CLOSE WINDOW

N3576: rgyud kyi rgyal po chen po dpal gsang ba 'dus pa'i rgya cher 'grel pa
Wyliee-texts based on the ACIP/ALL Input

#། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་རང་བྱུང་བ། །རྡོ་རྗེ་སེམས་དཔའ་ ་རྒྱལ་བའི་གཙོ། །སེམས་ཅན་ཀུན་ལ་ཕན་མཛད་པ། །ཐུགས་རྗེ་ཆེན་པོ་ཡབ་དང་འདྲ། །ཆོས་ཀྱི་འབྱུང་གནས་བདེ་བ་ལ།། ་རྒྱལ་བ་སངས་རྒྱས་ཐམས་ཅད་དང། །ཡེ་ཤེས་རིག་པ་སོ་སོར་ལྡན། །བྱང་ཆུབ་སེམས་དཔའ་རྟག་ཏུ་བཞུགས། །སྐུ ་གསུང་ཐུགས་ཀྱི་ཡེ་ཤེས་སྐུ། །ཐུགས་ཀྱི་རྡོ་རྗེ་ས་བོན་ལས། །སངས་རྒྱས་ཐམས་ཅད་རབ་ཏུ་སྤྲོ། །གསང་བའི་སྐུ་ནི་གསང ་བར་འདུས། །ཡེ་ཤེས་རྫུ་འཕྲུལ་སྦྲུལ་བའི་སྐུ། །མཛད་པ་ཐམས་ཅད་འགྲོ་བའི་དོན། །བདེ་བའི་རོལ་པ་རྟག་ཏུ་སྤྱོད། ། ་རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། །མ་རིག་སེམས་ཅན་པདྨ་ནི། །ཉོན་མོངས་འདམ་ལས་སྐྱེས་པ་སྟེ། །ཉི་མ་བཞིན་དུ་ཁ་ཕྱེ་ནས། ། ་འཁོར་བ་ཐམས་ཅད་ཐར་བར་མཛད། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྙིང་པོ་གསུམ་ལ་ཕྱག་འཚལ་ལོ། །གསང ་བའི་དཀྱིལ་འཁོར་ཕྱག་འཚལ་ལོ། །གསུང་གི་དབང་ཕྱུག་ཕྱག་འཚལ་ལོ། །བླ་མའི་མན་ངག་བཤད་པར་བྱ། །ཐམས་ཅད ་གསང་བ་འདུས་པའི་དོན། །རྡོ་རྗེ་སེམས་དཔའ་ཨི་ཞལ་མཐོང་བས། །འགྲེལ་པའི་མཆོག་ནི་མ་ནོར་མཛད།། །།འགྲེལ་པའི་མཆོག་ནི ་མ་ནོར་མཛད་ཅེས་བྱ་བ་ནི། །དོན་གསུམ་གྱི་ཕྱིར་མཛད་དེ། གསུམ་གང་ཞེ་ན། ཉིད་ཀྱི་རྡོ་རྗེ་སློབ་དཔོན་བསོད་ནམས་འཕེལ་བའི་ཕྱིར་དང། བདག ་གིས་རྡོ་རྗེ་སེམས་དཔའ་མཉེས་པར་འགྱུར་བའི་ཕྱིར་དང། སེམས་ཅན་ཐམས་ཅད་ཀྱིས་དཔལ་གསང་བ་འདུས་པའི་དོན་མ་ནོར་བར་མི་ཤེས་པ་ཤེས ་པར་བྱ་བའི་ཕྱིར་རོ། །དེ་ཡང་རྡོ་རྗེ་སློབ་དཔོན་བསོད་ནམས་འཕེལ་ཞེས་བྱ་བ་ནི། སྣོད་དང་ལྡན་པའི་སློབ་མ་མང་པོ་ལ། དཔལ་གསང་བ་འདུས་པའི ་དོན་མ་ནོར་བར་བཤད་པས་།སློབ་མ་དཔལ་བྷཡི་ལ་སྱ་བཛྲས་ཀུན་ཏུ་བཟང་པོའི་དངོས་གྲུབ་ཐེབ། བུདྡྷ་པྲ་བས་གཤིན་རྗེ་གཤེད་ཀྱི་དངོས་གྲུབ ་ཐོབ། །བྲམ་ཟེ་འཕུ་རིས་སྤྱན་རས་གཟིགས་དབང་ཕྱུག་གི་དངོས་གྲུབ་ཐོབ། །སིངྒ་ལ་མཉྫུ་གིརྟིས་འཇམ་དཔལ་གྱི་དངོས་གྲུབ་ཐོབ། །སངྒ ་བྷ་དྲས་མི་སྣང་བའི་རི་ལུའི་གྲུབ་པ་ཐོབ། །བྲམ་ཟེ་ཙནྡྲས་ཨཡོན་གྱི་ཡུལ་དུ་འཇིགས་པའི་དུར་ཁྲོད་ཆེན་པོར་ནམ་ཕྱེད་ན་ཐབས་དང་ཤེས་རབ་རོལ་པ་མཛད་པའི་དུས ་སུ་ཕྱག་ན་རྡོ་རྗེའི་ཞལ་མཐོང་ངོ། །འགྲེལ་པ་མཛད་མཁན་ཉིད་ཀྱི་གསང་བའི་མཚན་ནི། ཨཱ་ནནད་གརྦའོ། །ཱ་ནནད་གརྦྷ་ཉིད་ཀྱང། ཤྲཱི་ཐ་ནྱ་ཀ་ཐ་ཀའི་ལྷ ་ཁང་དུ། སློབ་དཔོན་རཏན་པྲ་བའི་སྤྱན་སྔར་རབ་ཏུ་བྱུང། །རབ་ཏུ་བྱུང་བའི་མཚན་ནི་པདྨ་པྲ་པའོ། །རབ་ཏུ་བྱུང་མ་ཐག་ཏུ་ལྷ་ཁང་གི་ལྷོ་ཕྱོགས་ཀྱི་མེ་ཏོག་དང། ་ཤིང་ཏོག་ཅན་གྱི་སྐྱེད་མོས་ཚལ་གྱི་ཤར་ལྷོ་མཚམས་ན་ཤིང་པརྐ་ཏི་དང། ཤིང་ཙམ་པ་ཀ་དང། ཤིང་སཱ་ལ་རྣམས་ཀྱི་དབུས་ན། རྫིང་བུ་ཞིག་ཡོད་པ་དེའི ་འགྲམ་དུ། ཤིང་ཏོག་གསོལ་ཞིང་པཉྩཱ་མྲི་བྱིན་གྱིས་རློབ་ཤིང། རྡོ་རྗེ་སློབ་དཔོན་བཛྲ་རཏན་པྲ་བ་ལ་དཔལ་གསང་བ་འདུས་པའི་མན་ངག་ཐོས་པ་མ་ནོར་བར། དཔལ་རྡོ་རྗེ་སེམས་དཔའ་བསྒྲུབ་བོ། །དེ་ནས་ལོ ་གཅིག་དང་ཟླ་བ་གཅིག་མར་ངོ་ཚེས་བཅུ་དགུའི་ནམ་ཕྱེད་ན། ས་ཡང་གཡོས། ནམ་མཁའ་ལ་ཧཱུཾ་སྒྲ་མང་པོར་གྲག་།འོད་འཕྲོ་བ་མང་པོར་སྣང་ངོ། །དེའི་རྗེས་ལ་དཔལ་རྡོ་རྗེ་སེམས་དཔའ་ཨི་ཞལ་མཐོང་ངོ། །ཞལ ་མཐོང་བའི་དུས་སུ། དཔལ་རྡོ་རྗེ་སེམས་དཔས་ལུང་བསྟན་པ། ཀུན་དགའ་ཨི་སྙིང་པོ་ཁྱོད་བསོད་ནམས་ཀྱི་བསྐལ་བ་དང་ལྡན་ནོ། །ཐེག་པ་ཆེན་པོ་དཔལ་གསང་བ་འདུས་པ་འགྲོ་བའི་དོན་དུ་འགྲེལ་པ་གྱིས ་དང། དོན་ཡང་མི་ནོར་ལ་བསྟན་པ་ཡང་འཕེལ་ལོ། །འོན་ཀྱང་ཁྱོད་ཀྱིས་ཀྱང་གྲུབ་པ་ཐོབ་བོ། །དེ་ལྟར་རྡོ་རྗེ་སེམས་དཔས་ལུང་བསྟན་མ་ཐག་ཏུ་ཡིད་སྦྲོ་ཞིང་དད་པ་སྐྱེས་ནས་ལངས་སྟེ། རྡོ་རྗེ་སེམས་དཔའ་ལ་ཕྱག་མཛད ་མཆོད་པ་ཕུལ་ཏེ། ཤིས་པར་བརྗོད་པའི་ཚིག་ཛ་ཡ་ཏོ་ཛ་ཡ་ཏོ། །ལུང་བསྟན་པ་བཞིན་དུ་བགྱིའོ་ཞེས་གསོལ་པ་དང། རྡོ་རྗེ་སེམས་དཔའ་མི་སྣང་བར་གྱུར་ཏོ། །རྡོ་རྗེ་སློབ་དཔོན་བསོད་ནམས་འཕེལ་ཞེས་བྱ་བའི ་དོན་ནི་དེ་ལྟར་ཤེས་པར་བྱའོ།། །།བདག་གི་རྡོ་རྗེ་སེམས་དཔའ་མཉེས་པར་འགྱུར་ཞེས་བྱ་བ་ནི། ཚལ་དུ་དགོངས་པ་མཛད་པས་དཔལ་རྡོ་རྗེ་སེམས་དཔའ་ཨི་ཞལ་མཐོང་ཞིང་ལུང་བསྟན་པའོ།། །། ་སེམས་ཅན་ཐམས་ཅད་ཀྱིས་དཔལ་གསང་བ་འདུས་པའི་དོན་མི་ཤེས་པ་ཤེས་པར་བྱའོ་ཞེས་བྱ་བ་ནི། དུས་གསུམ་གྱི་སེམས་ཅན་གྱི་མ་རིག་པའི་དྲ་བ་བཅད་དེ་དཔལ་གསང་བ་འདུས་པའི་དོན་ཤེས ་ཤིང་རྟོགས་ན། འཆི་འཕོས་ན་ཡང་ངན་སོང་དུ་མི་ལྟུང། མ་འོངས་པའི་སེམས་ཅན་གྱིས་གསང་བ་འདུས་པ་ཐོས་ཤིང་ཤེས་ནས། ཡིད་སྤྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བསོད་ནམས་ཀྱི་བསྐལ་བ་དང་ལྡན་ནས། ་ཐེག་པ་ཆེན་པོའི་སྣོད་དུ་གྱུར་ཏོ། །ད་ལྟར་གྱི་སེམས་ཅན་གྱིས་གསང་བ་འདུས་པའི་དོན་ཐོས་ཤིང་ཤེས་ནས་བསྒོམས་པས་དངོས་གྲུབ་སྣ་ཚོགས་ཐོབ། ལ་ལས་གཞན་ལ་འཆད་ཅིང་སྟོན་ཏོ། །འགྲེལ་པ་མཛད་པའི ་དགོས་ཆེད་རྣམ་པ་གསུམ་ནི་དེ་ལྟར་ཤེས་པར་བྱའོ།། །།གཞན་ཡང་བླ་མའི་མན་ངག་གི་རྒྱུད་ཀྱི་ལེའུ་དང། ཏིང་ངེ་འཛིན་གྱི་མཚན་དང་གྲངས་བྱེ་བྲག་ཏུ་བྱེ་ཞིང་བསྟན་པ་ལ་གྲངས་དུ་ཞེ་ན། ལེའུ་ནི་བཅོ་བརྒྱད། ་ཏིང་ངེ་འཛིན་ནི་བརྒྱ་བཅུ་དགུའོ། །དེ་ནས་ལེའུའི་མཚན་གང་ཞེ་ན། ལེའུ་དང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་པ་ལས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱི་རློབ་པ ་དང། ལེའུ་གཉིས་པ་བྱང་ཆུབ་སེམས་དང། ལེའུ་གསུམ་པ་རྡོ་རྗེ་བཀད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ལེའུ་བཞི་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་དང་། ་ལེའུ་ལྔ་པ་ཀུན་ཏུ་སྤྱོད་པ་མཆོག་དང། ལེའུ་དྲུག་པ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་དང། ལེའུ་བདུན་པ་སྤྱོད་པའི་མཆོག་དང། ལེའུ་བརྒྱད་པ་བཤད་གཅིའི་དམ་ཚིག་དང། ལེའུ་དགུ་པ་དོན་དམ་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་དང། ་ལེའུ་བཅུ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་བྱ་བ་དང། ལེའུ་བཅུ་གཅིག་པ་དེ?་བཞིན?་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་རིག་པའི་སྐྱེས་བུ་དམ་པ་དང། ལེའུ་བཅུ་གཉིས་པ་རྡོ་རྗེ་སྦྱོར ་བ་དམ་ཚིག་བསྒྲུབ་པའི་མཆོག་བསྟན་པ་དང། ལེའུ་བཅུ་གསུམ་པ་རྡོ་རྗེ་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་བྱང་ཆུབ་པ་ཞེས་བྱ་བ་དང། ལེའུ་བཅུ་བཞི་པ་སྐུ་གསུང་ཐུགས་རྨད་དུ་བྱུང་བའི་སྔགས་ཀྱིས་དགུག་པ་རྣམ་པར ་སྤྲུལ་པའི་རྒྱལ་པོའི་ཏིང་ངེ་འཛིན་དང། ལེའུ་བཅོ་ལྔ་པ་ཐམས་ཅད་སེམས་ཀྱི་དམ་ཚིག་གི་སྙིང་པོ་འབྱུང་བ་ཞེས་བྱ་བ་དང། ལེའུ་བཅུ་དྲུག་པ་དངོས་པོ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་དང། ལེའུ ་བཅུ་བདུན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་བསྡོམ་པ་རྡོ་རྗེའི་བྱིན་གྱི་རླབས་ཀྱི་རྒྱ་ལ་པོ་ཞེས་བྱ་བ་དང། ལེའུ་བཅོ་བརྒྱད་པ་གསང་བ་ཐམས་ཅད་སྟོན་པ་རྡོ་རྗེ་བྱིན་གྱིས་བརླབས་ཞེས་བྱ་བའོ།། །།ཏིང་ངེ ་འཛིན་གྱི་མིང?་དང་གྲངས་གང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་མཁྱེན་ནས། གསང་བ་འདུས་པའི་ལེའུ་དང་པོ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང ་ངེ?་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཞལ་ཡས་ཁང་བྱིན་གྱིས་བརློབ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་དམ་ཚིག་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་ ་འཛིན་དང། ཡེ་ཤེས་ཀྱི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་འབྱུང་བའི་རྡོ་རྗེ་དཔལ་ཞེས་བྱ་བའི ་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདོན་མི་ཟ་བའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་རྡོ་རྗེ་འཛིན་མཉེས་པའི་དམ་ཚིག་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པར་མཉེས་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས ་འཛིན་པའི་རྗེས་སུ་ཆགས་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བསླུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་རིན་པོ་ཆེ་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ ་འཛིན་སྟེ་བཅུ་དྲུག་གོ། །།ལེའུ་གཉིས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྟོགས་པའི་རྡོ་རྗེ་ཞེས ་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་བཟད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཡེ་ཤེས་འོད་ཟེར་འབར་པའི་སྒྲོན་མ་ཞེས ་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཞལ་ཡས་ཁང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་སྟེ་དྲུག་གོ། །།ལེའུ་གསུམ་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕོ་བའི་སྤྲིན་བཀོད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན ་དང། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཏིང་ངེ་འཛིན་སྟེ་གཉིས་སོ།། །།ལེའུ་བཞི་པ་ལ་ཏིང་ངེ་འཛིན་མེད་དོ། །ལེའུ་ལྔ་པ་ལ། ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ང?་འཛིན་སྟེ་གཅིག་གོ། ། ་ལེའུ་དྲུག་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡུལ་དང་བྲལ་བའི་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཚེ་དཔག་ཏུ ་མེད་པའི་ཀུན་ཏུ་མི་གཉིས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་དཀོན་མཆོག་དཔལ་རྡོ་རྗེ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་གྲུབ་པ་རྡོ་རྗེ་གདོན་མི་གྲ?་བ་ཞེས་བྱ་བའི་ཏིང་ངེ་འཛིན་སྟེ་ལྔའོ།། །། ་ལེའུ་བདུན་པ་དང། བརྒྱད་པ་དང། དགུ་པ་ལ་ནི་ཏིང་ངེ་འཛིན་མེད་དོ། །ལེའུ་བཅུ་པ་ལ་དེ་བཞིན་གཤེགས་པ་རང་བཞིན་གྱིས་དག་པའི་ཕ་རོལ་ཏུ་ཕྱིན་པའི་སྔགས་ཀྱི་ཚུལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་སྟེ་གཅིག་གོ། །།ལེའུ་བཅུ་གཅིག ་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྐྱེས་བུ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་ཡེ་ཤེས་རྡོ་རྗེས་བྱིན་གྱིས་རློབ་པའི་དཀོན་མཆོག་དཔལ་ཞེས ་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་འོད་ཟེར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་དམ་ཚིག་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་ཐུགས་ཀྱི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྐུ་དང་གསུང་དང་ཐུགས་རྡོ་རྗེ་མི་སྣང་བའི་འབྱུང་བ་བཀོད་པ་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་ཀྱི་དམ་ཚིག ་རྡོ་རྗེ་ཟླ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ནམ་མཁའ་ཨི་རྡོ་རྗེ་དམ་ཚིག་གི་བཀོད་པའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་དང། མི་བསྐྱོད་པའི་སྐུ་དང་མཉམ་པ་མངོན་པར་བྱང་ཆུབ་པའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རིན་པོ་ཆེའི་དམ་ཚིག་ལོངས་སྤྱོད་པའི་རྡོ་རྗེ་ཚུལ་ཞེས ་བྱ་བའི་ཏིང་ངེ་འཛིན་དང། ཡོན་ཏན་དཔག་ཏུ་མེད་པའི་རྡོ་རྗེའི་འོད་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་དང། གདོན་མི་ཟ་བའི་དམ་ཚིག་འོད་ཟེར་ཡེ་ཤེས་ཀྱི་མཆོག་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྐུ་དང་གསུང་དང་ཐུགས་རྡོ་རྗེར་དམིགས་པ་མངོན་པར་བྱང་ཆུབ་པ ་ཞེས་བྱ་བའི་ཏིང་ངེ་འཛིན་སྟེ་བཅུ་གསུམ་མོ།། །།ལེའུ་བཅུ་གཉིས་པ་ལ། རྡོ་རྗེ་འཇམ་དཔལ་མཆོག་གི་དམ་ཚིག་མི་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། འཁོར་ལོ་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་དང། རྡོ་རྗེ་དམ་ཚིག་ཅེས་བྱ་བའི་ཏིང་ངེ ་འཛིན་དང། པདྨ་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང། རལ་གྲི་མཉམ་པའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་དང། དམ་ཚིག་ཐམས་ཅད་ཡེ་ཤེས་རྡོ་རྗེ་ཁ་ཟས་ཀྱི་ཏིང་ངེ་འཛིན་དང། རྡོ་རྗེ་དམ་ཚིག་བདུད་རྩི་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་སྟེ་བདུན ་ནོ། །ལེའུ་བཅུ་གསུམ་པ་ལ། རྡོ་རྗེ་དམ་ཚིག་འཁོར་ལོའི་ཡེ་ཤེས་བཀའ་ཨི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་དང། འཁོར་ལོའི་དམ་ཚིག་གི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྤྱིའི་དམ་ཚིག་ཐམས་ཅད་ལས་འབྱུང་བ་སྐུ་གསུམ་གྱི་ཡེ་ཤེས ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྡོ་རྗེ་རིན་པོ་ཆེ་རབ་ཏུ་སྣང་བར་བྱེད་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྡོ་རྗེ་རྒྱ་མཚོ་རྐང་པས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱི་སྔགས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་བའི་དཔུང་ཐམས་ཅད་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དགྲ་རྨོངས་པར་བྱེད་པའི་ཏིང་ངེ་འཛིན་དང། ནད་ཐམས་ཅད་མེད་པར་བྱེད་པའི་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སྐྱེ་འགྲོ་འདུལ་བ ་ཞི་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། སངས་རྒྱས་ཀྱི་དམ་ཚིག་བཀོད་པའི་སྤྲིན་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཀྱི་སྤྲིན་གྱི་དམ་ཚིག་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རིན་པོ་ཆེའི་དམ་ཚིག་གི་སྤྲིན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྡོ་རྗེ་དམ ་ཚིག་གི་སྤྲིན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྣམ་པར་སྣང་མཛད་ཀྱི་དམ་ཚིག་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྡོ་རྗེ་དམ་ཚིག་ཐམས་ཅད་ལས་འབྱུང་བ་ཞལ་བཟང་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཀྱི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི ་ཏིང་ངེ་འཛིན་དང། སྤྱན་གྱི་དམ་ཚིག་འབྱུང་བའི་ཕྱག་གི་ཕྱག་རྒྱ་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ནམ་མཁའ་ཨི་མཁའ་འགྲོ་མའི་འོད་ཟེར་གྱི་སྤྲིན་རྡོ་རྗེ་ཚིམ་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་མངོན་པར་བྱང་ཆུབ ་པ་སྟོན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དམ་ཚིག་སྒྲོལ་མའི་མཆོག་རྒྱལ་མཚན་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། གཤིན་རྗེའི་གཤེད་ཀྱི་འོད་འཕྲོ་བ་སྣང་བ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། གཞན་གྱིས་མི་ཐུབ་པ་འཕྲོ?་བ་བཀོད་པ་ཞེས་བྱ་བའི་ཏིང་ངེ ་འཛིན་དང། རྟ་འབྱུང་བའི་སྲིད་པ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། མི་འཆི་བའི་དམ་ཚིག་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། བསམ་བཏན་རྡོ་རྗེ་རྫོགས་པར་བྱང་ཆུབ་པར་དགའ་པ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྡོ་རྗེ་གསུམ་གྱི་སྟོབས ་རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྡོ་རྗེ་འབྱུག་པའི་དམ་ཚིག་མཆོག་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྡོ་རྗེ་དབྱིངས་ཀྱི་དམ་ཚིག་ཞབས་ཀྱིས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། གཙུག་ཏོར་གྱི་དམ་ཚིག་རིག་པའི་སྟོབས་ཀྱི་འཁོར་ལོ་བཀོད་པ ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྡོ་རྗེ་དམ་ཚིག་སུམ་བྷ་རབ་ཏུ་བྱུང་བ་བསྒོམ་པ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་སྟེ་སུམ་ཅུ་རྩ་གཅིག་གོ། །།ལེའུ་བཅུ་བཞི་པ་ལ། ཞི་བའི་དམ་ཚིག་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་དང། སྐུ་གསུམ་གྱི་དངོས ་པོ་དང་དངོས་པོ་མ་ཡིན་བའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། འདོད་ཆགས་ཆེན་པོའི་དམ་ཚིག་གཟིགས་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཀུན་ཏུ་འབྱུང་བའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་ཟེར་སྤྲིན་གྱི་སྐུ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་བ་མི་བསྐྱོད་པ་དམ་ཚིག་གི་འོད་ཟེར་གྱི་སྟུག་བོའི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་མི་བསྐྱོད་པ ་སངས་རྒྱས་ཀྱི་རྡོ་རྗེ་འོད་ཟེར་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་མི་བསྐྱོད་པ་རྡོ་རྗེ་དཔལ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་མི་བསྐྱོད ་པས་ཀུན་ཏུ་སྤྲིན་གྱི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཀུན་ཏུ་སྒྲོགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཡེ་ཤེས་ཀྱི་ཆུའི་ཕྲེང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དམ་ཚིག་རྣམ་པར་སྤྲུལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དམ་ཚིག་ཆེན་པོའི་དེ་ཁོ་ན ་ཉིད་འཕྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཀུན་ཏུ་རྣམ་པར་སྤྲུལ་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ནམ་མཁའ་ཨི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དེ་ཁོ་ན ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྣམ་པར་སྣང་མཛད་ཆེན་པོ་སྐུ་རྣམ་པར་སྤྲུལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། འཇིག་རྟེན་གྱི་དབང་ཕྱུག་གསུང་རྣམ་པར་སྒྲུལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྡོ་རྗེ་འཛིན་ཆེན་པོ་ཐུགས་རྣམ་པར་སྤྲུལ ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་སྟེ་ཉི་ཤུ་ཐམ་པའོ།། །།ལེའུ་བཅོ་ལྔ་པ་ལ། དམ་ཚིག་ཆེན་པོའི་རྡོ་རྗེ་ཁྲོ་བོ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་ཁོ་ན་ཉིད་ཡེ་ཤེས་ལྔའི་རྡོ་རྗེ་སྐུ་བསྐྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་སྟེ་གཉིས་སོ།། །ལེའུ་བཅུ་དྲུག་པ་ལ། དེ་བཞིན ་གཤེགས་པ་རྡོ་རྗེ་ཐམས་ཅད་ཀྱི་དཀྱིལ་འཁོར་སེང་གེའི་དམ་ཚིག་གི་རྒྱལ་པོ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་གསུང་རྡོ་རྗེ་ཐམས་ཅད་ཀྱི་དམ་ཚིག་གི་སྤྲིན་བཀོད་པ་ཞེས་བྱ་བའི?་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པའི་སྤྲིན་བཀོད་པ་ཐམས ་ཅད་ཀྱི་ཚོགས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་ཐིག་གདབ་པའི་སྔགས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྡོ་རྗེ་དཔའ་བོ་ཆེན་པོ་རླབས་ཀྱི་འཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་སྒྲ་སྒྲོག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཙུན་དེ་དམ་ཚིག་ཡེ་ཤེས་རྡོ་རྗེའི་འོད་ཟེར་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རེ་བ་འགྲུབ་པའི་རྡོ་རྗེའི་ལོངས་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྡོ་རྗེ་སེམས་དཔའ་ཨི་དམ་ཚིག ་གི་ཕྱག་རྒྱ་མཉེས་པར་བྱེད་པའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། གནོད་སྦྱིན་མོ་ཐམས་ཅད་ཀྱི་དམ་ཚིག་གནས་པའི་བསྒོམ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན ་དང། དེ་བཞིན་གཤེགས་པ་རྡོ་རྗེ་སྔགས་ཐམས་ཅད་ཀྱི་སྒྲུལ་པ་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་སྟེ་བཅུ་གཉིས་པའོ། །ལེའུ་བཅུ་བདུན་པ་ལ། ཁམས་གསུམ་ཐམས་ཅད་ཀྱི་རྡོ་རྗེ་མཁའ་འགྲོ་མའི་དམ་ཚིག་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན ་གཤེགས་པ་ཐམས་ཅད་མཉམ་པར་ཞུགས་པའི་ཏིང་ངེ་འཛིན་དང། རྡོ་རྗེ་འཛིན་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དམ་ཚིག་ལ་དམིགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་པ་ལ་ལོངས་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་སྟེ་བཞི ་པའོ། །དེ་ལྟར་ལེའུ་བཅུ་བདུན་བའི་ཏིང་ངེ་འཛིན་དུ་ཤེས་པར་བྱའོ། །ལེའུ་བཅོ་བརྒྱད་པ་ལ་ནི། ཏིང་ངེ་འཛིན་མ་སྨོས་སོ།། །།གཞན་ཡང་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དང། ལྷའི་རིགས་བྱེ་བྲག་དུ་ཕྱེ་བ་གང་ཞེ་ན། དཀྱིལ ་འཁོར་གསུམ་དང་རིགས་ལྔའོ་དཀྱིལ་འཁོར་གསུམ་གང་ཞེ་ན། ཐུགས་ཀྱི་དཀྱིལ་འཁོར་དང་སྐུའི་དཀྱིལ་འཁོར་དང། གསུང་གི་དཀྱིལ་འཁོར་རོ། །མདོར་ན་སྒྲུབ་པ་པོའི་ཡི་དམ་གྱི་ལྷ་གང་ཡིན་པ་གཙོ་བོ་དང་གཙོ་མོ། །སེམས་དཔའ་དང་སེམས་མ། ཁྲོ་བོ་དང ་ཁྲོ་མོ། དཀྱིལ་འཁོར་གྱི་དབུས་ཀྱི་གཙོ་བོ་གང་གིས་བྱས་ཀྱང་མི་འགལ་ཏེ། དེ་ཡང་ཡི་དམ་གྱི་ལྷ་ཐུགས་ཀྱི་རིགས་སུ་བསྒོམས་ན། ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ། ཡི་དམ་གྱི་ལྷ་སྐུའི་རིགས་སུ་བསྒོམས་ན། སྐུའི་དཀྱིལ་འཁོར་ཞེས་བྱ། ཡི་དམ་གྱི་ལྷ ་གསུང་གི་རིགས་སུ་བསྒོམས་ན། གསུང་གི་དཀྱིལ་འཁོར་ཞེས་བྱའོ། །རིགས་ལྔ་གང་ཞེ་ན། ཞེ་སྡང་གི་རིགས་དང། གཏི་མུག་གི་རིགས་དང། འདོད་ཆགས་ཀྱི་རིགས་དང། ང་རྒྱལ་གྱི་རིགས་དང། ཕྲག་དོག་གི་རིགས་སོ། །དེ་ཡང་བྱེ་བྲག་དུ་བསྟན་པ་ཞེ་སྡང ་གི་རིགས་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པའོ། །གཏི་མུག་གི་རིགས་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དོ། །འདོད་ཆགས་ཀྱི་རིགས་ནི་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་སོ། །ང་རྒྱལ་གྱི་རིགས་ནི་དེ་བཞིན་གཤེགས་པ་རིན་ཆེན་འབྱུང ་ལྡན་ནོ། །ཕྲག་དོག་གི་རིགས་ནི་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའོ།། །།ཡང་རིགས་བ་དེ་ལས་ཁྱད་པར་དུ་ཞིབ་ཏུ་ཕྱེ་བ། གསང་བ་འདུས་པའི་སྟོན་པ་ནི། དེ་བཞིན་གཤེགས་པ་མི་བསྐྱོད་པ་སྟེ། དེ་བཞིན་གཤེགས་པ་མི་བསྐྱོད་པའི ་དབུ་ལ་ནི་གང་ཡང་མི་བསྒོམ་མོ། །འཁོར་དེ་བཞིན་གཤེགས་པ་བཞིའི་སྤྱི་བོར་ནི། སྟོང་པ་མི་བསྐྱོད་པ་མཱ་མ་ཀཱི་དང་ལྡན་པར་བསྒོམ་མོ། །ཡང་ཡུམ་བཞི་དང། སེམས་པ་དང་སེམས་མ་དང། ཁྲོ་བོ་དང་ཁྲོ་མོ་སོ་སོའི་རིགས་སྤྱི་བོར་གར་བསྒོམ་པ་ཕྱེ་བ་ལ། ་སངས་རྒྱས་སྤྱན་དང། སའི་སྙིང་པོ་དང། གཟུགས་རྡོ་རྗེའི་ལྷ་མོ་དང། བྱམས་པ་དང་བྱམས་མ་དང། དཀྱིལ་འཁོར་གྱི་སེམས་དཔའ་ཀུན་ཏུ་བཟང་པོ་དང། དཀྱིལ་འཁོར་གྱི་སེམས་མ་ཀུན་ཏུ་བཟང་མོ་དང། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་དང། ཁྲོ་མོའི་རྒྱལ་མོ་རོ ་ལངས་མ་དང། དེ་རྣམས་ནི་སྐུའི་རིགས་ཏེ། རྣམ་པར་སྣང་མཛད་སངས་རྒྱས་སྤྱན་མ་དང་ལྡན་པར་སོ་སོའི་སྤྱི་བོར་བསྒོམ། གསུང་གི་རིགས་ནི། ན་བཟའ་དཀར་མོ་དང། སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང། རོ་རྡོ་རྗེའི་ལྷ་མོ་དང། ཁྲོ་བོ་ཆེན་པོ་པདྨའི་གཤེད ་དཔའ་ཁྲོ་མོ་ཆེན་མོ་ཁྲོ་གཉེར་མ་སྟེ། དེ་རྣམས་ནི་གསུང་གི་རིགས་ཏེ། སྣང་བ་མཛའ་ཡས་དང། ནམ་བཟའ་དཀར་མོ་དང། ལྡན་པར་སོ་སོའི་སྤྱི་བོར་བསྒོམ་མོ། །ཐུགས་ཀྱི་རིགས་ནི། མཱ་མ་ཀཱི་དང། དམ་ཚིག་སྒྲོལ་མ་དང། ཕྱག་ན་རྡོ་རྗེ་དང། སྒྲ་རྡོ་རྗེའི་ལྷ་མོ ་དང། ནམ་མཁའ་ཨི་སྙིང་པོ་དང། དྲི་རྡོ་རྗེའི་ལྷ་མོ་དང། འཇམ་དཔལ་དང། ལྷ་མོ་སྙིང་རྗེ་མ་དང། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང། རེག་རྡོ་རྗེའི་ལྷ་མོ་དང། ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ་དང། ཁྲོ་མོ་ཆེན་མོ་གཞན་གྱིས་མི་ཐུབ་མ་དང། ཁྲོ་བོ་ཆེན ་པོ་བགེགས་ཀྱི་གཤེད་དང། ཁྲོ་བོ་ཆེན་མོ་རལ་པ་གཅིག་མ་དང། ཁྲོ་བོ་ཆེན་པོ་འདོད་པའི་རྒྱལ་པོ་དང། ཁྲོ་མོ་ཆེན་མོ་རྡོ་རྗེ་འདོད་པའི་དབང་ཕྱུག་མ་དང། ཁྲོ་བོ་ཆེན་པོ་དབྱུག་པ་སྔོན་པོ་ཅན་དང། ཁྲོ་མོ་ཆེན་མོ་རྡོ་རྗེ་མཁའ་འགྲོ་མའི་དབང་ཕྱུག་མ་དང། ་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང། ཁྲོ་མོ་ཆེན་མོ་སྟོབས་མོ་ཆེའི་དབང་ཕྱུག་མ་དང། ཁྲོ་བོ་ཆེན་པོ་འཕགས་པ་མི་གཡོ་བ་དང། ཁྲོ་མོ་ཆེན་མོ་འཕགས་མ་མི་གཡོ་བའི་དབང་ཕྱུག་མ་དང། ཁྲོ་བོ་ཆེན་པོ་ཧཱུཾ་མཛད་དང། ཁྲོ་མོ་ཆེན་མོ་རྡོ་རྗེ་སྙིང་རྗེའི་དབང ་ཕྱུག་མ་དང། ཁྲོ་བོ་ཆེན་པོ་པདྨ་ཀུནད་ལི་སྟེ། དེ་རྣམས་ནི་ཐུགས་ཀྱི་རིགས་ཏེ། སྟོན་པ་མི་བསྐྱོད་པ་མཱ་མ་ཀཱི་དང་ལྡན་པར་སོ་སོའི་སྤྱི་བོར་བསྒོམ་མོ། །དེ་ལྟར་ཁྲོ་མོ་རྣམས་བྱེ་བྲག་དུ་ཕྱེ་བ་ལ། ཁྲོ་མོ་ལྔ་གསང་བ་འདུས་པའི་རྩ་བ་ལས་མི་ ་འབྱུང་བ་དེ། དཔལ་ཕྱག་ན་རྡོ་རྗེས་རྒྱུད་ཕྱི་མ་ཤལོ་ཀ་སྟོང་ལྔ་བརྒྱ་སུམ་ཅུ་རྩ་དྲུག་བསྡུས་པ་ལས་གསུངས་སོ། །གསང་བ་འདུས་པའི་རྩ་བ་ལས་།རོ་ལངས་མ་ལ་སོགས་པ་བཞི་འབྱུང་བ་ནི། དགོས ་ཆེད་ཅིའི་ཕྱིར་ཞེ་ན། ཡུམ་གྱི་མཁའ་དང་པདྨ་དང་ལག་པ་གཉིས་ལ་བསྒོམས་པས། བདུད་མོ་བཞི་འདུལ་བ་དང། ཐབས་དང་ཤེས་རབ་ཀྱི་དུས་སུ་ཁྲོ་བོ་བཞིའི་ཡུམ་དུ་སྦྱར་རོ། །དོན་དེའི་ཕྱིར་གསང་བ་འདུས་པ་པའི་རྩ་བ་ལས ་གསུངས་སོ། །གཞན་ཡང་པད་མ་ཀུན་ད་ལིའི་ཡུམ་མ་སྨོས་པ། དེ་ཅིའི་ཕྱིར་ཞེ་ན། པད་མ་ཀུན་ད་ལི་ནི་ཁྲོ་བོ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །སྒྲུབ་པ་པོས་པདྨ་ཀུནད་ལི་བསྒོམས་ན། ཁྲོ་བོ་གང་ཡང་རུང ་བའི་ཡུམ་དང་སྦྱོར་ན་མི་འགལ། དེ་ལྟར་གོང་དུ་ལེའུ་དང། ཏིང་ངེ་འཛིན་དང། དཀྱིལ་འཁོར་དང། རིགས་སོ་སོར་ཕྱེ་ཞིང་བསྟན་ནས། ད་ནི་སློབ་དཔོན་གྱི་མན་ངག་གིས་མདོ་རྒྱུད་གྱི་དོན་བཤད་པར་བྱ་སྟེ། ཨེ་བཾ་མ་ཡ། ་ཤྲུ་ཏ་མེ་ཀ་སྨིན་ས་མ་ཡེ། བ་ག་བན། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཀྩི་ཏྟ། ཧྲི་ད་ཡ་བཛྲ་ཡོ་གེ་བྷ་གེ་ཤོ་བཱི་ཛ་ཧ་ར། ཨི་ཏི། ཨི་ས་མ་ཡ་མུ་།བཾ་མཧཱ་མུ་དྲ། མ་དརྨ་མུ་དྲ། ཡ་ཀརྨ་མུ་དྲ། ཨ་ཞེས་བྱ་བ་ནི་དམ་ཚིག་གི ་ཕྱག་རྒྱ། བཾ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ། མ་ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱ། ཡ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའོ། །ཡབ་ཡུམ་བཞིར་ཡང་སྦྱར་ཏེ། དམ་ཚིག་གི་ཕྱག་རྒྱ་ནི་སངས་རྒྱས་སྤྱན། ཕྱག་རྒྱ་ཆེན་པོ་ནི་མཱ་མ་ཀཱི། ཆོས ་ཀྱི་ཕྱག་རྒྱ་ནི་ནམ་བཟའ་དཀར་མོ། །ལས་ཀྱི་ཕྱག་རྒྱ་ནི་དམ་ཚིག་སྒྲོལ་མའོ། །ཡང་ཡོག་བཞིར་ཡང་སྦྱར་ཏེ། ཡོ་ག་ནི་སངས་རྒྱས་སྤྱན། ཨ་ནུ་ཡོ་ག་ནི་མཱ་མ་ཀཱི། མཧཱ་ཡོ་ག་ནི་ན་བཟའ་དཀར་མོ། ། ཏི་ཡོ་ག་ནི་དམ་ཚིག་སྒྲོལ་མའོ།། ་ཡང་བྱེ་བྲ་གང་དུ་ན། ཐབས་དང་ཤེས་རབ་ཀྱི་རོལ་པའི་དུས་སུ་།དམ་ཚིག་གི་ཕྱག་རྒྱ་ནི་སངས་རྒྱས་སྤྱན་ཏེ་གཉིས་སུ་མེད་པར་བསྒོམས་པས་ཡོ་གའོ། །ཕྱག་རྒྱ་ཆེན་པོ་ནི་མཱ་མ་ཀཱི་སྟེ་དབང་པོ་གཉིས་སྦྱོར་བའི་དུས་སུ་བདེ་བ་ཉམས་སུ་མྱོང ་བ་ཨ་ནུ་ཡོ་གར་བསྒོམ་མོ། །ཆོས་ཀྱི་ཕྱག་རྒྱ་ནི། ན་བཟའ་དཀར་མོ་སྟེ་བྱང་ཆུབ་སེམས་ཡུམ་གྱི་མཁའ་ལ་བབས་སྟེ་མཧཱ་ཡོ་གར་བསྒོམ་མོ། །ལས་ཀྱི་ཕྱག་རྒྱ་ནི་དམ་ཚིག་སྒྲེལ་མ་སྟེ། བྱང་ཆུབ་ཀྱི་སེམས་བྱིན་གྱིས་བརླབས་ནས། གསོལ་བའི ་དུས་སུ་ཨ་ཏི་ཡོ་གར་བསྒོམ་མོ། །དེ་ལྟར་ན་ཡོ་ག་བཞིར་ཤེས་པར་བྱ་སྟེ། གོང་མ་དེ་རྣམས་ཡུམ་གང་ཡང་རུང་བ་ཞིག་ལ་ཡང་དོན་གྱིས་ཚད་བར་རིག་པར་བྱའོ། །ཡང་འབྱུང་བ་ལྔར་ཡང་སྦྱར་ཏེ། གང་ཞེ་ན། སའི་ཁམས་ནི་སངས་རྒྱས ་སྤྱན་ནོ། །ཆུའི་ཁམས་ནི་མཱ་མ་ཀཱིའོ། །མེའི་ཁམས་ནི་ན་བཟའ་དཀར་མོའོ། །རླུང་གི་ཁམས་ནི་དམ་ཚིག་སྒྲོལ་མའོ། །ནམ་མཁའ་ཨི་ཁམས་ནི་ཆོས་ཀྱི་དབྱིངས་ཏེ་ཀུན་ལ་ཁྱབ་པའོ། །དེ་ཡང་ཐབས་དང་ཤེས་རབ་རོལ་པའི་དུས་སུ། སྐུ་ཕྱག ་རྒྱ་ནི་སའི་ཁམས་ཏེ་སངས་རྒྱས་སྤྱན། གཤེར་བ་ནི་ཆུའི་ཁམས་ཏེ་མཱ་མ་ཀཱི། དྲོ་བ་ནི་མེའི་ཁམས་ཏེ་ན་བཟའ་དཀར་མོའོ། །བསྐྱོད་པའི་ལས་ནི་རླུང་གི་ཁམས་ཏེ་དམ་ཚིག་སྒྲོལ་མའོ། །ཥུ་ཏྲ་ནི། བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁའ་ལ ་ཕབས་པའོ། །མེ་ཞེས་བྱ་བ་ནི་གཟུངས་མ་སྟེ་པད་མའི་ལྟེ་བས་བྱང་ཆུབ་ཀྱི་སེམས་འཛིན་པའོ། །ཀ་ཞེས་བྱ་བ་ནི་བྱང་ཆུབ་སེམས་རྡོ་རྗེ། སྨིན་ས་མ་ཡ་ཞེས་བྱ་བ་ནི། དུས་གཅིག་ན་བྱ་སྟེ། དུས་གང་ཞེ་ན། ཐབས་དང་ཤེས་རབ་ཀྱི་རོ ་པས་བྱང་ཆུབ་ཀྱི་སེམས་སྤྲོ་བ་ལ་དུས་ཞེས་བྱའོ། །ཡང་ན་དུས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སྩོགས་པ། དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསང་བ་འདུས་པའི་དོན་རྟོགས ་བར་བྱ་བའི་ཕྱིར་གསོལ་བ་བཏབ་བ་ལ་དུས་ཞེས་བྱའོ། །བྷ་ག་བཾ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཞེས་བྱ་སྟེ། ཡུམ་གྱི་བྷ་ག་ལ་བདུད་བཞི་བཅོམ་པས་བཅོམ་ཞེས་བྱའོ། །ཡང་གཞན་དུ་ཡུམ་གྱི་བྷ་ག་ལ་བཞུགས་པ་ལ ་བཅོམ་ལྡན་འདས་ཞེས་བྱའོ་ཡང་རྣམ་གྲངས་གཞན་དུ་ན་བདུད་བཞི་དང་ཉོན་མོངས་པ་ལྔ་བྷ་ག་ལ་བཅོམ་ནས། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཕྱག་རྒྱར་བྱིན་གྱིས་བརླབས་པ་ལ་བཅོམ་ལྡན་འདས་ཞེས་བྱའོ། །ལྡན་ཞེས་བྱའོ། ་ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་ལྡན་ཞེས་བྱའོ། །འདས་ཞེས་བྱ་བ་ནི་སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འགྲོ་བའི་དོན་མཐར་ཕྱིན་ནས། ཆོས་ཀྱི་སྐུར་ཐིམ་པ་ལ་འདས་ཞེས་བྱའོ། །བྷ་ཞེས་བྱ་བ་ནི་ས་གཞི། ག་ཞེས་བྱ་བ་ནི ་ནམ་མཁའ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རོལ་པས་བདུད་བཞི་བཅོམ་པ་ལ་བྷ་ག་ཞེས་བྱའོ། །རྣམ་གྲངས་གཞན་དུ་ན། བདུད་བཞི་ཇི་ལྟར་བཅོམ་ཞེ་ན། ཐབས་དང་ཤེས་རབ་རོལ་པའི་དུས་སུ་དམ་ཚིག་གི་ཕྱག་རྒྱའི་སྦྲུལ་པ་གཤིན ་རྗེ་གཤེད་ཀྱིས་འཆི་བདག་གི་བདུད་བཅོམ། །བདེ་བ་ཉམས་སུ་མྱོང་བའི་དུས་སུ་།ཕྱག་རྒྱ་ཆེན་པོའི་སྤྲུལ་བ་གཞན་གྱིས་མི་ཐུབ་པས་ཉོན་མོངས་བའི་བདུད་བཅོམ་། ཡུམ་གྱི་མཁའ་ལ་བབས་པའི་དུས་སུ་ཆོས་ཀྱི་ཕྱག་རྒྱའི། ་སྦྲུལ་པ་པད་མའི་གཤེད་ཀྱིས་ལྷའི་བུའི་བདུད་བཅོམ་།བྱང་ཆུབ་ཀྱི་སེམས་བྱིན་གྱིས་བརླབས་ནས་གསོལ་བའི་དུས་སུ་ལས་ཀྱི་ཕྱག་རྒྱའི་སྤྲུལ་པ་བགེགས་ཀྱི་གཤེད་ཀྱིས་ཕུང་པོའི་བདུད་བཅོམ་མོ།། །། ་སྐུ་དང་གསུང་དང་ཐུགས་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་མི་བསྐྱོད་བ་དེ་བཞིན་གཤེགས་པ་ཐབས་དང་ཤེས་རབ་ཀྱི་རོལ་པས་བྱང་ཆུབ་སེམས་འོད ་དུ་ཞུ་བར་མཛད་ནས་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་སྣོད་དང་ལྡན་པའི་དོན་དང། ཉིད་ཀྱི་སྤྲུལ་པའི་སྐུ་གསང་བ་འདུས་པའི་སྟོན་པས་ས་བོན་ཟླ་བ་ལྟ་བུ་རྣམ་པར་སྣང་མཛད། དེ་བཞིན་གཤེགས་པ་ཆེན་པོ། བྱང་ཆུབ་སེམས་རྡོ་རྗེ་བསྐྱེད ་པའི་རྒྱུ་བཙུན་མོའི་བྷ་ག་ལ་བཞུགས་སོ།། །།གཞན་ཡང་སློབ་དཔོན་བདེ་བའི་མྱུ་གུའི་བཞེད་ཀྱིས། ཨེ་བཾ་མ་ཡ་ཞེས་བྱ་བ་ནི་།སྡུད་པ་པོ་རྡོ་རྗེ་ཆོས་ཀྱིས་སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་འཛིན་ལས་ཇི་ལྟར་ཐོས་པ་བཞིན་དུ ་དཔལ?་གསང་བ་འདུས་པ་ལེའུ་བཅོ་བརྒྱད་པ་འགྲོ་བའི་དོན་དུ་བསྡུས་བ་ལ་བྱའོ།། །།གཞན་ཡང་ཨཱ་ཙ་རྱ་ཆེན་པོ་ཞབས་དཀར་པོའི་བཞེད་ཀྱིས། ཨེ་བཾ་མ་ཡའི་དོན་ནི། ཨེ་ཞེས་བྱ་བ་ནི་ཤེས་རབ་།བཾ་ཞེས་བྱ་བ་ནི་ཐབས། མ་ཞེས ་བྱ་བ་ནི་ཤེས་རབ་ཀྱི་རྡོ་རྗེ་མེ་ཏོག་།ཡེ་ཤེས་བྱ་བ་ནི་ཐབས་ཀྱི་བྱང་ཆུབ་ཀྱི་སེམས། ཥུ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་རོལ་པའི་དུས་སུ་བདེ་བའོ། །ཏ་ཞེས་བྱ་བ་ནི། བྱང་ཆུབ་སེམས་འོད་དུ་ཞུ་ནས་འོད་ཟེར་སྤྲོས་པ་ལས་སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲོས་པའོ། །མེ་ཞེས་བྱ་བ་ནི་ཡུམ་གྱི་བྷ་ག་ལ་རྡོ་རྗེ་མེ་ཏོག་སྐྱེས་པའི་དུས་སུ་འོད་ཟེར་སྤྲོས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་དང་སེམས་མ་རྣམས་སྤྲོ་བའོ། །ཀ་ཞེས་བྱ་བ་ནི། ཐབས་དང ་ཤེས་རབ་ཀྱི་རོལ་པས་ཡབ་ཀྱི་བྱང་ཆུབ་གྱི་སེམས་དང། ཡུམ་གྱི་རྡོ་རྗེ་མེ་ཏོག་གཉིས་གཅིག་ཏུ་གྱུར་པའོ། །སྨིན་ཞེས་བྱ་བ་ནི་སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་སྐུ་བསྐྱེད་པའོ། །ས་ཞེས་བྱ་བ་ནི། སྟོན་པའི་འཁོར་དུ་གྱུར་པའོ། །མ ་ཞེས་བྱ་བ་ནི་སྟོན་པ་དང་འཁོར་དུ་ལྡན་པར་བཙུན་མོའི་བྷ་ག་ལ་བཞུགས་པའི་དུས་གཅིག་ན་ཞེས་བྱའོ། །ཡ་ཞེས་བྱ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འགྲོ་བའི་དོན་དུ་གསར་བ་འདུས་པ་གོ་ཞིང་ཤེས་པར་བྱ་བའི་ཕྱིར ་གསོལ་བ་བཏབ་བོ། །བྷ་ཞེས་བྱ་བ་ནི་བདུད་བཞི་བཅོམ་ནས་ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའོ། །ག་ཞེས་བྱ་བ་ནི་བདུད་བཞི་འཇོམས་པའི་གནས་གསང་བའི་བྷ་ག་ལ་བྱའོ། །བཾ་ཞེས་བྱ་བ་ནི། འགྲོ་བའི་དོན་དུ ་དཔལ་གསང་བ་འདུས་པ་བཀའ་སྩལ་ནས་སླར་ཆོས་ཀྱི་སྐུ་ལ་ཐིམ་པའོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཞེས་བྱ་བའི་སྒྲ་དེ་ལྟར་བཤད་དོ། །གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང ་ཐུགས་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་བྱ་བ་ནི་རྒྱུད་འབྱུང་བའི་རྒྱུར་ཤེས་པར་བྱའོ། །རྣམ་གྲངས་གཞན་དུ་ན། སློབ་དཔོན་ཆེན་པོ་དཔལ་རྡོ་རྗེ་རྣོན་པོའི་བཞེད་ཀྱིས། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་འཇིགས་བྱེད་ལས་འབྱུང་བ། ་ཨེ་བཾ་མ་ཡའི་སྒྲ་གསང་བ་འདུས་པའི་འགྲེལ་པར་དྲངས་པ། ཨེ་ཞེས་བྱ་བ་ནི་བྷ་གའི་མཁའ་། བཾ་ཞེས་བྱ་བ་ནི་བྷ་གའི་ནང་གི་ས་གཞི། མ་ཞེས་བྱ་བ་ནི། བྷ་གའི་ལྟེ་བའི་དབུས་ཀྱི་ཡེ་ཤེས་ཀྱི་རི་བོའོ། །ཡ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རི་བོའི་སྤྱི ་བོའི་རྩའི་སྦུབས་ཀྱི་སྒོ་བྱང་ཆུབ་ཀྱི་སེམས་འབྱུང་བའི་ལམ་མོ། །ཤྲུ་ཞེས་བྱ་བ་ནི་ཡབ་དང་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་པདྨའི་དབུས་སུ་ཕབ་པའོ། །ཏ་ཞེས་བྱ་བ་ནི་བྱང་ཆུབ་སེམས་བྷ་གའི་དབུས་སུ་ཡེ་ཤེས་ཀྱི་ཟླ་བའི་དཀྱིལ ་འཁོར་ཚུལ་དུ་གྱུར་པའོ། །མེ་ཞེས་བྱ་བ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ་བསྐྱེད་པའོ། །ཀ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པའི་འཁོར་སྤྲོ་བའོ། །སྨིན་ཞེས་བྱ་བ་ནི། ་འཁོར་དེ་དག་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཁྱབ་ནས་སླར་ཡུམ་གྱི་བྷ་ག་ལ་འདུས་པའོ། །ས་ཞེས་བྱ་བ་ནི་དུས་ལ་བྱ་སྟེ། འཁོར་འདུས་པའི་ཚེ་ན་དུས་ཞེས་བྱའོ། །དེ་ལྟར་དུས་དེ་ཡང་ཕྱིའི་དུས་ཚེས་དང་ཟླ་བ་དང་ལོ་ལ་མི་སྦྱར་ཏེ། སྟོན་པ་དང ་འཁོར་ཡུམ་གྱི་བྷ་ག་ལ་འདུས་པའི་ཚེ་ན་དུས་གཅིག་ན་ཞེས་བྱའོ། །མ་ཞེས་བྱ་བ་ནི་སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་འགྲོ་བ་རྣམས་ཀྱི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསང་བ་འདུས་པའི་དོན་ཤེས་པར་བྱ་བའི་ཕྱིར་གསོལ་བ ་བཏབ་པ་ལ་བྱའོ། །ཡ་ཞེས་བྱ་བ་ནི་སྟོན་པ་བྱང་ཆུབ་གྱིས་སེམས་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོའི་སྣོད་དུ་གྱུར་པར་བྱ་བའི་ཕྱིར། ཡུམ་གྱི་བྷ་ག་ལས་སླར་བསྡུས་ནས། ཉིད་ཀྱི་སྐུ་ལ ་གསངས་ཏེ་བྱིན་གྱིས་བརླབས་པའོ། །བྷ་ཞེས་བྱ་བ་ནི་ཡེ་ཤེས་ལྔ་དང་ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང། བསོད་ནམས་ཀྱི་ཕུང་པོ་དང་ལྡན་པའོ། །གྷ་ཞས་བྱ་བ་ནི་བདུད་བཞི་དང་ཉོན་མོངས་པ་ལྔ་བཅོམ་པའི་གནས་སོ། །བན་ཞེས་བྱ ་བ་ནི་རྡོ་རྗེའི་སྐུ་པདྨའི་དབུས་སུ་བཞུགས་ནས་འགྲོ་བའི་དོན་དུ་ཐེག་པ་ཆེན་པོའི་ཆོས་བཀའ་སྩལ་ནས། སླར་ཆོས་ཀྱི་དབྱིངས་ནས་ཆོས་ཀྱི་སྐུར་ཐིམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི། ་སྟོན་པ་དེ་བཞིན་གཤེགས་པ་མི་བསྐྱོད་པས་ཐབས་དང་ཤེས་རབ་ཀྱི་རོལ་པ་ལས་དང། བྱང་ཆུབ་ཀྱི་སེམས་དུང་དང། ཀུན་ད་དང། ཁ་བ་དང། བའི་འོ་མ་དང། སྤྲིན་དཀར་པོ་དང། ཟླ་བ་ལྟ་བུའོ། །དེ་ལ་དུད་ཞེས་བྱ་བ་ནི་སྲ་བའི་ཕྱིར་རོ། །ཀུནད་ཞེས ་བྱ་བ་ནི་ཡེ་ཤེས་ཀྱི་དྲི་བྲོ་བའི་ཕྱིར་རོ། །ཁ་བ་ཞེས་བྱ་བ་ནི་དཀར་བའི་ཕྱིར་རོ། །བའི་འོ་མ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་དུ་ཐུགས་རྗེའི་སྣུམ་དང་ལྡན་པའི་ཕྱིར་རོ། །སྤྲིན་དཀར་པོ་ཞེས་བྱ་བ་ནི། སྟུག་ཅིང་མང་བའི་ཕྱིར་རོ། །ཟླ་བ་ཞེས་བྱ་བ་ནི། འོད ་ཟེར་འཕྲོ་ཞིང་གསལ་བའི་ཕྱིར་རོ། །དེ་ལྟ་བུའི་ས་བོན་དེ། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་བསྐྱེད་པཱི་རྒྱུ་དང། རྒྱུད་འབྱུང་བའི་རྒྱུ་དང། སེམས་ཅན་ཐམས་ཅད་དངོས་གྲུབ་ཐོབ་པའི་ལམ་ཏེ། རྡོ་རྗེ་འཛིན་གྱི་ས་བོན་བཙུན་མོའི་བྷ་ག་ལ་བཞུགས་པའི ་དོན་ནོ།། །།རྣམ་གྲངས་གཞན་དུ་ན། འཕགས་པ་ཡེ་ཤེས་ཞབས་ཀྱི་བཞེད་ཀྱིས། ཨེ་བཾ་མ་ཡའི་དོན་ནི། དེ་བཞིན་གཤེགས་པའི་ཡུམ་བཞི་གསང་བའི་གཞལ་ཡས་ཁང་སྟེ། དེ་ཡང་དབྱིབས་གྲུ་བཞི་ལ་ངོས་མཆོད་རྟེན་གྱི་ཚུལ་དུ ་གནས་པ་ཁ་དོག་བཞི་དང་ལྡན་ཏེ། དེ་ལ་ཤར་ཕྱོགས་རིན་པོ་ཆེ་ཤེལ་གྱི་ཁ་དོག་དཀར་པོ་ལྟ་བུ་སྟེ་།སངས་རྒྱས་སྤྱན་གྱི་ཡེ་ཤེས་ལས་གྲུབ་པའོ། །ལྷོ་ཕྱོགས་ནི་རིན་པོ་ཆེ་ཨིནྡྲ་ནཱི་ལ་མཐིང་ནག་གི་ཁ་དོག་ལྟ་བུ་སྟེ། མི་བསྐྱོད་བའི་ཡུམ་མཱ ་མ་ཀཱིའི་སྤྲུལ་པ་མཱ་མ་ཀཱིའི་ཡེ་ཤེས་ལས་གྲུབ་པའོ། །ནུབ་ཕྱོགས་ནི་རིན་པོ་ཆེ་པད་མ་རཱ་ག་དམར་པོའི་ཁ་དོག་ལྟ་བུ་སྟེ། ན་བཟའ་དཀར་མོའི་ཡེ་ཤེས་ལS་གྲུབ་པའོ། །བྱང་ཕྱོགས་ནི་རིན་པོ་ཆེ་ཛམྦུ་ན་ད་སེར་པོའི་ཁ་དོག་ལྟ་བུ་སྟེ། དམ་ཚིག ་སྒྲོལ་མིའི་ཡེ་ཤེས་ལས་གྲུབ་པའོ། །དེ་ལ་ཡང་མཆོད་རྟེན་གྱི་ཤར་ཕྱོགས་དེ་བཞིན་གཤེགས་བ་རྣམ་པར་སྣང་མཛད་བཞུགས་པའི་གནས། འོད་ཟེར་དཀར་པོ་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་ནས་རེག་པས་སེམས ་ཅན་ཐམས་ཅད་ཀྱི་གཏི་མུག་འཛོམས། །མཆོད་རྟེན་གྱི་ལྷོ་ཕྱོགས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་བཞུགས་པའི་གནས། འོད་ཟེར་སེར་པོ་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་ནས་རེག་པས་སེམས་ཅན་ཐམས་ཅད་ཀྱི ་ང་རྒྱལ་བཅོམ། །མཆོད་རྟེན་གྱི་ནུབ་ཕྱོགས་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ཀྱི་བཞུགས་གནས་འོད་ཟེར་དམར་པོ་ཅུང་ཟད་སར་བ་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ་རེག་པས་སེམས་ཅན་ཐམས་ཅད་ཀྱི་འདོད ་ཆགས་འཇོམས། །མཆོད་རྟེན་གྱི་བྱང་ཕྱོགས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་བཞུགས་གནས། འོད་ཟེར་ལྗང་གུ་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ་རེག་པས་སེམས་ཅན་ཐམས་ཅད་ཀྱི་ཕྲག་དོག་འཇོམས། །གཞལ ་ཡས་ཁང་གི་དབུས་ནི་ཁ་དོག་ལྔ་དང་ལྡན་ཏེ། སྟོན་པ་རྡོ་རྗེ་འཛིན་བཞུགས་པའི་གནས་འོད་ཟེར་རྣམ་ལྔ་འཕྲོས་པས་འཇིག་རྟེན་ཁམས་ཐམས་ཅད་དུ་ཁྱབ་སྟེ། དེག་པས་སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་འཇོམས་སོ། །གཞན་ཡང་ཨེ་བཾ་མ་ཡའི་དོན་གྱི་བྱེ་བྲེག ་ཕྱེ་བ། ཨེ་ཞེས་བྱ་བ་ནི་གཞལ་ཡས་ཁང་གི་ཤར་ཕྱོགས་སངས་རྒྱས་སྤྱན་གྱི་ཡེ་ཤེས་ཀྱི་ངོ་བོའོ། །བཾ་ཞེས་བྱ་བ་ནི་གཞལ་ཡས་ཁང་གི་ལྷོ་ཕྱོགས་མཱ་མ་ཀཱིའི་ཡེ་ཤེས་ཀྱི་ངོ་བོའོ། །མ་ཞེས་བྱ་བ་ནི་གཞལ་ཡས་ཁང་གི་ནུབ་ཕྱོགས་ན་བཟའ་དཀར་མོའི ་ཡེ་ཤེས་ཀྱི་ངོ་བོའོ། །ཡ་ཞེས་བྱ་བ་ནི་གཞལ་ཡས་ཁང་གི་བྱང་ཕྱོགས་དམ་ཚིག་སྒྲོལ་མའི་ཡེ་ཤེས་ཀྱི་ངོ་བོར་ཤེས་བར་བྱའོ། །གཞན་ཡང་དེ་ལྟ་བུའི་གཞལ་ཡས་ཁང་གི་ཕྱི་དང་ནང་གི་རྒྱན་བཤད་པར་བྱ་སྟེ། དེ་ཡང་གང་ཞེ་ན། མུགཏི་ཧ་ར་དང། མུ་ཏིག ་གི་ཤར་བུ་དང། པདྨ་དཀར་པོ་དང། པདྨ་སྔོན་པོ་དང། པདྨ་དམར་པོ་དང། པདྨ་སེར་པོ་ལ་སོགས་པའི་ཕྲེང་བ་དང། དྲིལ་བུ་གཡེར་ཀའི་ཕྲེང་བ་དང། ངར་དབྱངས་ཀྱི་ཕྲེང་བ་དང། བ་དན་གྱི་ཕྲེང་བ་དང། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང། རྡོ་རྗེ་ཟླ་བའི ་ཕྲེང་བ་དང། མེ་ལོང་གི་ཕྲེང་བ་དང། རྡོ་རྗེ་ཉི་མའི་ཕྲེང་བ་དང། དེ་རྣམས་ནི་གཞལ་ཡས་ཁང་གི་ཕྱིའི་རྒྱན་ཏེ། ཕྲེང་བས་རིམ་པར་བསྐོར་བའོ། །དེ་ནས་ཡང་ནང་གི་རྒྱན་བཤད་པར་བྱ་སྟེ། གང་ཞེ་ན། དེ་ནས་མུ་ཏིག་གི་ཕྲེང་བ་ནི་སྟོན་པ་རྡོ་རྗེ་འཛིན་གྱིས། ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྐུ་ཕྱག་རྒྱ་གཉིས་ཀའི་ཡེ་ཤེས་ཀྱི་འོད་ཟེར་གྱི་ཕྲེང་བའི་ཚུལ་གྱིས་སྤྲོ་བར་མཛད་པ་གསུངས་སོ། །དེ་ནས་མུ་ཏིག་གི་ཤར་བུ་ནི་མདུན་དུ་སྨོས་པའི་ཚུལ་གྱིས་སྟོན་པ་རྡོ་རྗེ་འཛིན་གྱིས་ཐབས་དང་ཤེས་རབ་གཉིས་སུ ་མེད་བ་མཛད་པའི་དུས་སུ་སྐུ་ཕྱག་རྒྱ་ལ་ཡེ་ཤེས་ཀྱི་འོད་ཟེར་སོ་སོར་ཤར་བུ་ལྟ་བུ་སྤྲོ་བར་མཛད་པས་ཤར་བུའི་དོན་དུ་སྨོས་སོ། །དེ་ནས་གང་པདྨ་དཀར་པོའི་ཕྲེང་བ་དེ་ནི་མ་སྐྱེས་བའི་ཉེ་ཤེས་ཀྱི་བྷ་གའི་མཚན་མ་ལྷ་མོ་སངས་རྒྱས་སྤྱན་ཡིན་པར་གསུངས་སོ། ་དེ་ནས་གང་པདྨ་སྔོན་པོའི་ཕྲེང་བ་དེ་ནི་མ་སྐྱེས་པའི་ཡེ་ཤེས་ཀྱི་བྷ་གའི་མཚན་མ་ལྷ་མོ་མཱ་མ་ཀཱི་ཡིན་པར་གསུངས་སོ། །དེ་ནས་གང་པདྨ་དམར་པོའི་ཕྲེང་བ་དེ་ནི་མ་སྐྱེས་པའི་ཡེ་ཤེས་ཀྱི་བྷ་གའི་མཚོན་མ་ལྷ་མོ་ན་བཟའ་དཀར་མོ་ཡིན་པར་གསུངས་སོ།། ་དེ་ནས་གང་པདྨ་སེར་པོའི་ཕྲེང་བ་དེ་ནི་མ་སྐྱེས་པའི་ཡེ་ཤེས་ཀྱི་བྷ་གའི་མཚན་མ་ལྷ་མོ་དམ་ཚིག་སྒྲོལ་མ་ཡིན་པར་གསུངས་སོ། །དེ་ནས་གང་དྲིལ་བུའི་ཕྲེང་བ་དེ་ནི། སྟོན་པ་རྡོ་རྗེ་འཛིན་གྱི་བླ་ན་མེད་པའི་ཤེས་རབ་ཆེན་པོ་རིག་པ་ཐམས་ཅད་དང་གཉིས་སུ་མེད་པའི ་ངོ་བོར་གསུངས་སོ། །དེ་ནས་གང་གཡེར་ཀའི་ཕྲེང་བ་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སོགས་པའི་འཁོར་ཐམས་ཅད་ལ་བླ་ན་མེད་པའི་ཤེས་རབ་ཆེན་པོས་མ་འོངས་པའི་སེམས་ཅན་ཐམས་ཅད་ལ་གཏི་མུག་གི་དྲ་བས་བསྒྲིབས་པར་གྱུར ་པ་དེ་དག་ཐེག་པ་ཆེན་པོ་གསང་སྔགས་ལ་རྣམ་པར་རྟོག་པའི་ཐེ་ཙོམ་ཇི་སྟེད་སྐྱེས་པ་དེ་དག་ཐམས་ཅད་གཅོད་པར་བྱེད་པར་གསུངས་སོ། །དེ་ནས་གང་བ་དན་གྱི་ཕྲེང་བ་དེ་ནི་སྟོབ་རྡོ་རྗེ་འཛིན་གྱིས་འཁོར་ཐམས་ཅད་དང་བཅས་པས་ཡེ་ཤེས་རྣམ་པ་ལྔའི་ངོ ་བོ་འོད་ཟེར་གྱི་ཕྲེང་བ་བདུད་ཐམས་ཅད་འཇོམས་པའམ་ཕམ་པར་བྱེད་པ་ཅན་གྱི་ངོ་བོར་གསུངས་སོ། །དེ་ནས་གང་སྣ་ཚོགས་པའི་བྱེ་བྲག་གིས་རིན་པོ་ཆེའི་ཕྲེང་བ་དེ་ནི་སྟོན་པ་རྡོ་རྗེ་འཛིན་གྱིས་མདུན་དུ་སྨོས་པའི་ཚུལ་གྱིས་ཡེ་ཤེས་ལྔའི་ངོ་བོ་འཇིག་རྟེན་གྱི་ཁམས་ཐཾ་ཅད ་དུ་ཐུགས་རྗེ་ཆེན་པོའི་རང་བཞིན་མེ་སྟག་ལྟ་བུ་སྤྲོ་བར་མཛད་པར་གསུངས་སོ། །དེ་ནས་གང་རྡོ་རྗེ་ཟླ་བའི་ཕྲེང་བ་དེ་ནི་དོན་དམ་པ་མ་སྐྱེས་བར་སྟོན་པ་རྡོ་རྗེ་འཛིན་གྱི་བྱང་ཆུབ་སེམས་སུ་གསུངས་སོ། །དེ་ནས་གང་མེ་ལོང་གི་ཕྲེང་བ་དེ་ནི་བླ་ན་མེད་པའི་མ་སྐྱེས་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོར ་གསུངས་སོ། །དེ་ནས་གང་རྡོ་རྗེ་ཉི་མའི་ཕྲེང་བ་དེ་ནི། དོན་དམ་པར་མ་སྐྱེས་བར་སྟོན་པ་རྡོ་རྗེ་འཛིན་པའི་ལྷ་མོ་མཱ་མ་ཀཱི་ལ་སྩོགས་པ་ལྷ་མོ་ཐམས་ཅད་ཀྱི་རྡོ་རྗེ་ཉི་མར་མིང་བཏགས་པ་པདྨ་ར་ག་ཏར་གསུངས་སོ། །དེ་ལྟ་བུའི་བྱེ་བྲག་གིས་གཞལ་ཡས་ཁང་གི་ནང་རྒྱན་གྱི་ཕྲེང་བས ་གཡས་ཕྱོགས་ནས་བསྐོར་བར་ཤེས་པར་བྱའོ།། །དེ་ནས་གཞན་ཡང་གསང་བའི་ཚུལ་གྱིས་རྒྱན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། སྲོ་ཞེས་བྱ་བ་ནི། མུག་ཏི་ཧ?་དང། མུ་ཏིག་གི་ཤར་བུ་གཉིས་རྒྱན་གཅིག་ཏུ་བསྡུས་པ་ལ་བྱ་སྟེ། དེ་ལ་མུ་ཏིག་ཧ་ར་ཞེས་བྱ་བ་ནི། །དེ ་ཡང་ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པའི་དུས་སུ་བྱང་ཆུབ་ཀྱི་སེམས་མཉམ་བར་འོད་དུ་ཞུ་བ་ནི། མུ་ཏིག་ཧ་ར་ཞེས་བྱ། དེ་ལ་མུ་ཏིག་གི་ཤར་བུའི་རྒྱན་ཞེས་བྱ་བ་ནི། ཡབ་ཡུམ་ཐབས་དང་ཤེས་རབ་རོལ་བའི་དུས་སུ་བྱང་ཆུབ་ཀྱི་སེམས་གཅིག་ཞུ་གཅིག་མི་ཞུ་བ ་ལ་བྱའོ། །ཏ་ཞེས་བྱ་བ་ནི་པདྨ་དཀར་པོ་དང། པདྨ་སྔོན་པོ་དང། པདྨ་དམར་པོ་དང། པདྨ་སེར་པོ་ལ་སོགས་པའི་ཕྲེང་བ་དེ་ནི་རྒྱན་དུ་ཤེས་བར་བྱའོ། །དེ་ཡང་པདྨ་དཀར་པོ་ནི་ཡུམ་སངས་རྒྱས་སྤྱན་གྱི་པདྨའི་རག་ཏ་རྡོ་རྗེ་མེ་ཏོག་གོ། །པདྨ་སྔོན་པོ་ནི་ཡུམ་མཱ་མ་ཀཱིའི་པདྨའི ་རཀྟ་རྡོ་རྗེ་མེ་ཏོག་གོ་།པདྨ་དམར་པོ་ནི་ཡུམ་ན་བཟའ་དཀར་མོའི་པདྨའི་རཀྟ་རྡོ་རྗེ་མེ་ཏོག་གོ་།པདྨ་སེར་པོ་ནི་ཡུམ་དམ་ཚིག་སྒྲོལ་མའི་པདྨའི་རཀྟ་རྡོ་མེ་ཏོག་གོ་།དེ་ལྟར་པདྨ་དེ་རྣམས་ཀྱི་སྤྱིའི་ཁ་དོག་ནི། ཡེ་ཤེས་ལྷུན་གྱིས་གྲུབ་པ་སྟེ་ཆོས་ཀྱི་དབྱིངས་སོ། །ཀུན་རྫོབ་དུ་དཀྱིལ ་འཁོར་བསྐྱེད་པའི་རྐྱེན་ནོ། །དེ་ཉིད་དོན་དམ་པར་འབྲས་བུ་མཐར་ཕྱིན་པ་ཡུཾ་རྣམS་ཀྱི་ཡེ་ཤེས་ཆོས་ཀྱི་དབྱིངས་སོ། །མེ་ཞེས་བྱ་བ་ནི། དྲིལ་བུ་གཡེར་ཀའི་ཕྲེང་བའོ། །དེ་ཡང་རྡོ་རྗེའི་དྲིལ་བུ་ལ་བྱ་སྟེ། དྲིལ་བུའི་དབྱིབས་ནི་ཡུམ་གྱི་ཆོས་ཀྱི་འབྱུང་གནས་ལ་བྱ། དྲིལ་རུའི་ལྕེ་ནི ་ཡབ་ཀྱི་གསང་བའི་རྡོ་རྗེ་ལ་བྱའོ། །དྲིལ་བུའི་སྒྲ་ནི་ཐབས་དང་ཤེས་རབ་ཀྱི་རོལ་པའི་དུས་སུ་བྱང་ཆུབ་ཀྱི་སེམས་བབས་པའི་ཚེ་ན། རྡོ་རྗེ་དང་པདྨའི་སྒྲ་གྲག་པའོ། །དྲིལ་བུའི་དབུ་རྡོ་རྗེ་རྩེ་ལྔ་པ་ནི། དེ་བཞིན་གཤེགས་པ་ཡབ་ཡུམ་གཉིས་སུ་མེད་པའི་ཡེ་ཤེས་ལྔའོ། །དེ ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི། མི་འཁྲུགས་པ་སྟེ་རྡོ་རྗེའི་རཱ?་དབུས་མའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རིན་ཆེན་འབྱུང་ལྡན་ནོ། །སོ་སོར་ཀུན་ཏུ་རྟོགས་པའི་ཡེ་ཤེས་ནི་སྣང་བ་མཛའ་ཡས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི་གདོན་མི་ཟ་བར་གྲུབ་པའོ།། ་ཆོས་ཀྱི་དབྱིངས་རྣམ་བར་དག་པའི་ཡེ་ཤེས་ནི་རྣམ་པར་སྣང་མཛད་དོ། །?་ཞེས་བྱ་བ་ནི་དང་ཕྱངས་ཀྱི་ཕྲེང་བ་སྟེ། དེ་ཡང་ཡབ་ཡུམ་ཁཾས?་དང་ཤེས་རབ་ཀྱི་རོལ་པས་བྱང་ཆུབ་ཀྱི་སེམས་རྩ་ཐམས་ཅད་དུ་དུས་གཅིག་དུ་འོད?་དུ་ཞུ་ནས་ཡུམ་གྱི ་མཁའ་ལ་བབས་པའོ། །སྨིན་ཞེས་བྱ་བ་ནི། ཡབ་ཡུམ་ཐབས་དང་ཤེས་རབ་ཀྱི་རོལ་པས་བྱང་ཆུབ་ཀྱི་སེམས་དུས་གཅིག་ཏུ་མི་འཇུག་སྟེ། རིམ་གྱིས་ཡུམ་གྱི་མཁའ་ལ་བབས་བའོ། །ས་ཞེས་བྱ་བ་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་སྟེ། དེ་ལྟར ་ཐབས་དང་ཤེས་རབ་ཀྱི་རོལ་པས་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁའ་ལ་ཟླ་བའི་དཀྱིལ་འཁོར་ལྟ་བུ་ལས། ཡེ་ཤེས་ཀྱི་འོད་ཟེར་སྣ་ཚོགས་འཕྲོ་བའོ། །དེ་ཡང་ཁ་དོག་ནག་པོ་མི་བསྐྱོད་པའི་ཡེ་ཤེས་ཀྱི་འོད་ཟེར་རོ། །ཁ་དོག་དཀར་པོ་རྣམ་པར ་སྣང་མཛད་ཀྱི་ཡེ་ཤེས་ཀྱི་འོད་ཟེར་རོ། །ཁ་དོག་སེར་པོ་རིན་ཆེན་འབྱུང་ལྡན་གྱི་ཡེ་ཤེས་ཀྱི་འོད་ཟེར་རོ། །ཁ་དོག་དམར་པོ་སྣང་བ་མཛའ་ཡས་ཀྱི་ཡེ་ཤེས་ཀྱི་འོད་ཟེར་རོ། །ཁ་དོག་ལྗང་གུ་ནི་གདོན་མི་ཟ་བར་གྲུབ་པའི་ཡེ་ཤེས་ཀྱི་འོད་ཟེར་རོ། །འོད ་ཟེར་དེ་རྣམས་རིགས་དང་མཐུན་པར་སླར་བསྡུས་ནས་ཡེ་ཤེས་ཀྱི་སྒྲོན་མ་རིན་པོ་ཆེ་ཞེས་བྱའོ། །མ་ཞེས་བྱ་བ་ནི་རྡོ་རྗེ་ཟླ་བའི་ཕྲེང་བའོ། །དེ་ཡང་དོན་དམ་པར་ཡང་ཀྱི་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པས་འགྲོ་བ་དང་མི་འགྲོ་བའི་འཇིག་རྟེན་ཀུན་ལ ་ཁྱབ་པས། ཀུན་ཏུ་བཟང་པོ་ཡེ་ཤེས་རྡོ་རྗེ་ཟླ་བའོ། །ཡ་ཞེས་བྱ་བ་ནི། རྡོ་རྗེ་ཉི་མའི་ཕྲེང་བའོ། །དེ་ཡང་འགྲོ་བ་བང་མི་འགྲོ་བའི་འཇིག་རྟེན་ཀུན་ལ་ཁྱབ་པའི་ཡུམ་ཀུན་ཏུ་བཟང་མོའི་ཡེ་ཤེས་སྐྱེ་བ་མེད་པ་ནི་རྡོ་རྗེ་ཉི་མའོ། །དེ་ལྟར་གཞལ་ཡས་ཁང ་གི་ཕྱི་དང་ནང་གི་རྒྱན་དེ་རྣམས་གཅིག་ཏུ་བསྡུས་ཏེ། འབྲས་བུ་ཨ་ཏི་ཡོ་ག་མཐར་ཕྱིན་པ་ནི་མེ་ལོང་གི་ཕྲེང་བའོ། །གཞན་ཡང་ཤྲུ་ཏ་མེ་ཀ་སྨིན་སམ་ཡེ་ཞེས་བྱ་བ་ནི། ཤུ་ཏ་ཞེས་བྱ་བ་ནི་ཐོས་བའི་དོན། མེ་ཞེས་བྱ་བ་ནི་བདག་གིས་ཞེས་བྱ་སྟེ། ་བདག་གང་ཞེ་ན། སྡུད་པ་པོ་རྡོ་རྗེ་ཆོས་སོ། །ཀ་སྨི་ས་མ་ཡེ་ཞེས་བྱ་བ་ནི། དུས་གཅིག་ན་ཞེས་བྱ་སྟེ། དེ་ཡང་དུས་གང་ཞེ་ན། བཅོམ་ལྡན་འདས་སྟོན་པ་མི་བསྐྱོད་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྙིང་པོ་ཐབས་དང་ཤེས ་རབ་ཀྱི་རོལ་པས་ས་བོན་ཟླ་བ་ལྟ་བུ་རྣམ་པར་སྣང་མཛད་ཆེན་པོ་འོད་དུ་ཞུ་བར་མཛད་ནས། གསང་བ་འདུས་པའི་རྒྱུད་འབྱུང་བའི་རྒྱུ་རྡོ་རྗེ་སྙིང་པོ་དང། སྟོན་པ་མི་བསྐྱོད་བ་གཉིས་སུ་མེད་པར་ཡུམ་བཞི་རིགས་པའི་གཞལ་ཡས་ཁང་བཙུན་མོའི ་བྷ་ག་ལ་བཞུགས་པའི་དུས་སུ། སྡུད་པ་བོ་རྡོ་རྗེ་ཆོས་ཀྱིས་གསང་བ་འདུས་བ་ཇི་ལྟེད་ཐོས་བ་ཐུགས་རྗེ་ཆེན་པོས་འགྲོ་བ་རྣམས་ཀྱི་དོན་དུ་བསྡུས་སོ། །སེམས་ཅན་གྱི་དུས་ལ་ནི་མི་སྦྱར་རོ། དོན་དེའི་ཕྱིར་ན་དུས་གཅིག་ན་ཞེས་བྱའོ།། །། ་རྣམ་གྲངས་གཞན་དུ་ན། འཕགས་པ་པདྨའི་རྒྱལ་པོའི་བཞེད་ཀྱིས། ཨེ་བཾ་མ་ཡའི་དོན་ནི། ཨེ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བ་རྣམས་ཀྱི་དོན་དུ། སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་བསྟན་ཏོ། དེ་ལྟར་སྤྲུལ ་པའི་སྐུ་ཤཱཀྱ་ཐུབ་པ་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། ཐེག་བ་འོག་མ་པ་རྣམས་བརྟུལ་ནས་བསྟན་པ་སྤེལ་ཏེ་འགྲོ་བའི་དོན་མཐར་ཕྱུང་ནས། སེམས་ཅན་གྱིས་ཐེག་པ་ཆེན་པོའི་སྐལ་པ་དང་ལྡན་པའི་ཕྱིར་དང། སེན་གྱི་རང་བཞིན་གྱིས་སྲིང་པ་མི་ཏག་པ་ལ་རྟག་པར་ཐན ་བའི་ཕྱིན་ཅི་ལོག་གི་སྐྱོན་བསལ་བའི་རྒྱའི། བཅོམ་ལྡན་འདས་ཀྱི་རྟ?