ་ལོངས་སྐུ་མཚན་རྣམས་རྒྱས། །དང ་པོ་རྫོགས་རིམས་བསྟན་པ་ལS། །འབྲས་བུ་ཡེ་ཤེས་ཆོས་སྐུ་ཐོབ། །དྲུག་པ་ཕན་ཡོན་བསྟན་པ་ནི། །སྲིད་པ་ཐ་མ་དབང་པོ་རབ། །ཟུང་འཇུག་སྐྱེ་མེད་རྟོགས་བ་ན། །ཀུན་སྤྱོད་སྤྱད་པས་ཤེས་སྒྲིབ་སྤངས། །མི་སློབ་ཟུང་འཇུག་རྟོགས་གྱུར་ནས། །ཚེ་འདི་ཉིད་ལ་སངས་རྒྱའོ། །དཔེར་ན་སྤྲུལ ་གྱི་ཤུན་པ་རྗེས་ལྟར། །སྐྱེ་བ་གཅིག་ལ་མཆོག་འགྲུབ་ཡིན། །ཚེ་འདིར་མཉམ་པར་གཞག་པ་ལ། །ངག་དབེན་སེམས་དབེན་སྒྱུ་ལུས་བསྒོམ། །མཉམ་པར་གཞག་པའི་དུས་ཉིད་དུ། །འོད་གསལ་མཐོང་ལམ་གོམས་ན། །རྣལ་འབྱོར་པ་དེ་གཡེངས་པས་ཁྱེར། །སྒོམ་དང་སྤྱོད ་པ་མཁོམ?་པས། །ནམ་ཞིག་འཆི་བའི་དུས་ཉིད་དུ། །སྣང་གསུམ་ལུགས་སུ་འཇུག་པ་དང། །ཕུང་བོ་ཁམས་དང་སྐྱེ་མཆེད་སོགས། །རྣམ་ཤེས་རླུང་དང་བཅས་པ་ཐིམ་།ཕྱི་དབུགས་ཆད་དེ་ནང་དབུགས་གནས། །སྔར་གྱི་སྒོམ་བའི་འོད་གསལ་དང། །ཤིང་སྟོང་བའི་འོད་གསལ་གཉིས། །ཆུལ? ་བཞིན་གཉིས་མེད་འདྲེས་།བར་དོར་འོད་གསལ་སྐྱེ་མེད་རྟོགས། །པར་དོར་སྒྱུ་མ་དག་པ་ལངས། །གཞའ་ཚོན་ལྟ་བུའི་ཡེ་ཤེས་སྐུ། །ཟུང་དུ་འཇུག་པ་དེ་ལངས་ནས། །བར་དོའི་ཡུལ་ལྔ་སྟོང་བར་བསྒོམས། །འཛམ་བུ་གླིང་ནི་ཕྲག་བརྒྱ་རུ། །སྤྲུལ་བ་བྱེ་བ་ཕྲག་བརྒྱ་བས། །གདུལ་བྱ་གང་?་བསམ་པ་ལ? ་དེ་དང་འཐུན་པའི་ཆོས་སྟོན་ནོ། །སྐུ་གསུམ་དོན་དམར་གཅིག་ཡིན། །ཀུན་རྫོབ་ཙམ་དུ་སངས་རྒྱས་དེ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །ཇི་ལྟར་མཁྱེན་པའི་ཡེ་ཤེས་ལ། །གང་གི་རླུང་གི་སངས་རྒྱས་དང། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར། །ཕྲིན་ལས་སྤྲུལ་སྐུ་སྒྱུ་འཕྲུལ་ལས། །ཇི་སྙེད ་པ་ཡི་ཡེ་ཤེས་ཀྱིས། །ཀུན་ལ་ཁྱབ་ཅིང་སྤྲུལ་པ་འགྱེད། །གདུལ་བྱ་དག་པ་གཞན་སྣང་ལ།།འཁོར་དང་མྱང་འདས་མཁྱེན་བཞིན་དུ། །དེ་ཡི་ཆོས་ཀྱིས་གོས་མི་འགྱུར། །དཔེར་ན་འདམ་གྱི་པདྨ་བཞིན། །ཆོས་ཀྱི་དབྱིངས་ལས་མ་གཡོས་སོ། །དཔེར་ན་ཡིད་བཞི་ནོར་བུ་བཞིན། །འབད་པ་མེད་པར་འགྲོ་བ ་འདྲེན། །ཡེ་ཤེས་སྤྲུལ་སྐུ་ལོངས་སྐུ་རྣམས། །ཆོས་ཀྱི་སྐུ་ལ་བརྟེན་ནས་སུ། །ཆོས་སྐུ་གང་ལའང་མི་གནས་སོ། །མཐར་ཐུག་པ་ལ་བརྗོད་དུ་མེད། །བར་དོར་ཟུང་འཇུག་མི་སློབ་ཐོབ། །པར་དེར་རྫོགས་པར་སངས་རྒྱའོ། །ཚེ་འདིར་སྒྱུ་ལུས་རྟོགས་པ་ན། །དམ་ཞིག་འཆི་བའི་དུས་ཉིད་དུ། །སྣང་གསུམ ་དག་གིས་ལུགས་སུ་འཇུག་།འཆི་བ་ཤེས་རབ་ཕ་རོལ་ཕྱིན། །འདུན་པ་དྲག་པོས་རྗེས་དྲན་བྱ། །ཕུང་ཁམས་སྐྱེད་མཆེད་ཡུལ་དབང་འདུས། །སྣང་གསུམ་འོད་གསལ་རྟོགས་ན་རབ། །འོད་གསལ་རྟོགས་པར་མ་གྱུར་ན། །ཚེ་འདིར་སྒྱུ་ལུས་བསྒོམ་པ་དེ། །བར་དོར་སྒྱུ་ལུས་ངོས་ཟིན་ཏེ། །བར?་དེར་སྒྱུ་ལུས ་འོད་གསལ་སྦྱངས། །གལ་ཏེ་སྐྱེ་བ་ལེན་ན་ཡང། །རང་དབང་ཡོད་པས་ལུས་ལེན་ནོ། །འགྲོ་བའི་དོན་བྱེད་ཆོས་སྒྲུབ་ལུས། །དེ་ལྟ་བུ་རུ་ལུས་བླངས་ལ། །འགྲོ་དོན་བྱས་ལ་མཆོག་སྒྲུབས་པས། །མངོན་པར་བྱང་ཆུབ་ཐོབ་འགྱུར་རོ། །སྐྱེ་བ་བརྒྱུད་པའི་སངས་རྒྱས་ཡིན། །དེ་ལྟར་རབ་ཀྱིས་ཚེ་འདིར་ཐོབ།། ་འབྲིང་རྡི་བར་དོར་འགྲུབ་པ་ལས། །ཐ་མ་སྐྱེ་བ་བརྒྱུད་ནས་ཐོབ། །དཔལ་གསང་བ་འདུས?་པའི་མན་ངག་ཁ་ཆའི་པཎྜི་ཏ་ན་རོ་པས་མཛད་པ་རྫོགས་སོ།། །།རྒྱ་གར་ཁ་ཆའི་པཎྜི་ཏ་ཆེན་བོ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པའི་རྣལ་འབྱོར་པ། །དཔལ ་ནོར་པ་ཆེན་པོ་དང་།བོད་ཀྱི་ལོ་ཚཱ་ར་མར་པ་ཆོས་ཀྱི་བློ་གྲོས་ཀྱིས། དཔལ་?་ཧཱ་རི་མེ་ཏོག་བརྩེགས་པའི་དགོན་པར་གུས་ཤིང་ལེགས་པར་བསྒྱུར་ཏེ་གཏན་ལ་ཕབ་བའོ།། །།སཱོ་ཕག་ཤི་ཐཾ། །རྒྱ་རྒྱ་རྒྱ། ཨིཐི། །གསང་བ་འདུས་པའི་མན་ངག་ཕྱིན་ཅི་མ་ལོག་པ ་འདི་ནི་ཨ་རྱ་པྲབྷ་པེཎདྷ?་བས་དཔལ་དགེ་སྡིང་གི་གཙུག་ལག་ཁང་དུ་བྲིས་སོ།། །།ནཱ་རོ་པས་མཛད་པའི་རིམ་པ་ལྔ་བསྡུས་པ་གསལ་པ་མང་པོ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། །*། །རྒྱ་གར་སྐད་དུ། པཉྡར?་ཀྲ་མ་སཾ་ཀྲ་ཧ་པྲ་བྷ་ཝ། བོད་སྐད་དུ། རིམ་པ་ལྔ་བསྡུས་པ་གསལ་བ། དཔལ་ལྡན་བླ ་