་ཀུ་ཤའི་གྲོང་ཁྱེར་དུ་ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་ནས། །བཾ?་ཞེས་བྱ་བ་ནི། དེ་ལྟར་མྱ་ངན་ལས་འདས་ནས་སླར་ཆོས་ཀྱི་སྐུ་ལ་ཐིམ་བའོ། མ་ཞེས་བྱ་བ་ནི། མ་འོངས་པའི་སེམས་ཅན་རྣམས་ཀྱི་དོན ་དུ་ཐུགས་སྡེ་ཆེན་པོས་ཆོས་ཀྱི་སྐུ་ལས་སླར་སྤྲུལ་པའི་སྐུ་ཕྱེད་བའོ། །ཡ་ཞེས་བྱ་བ་ནི་ཡུམ་བཞིའི་གསང་བའི་ཡེས་ཀྱི་གཞལ་ཡས་ཁང་དཔལ་གསང་བ་འདུས་པ་བཀའ་སྩལ་པའི་གནས། ཉིད་ཀྱི་སྐུ་ལས་སྤྲུལ་ཏེ་མཛད་དོ། །ཤྲུ་ཏ་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་རོལ་པས་གསང་བ ་བྱང་ཆུབ་ཀྱི་སེམས་ཡུམ་གྱི་བྷ་གའི་དབུས་སུ་འདུས་པའོ། །མེ་ཀ་ཞེས་བྱ་བ་ནི་དེ་ལྟར་འདུས་པའི་གསང་བ་བྱང་ཆུབ་ཀྱི་སེམས་སླར། ཉིད་ཀྱི་སྐུ་ལ་ཐིམ་ནས་གསང་བར་མཛད་དོ། །སྨིན་ས་ཞེས་བྱ་བ་ནི། སྟོན་པ་མི་བསྐྱོད་པས་འགྲོ ་བ་རྣམས་ཉོན་མོངས་པ་དང་བྲལ་ཞིང། ཐེག་པ་ཆེན་པོའི་སྣོད་དུ་གྱུར་པར་བྱ་བའི་ཕྱིར། ཐུགས་རྗེ་ཆེན་པོའི་ཞེ་སྡང་བསྐྱེད་སྟེ། ཉིད་ཀྱི་སྐུ་ལ་གསང་བའི་བྱང་ཆུབ་ཀྱི་སེམས་ལས། ཡེ་ཤེས་ཀྱི་འོད་ཟེར་སྣ་ཚོགས་པ་སྤུའི་བུ་གནས་སླར་སྤྲོས་ཏེ། འོད ་གཟེར་དེ་དག་རེ་རེ་ལ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྐུ་རྡུལ་ཕྲ་མོ་དང་མཉམ་པར་གྱུར་ནས། ཆོས་ཀྱི་དབྱིངས་སུ་འདུས་སོ། །མ་ཡེ་ཤེས་བྱ་བ་ནི། ཡང་སྟོན་པ་མི་བསྐྱོད་པས་ཉིད་ཀྱི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་བ་སྤུའི་བུ་གནས་སྤྲོས་ནས། ་ཆོས་ཀྱི་དབྱིངས་སུ་ཁྱབ་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྐུ་ལ་རེག་པས་གཉིས་སུ་མེད་པར་གྱུར་ཏེ། སླར་སྟོན་པ་མི་བསྐྱོད་པའི་སྐུ་ལ་ཐིམ་ནས་གསང་བར་མཛད་དོ། །ཤྲུ་ཏ་མེ་ཀ་སྨིན་ས་མ་ཡ་ཞེས་བྱ་བ་ནི། རྣམ་གྲངས་གཞན་དུ ་ཡང་བཤད་པར་བྱ་སྟེ། ཤྲུ་ཏ་ཞེས་བྱ་བ་ནི་ཐོས་པའི་དོན་ནོ། །མེ་ཞེས་བྱ་བ་ནི་བདག་གི་དོན་ནོ། །བདག་གང་ཞེ་ན། སྡུད་པ་པོ་རྡོ་རྗེ་ཆོས་སོ། །ཀ་སྨིན་ས་མ་ཡེ་ཞེས་བྱ་བ་ནི། བཅོམ་ལྡན་འདས་སྟོན་པ་མི་བསྐྱོད་པ་དེ་བཞིན་གཤེགས་པས། དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོ་ཐབས་དང་ཤེས་རབ་ཀྱི་རོལ་པས་འོད་དུ་ཞུ་བར་མཛད་ནས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་བསྐྱེད་པའི་ས་བོན་ལ་སྟོན་པ་མི་བསྐྱོད་པ་ཐིམ་ནས། གཉིས་སུ་མེད་པར་བཙུན་མོའི ་བྷག་ལ་བཞུགས་སོ། །དེ་ལ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་སྐུར་གྱུར་ཏོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཉིད་ཀྱི་སྐུ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་འཁོར་སྤྲུལ་ནས། གསང་བའི་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་བདེ་བའི་གདན་ལ ་འཁོར་དང་ལྡན་ཏེ། བཞུགས་པ་དེའི་ཚེ་ན་དུས་གཅིག་ན་ཞེས་བྱའོ། །ཡང་རྣམ་པ་ཅིག་དུ་སྡུད་པ་པོ་རྡོ་རྗེ་ཆོས་ཀྱིས་གསང་བ་འདུས་པ་ཐོས་ནས། འགྲོ་བའི་དོན་དུ་བསྡུས་པ་ལ་དུས་གཅིག་ན་ཞེས་བྱའོ། །དེ་ལྟར་དུས་འདི་ལ་ནི་སེམས་ཅན་གྱི་དུས་མི ་སྦྱར་རོ།། །།གསང་བ་འདུས་པའི་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོ་བཙུན་མོའི་བྷ་ག་ལ་བཞུགས་སོ་ཞེས་བྱ་བའི་དོན་སློབ ་དཔོན་ཆེན་པོ་བདེ་བའ་མྱུ་གུ་དང། ཨཱ་ཙཨཱརྱ་ཆེན་པོ་ཞབས་དཀར་པོ་དང། སློབ་དཔོན་ཆེན་པོ་དཔལ་རྡོ་རྗེ་རྣོན་པོ་དང། འཕགས་པ་ཡེ་ཤེས་ཞབས་དང། འཕགས་པ་པདྨའི་རྒྱལ་པོ་རྣམས་ཀྱིས་འགྲེལ་པར་མཛད་པ་ལས། སློབ་དཔོན་ཆེན་པོའི་ཀུན་དགའ་ཨི ་སྙིང་པོས་ཉིད་ཀྱི་འགྲེལ་བར་སྒྲ་དྲངས་ནས་བཤད་པར་ཤེས་པར་བྱའོ། །འདི་སྐད་བདག་གིས་ཐོས་པ་ནས། རྡོ་རྗེ་སྙིང་པོ་བཙུན་མོའི་བྷ་ག་ལ་བཞུགས་སོ་ཞེས་བྱ་བ་གོང་དུ་བཤད་ནས། ད་ནི་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་མོ་དང ་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་བྱ་སྟེ། དེ་ལ་བརྗོད་དུ་ཡོད་པ་ཞེས་བྱ་བ་ནི། གྲངས་ཡོད་པ་སྨོས་སོ། །བརྗོད་དུ་མེད་པ་ཞེས་བྱ་བ་ནི། གྲངས་མེད་དེ་བགྲང་བ་ལས་ཀྱང་འདས་པའོ། །དེ་ཡང་གང་ཞེ་ན། བྱང་ཆུབ་སེམས་དཔའ་སམས ་དཔའ་ཆེན་པོ། སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་མོ་དང་མཉམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ་ལ་བགྲང་བ་ལས་འདས་པ་ཞེས་བྱའོ། །གཞན་ཡང་བརྗོད་དུ་ཡོད་པ་ཞེས་བྱ་བ་གང་ཞེ་ན། སྟོན་པ་རྡོ་རྗེ་འཛིན་གྱི ་འཁོར་དེ་བཞིན་གཤེགས་པ་དང། བྱང་ཆུབ་སེམས་དཔའ་ལ་བརྗོད་དུ་ཡོད་པ་ཞེས་བྱའོ། །གྲངས་ཡོད་པ་ཞེས་ཀྱང་བྱའོ། །རྣམ་གྲངས་གཞན་དུ་ན་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་བྱེ་བྲག་གསུམ་དུ་བཤད་པར་བྱ་སྟེ། དེ་ལ་བརྗོད་དུ་ཡོད་པ་གང་ཞེ་ན། སྟོན ་བ་རྡོ་རྗེ་འཛིན་གྱི་འཁོར་ཏེ་གཅིག། སྟོན་པ་རྡོ་རྗེ་འཛིན་གྱི་ཡོན་ཏན་དང་གཉིས། སྟོན་པ་རྡོ་རྗེ་འཛིན་གྱི་མཚན་ཏེ་དེ་ལྟར་གསུམ་མོ། །དེ་ཡང་འཁོར་ཇི་ལྟ་བུ་ཞེ་ན། སྟོན་པོ་རྡོ་རྗེ་འཛིན་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་ཆོས་བསྒྲུབ་པའི ་སྐལ་བ་དང་ལྡན་པར་བྱ་བའི་ཕྱིར། གསང་བ་འདུས་པ་བཀའ་སྩལ་པའི་དུས་སུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡུམ་དང། ཐབས་དང་ཤེས་རབ་གཉིས་དུ་མེད་པའི་སྦྱོར་བས། ཡེ་ཤེས་ཀྱི་འཁོར་སྤྲུལ་ནས་ཕུང་ངོ། །དེ་ལ་ཡོན་ཏན་ཇི་ལྟ་བུ་ཞེ་ན། སྟོན་པ་ཉིད་ཀྱི་སྐུ ་ལྷུན་གྱིས་གྲུབ་པའོ། །དེ་ལ་མཚན་ཞེས་བྱ་བ་ནི་སུམ་ཅུ་རྩ་གཉིས་ས། །ཡང་བརྗོད་དུ་མེད་པ་ཞེས་བྱ་བ་ནི། མདོ་སྡེ་དང་ཀྲི་ཡི་དང་ཡོག་དང། ཨ་ནུ་ཡོ་ག་དང། མཧཱ་ཡོ་ག་དང། ཨ་ཏི་ཡོ་ག་སོ་སོའི་ཕྱོགས་བཀའ་སྩལ་བ་ཡང་སེམས་ཅན་གྱི་མེས་པ་ཐ་དད་པས ་དེ་གདུལ་བའི་ཕྱིར་ཐེག་པ་རིམ་པ་བཞིན་དུ་བསྟན་ནས། ཡེ་ཤེས་ཀྱི་རྫུ་འཕྲུལ་གྱིས་དཀྱིལ་འཁོར་དང་སྐུ་མང་པོ་འགྲོ་བའི་དོན་དུ་སྟོན་པས་འཁོར་སྤྲུལ་པ་མཛད་དོ། གཞན་ཡང་སྟོན་པས་ཐེག་པ་རིམ་པ་བཞིན་དུ་ལྷ་རྣམས་ཀྱི་བ་སྤུའི་བུག?་དང། སྟོན་པ་ཉིད ་ཀྱི་བ་སྤུའི་བུ་གནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་པོར་སྤྲོས་པས་ཆོས་ཀྱི་དབྱིངས་སུ་ཁྱབ་པར་མཛད་དེ། སླར་བསྡུས་པ་ལ་བརྗོད་དུ་མེད་པའི་འཁོར་ཞེས་བྱའོ། །དེ་ལྟར་ཐེག་པ་རིམ་པ་བཞིན་དུ་བསྟན་པའི་འཁོར་བརྗོད་དུ་མེད་པ་ཡང། མདོ་སྡེ་སེམས ་ཅན་འདུལ་བའི་ཕྱིར་སྐྱེ་བ་མཛད། ཀྲི་ཡེ་ཏིང་ངེ་འཛིན་དང། ཕྱག་རྒྱ་བཅིངས་ནས་དཀྱིལ་འཁོར་མེད་པ་དང་སྐུ་མང་པོ་སྤྲུལ་པ་མཛད། ཡོ་ག་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་དང་སྐུ་མང་པོ་སྤྲུལ་བ་མཛད་དོ། ། ནུ་ཡོ་ག་དཀྱིལ་འཁོར་དང་སྐུ ་མང་པོ་སྟོན་བཱི?་སྐུ་ལ་བྱང་ཆུབ་ཀྱི་སེམས་ངོ་བོར་ཁྱབ་པའོ། །མ་ཧཱ་ཡོ་ག་ཐབས་དང་ཤེས་རབ་ཀྱི་རོལ་བས་བྱང་ཆུབ་ཀྱི་སེམས་འོད་དུ་ཞུ་ནས། བ་སྤུའི་བུ་གནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྦྲོ་བའོ། ། ཏི་ཡོ་བ་སྐུ་གསུང་ཐུགས་དབྱེར་མེད་པའི་ཆོས་ཀྱི་སྐུ ་འགྲོ་བ་དང་མི་འགྲོ་བའི་འཇིག་རྟེན་ཡེ་ནས་ལྷུན་གྱིས་གྲུབ་ནས་ཀུན་འཁོར་དུ་གྱུར་བའོ། །དེ་ལྟར་ཐེག་པ་རིམ་པ་བཞིན་དུ་བསྟན་པའི་འཁོར་བརྗོད་དུ་མེད་པ་ཡང་འཕགས་པ་ཡེ་ཤེས་ཞབས་ཀྱི་བཞེད་སློབ་དཔོན་ཀུན་དགའ་ཨི་སྙིང་བོས་ཉིད་ཀྱི་འགྲེལ་པ་འདིར་སྒྲ་དྲངས ་པའི། །ཐེག་པ་ཆེན་པོ་གསང་བ་འདུས་པའི་འཁོར་སྨོས་པ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རོལ་པས་བྱང་ཆུབ་སེམས་འོད་དུ་ཞུ་དེའི་ས་བོན་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྤྲུལ་པ་དེ་ལྟ་བུ་ལ་བརྗོད་དུ་མེད་པའི་འཁོར་ཞེས་བྱའོ ་དེ་ལ་ཡོན་ཏན་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། སོ་སོའི་ཐེག་པའི་རིམ་པ་བཞིན་དུ་འགྲོ་བའི་དོན་མཐར་ཕྱུང་ནས། འཕགས་པ་ཐམས་ཅད་ཀྱི་སྐུ་ལྷུན་ག་ཡིས་གྲུབ་པའི་བསོད་ནམས་ཀྱི་ཕུང་པོ་ལ་ཡོན་ཏན་བརྗོད་དུ་མེད་པ་ཞེས་བྱའོ། །མཚན་ཇི་ལྟ་བུ་ཞེ་ན། དེ་བཞིན ་གཤེགས་པ་དང། ཡུམ་དང་སེམས་དཔའ་དང་སེམས་མ་དང། ཁྲོ་བོ་དང་ཁྲོ་མོའི་སྐུའི་མཚན་ཉིད་སོ་སོར་འཛིན་པའོ། །དེ་ལྟར་བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པ་བཤད་པའི་དོན་དུ་ཤེས་པར་བྱའོ། །ཡང་རྣམ་གྲངས་གཞན་དུ་ན། སྟོན་པའི་འཁོར་སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པའི་ནང་ནས་གཙོ་བོ་རྣམས་ཀྱི་མཚན་སྨོས་ཏེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། དམ་ཚིག་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་དངོས་སུ་ན། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་བྱའོ། །དེ་ལ་དམ་ཚིག་ལ་ཡང་རྣམ་པ་གསུམ་སྟེ། ཕྱིའི་དམ་ཚིག་དང་ནང་གི་དམ་ཚིག་དང་གསང་བའི་དམ་ཚིག་གོ། དེ་ལ་ཕྱིའི་དམ་ཚིག་གི། ཉན་ཐོས་ལ་སོགས་པ་དང། སེམས་ཅན་ཐེག་པ་ཆེན ་པོའི་སྤོར་འཇུག་པའི་སྐལ་བ་དང་མི་ལྡན་པ་རྣམས་ལ་བསྲུང་བར་བྱ་བ་གང་ཡིན་པའོ། །ནང་གི་དམ་ཚིག་ནི། ཐབས་དང་ཤེས་རབ་ཀྱི་རོལ་པས་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁའ་ལ་སྤྲོས་ཏེ། དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་ཡི་གེའི་འབྲུ་ཧཱུཾ་ཨའོཾ་ཨཱ(རྒྱུད་འགྲེལ་སྭཱ་ཧཱའོ། །དེ་ལ་སོ་སོ་རིགས་མཐུན་པའི་ཁ་དོག་ལ། ཧཱུཾ་མཐིང་ནག། ཨོཾ་དཀར་པོ། ཨཱཾ:དམར་པོ། སྭཱ་སེར་པོ། ཧཱ་ལྗང་གུ་སྟེ། ཡི་གེ་འབྲུའི་ཁ་དོག་བསམས་ནས་ཡིག་འབྲུ་རེ་རེ་སོ་སོ་རིགས་དང་མཐུན་པའི་འོད་ཀྱི་དྲ་བ་འཕྲོ་བར ་བསྒོམས། འོད་ཟེར་སླར་སྙིང་པོ་ལ་འདུས་པས་སྙིང་པོ་འོད་དུ་ཞུ་བས་བར་མ། དེ་ནས་པདྨའི་སྣོད་ལ་རྡོ་རྗེའི་ལྕེས་བླངས་ཏེ་གསོལ་བའི་དུས་སུ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྔགས་བྱིན་གྱིས་བརླབ་པ་འདི་བརྗོད་དོ། །ོཾ་སྭ་བྷཱ་བ་ཤུདྡྷ ་སརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ་ཧཾ། དེ་ལྟར་སྔགས་ལན་གསུམ་བརྗོད་ནས། རང་གི་ཡི་དམ་གྱི་ལྷའི་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་སྔགས་ལན་གསུམ་བརྗོད་དོ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ། དེ་ལྟར ་ནང་གི་དམ་ཚིག་ཅེས་བྱའོ། །གསང་བའི་དམ་ཚིག་ནི་ཐབས་དང་ཤེས་རབ་ཀྱི་རོལ་པས་བྱང་ཆུབ་ཀྱི་སེམས་འོད་དུ་ཞུ་བར་མཛད་ནས། དེའི་ས་བོན་ལས་གསང་བའི་ཐུགས་ཀར་སྐུ་གསུང་ཐུགས་ཀྱི་ངོ་བོ་ཡེ་ཤེས་སེམས་དཔའ་མེ་མར་ལྟ་བུ་ཡེ་ཤེས ་ཀྱི་འོད་ཟེར་སྣ་ཚོགས་འཕྲོ་འདུ་དང་ལྡན་པ་དེའི་དབུས་སུ་རྣལ་འབྱོར་བ་བདག་གི་ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པའི་ཡིག་འབྲུ་བསམས་ནས་སྐུ་བསྐྱེད། དེ་ནས་ཡང་ཐབས་དང་ཤེས་རབ་ཀྱི་རོལ་པས་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི ་དབུས་སུ་དཀྱིལ་འཁོར་གྱི་འཁོར་རིམ་པ་བཞིན་དུ་སོ་སོའི་ཡིག་འབྲུ་ལས་སྐྱེད་པར་བྱེད་པ་སྟེ། དེ་ལྟར་ན་གསང་བའི་དམ་ཚིག་ཅེས་བྱའོ། །དེ་ལ་རྡོ་རྗེ་ཞེས་བྱ་བ་ནི། རྣམ་པ་གསུམ་སྟེ། ཕྱིའི་རྡོ་རྗེ་དང། ཏིང་ངེ་འཛིན་གྱི་རྡོ་རྗེ་དང། དོན་དམ་པའི ་རྡོ་རྗེའོ། །དེ་ལ་ཕྱིའི་རྡོ་རྗེ་ནི། དགེ་བའི་བཤེས་གཉེན་གྱིས་ཕྱག་མཚན་དང། ཀུན་རྫོབ་འཕགས་པའི་སྐུ་རི་མོ་དང། ལྡེར་བཟོ་ལ་སོགས་པའི་ཕྱག་མཚན་ནོ། །དེ་ལ་དགེ་བའི་བཤེས་གཉེན་ལ་སོགས་པའི་ཕྱག་མཚན་ནི། ལྕགས་དང་ཟངས་དང ་འཁར་བ་ལ་སོགས་པའོ། །ཀུན་རྫོབ་འཕགས་པའི་སྐུའི་ཕྱག་མཚན་ནི། ལྡེར་བཟོ་ན་འདམ་པའི་རྡོ་རྗེ། རི་མོ་ན་མཚོན་གྱི་རྡོ་རྗེ། ལུགས་མ་ན་ཟངས་དང་གསེར་གྱི་རྡོ་རྗེའོ། །ཏིང་ངེ་འཛིན་གྱི་རྡོ་རྗེ་ནི། ཐབས་དང་ཤེས་རབ་ཀྱི་རོལ་པས་བྱང་ཆུབ་སེམས་འོད་དུ་ཞུ་བ་ལS། ་གསང་བའི་ཐུགས་ཀར་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ཡེ་ཤེས་སེམས་པར་གྱུར་པ་ནི་ཏིང་ངེ་འཛིན་རྡོ་རྗེ་ཞེས་བྱ་བའོ། །དོན་དམ་པའི་རྡོ་རྗེ་ནི། ངོ་བོ་མེད་དེ་ནམ་མཁའ་ལྟ་བུ་ཆོས་ཀྱི་སྐུ་འགྲོ་བ་དང་མི་འགྲོ་བའི་སྐུ་འཇིག་རྟེན་ཐམས་ཅད་ལ་ཁྱབ་པ་སྟེ། དེ ་ཡང་ནམ་མཁའ་ཅི་ལྟ་བུ་ཞེ་ན། མཚན་ཆས་མི་ཆོད། མེས་མི་འཚིག་།ཆུས་མི་རུལ། རླུང་གིས་མི་ཁྱེར་ཞིང་མི་སྐམས་མི་གཡོའོ། །གཞན་ཡང་ལྷ་ཀླུ་གནོད་སྦྱིན་ཕྱི་ནང་གི་བདུད་དང། རུ་དྲ་ལ་སོགས་པས་གནོད་པར་མི་ནུས་སོ། །རང་བཞིན་གྱིས་སྟོང ་པ་ངོ་བོ་མེད་པའོ། །དེ་ལྟ་བུའི་ཆོས་ཀྱི་སྐུ་ནི་དོན་དམ་པའི་རྡོ་རྗེ་ཞེས་བྱའོ། །དེ་ལ་བྱང་ཆུབ་ཅེས་བྱ་བ་ནི། ཡུམ་སྟེ། སྤྲུལ་བའི་སྐུ་ཐམས་ཅད་ཀྱི་རྐྱེན། སེམས་ཅན་ཐམས་ཅད་ལ་མཉམ་པའི་ཐུགས་རྗེའི་བདག་ཉིད། ཡུམ་ཀུན་ཏུ་བཟང་མོའོ། །སེམས ་དཔའ་ཞེས་བྱ་བ་ནི་ཡབ་སྟེ། སྤྲུལ་པའི་སྐུ་ཐམས་ཅད་ཀྱི་རྒྱུའོ། །ཐུགས་རྗེ་ཆེན་པོའི་གནས་བྱང་ཆུབ་སེམས་ཀྱི་ངོ་བོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ལྔའོ། །དཔའ་ཞེས་བྱ་བ་ནི་དེ་ལྟར་ཡུམ་གྱི་ཡེ་ཤེས་ཀྱི་རྐྱེན་དང། ཡང་ཀྱི་བྱང་ཆུབ་སེམས་ཀྱི་རྒྱུ ་གཉིས་སུ་མེད་པ་ལས། སྐུ་ཕྱག་རྒྱར་གྱུར་པ་ནི་དཔའ་ཨོ་ཞེས་བྱའོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི། སེམས་ཅན་གྱི་ཕུང་པོ་ཆེན་པོའི་རེ་བ་ཇི་ལྟར་སྐྱེས་པ་བཞིན་དུ་གྲུབ་པར་བྱེད་པས། སེམས་དཔའ་ཆེན་པོ་ཞེས་བྱའོ། །གཞན་ཡང་འཕགས་པ ་སྒེག་པ་རྡོ་རྗེའི་བཞེང་སློབ་དཔོན་ཆེན་པོ་ཀུན་དགའ་ཨི་སྙིང་པོས་ཉིད་ཀྱི་འགྲེལ་པར་སྒྲ་དྲངས་པ། བྱང་ཆུབ་ནི་ཕྱག་རྒྱ། སེམས་དཔའ་ནི་འདོད་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཨོ། །དེ་ཅིའི་ཕྱིར་ཞེ་ན། གཉིས་སུ་མེད་པར་གནས་པའི་དོན་ཏོ། །སེམས ་དཔའ་ཆེན་པོ་ཞེས་བྱ་བ་ནི། བདེ་བ་ཆེན་པོ་ཡེ་ཤེས་ལ་གནས་སོ་ཞེས་བྱ་བའི་ཐ་ཚིག་སྟེ། དེའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱའོ། །དོན་དེའི་ཕྱིར་ན། དམ་ཚིག་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དོན་དུ་སྨོས་སོ། །ད ་ནི་སྐུ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི། དངོས་སུ་ན་ཡ་མནྟ་ཀ་ལ་བྱ་སྟེ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོའི་ཡེ་ཤེས་ཀྱི་འབྲས་བུའོ། །དེ་ལ་ཡང་སྐུ་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པ་བཞི་སྟེ། ཆོས་ཀྱི་སྐུ་དང། ལོངས ་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུ་དང། བདེ་བའི་སྐུའོ། །དེ་ལ་ཆོས་ཀྱི་སྐུ་ནི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་དབྱེར་མེད་པ། འགྲོ་བ་དང་མི་འགྲོ་བའི་འཇིག་རྟེན་ཀུན་ལ་ཁྱབ་པ་སྟེ། ངོ་བོ་ཉིད་མེད་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། སྟོན་པ་རྡོ་རྗེ ་འཛིན་གྱིས་ཆོས་ཀྱི་སྐུ་ལས་ཐུགས་རྗེ་ཆེན་པོས་འགྲོ་བ་རྣམས་ཀྱི་དོན་དུ། ཡབ་ཡུམ་གཉིས་སུ་མེད་པའི་རོལ་པས་བཙུན་མོའི་བྷ་ག་ལ་རྣམ་པར་སྣང་མཛད་ཆེན་པོ་བྱང་ཆུབ་སེམས་ཀྱི་ངོ་བོར་བྱིན་གྱིས་བརླབས་པའོ། །བྱང་ཆུབ་ཀྱི་སེམས་དེ་ལ་རྣམ ་པར་སྣང་མཛད་ཞལ་གསུམ་ཕྱག་རྒྱ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་ལྡན་པ། སྐུ་མདོག་དཀར་པོ་ཟླ་བའི་འོད་དང་འདྲ་བ། ཐུགས་རྗེ་ཆེན་པོས་ཁྲོ་བ་ལ་ཁྲོས་པའི་སྐུ་ཕྱག་རྒྱར་བསྐྱེད་པ་ལ་ལོངས་སྤྱོད་པའི་སྐུ་ཞེས་བྱའོ། །སྤྲུལ་པའི་སྐུ་ནི་རྣམ་པར་སྣང ་མཛད་ཆེན་པོས་འགྲོ་བ་རྣམས་ཀྱི་དོན་དུ་སྐྱེ་འཆི་དང་བྲལ་ཞིང་ཆོས་ཀྱི་སྐུ་འགྲུབ་པར་བྱ་བའི་ཕྱིར། ཐུགས་རྗེ་ཆེན་པོས་ཁྲོས་ཏེ་སངས་རྒྱས་སྤྱན་དང་གཉིས་སུ་མེད་པའི་རོལ་པས་བྱང་ཆུབ་སེམས་འོད་དུ་ཞུ་བར་མཛད་དོ། །དེ་ནས་གསང་བའི་ཐུགས་ཀ་དབང་པོ ་གཉིས་ཀྱི་དབུས་སུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་མཐིང་ནག་སྐལ་པའི་མེ་ལྟར་ཡེ་ཤེས་ཀྱི་མེ་འབར་བ་འོད་དུ་ཞུ་ནས། བྱང་ཆུབ་ཀྱི་སེམས་སུ་གྱུར་ཏེ། འགྲོ་བ་དང་མི་འགྲོ་པའི་འཇིག་རྟེན་གྱི་བདུད་ཀྱི་བདུད་གཤིན་རྗེ་གཤེད་ཀྱི་སྤྲུལ་པའི་སྐུ ་ཕྱག་རྒྱ་བསྐྱེད། །དེ་ལྟར་བསྐྱེད་པ་ཡང་བསྒྲུབ་པ་པོ་རྣམས་ཀྱི་རྡོ་རྗེའི་སྐུ་ཐོབ་པར་བྱ་བའི་ཕྱིར། རྣམ་པར་སྣང་མཛད་ཀྱིས་ཁྲོ་བོའི་ཚུལ་དུ་སྤྲུལ་པ་བསྟན་ཏོ། །སྤྲུལ་པ་དེ་ཡང་ཁ་དོག་སྤྲིན་ནག་པོ་ལྟ་བུ། དབུ་རལ་པ་སྐལ་པའི་མེ་ལྟར་གྱེན་དུ་འབར་བ། ཡུམ་ཁྲོ་མོའི་རྒྱལ་མོ ་རོ་ལངས་མ་དང་དབང་པོ་གཉིས་སྦྱོར་བའི་ཚུལ་དུ་གྱུར་པའོ། །དོན་དེའི་ཕྱིར་ན་སྤྲུལ་པའི་སྐུ་ཞེས་བྱའོ། །དེ་ལ་བདེ་བའི་སྐུ་ཞེས་བྱ་བ་ནི་རྣམ་པ་གསུམ་སྟེ། དོན་དམ་པའི་བདེ་བའི་སྐུ་དང། ཀུན་རྫོབ་ཀྱི་བདེ་བའི་སྐུ་དང། གསང་བའི་བདེ་བའི་སྐུའོ། །དེ་ལ་དོན་དམ་པའི་སྐུ་ནི། ་འགྲོ་བ་དང་མི་འགྲོ་བའི་འཇིག་རྟེན་སྐུ་གསུང་ཐུགས་དབྱེར་མེད་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་སྟེ། འདོད་ཆགས་ཀྱང་མ་ཡིན། འདོད་ཆགས་མ་ཡིན་པ་ཡང་མ་ཡིན་ཏེ། དོན་དམ་པར་དབུ་མ་དམིགས་སུ་མེད་པ་ལ། དོན་དམ་པའི་བདེ་བའི་སྐུའོ། །ཀུན་རྫོབ ་ཀྱི་བདེ་བའི་སྐུ་ནི། སེམས་ཅན་ཐམས་ཅད་ཉོན་མོང་སྐྱི་འདོད་ཆགས་སྤྱོད་པས། བདེ་བ་མྱོང་བའི་དུས་ལ་ཀུན་རྫོབ་ཀྱི་བདེ་བའི་སྐུ་ཞེས་བྱའོ། །གསང་བའི་བད་བའི་སྐུ་ཞེས་བྱ་བ་ནི། ཐེག་པ་ཆེན་པོ་བསྒྲུབ་པ་པོས་ཡི་དམ་ཀྱི་ལྷ་དང་གཉིས་སུ་མེད་པའི་ང་རྒྱལ་བསྐྱེད་ནས། ་ཐབས་དང་ཤེས་རབ་ཀྱི་རོལ་པས་བྱང་ཆུབ་ཀྱི་སེམས་འོད་དུ་ཞུ་བའི་དུས་སུ། ཚིམ་ཞིང་བདེ་བའི་རྗེས་ལ་ཡི་དམ་གྱི་ལྷའི་དཀྱིལ་འཁོར་བསྐྱེད་དེ་བསྒོམ། དེ་ནས་བདག་དང་དཀྱིལ་འཁོར་གཉིས་སུ་མེད་པར་བསམ། དེ་ནས་ཐབས་དང་ཤེས་རབ་ཀྱི་རོལ་པས་བྱང་ཆུབ ་སེམས་ལས་བ་སྤུའི་བུ་གནས། འགྲོ་བ་དང་མི་འགྲོ་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡབ་ཡུམ་དང་ལྡན་པར་སྤྲོས་པས། སེམས་ཅན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཚུལ་དུ་ཡབ་ཡུམ་གྱི་རོལ་པས ་ཚིམ་པར་བསམ་མོ། །དོན་དེའི་ཕྱིར་ན་གསང་བའི་བདེ་བའི་སྐུ་ཞེས་བྱའོ། །དེ་ལྟར་སྐུ་བཤད་ནས་དེའི་འོག་དུ་རྡོ་རྗེ་དང། སེམས་དཔའ་དང་སེམས་དཔའ་ཆེན་པོ་ནི་གོང་དུ་བཤད་པ་དང་མཐུན་ནོ། །མདོར་ན་སྐུ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོའི་ཡེ་ཤེས་ཀྱི་འབྲས་བུ་སྟེ། འཆི་བདག་གི་བདུད་འཇོམས་པའི་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་དུ་ཤེས་པར་བྱའོ། །དེ་ལྟར་སྐུ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འོག་ཏུ་གསུང་རྡོ་རྗེ་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་བྱ་སྟེ། དེ་ཡང་གསུང་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི། དངོས་སུ་ན་ཁྲོ་བོ་ཆེན་པོ་དཔལ་ལྡན་གཞན་གྱིས་མི་ཐུབ་པ་ལ་བྱའོ། །ཤེས་རབ་གཤེད་ཅེས་ཀྱང་བྱའོ། །སྟོན་པ་རྡོ་རྗེ ་འཛིན་གྱི་གསུང་སྟེ། དེ་ལ་ཡང་རྣམ་པ་གསུམ་སྟེ་གང་ཞེ་ན། དོན་དམ་པའི་གསུང་དང། ཀུན་རྫོབ་ཀྱི་གསུང་དང། གསང་བའི་གསུང་ངོ། །དེ་ལ་དོན་དམ་པའི་གསུང་ནི། དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་གསུང་དང་ལྡན་ཏེ། དེ་ཡང་ཇི་ལྟ་བུ་ཞེ་ན། ཕྱི་ནང་གི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པར་མཁྱེན་པ་སྟེ། སྟོན་པ་རྡོ་རྗེ་འཛིན་དང་འདྲའོ། །དོན་དེའི་ཕྱིར་ན་དོན་དམ་པའི་གསུང་ཞེས་བྱའོ། །ཀུན་རྫོབ་ཀྱི་གསུངས་ནི། རྡོ་རྗེ་སེམས ་དཔས་ཐུགས་རྗེ་ཆེན་པོས་འགྲོ་བ་རྣམས་ཀྱི་དོན་དུ། སྤྲུལ་པ་སྣ་ཚོགས་ཀྱིས་ཐེག་པ་རིམ་པ་བཞིན་དུ་ཆོས་སྟོན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྤྲུལ་པའི་སྐུ་སྤྲུལ་ནས། འཁོར་དང་ལྡན་པས། སོ་སོ་མ་རིག་པའི་ཐེ་ཙོམ་གཅོད་པ་ལ་ཀུན ་རྫོབ་ཀྱི་གསུང་ཞེས་བྱའོ། །གཞན་ཡང་སེམས་ཅན་ཐམས་ཅད་ཀྱིས་མ་རིག་པ་སྤངས་ཤིང་རིག་པ་དང་ལྡན་པར་བྱ་བའི་ཕྱིར། ཆོས་བསྟན་པ་དེ་ཡང་ཀུན་རྫོབ་ཀྱི་གསུང་ངོ། །དེ་ལ་གསང་བའི་གསུང་ནི། ཐེག་པ་ཆེན་པོའི་བསྒྲུབ་པ་པོས་ཡི་དམ་གྱི་ལྷའི ་ཆེ་བའི་ང་རྒྱལ་བསྐྱེད་དེ། ཐབས་དང་ཤེས་རབ་ཀྱི་རོལ་པས་དབང་པོ་གཉིས་ཀྱི་མདུན་དུ་བྱང་ཆུབ་སེམས་བབས་པའི་ཚོན། རྡོ་རྗེ་དང་པདྨའི་སྒྲ་གྲག་པ་ནི་གསང་བའི་གསུང་ངོ། །གཞན་ཡང་དགེ་བའི་བཤེས་གཉེན་གྱིས་དུས་ནམ་ཡང་རུང་པར་སྔགས་བརྗོད་པ་དང། རྡོ་རྗེའི ་དབྱངས་བླངས་པ་ཡང་གསང་བའི་གསུང་ཞེས་བྱའོ། །དོན་དེའི་ཕྱིར་ན་གསང་བའི་གསུང་དུ་ཤེས་པར་བྱའོ། །དེ་ལ་གཞན་ཡང་ཀུན་རྫོབ་དུ་འགྲོ་བ་རྣམས་ཀྱི་ཉོན་མོངས་པའི་བདུད་འཇོམས་ཤིང། ཡེ་ཤེས་ཆེན་པོ་གྲུབ་པར་བྱ་བའི་ཕྱིར། གསུང་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་ཤེས་རབ་གཤེད་ཀྱི་སྐུ་ཕྱག་རྒྱ་བསྐྱེད་པའི་ཚུལ་ནི། སྟོན་པ་རྡོ་རྗེ་འཛིན་གྱིས་ཀུན་རྫོབ་དུ་ཐུགས་རྗེ་ཆེན་པོ་ཞེ་སྡང་གི་སྐུ་ཕྱག་རྒྱར་སྤྲུལ་ནས་ཡབ་ཡུམ་གཉིས་སུ་མེད་པའི་རོལ་པས། བཙུན་མོའི་བྷ་ག་ལ་བྱང་ཆུབ་སེམས་འོད་དུ་ཞུ་བར་མཛད་དོ། །ད་ནས་གསང་བའི ་ཐུགས་ཀ་དབང་པོ་གཉིས་ཀྱི་དབུས་སུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་ཟླ་བ་དང་ཀུནད་དང་བའི་འོ་མའི་མདོག་ལྟར་ཤིན་ཏུ་དཀར་བ། བསྐལ་པའི་མེ་ལྟར་ཡེ་ཤེས་ཀྱི་མེ་འབར་བ་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་གྱུར་ཏོ། །དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཉོན ་མོངས་པའི་བདུད་འཇོམས་པའི་སྤྲུལ་པ་གཞན་གྱིས་མི་ཐུབ་པའི་སྐུ་ཕྱག་རྒྱར་བསྐྱེད་དོ། །དེ་ལྟར་བསྐྱེད་པ་ཡང་སྒྲུབ་པ་པོ་རྣམས་ཀྱིས་རྡོ་རྗེ་གསུང་ཐོབ་པར་བྱ་བའི་ཕྱིར། རྡོ་རྗེ་འཛིན་གྱིས་ཁྲོ་བོའི་ཚུལ་དུ་སྤྲུལ་པ་བསྟན་ཏོ། །སྤྲུལ་པ་དེ་ཡན་ཁ་དོག་སྤྲིན་དཀར་པོ་དང ་ཟླ་བ་འབུམ་ཕྲག་བརྒྱའི་འོད་ལྟར་ཤིན་ཏུ་དཀར་བ། དབུ་རལ་བསྐལ་པའི་མེ་ལྟར་གྱེན་དུ་འབར་བ། ཡེ་ཤེས་ཀྱི་སྤྲུལ་པའི་སྤྲུལ་སྣ་ཚོགས་ཀྱིས་སྐུ་རབ་ཏུ་བརྒྱན་པ། ཡུམ་ཁྲོ་མོའི་རྒྱལ་མོ་གཞན་གྱིས་མི་ཐུང་མ་དང། དབང་པོ་གཉིས་སྦྱར་བའི་ཆུལ་དུ་གྱུར་པའོ། །རྣམ་དྲངS ་གཞན་དུ་ན། པྲཛྙཱནྟ་ཀ་ཤེས་རབ་གཤེད་ཅེས་ཀྱང་བྱའོ། །དེ་ལ་ཤེས་རབ་གཤེད་གང་ཞེ་ན། སེམས་ཅན་ཐམས་ཅད་ཉོན་མོངས་པའི་དབང་གིས། རྟག་ཏུ་མི་དགེ་བ་བྱེད་ཅིང་ཕྱིན་ཅི་ལོག་གི་ཤེས་རབ་ཉོན་མོངས་བ་ཅན་དེ་བཅོམ་ནས། ཡེ་ཤེས་ཀྱི་ཤེས་རབ་མཐར་ཕྱིན ་ཏེ། སྟོན་པ་རྡོ་རྗེ་འཛིན་ལྟང་ཕྱི་ནང་གི་ཆོས་ཐམས་ཅད་ལ་མཁས་པར?་?་དེའི་ཕྱིར་ན་ཤེས་ཤེས་གཤེད་ཅེས་བྱའོ། །གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་ནི། གཞན་ནས་གི་ཉན་མོངས་བའི་བདུད་ཀྱིས་མི་ཐུབ་པ་ལ་གཞན་གྱིས་མི་ཐུབ་པ་ཞེས་བྱའོ། །རྣམ་གྲངས་གཞན་དུ་ན། ་ཕྱིའི་ཚངས་བ་དང། དབང་ཕྱུག་ཆེན་པོ་དང། རུ་དྲ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཐམས་ཅད་དང་སེམས་ཅན་གྱིས་ཕྱིའི་ཆོས་ལ་ལྟ་བ་ཞེན་པ་ཐམས་ཅད་ཀྱིས་ཐེ་ཚོམ་རྒོལ་བའི་གནོད་པས་མི་ཚུགས་པ་ལ་གཞན་གྱིས་མི་ཐུབ་པ་ཞེས་བྱའོ། །དེ་ཡང ་ཅིའི་ཕྱིར་མི་ཐུབ་པ་ཞེས་བྱ་ཞེ་ན། ཐུགས་རྡོ་རྗེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལྟར་གཞན་གྱིས་མི་ཐུབ་པ་བཤད་ནས་རྡོ་རྗེ་དང་བྱང་ཆུབ་དང་སེམས་དཔའ་དང་སེམས་དཔའ་ཆེན་པོ་ནི་གོང་དུ་བཤད་པ་དང་མཐུན་ནོ། །འོག་ནས་འབྱུང་བ་ཡང་འདི ་དང་མཐུན་པར་ཤེས་པར་བྱའོ། །དོན་དེའི་ཕྱིར་ན་གསུང་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་ཤེས་པར་བྱའོ། །དེ་ལྟར་གསུང་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འོག་ཏུ། ཐུགས་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ་བཤད་པར་བྱ་སྟེ། དེ་ཡང་དངོས་སུ་ན་ཁྲོ་བོ་ཆེན་པོ་པདམཱནྟ་ཀ་མའི་གཤེད་ལ་བྱའོ། །དངོས་སུ་ན་སྟོན་པ་རྡོ་རྗེ་འཛིན་གྱི་ཐུགས་སྟེ། དེ་ཡང་རྣམ་པ་གསུམ་སྟེ་གང་ཞེ་ན། དོན་དམ་པའི་ཐུགས་དང། ཀུན་རྫོབ་ཀྱི་ཐུགས་དང། གསང་བའི་ཐུགས་སོ། །དེ་ལ་དོན་དམ་པའི་ཐུགས་ནི། ་སྟོན་པ་རྡོ་རྗེ་འཛིན་གྱི་ཐུགས་ཆོས་ཀྱི་སྐུ་སྟེ། འགྲོ་བ་དང་མི་འགྲོ་བའི་འཇིག་རྟེན་ཐམས་ཅད་ཁྱབ་པའོ། །ཀུན་རྫོབ་ཀྱི་ཐུགས་ནི། ཕྱི་ནང་གི་དོན་ཐམས་ཅད་གྲུབ་པར་བྱེད་པའོ། །གསང་བའི་ཐུགས་ནི། བྱང་ཆུབ་སེམས་ཀྱི་ངོ་བོ་ལ་བྱ་སྟེ། དེ་ཡང་ཡབ་ཡུམ་གཉིས་སུ་མེད ་པའི་རོལ་པས་བྱང་ཆུབ་ཀྱི་སེམས་འོད་དུ་ཞུ་བ་ལས། ཡི་དམ་གྱི་ལྷའི་དཀྱིལ་འཁོར་བསྐྱེད་ནས། པ་སྤུའི་བུ་གནས་ཡེ་ཤེས་ཀྱི་འོད་ཟེར་སྤྲོས་པས་ཆོས་ཀྱི་དབྱིངས་སུ་ཁྱབ་ནས། སླར་བ་སྤུའི་བུ་གར་བསྡུས་པ་ལས་དཀྱིལ་འཁོར་འོད་དུ་ཞུ་ནས། ཡེ་ཤེས་ཀྱི་འོད་ཟེར་གྱི ་ཕུང་པོར་གྱུར་ཏེ། དེ་ལས་བྱང་ཆུབ་ཀྱི་སེམས་རྒྱ་མཚོ་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཁ་དོག་ལྔ་དང་ལྡན་པར་བྱིན་གྱིས་བརླབས་ཏེ་གསོལ་བས། སྐུ་ལ་ཁྱབ་པ་ལ་གསང་བའི་ཐུགས་ཞེས་བྱའོ། །རྣམ་གྲངས་གཞན་དུ་ན། ཀུན་རྫོབ་ཏུ་འགོར་བ་རྣམས་ཀྱི་དོན་དུ་ལྷའི་བུའི ་བདུད་འཇོམས་ཤིང་ཡེ་ཤེས་ཆེན་པོར་གྲུབ་པར་བྱ་བའི་ཕྱིར། ཐུགས་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདམཱནྟ་ཀའི་སྐུ་ཕྱག་རྒྱར་བསྐྱེད་པའི་ཚུལ་ནི། སྟོན་པ་རྡོ་རྗེ་འཛིན་གྱིས་ཆོས་ཀྱི་སྐུ་ལས་ཐུགས་རྗེ་ཆེན་པོས་འགྲོ་བ་རྣམས་ཀྱིས་དོན་ཏོ། ཡབ་ཡུམ་གཉིས ་སུ་མེད་པའི་རོལ་པས་བཙུན་མོའི་བྷ་ག་ལ། བྱང་ཆུབ་སེམས་ས་བོན་ཟླ་བ་བུའི་ངོ་བོར་བྱིན་གྱིས་བརླབས་ནས། བྱང་ཆུབ་ཀྱི་སེམས་དེ་ལས་སྣང་བ་མཛའ་ཡས་ཞལ་གསུམ་ཕྱག་དྲུག་།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། སེམས་ཅན་ཐམས་ཅད ་ཡེ་ཤེས་ཆེན་པོའི་འདོད་ཆགས་ཀྱི་དྲིས་ཚིམ་པར་བྱེད་པའི་པདྨའི་ཕྱག་རྒྱ་འདབ་མ་མཛའ་ཡས་པ་ཕྱག་ན་བསྣམས། སྐུ་མདོག་པདྨ་རཱ་ག་ལྟར་དམར་བ། ཡུམ་ན་བཟའ་དཀར་མོ་དང་ལྡན་པ། སྟོན་པ་མི་འཁྲུག་པ་ཡབ་ཡུམ་གཉིས་སུ་མེད་པའི་སྤྱི་བོ་ན། དབང་བསྐུར་བར ་བསྐྱེད། དེ་ནས་སྣང་བ་མཛའ་ཡས་ཆེན་པོས་འགྲོ་བ་རྣམས་ཀྱི་དོན་དུ་ཉོན་མོངས་པ་འདོད་ཆགས་དང་བྲལ་ཞིང། རྡོ་རྗེའི་ཐུགས་ཐུབ་པར་བྱ་བའི་ཕྱིར། ཐུགས་རྗེ་ཆེན་པོས་ཁྲོས་ཏེན་བཟའ་དཀར་མོ་དང་གཉིས་སུ་མེད་པའི་རོལ་པས་བྱང་ཆུབ་ཀྱི་སེམས་འོད་དུ་ཞུ་བར ་མཛད་དོ། །དེ་ནས་གསང་བའི་ཐུགས་ཀ་དབང་པོ་གཉིས་ཀྱི་དབུས་སུ། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་དམར་པོ་བསྐལ་པའི་མེ་ལྟར་ཡེ་ཤེས་ཀྱི་མེ་འབར་བ་འོད་དུ་ཞུ་ནས། བྱང་ཆུབ་ཀྱི་སེམས་སུ་གྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་འདོད་ཆཌ ་དང་བྲལ་ཞིང་ལྷའི་བུའི་བདུད་འཇོམས་པའི་ཁྲོ་ངོ་ཆེན་པོ་པདྨའི་གཤེད་ཀྱི་སྐུ་ཕྱག་རྒྱར་བསྐྱེད་དོ། །ཁྲོ་བོ་དེ་སྐུ་མདོག་བནདུ་ཀ་ལྟར་ཤིན་ཏུ་དམར་བ་དབུ་རལ་བསྐལ་པའི་མེ་ལྟར་ཤིན་ཏུ་འབར་བ། ཡེ་ཤེས་སྤྲུལ་སྣ་ཚོགས་ཀྱིས་སྐུ་བརྒྱན་པ། ཡུམ་ཁྲོ་མོའི་རྒྱལ་མོ་ཁྲོ་གཉེར ་མ་དང། དབང་པོ་གཉིས་སྦྱོར་བའི་ཚུལ་དུ་གྱུར་པའོ། །གཞན་ཡང་པདྨའི་གཤེད་ཞེས་བྱ་བ་ནི། པདྨ་ནི་ཉོན་མོངས་པའི་འདོད་ཆགས་སྐྱེ་བའི་ཚུལ་ལོ། །དེ་བཞོམ་པ་དང་ལྷའི་བུའི་བདུད་གཞོམ་པའི་ཕྱིར་ཕྱག་རྒྱར་སྤྲུལ་ཏེ། སྣང་བ་མཛའ་ཡས་ཀྱི་ཡེ་ཤེས་ཀྱི་འདོད་ཆགས་ཀྱི ་འབྲས་བུ་མཐར་ཕྱིན་པས་ན་པདྨའི་གཤེད་ཅེས་བྱའོ། །དེ་ཅིའི་ཕྱིར་པད་མའི་གཤེད་ཅེས་བྱ་ཞེ་ན། གསུང་རྡོ་རྗེ་སོ་སོར་རྟོགས་བའི་ཡེ་ཤེས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལྟར་པདྨའི་གཤེད་བཤད་ནས། དེའི་འོག་ཏུ་རྡོ་རྗེ་དང་བྱང ་ཆུབ་དང་སེམས་དཔའ་དང་སེམས་དཔའ་ཆེན་པོའི་དོན་ནི་གོང་དུ་བཤད་པ་དང་མཐུན་ནོ། །དོན་དེའི་ཕྱིར་ན་ཐུགས་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་བཤད་པར་ཤེས་པར་བྱའོ། །དེ་ལྟར་ཐུགས་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོའི་འོག་ཏུ། ཏིང་ངེ་འཛིན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་བྱ་སྟེ། དེ་ཡང་དངོས་སུ་ན། ཁྲོ་བོའི་རྒྱལ་པོ་ཆེན་པོ་བགེགས་ཀྱི་གཤེད་ལ་བྱའོ། །བཤད་པར་བྱ་སྟེ། དེ་ཉིད་སྟོན་པ་རྡོ་རྗེ་འཛིན་གྱི་ཏིང་ངེ་འཛིན་དུ་གསུངས་སོ། ། ་དེ་ལ་ཡང་རྣམ་པ་གསུམ་སྟེ། གང་ཞེ་ན། ཕྱིའི་ཏིང་ངེ་འཛིན་དང། ནང་གི་ཏིང་ངེ་འཛིན་དང། གསང་བའི་ཏིང་ངེ་འཛིན་ནོ། །དེ་ལ་ཕྱིའི་ཏིང་ངེ་འཛིན་ནི་སྟོན་པ་རྡོ་རྗེ་འཛིན་གྱི་ཏིང་ངེ་འཛིན་ཏེ། རྡོ་རྗེ་འཛིན་གྱི་ཡེ་ཤས་ཀྱི་ངོ་བོར་གསུངས་སོ། །བཤད་པར ་བྱ་སྟེ། དོན་དམ་པའི་ངོ་བོ་འགྲོ་བ་དང་མི་འགྲོ་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཆོས་ཀྱི་སྐུའི་ངོ་བོ་དཔལ་རྡོ་རྗེ་སེམས་དཔའ་ཨི་ངོ་བོས་ཁྱབ་པར་གསུངས་སོ། །དེ་ནི་རྩཝ་དང་ཤིང་དང་རྡོ་ལ་སྩོགས་པ་ཐམས་ཅད་དམ། ཡང་ན་སེམས ་ཅན་ཐམས་ཅད་ལ། རྡོ་རྗེ་སེམས་དཔའ་ཨི་ངོ་བོ་སྒྲུབ་པ་པོས་ཉིད་དང་མི་ཕྱེད་སོ་སོ་མ་ཡིན་པའི་ཏིང་ངེ་འཛིན་དུ་སྨོས་ཏེ། དེ་ལྟར་ཕྱིའི་ཏིང་ངེ་འཛིན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་ཏིང་ངེ་འཛིན་བཤད་པར་བྱ་སྟེ། གང་ཡིན་ན། སྒྲུབ་པ་པོ་རྣམས་ཀྱི་ཕུང ་པོ་ལྔ་ལ་གནས་པའི་ཉོན་མོངས་པ་རྣམ་པ་རྣམ་པ་ལྔ་མེད་པར་བྱ་བའི་ཕྱིར། ཏིང་ངེ་འཛིན་ཅེས་བྱའོ། །གསལ་བར་བསྟན་པར་བྱ་སྟེ་གང་ཡིན་ན། བསྒྲུབ་པ་པོའི་ལུས་ནི་མི་རྟག་པ་མི་གཙང་བའི་གྲོང་ཁྱེར་དེ་ནི་དུས་རྟག་ཏུ་ནང་རྣམས་ཀྱི་སྡུག་བསྔལ་གྱིས ་ཉམ་ཐག་པར་འགྱུར་བ་དེ་རྡོ་རྗེ་སེམས་དཔར་བསྒྲུབ་པར་བྱ་བའི་ཕྱིར། མདུན་དུ་སྨོས་པའི་ཕུང་པོ་ལྔ་དེ་བཞིན་གཤེགས་པའི་ལྔའི་ཏིང་ངེ་འཛིན་གྱིས་བསྒྲུབ་པར་བྱའོ། །ཉོན་མོངས་པ་ལྔ་གང་ཡིན་ན། དེ་ནི་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་ཀྱི་ངོ་བོ་ཏིང་ངེ་འཛིན ་གྱིས་གྲུབ་པར་འགྱུར་རོ། །རྒྱས་པར་བཤད་པར་བྱ་སྟེ་གང་ཡིན་ན། གཏི་མུག་ནི་རྣམ་པར་སྣང་མཛད་དམ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཏིང་ངེ་འཛིན་གྱིས་གྲུབ་པར་འགྱུར་རོ། །ཞེ་སྡང་མི་བསྐྱོད་པ་མེ་ལོང་ལྟ་བུ་ཡེ་ཤེས་ཀྱི་ངོ་བོ་ཏིང་ངེ་འཛིན ་གྱིས་གྲུབ་པར་འགྱུར་རོ། །ང་རྒྱལ་ནི་རིན་ཆེན་འབྱུང་ལྡན་པར་འགྱུར་རོ། །འདོད་ཆགས་ནི་སྣང་བ་མཛའ་ཡས་སོ་སོར་རྟོག་པར་འགྱུར་རོ། །འདོད་ཆགས་ནི་སྣང་བ་མཛའ་ཡས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཏིང་ངེ་འཛིན་གྱིས་གྲུབ་པར་འགྱུར་རོ། །ཕྲག་དོག་ནི ་གདོན་མི་ཟ་བར་གྲུབ་བ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ཏིང་ངེ་འཛིན་གྱིས་གྲུབ་པར་འགྱུར་རོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་ཡེ་ཤས་རྣམ་པ་ལྔ་རྣམས་གཅིག་པའི་ངོ་བོ་ཡིག་འབྲུ་ཧཱུཾ་དཔལ་རྡོ་རྗེ་སེམས་དཔའ་བསྐྱྡ་པའི་ས་བོན། གཞན་ཡང་ཡེ ་ཤེས་སེམས་དཔའ་ཉིད་ཀྱི་ངོ་བོ། །དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་འབྱུང་བའི་གནས་ཏེ། སྒྲུབ་པ་པོས་དངོས་གྲུབ་མ་ཐོབ་གྱི་བར་དུ་སེམས་བརྟན་པས་ཏིང་ངེ་འཛིན་གྱིས་རྡོ་རྗེ་སེམས་པའི་འབྲས་བུ་བསྒྲུབ་པར་བྱའོ། །དེ་ལྟར་ནང་གི་ཏིང་ངེ་འཛིན་དུ་ཤེས་པར ་བྱའོ། །དེ་ནས་གསང་བའི་ཏིང་ངེ་འཛིན་བཤད་པར་བྱ་སྟེ། གང་ཡིན་ན་དཔལ་རྡོ་རྗེ་སེམས་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་འགྲོ་དང་མི་འགྲོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཁྱབ་ནས་གནས་པ། ཀུན་ཏུ་བཟང་པོའི་ངོ་བོ་དེ། འགྲོ་བའི་དོན་གྱི ་ཕྱིར་དཔལ་རྡོ་རྗེ་སེམས་པ། མ་མཱ་མ་ཀཱི་དང་ཐབས་དང་ཤེ་བར་ཀྱིས་རོལ་པས། ལོངས་སྤྱོད་རྫོགས་པའི་སྐུ་ཕྱག་རྒྱའི་ངོ་བོས་ཡེ་ཤེས་ཀྱི་ཁུ་བ་བྱང་ཆུབ་སེམས་ཀྱི་ངོ་བོ་མཱ་མ་ཀཱིའི་གྷ?་གའི་དབུས་སུ་འོད་དུ་ཞུ་བར་མཛད་དེ། དྲི་མ་མེད་པ་ཟླ་བ་ལྟ་བུ་ས་བོན ་གྱི་ངོ་བོ་ལ། འགྲོ་བ་རིས་དྲུག་གི་སེམས་ཅན་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་བོ་ཐུགས་རྗེ་ཆེན་པོས་ཆོས་ཀྱི་དབྱིངསྐྱི་གནས་སུ་གང་བ་ཁྱབ་པ་སྤྲོ་བར་བྱའོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཁྱད་པར་གྱིས་བཤད་པར་བྱ་སྟེ། བྱང་ཆུབ ་ཀྱི་སེམས་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པ་རྡོ་རྗེ་སེམས་དཔའ་ཨི་འབྲས་བུ་ཆོས་ཀྱི་སྐུའི་ངོ་བོ་དེ། སྒྲུབ་པ་པོས་རྡོ་རྗེ་སེམས་དཔའ་ཨི་མི་ཕྱེད་པའི་ངོ་བོས་ཏིང་ངེ་འཛིན་གྱིས་བསྒྲུབ་པར་བྱའོ། །དེ་ཁྱད་པར་གྱིས་བཤད་པར་བྱ་སྟེ། སྒྲུབ་པ་པོས་ཁྲུས་མཁས་ཀྱི་བུ་མོ་ལོ ་བཅུ་གཉིས་པ་རྙེད་ན་མཁས་པས་བཟུང་སྟེ། ཡེ་ཤེས་ཀྱི་ལྷ་མོ་ས་དམིགས་ལ་མཱ་མ་ཀཱི་རྡོ་རྗེའི་རིགས་ཀྱི་དགའ་མ་ཡིན་པར་བྱིན་གྱིས་བརླབ་པོ། །དེའི་འོག་ཏུ་ཐབས་དང་ཤེས་རབ་ཀྱི་རོལ་པས་དམ་ཚིག་གི་ཁུ་བ་བདུད་རྩིའི་ངོ་བོ་བྱང་ཆུབ་ཀྱི་སེམས་ཤེས་རབ་མའི་བྷ ་གའི་དབུས་སུ་འོད་དུ་ཞུ་བར་བྱ་སྟེ། རྣམ་པར་སྣང་མཛད་ཆེན་པོ་དྲི་མ་མེད་པ་ཟླ་བའི་དཀྱིལ་འཁོར་ལྟ་བུ་ས་བོན་གྱི་ངོ་བོ་འབྲོ་བ་རིས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཐུགS་རྗེ་ཆེན་པོ་བསྐྱེད་དེ། མདུན་དུ་སྨོས་པ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ་རྣམས་ཆོས་ཀྱི་དབྱིངས་ཁྱབ་པར་སྤྲོས་པ་དེའི་འོག་ཏུ་བསྡུ་བར་གསུངས་སོ། །དེའི་ཕྱིར་གསང་བའི་ཏིང་ངེ་འཛིན་དུ་ཤེས་པར་བྱའོ། །གཞན་ཡང་ཀུན་རྫོབ་དུ་སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་བསྲུང་བའི་དོན་ཆེད་དུ། ཕུང་པོའི་བདུད་བཅོམ་པ ་དང། ཡེ་ཤེས་ཆེན་པོ་བསྒྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ཐུགས་རྗེ་ཆེན་པོ་ཁྲོ་བས་ཁྲོས་ཏེ། མཱ་མ་ཀཱི་དང་གཉིས་སུ་མེད་པར་རོལ་པས་བྱང་ཆུབ་སེམས་འོད་དུ་ཞུ་བར་མཛད་དོ། །དེ་ནས་གསང་བའི་ཐུགས་ཀ་དབང་པོ་གཉིས་ཀྱི་དབུས་སུ་སྐུ ་གསུང་ཐུགས་རྡོ་རྗེ་ཡེ་ཤེས་ཀྱི་ངོ་བོ་ཡིག་འབྲུ་ཧཱུཾ་ཁ་དོག་ནག་པོ་བསྐལ་པའི་མེ་བཞིན་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་གྱུར་ཏོ། །དེ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཉོན་མོངས་པའི་ཕྲག་དོག་མེད་པའི་དོན་ཆེད་ཕུང་པོའི ་བདུད་བི་ན་ཡ་ཀའི་ངོ་བོ་གཞོམ་པའི་ཕྱིར་ཁྲོ་བོ་ཆེན་པོ་བགེགས་ཀྱི་གཤེད་ཀྱི་སྐུ་ཕྱག་རྒྱ་ཕྱུང་ངོ། །ཁྲོ་བོ་དེ་སྐུ་མདོག་ནག་པོ་སྤྲིན་ནག་པོ་འདྲ་བ་དབུ་རལ་ཁྲོས་ཏེ་གྱེན་དུ་སྐལ་པའི་མེ་བཞིན་དུ་རབ་ཏུ་འབར་བ། སྐུ་ལ་སྦྲུལ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། དེ་ཤེས་རབ་མ་རལ ་པ་གཅིག་མ་དང་ལྡན་པ། དབང་པོ་གཉིས་མཉམ་པར་སྦྱོར་བར་གྱུར་ཏོ། །གཞན་ཡང་བ་གེཌ་ཀྱི་གཤེད་བྱ་བ་ནི་བཤད་པར་བྱ་སྟེ། བགགS་མེད་པར་བྱེད་པས་བགེགས་ཀྱི་གཤེད་དེ། ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་པར་ཤེས་པར་བྱའོ། །དེས་ཕྱི་དང་ནང་དང་གསང་བའི་བགེགས ་ཀྱི་གཤེད་བྱེད་དེ། དེའི་ཕྱིར་བགེགས་ཀྱི་གཤེད་དུ་གསུངས་སོ། །རྒྱས་པས་བཤད་པར་བྱ་སྟེ། གང་ཡིན་ན། ཕྱིའི་བགེགས་ནི་བགེགས་རྣམས་ཀྱི་བདག་པོ་ལ་སོགས་པ་གནོད་སྦྱིན་དང། སྲིན་པོ་དང། འབྱུང་པོ་དང། གྲུལ་བུམ་དང། ཡི་དགས་དང། ལྷ་མ་ཡིན་དང། ་མཁའ་འགྲོ་དང། མཁའ་འགྲོ་མ་དང། ཉོན་མོངས་པ་ཐམས་ཅད་ལ་ཁྲོས་ཏེ་བརྩོན་འགྲུས་ཆེན་པོས་འཇོམས་པར་མཛད་མེད་པར་མཛད་དེ། དེའི་ཕྱིར་བགེགས་ཀྱི་གཤེད་ཅེས་བྱའོ། །དེ་ནས་ནང་གི་བཤད་པར་བྱ་སྟེ། གང་ཡིན་ན། རང་གི་ཕུང་པོ་ལ་གནས་པའི ་བགེགས་རྣམས་ཏེ་ཉོན་མོངས་པ་རྣམ་པ་ལྔའོ། །དེ་ནི་དེ་བཞིན་གཤེགས་པ་རྣམ་པ་ལྔ་བསྒོམས་ནས། བླ་ན་མེད་པའི་འབྲས་བུ་ཡེ་ཤེས་རྣམ་པ་ལྔ་གྲུབ་པར་བྱའོ། །ཡེ་ཤེས་རྣམ་པ་ལྔ་ནི་རྫས་ཀྱི་ངོ་བོ་བདུད་རྩི་རྣཾ་པ་ལྔ་སྒྲུབ་པ་པོས་སྐད་ཅིག་ཙམ་གྱིས་འཕགས་པ ་བདུད་རྩི་འཁྱིལ་པའི་ངོ་བོ་ཡིག་འབྲུ་ཧཱུཾ་མཐིང་ག་བསྐལ་པའི་མེ་བཞིན་དུ་རབ་ཏུ་འབར་བ་ཐིམ་པར་གྱུར་པར་བསྒོམ། དེ་ལྟར་བསྒོམས་པས་ཉོན་མོངས་པ་རྣམ་པ་ལྔ་བགེགས་ཀྱི་ངོ་བོ་འཇོམ་པར་མཛད། མེད་པར་མཛད་པས། དེའི་ཕྱིར་དགེགས་ཀྱི་གཤེད ་ཅེས་བྱའོ། །དེ་ནས་གསང་བའི་བཤད་པར་བྱ་སྟེ། གང་ཡིན་ན། སྒྲུབ་པ་པོས་ཉིད་ཀྱིས་ལུས་ལ་གནས་པའི་རྣམ་པར་རྟོག་པ་ཆེན་པོ་བགེགས་ཀྱི་ངོ་བོ་ཐབས་དང་ཤེས་རབ་ཀྱི་རོལ་པས། བྱང་ཆུབ་སེམས་འབྱུང་བ་མ?་བའི་དུས་སུ། རྡོ་རྗེ་སེམས་དཔའ་ཨི་འབྲས་བུ ་ཐོབ་པ་མེད་པར་བྱེད་པའི་ཕྱིན་ཅི་ལོག་པའི་རྣམ་པར་རྟོག་པ་བགེགས་ཀྱི་ངོ་བོ་དམྱལ་བའི་ལམ་དུ་འགྲོ་བར་བྱེད་པའི་ལམ་མཁན་དེ། བྱང་ཆུབ་སེམས་ཟ་བའི་དུས་སུ་ཁྲོས་ཏེ་བརྩོན་འགྲུས་ཆེན་པོས་ཆོས་ཐམས་ཅད་རྣམ་པར་དག་པའི ་ངོ་བོ་མེད་པ་བསྒོམ་པའི་ང་རྒྱལ་གྱིས་བདུད་རྩི་འཁྱིལ་པའི་ངོ་བོ་ཡིག་འབྲུ་ཧཱུཾ་མཐིང་ག་བསྐལ་པའི་མེ་བཞིན་དུ་རབ་ཏུ་འབར་བ་ཐིམ་པར་བསྒོམ། དེ་ལྟར་བསྒོམས་པས་རྣམ་པར་རྟོག་པ་ཆེན་པོ་བགེགས་དགྲའི་ངོ་བོ་འཇོམས་པར་མཇོད། མེད་པར་མཛད ་པས། དེའི་ཕྱིར་བགེགས་ཀྱི་གཤེད་ཅེས་བྱའོ། །དེའི་འོག་ཏུ་རྡོ་རྗེ་དང་བྱང་ཆུབ་དང། སེམས་དཔའ་དང། སེམས་དཔའ་ཆེན་པོ་ནི་གོང་དུ་བཤད་པ་དང་མཐུན་ནོ། །དོན་དེའི་ཕྱིར་ཏིང་ངེ་འཛིན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད ་པར་ཤེས་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འོག་ཏུ། རྒྱལ་བ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་བྱ་སྟེ། དེ་ཡང་དངོས་སུ་ན། ཁྲོ་བོའི་རྒྱལ་པོ་ཆེན་པོ་འདོད་པའི་རྒྱལ་པོ་ལ་བྱའོ། ། ་བཤད་པར་བྱ་སྟེ། དེ་ལ་སྟོན་པ་རྡོ་རྗེ་འཛིན་ཉིད་རྒྱལ་བར་གསུངས་སོ། །སྟོན་པ་རྡོ་རྗེ་འཛིན་གྱིས་ཕྱི་དང་ནང་དང་གསང་བ་རིམ་པ་བཞིན་དུ་སྒྲུབ་པ་པོ་རྣམས་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པའི་འབྲས་བུ་ལ། གནོད་པ་བྱེད་པ། ཕྱི་དང ་ནང་དང་གསང་བའི་ཚུལ་གྱི་རུ་དྲ་ལ་སོགས་པ་དགྲ་རྣམས་ཀྱི་ངོ་བོ་མ་རུངས་པ་རྡོ་རྗེ་འཛིན་གྱིས་མདུན་དུ་སྨོས་པའི་ཡེ་ཤེས་ཀྱི་སྤྲུལ་པས་བཅོམ་ནས་ཕམ་པར་མཛད་པས། དེའི་ཕྱིར་སྟོན་པ་རྡོ་རྗེ་འཛིན་གྱིས་རྒྱལ་བ་ཐོབ་པའོ། །དེ་རྒྱས་པར་བཤད་པར ་བྱ་སྟེ། ཕྱི་དང་ནང་དང་གསང་བ་གསུམ་གྱི་རིམ་པས་སོ། །དེ་ལ་ཕྱི་ནི་རུ་དྲ་ལ་སོགས་པ་མ་རུངས་པ་ཐམས་ཅད་ཡེ་ཤེས་ལས་སྤྲུལ་བའི་ཁྲོ་བོ་སྤྲོས་པ་སྣ་ཚོགས་ཀྱིས་ཕམ་པར་མཛད་པས་དེའི་ཕྱིར་རྒྱལ་བ་རྡོ་རྗེ་ཞེ་བྱའོ། །དེ་ནས་ནང་གི་བཤད ་པར་བྱ་སྟེ། གང་ཡིན་ན། སྒྲུབ་པ་པོ་རྣམས་ཀྱི་ལུས་ཀྱི་རྒྱུད་ཉིད་ལ་གནས་པའི་ཉོན་མོངས་པ་ལ་སྟེ། དེ་རྣམས་ཡེ་ཤེས་རྣམ་པ་ལྔས་ཕམ་བར་མཛད་པས་དེའི་ཕྱིར་རྒྱལ་བ་རྡོ་རྗེ་ཞེས་བྱའོ། །དེ་ན་གསང་བའི་བཤད་པར་བྱ་སྟེ་གང་ཡིན་ན། མདུན་དུ་སྨོས ་པའི་རིམ་པས་སྒྲུབ་པ་པོ་རྣམས་ཀྱིས་རྒྱུད་ལུས་ཉིད་ལ་གནས་པའི་རྣམ་པར་རྟོག་པ་ཆེན་པོ་དགྲའི་ངོ་བོ་ཐབས་དང་ཤེས་རབ་ཀྱི་རོལ་པས་བྱུང་བའི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་བདུད་རྩི་རྣམ་པ་ལྔ་ཟ་བའི་དུས་སུ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི ་སེམས་ཀྱི་ངོ་བོ་དེ་སྒྲུབ་པ་པོས་ཉིད་དགའ་བའི་ལྷའི་ང་རྒྱལ་གྱིས་བདུད་རྩི་ལྔ་ཟ་བའི་དུས་སུ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ངོ་བོ་མེད་པའི་བསྒོམས་པས། རྣམ་པར་རྟོག་པ་ཆེན་པོ་འཕམ་པར་མཛད་པས་དེའི་ཕྱིར་རྒྱལ་བ་རྡོ་རྗེ་ཞེས་བྱའོ། །ཇི ་ལྟར་མདུན་དུ་སྨོས་པའི་རིམ་པའི་ཕྱི་དང་ནང་དང་གསང་བ་གསུམ་གྱི་བྱེ་བྲག་གི་བགེགས་དགྲ་ཕམ་པར་བྱ་བའི་ཕྱིར་ཐབས་སུ་བསྟན་ཏེ། དེ་ནི་ཁྲོ་བོ་ཆེན་པོ་འདོད་པའི་རྒྱལ་པོའི་ངོ་བོ་ཡིན་ནོ། །གཞན་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས ་ཅན་རྣམས་ཀྱི་དོན་གྱི་ཕྱིར། གནོད་སྦྱིན་དང། སྲིན་པོ་དང། གྲུལ་བུམ་ལ་སོགས་པ་བདུད་དགྲ་རྣམས་འཇོམས་པར་མཛད་དོ། །གཞན་ཡང་འདོད་པའི་རྒྱལ་པོའི་སྐུ་ཕྱག་རྒྱ་བྱུང་བ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། རྡོ་རྗེ་སེམས་དཔས་རྗེ་ཆེན་པོའི ་ཁྲོ་བས་ཁྲོས་ཏེ་མཱ་མ་ཀཱི་དང་གཉིས་སུ་མེད་པར་རོལ་པས་བྱང་ཆུབ་ཀྱི་སེམས་འོད་དུ་ཞུ་བར་མཛད་དེ། དེ་ནས་དབང་པོ་གཉིས་ཀྱི་དབུས་གསང་བའི་ཐུགས་ཀར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡེ་ཤས་ཀྱི་ངོ་བོ་ཡིག་འབྲུ་ཁ་དོག་ནག་པོ་ཅུང་ཟད་དམར ་བ། ཉི་མ་སྟོང་གི་འོད་འདྲ་བ་འོད་དུ་ཞུ་བར་མཛད་དེ། དེ་ནས་བྱང་ཆུབ་ཀྱི་སེམས་སུ་གྱུར་ཏོ། །དེ་ནི་མདུན་དུ་སྨོས་པ་སེམས་ཅན་ཐམས་ཅད་ལ་གནོད་སྦྱིན་ལ་སོགས་པའི་སྣ་ཚོགས་གི་བྱེ་བྲག་གི་གནོད་པའི་འཇིགས་པ་མེད་པར་བྱ་བའི ་ཕྱིར། ཁྲོ་བོ་ཆེན་པོ་འདོད་པའི་རྒྱལ་པོའི་སྐུ་ཕྱག་རྒྱ་ཕྱུང་ངོ། །ཁྲོ་བོ་དེ་སྐུ་མདོག་ནག་པོ་ཅུང་ཟད་དམར་བ་དེའི་དབུའི་རལ་པ་འཁྲིལ་བའི་ཚུལ་གྱིས་བྱེན་དུ་གདེངས་པའི་ཚུལ་རྟག་ཏུ་བསྐྱོད་པ་བསྐལ་པའི་མེ་ལྟར་རབ་ཏུ་འབར་བ། སྣ་ཚོགས་ཀྱི་བྱེ་བྲག ་གི་སྤྲུལ་གྱི་རྒྱན་གྱིས་བརྒྱན་བ། ཤེས་རབ་མ་ཁྲོ་མོ་འདོད་པའི་རྒྱལ་མོའི་དབང་ཕྱུག་མ་དང་ལྡན་པར་དབང་པོ་གཉིས་མཉམ་པར་སྦྱར་ནས་སྤྱོད་པ་མཛད་དོ། །གཞན་ཡང་ཏ་ཀི་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཏ་ཀི་ནི་འདོད་པར་གསུངས་སྟེ། དེ་ཕྱི་དང་ནང་དང ་གསང་བའི་ཚུལ་གྱིས་བཤད་པར་བྱ་སྟེ། དེ་ལ་ཕྱི་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་འདོད་ཆགས་དང་སྒྲུབ་པ་པོ་རྣམས་ཀྱི་རྒྱུད་ལ་གནས་པ་བརྩོན་འགྲུས་ཀྱིས་མེད་པར་མཛད་དོ། །དེའི་འོག་ཏུ་བླ་ན་མེད་པའི་འབྲས་བུ ་ཐོབ་པར་མཛད་མཁན་གྱིས་ཡེ་ཤེས་ཀྱི་འདོད་ཆགས་ཀྱིས་བྱིན་གྱིས་རློབ་པར་མཛད་དེ། དེ་ནི་ཕྱིའི་འདོད་པའི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་བཤད་པར་བྱ་སྟེ། སྒྲུབ་པ་བསྒྲུབ་པར་བྱ་བའི་དུས་སུ་སྒྲུབ་པ་པོ་རྒྱུད་ལས་གསུངས་བའི་སྡོམ་པ་དང་སྤྱོད་པའི་བསྒྲུབ ་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། འདོད་པའི་རྒྱལ་པོའི་བྱིན་གྱི་རླབས་ཀྱིས། མི་གཏོང་བའི་ཆགས་པས་དགའ་བ་སྐྱེའོ། །དེ་ལྟར་ནང་གི་འདོད་པའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་བཤད་པར་བྱ་སྟེ། གང་ཡིན་ན། སྒྲུབ་པ་པོ་ཉིད་དགའ་བའི་ལྷའི་རིགས ་ཀྱི་བྱེ་དྲ?་?། ཤེས་རབ་?་མན?་སོ་གཞོན་པ་གཞུགས་བྱད་མཛེས་པ་དང་ལྡན་པ་ཡེ་ཤེས་ཀྱི་ལྷ་མོར་བྱིན་གྱིས་བརླབས་ནས། གསང་བའི་དཀྱིལ་འཁོར་བསྐྱེད་པའི་ཕྱིར་འདོད་པའི་རྒྱལ་པོས་བྱིན་གྱིས་བརླབས་པས་ཡེ་ཤེས་ཆེན་པོའི་དམ་ཚིག་གིས་ཆགས་པ་འབྱུང ་སྟེ?། བྱང་ཆུབ་ཀྱི?་སེམས་འདོད?་ཞུ་འདུ?་བའི་ཐབས་དང་ཤས་རབ་ཀྱི་རོལ་པ་བྱ་བར་གསུངས་སོ། །དེ་ནས་གཞན་ཡང་རྒྱུད་རྣམས་ཀྱི་དོན་རིམ་པར་འབྱུང་པ་འཕགས་པ་ཡེ་ཤེས་ཞབས་ཀྱི་སྒྲ་འདིར་དྲངས་ནས་བཤད་དེ། གང་ཞེ་ན། ཏ་ཀི་འདོད་པར་གསུངས་ཏེ་བཤད ་བར་བྱའོ། །འདོད་པའི་རྒྱལ་པོ་རྣལ་འབྱོར་ཆེན་པོའི་ཚུལ་གྱིས་བླ་ན་མེད་པའི་འདོད་ཆགས་ཀྱི་ངོ་བོར་གསུངས་ཏེ། དེ་ལྟར་གསང་བའི་འདོད་པའི་དོན་དུ་གསུངས་སོ། །དེའི་འོག་ཏུ་རྡོ་རྗེ་དང། བྱང་ཆུབ་སེམས་དཔའ་དང་སེམས་དཔའ་ཆེན་པོའི་དོན་ནི་གོང་དུ་བཤད་པ་དང་མཐུན་ནོ།། ་དོན་དེའི་ཕྱིར་རྒྱལ་བ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་ཤེས་པར་བྱའོ། །དེ་ལྟར་རྒྱལ་བ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འོག་ཏུ། ས་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་བྱ་སྟེ། དེ་ཡང་དངོས་སུ་ན། ་ཁྲོ་བོའི་རྒྱལ་པོ་ཆེན་པོ་དབྱུག་སྔོན་ཅན་ལ་བྱའོ། །བཤད་པར་བྱ་སྟེ། དེ་ཉིད་སྟོན་པ་རྡོ་རྗེ་འཛིན་གྱི་སར་གསུངས་ཏེ། ཕྱི་དང་ནད་དང་གསང་བའོ། །དེ་ལ་ཕྱི་བཤད་པར་བྱ་སྟེ། འགོ་དང་མི་འགྲོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ས་ར་རྡོ་བྲག་རྩ་ཤད་ལ་སོགས་པ ་ལ། དཔལ་རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུའི་ངོ་བོར་གནས་པའི། དེ་ལྟར་ཕྱིའི་སའི་སྒྲར་ཤེས་པར་བྱའོ། །དེ་ནང་གི་སའི་སྒྲར་བཤད་པར་བྱ་སྟེ། གང་ཡིན་ན། དཔལ་རྡོ་རྗེ་སེམས་དཔས་ཆོས་ཀྱི་སྐུའི་གནས་ནས་སེམས་ཅན་མ་ལུས་པའི་དོན་ཆེད་དུ་ཐུགས་རྗེ་ཆེན་པོའི ་ཐུགས་བསྐྱེད་དེ། ཡིག་འབྲུ་ཧཱུཾ་བྱུང་ནས་ཡེ་ཤེས་སེམས་དཔའ་ཨི་སྐུ་ཕྱག་རྒྱའི་ངོ་བོ་བྱུང་སྟེ། ཡེ་ཤས་ཀྱི་ལྷ་མོ་མཱ་མ་ཀི་དང་ལྡན་པར་མི་ཕྱེད་པའི་ངོ་བོས་ཐེག་པ་ཆེན་པོ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ། བླ་ན་མེད་པའི་ཆོས་ཀྱི་དབྱིངས་ཀྱི་གནས་གཞལ་ཡས་ཁང ་གི་ངོ་བོ་མཱ་མ་ཀཱི་གསང་བའི་ཡེ་ཤེས་ཀྱི་ས་གཞི་ལ་གནས་སོ། །དེ་ནས་ཡང་བྱེ་བྲག་དུ་བཤད་པར་བྱ་སྟེ། སྒྲུབ་པ་པོས་སྒྲུབ་པ་ཆེན་པོ་བསྒྲུབ་པར་བྱ་བའི་དུས་ཉིད་དགའ་བའི་ལྷའི་རིགས་མ་ནོར་བའི་རིམ་པས་ཤེས་རབ་ལྷ་མོ་མཱ་མ་ཀཱི་ལ་སོགས་པར་བྱིན་གྱིས ་བརླབས?་ཏེ། སྒྲུབ་པ་བྲོས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ང་རྒྱལ་བྱའོ། །དེ་ནས་དེའི་འོག་ཏུ་ཤེས་རབ་མ་དང་གཉིས་སུ་མེད་པའི་སྦྱོར་བས། མཆོད་པའི་དོན་ཆེད་དུ་བྱིན་གྱིས་བརླབས་ནས་བའཁྱུད་དོ། །ཚུལ་དེ་ལྟར་རྡོ་རྗེ་སེམས་དཔའ་ཨི་ཡེ་ཤེས་ཀྱི་སར་སྨོས་ཏེ། ་ནང་གི་སའི་སྒྲར་ཤེས་པར་བྱའོ། །དེ་ནས་གསང་བའི་བཤད་པར་བྱ་སྟེ། གང་ཡིན་ན། མདུན་དུ་སྨོས་པའི་ཚུལ་གྱིས་རྡོ་རྗེ་སེམས་དཔས་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང་ལྡན་པས་ཐུགས་རྗེས་མ་འོངས་པའི ་སེམས་ཅན་གྱི་དོན་དུ་གསང་བའི་མཆོད་པ་མཛད་དེ། ཡེ་ཤེས་ཀྱི་བདུད་རྩི་ཁུ་བ་མཱ་མ་ཀཱིའི་བྷ་གའི་དབུས་སུ་འོད་དུ་ཞུ་བ་ཟླ་བ་ལྟ་བུ་དྲི་མ་མེད་པའི་འོད་འཕྲོ་བ་དེའི་སྟང་དུ་ཡིག་འབྲུ་ཧཱུཾ་བཀོད་ནས། འོད་དུ་ཞུ་བ་དེའི་བྱིན་གྱི་རླབས་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་ཁུ་བ་ལས ་ཡེ་ཤེས་སེམས་དཔའ་ཨི་གཟུགས་སུ་གྱུར་པར་གསུངས་སོ། །དེ་ནས་དེ་ལ་རྡུལ་ཕྲ་མོ་དང་མཉམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་བྱུང་བ་རྣམས་ཀྱིས། ནམ་མཁའ་ཨི་དབྱིངས་ཁྱབ་པར་སྤྲོ་བར་བྱའོ། །གཞན་ཡང་གྲངས་ཀྱི་ངོ་བོ་འཁོར་རྣམས ་སྤྲོ་བར་མཛད་དོ། །ཚུལ་དེ་ལྟར་ཡེ་ཤེས་སེམས་དཔའ་མཱ་མ་ཀཱིའི་བྷ?་གའི་དབུས་ན་གནས་པས་རྡོ་རྗེ་སར?་གསུངས་སོ། །གཞན་ཡང་བྱེ་བྲག་དུ་བཤད་པར་བྱ་སྟེ། སྒྲུབ་པ་པོས་བསྒྲུབ་པ་ཆེན་པོ་བསྒྲུབ་པར་བྱ་བའི་དུས་སུ་མདུན་དུ་སྨོས་པའི་ཡེ་ཤེས་ཀྱི་ལྷ་མོ་མཱ ་མ་ཀཱིར་བྱིན་གྱིས་བརླབས་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་བྱ་བའི་ཕྱིར་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གིས་ཤེས་རབ་མ་དང་མཆོད་པ་སྟེ། མདུན་དུ་སྨོས་པའི་ཚུལ་གྱིས་བྱང་ཆུབ་ཀྱི་སེམས་ཟླ་བ་ལྟ་བུ་བྷ་གའི་དབུས་སུ་འོད་དུ་ཞུ་བར་མཛད་པ ་དེ་ནི་གསང་བའི་ས་རྡོ་རྗེའི་སྒྲང?་ཤེས་པར་བྱའོ། །དེ་ནས་ཡང་བཤད་པར་བྱ་སྟེ། མདུན་དུ་སྨོས་པའི་ཕྱི་དང་ནང་དང་གསང་བའི་ཚུལ་གྱི་སའི་སྒྲ་བཤད་པ་དེ་ནི་མདོར་བསྡུས་པ་ཁྲོ་བོའི་རྒྱལ་པོ་དབྱུག་སྔོན་ཅན་གྱི་ངོ་བོར་གསུངས་སོ། །སྒྲུབ་པ་པོ་ལ་སོགས ་པ་སེམས་ཅན་ཐམས་ཅད་ཀྱི་དོན་ཆེད་ཚངས་པ་དང། ཁྱབ་འཇུག་དང། དབང་ཕྱུག་ཆེན་པོ་དང། བརྒྱ་བྱིན་ལ་སོགས་པ་རང་གི་ལས་མི་ཟད་པས་བྱུང་བའི་མ་རུངས་པ་དང། མཁའ་འགྲོ་དང། མཁའ་འགྲོ་མ་དང། བདུད་དགྲ་རྣམས་འཛོམས་པར་མཛད་དོ།། ་གཞན་ཡང་དབྱུག་སྔོན་ཅན་ཀྱི་སྐུ་དབྱུང་བ་བཤད་པར་བྱ་སྟེ། གང་ཡིན་ན། རྡོ་རྗེ་སེམས་དཔས་ཐུགས་རྗེ་ཆེན་པོས་ཁྲོ་བS་ཁྲོས་ཏེ། མཱ་མ་ཀཱི་དང་ལྡན་པས་གཉིས་སུ་མེད་པའི་རོལ་པས་བྱང་ཆུབ་ཀྱི་སེམས་འོད་དུ་ཞུ་བར་མཛད་དོ། །དེ་ནས་གསང་བའི་ཐུགས་ཀ་དབང་པོ ་གཉིས་ཀྱི་དབུས་སུ་སྐུ་གསུང་ཐུགས་རྡོ་རྗེ་ཡེ་ཤེས་ཀྱི་གཟུགས་ཡིག་འབྲུ་ཧཱུཾ་ཁ་དོག་ནག་པོ་ཅུང་ཟད་ལྗང་གུ་བསྐལ་པའི་མེ་ལྟར་རབ་ཏུ་འབར་བ་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པའི་ངོ་བོར་གྱུར་ཏོ། །དེ་ནས་སེམས་ཅན་ཐམས་ཅད་ལ་མཁའ་འགྲོ ་དང། མཁའ་འགྲོ་མ་ལ་སོགས་པའི་གནོད་པའི་འཇིགས་པ་མེད་པར་བྱ་བའི་ཕྱིར་ཁྲོ་བོ་ཆེན་པོ་དབྱུག་པ་སྔོན་པོ་ཅན་གྱི་སྐུ་ཕྱག་རྒྱ་ཕྱུང་ངོ། །དེའི་སྐུ་མདོག་ནག་པོ་ལ་ཅུང་ཟད་ལྗང་བ་དབུ་རལ་པ་གྱེན་དུ་གདེངས་པའི་ཚུལ། ཉི་མ་སྟོང་དང་མཉམ་པའི་འོད ་འབར་བ། སྤྲུལ་སྣ་ཚོགས་ཀྱིས་སྐུ་ལ་བརྒྱན་པ། ཤེས་རབ་མ་དབྱུག་སྔོན་ཅན་མཁའ་འགྲོ་མའི་དབང་ཕྱུག་མ་དང་ལྡན་པར་དབང་པོ་གཉིས་མཉམ་པར་སྦྱོར་བར་གྱུར་ཏོ། །གཞན་ཡང་དབྱུག་སྔོན་ཅན་གྱི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ན་དབྱུག་པ་སྔོ་བས ་དབྱུག་སྔོན། མཁའ་འགྲོ་མ་དང་མཁའ་འགྲོ་མ་ལ་སོགས་པའི་བདུང་དགྲ་འཇིགས་པ་ཆེན་པོ་རྣམས། ཡེ་ཤེས་ཀྱི་དབྱུག་པ་མཚོན་གྱི་ངོ་བོ་ཐུགས་རྗེ་ཆེན་པོའི་ཁྲོ་བས་ཁྲོས་ཏེ། ཕྱག་ན་བསྣམས་པས་བརྡེག་པའི་ཐབས་ཀྱིས་མེད་པར་མཛད་པས་ཁྲོ ་རྒྱལ་དུ་གསུངས་སོ། །དེའི་འོག་ཏུ་རྡོ་རྗེ་དང་བྱང་ཆུབ་དང་སེམས་དཔའ་དང་སེམས་དཔའ་ཆེན་པོ་ནི་གོང་དུ་བཤད་པ་དང་མཐུན་ནོ། །དོན་དེའི་ཕྱིར་ས་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་ཤེས་པར་བྱའོ། །དེ་ལྟར་ས་རྡོ་རྗེ་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོའི་འོག་ཏུ། ཆུ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་བྱ་སྟེ། དེ་ཡང་དངོས་སུ་ན་ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ་ལ་བྱའོ། །བཤད་པར་བྱ་སྟེ། དེ་ཉིད་སྟོན་པ་རྡོ་རྗེ་འཛིན་གྱི་ཆུར་གསུངས་སོ། །བཤད་པར་བྱ་སྟེ། ཕྱི ་དང་ནང་དང་གསང་བ་གསུམ་མོ། །དེ་ལ་ཕྱིའི་བཤད་པར་བྱ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་དཔལ་རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུས་ཁྱབ་ནས་གནས་སྟེ། དེ་ནི་ཆུ་ཐམས་ཅད་མཱ་མ་ཀཱིའི་ངོ་བོར་གསུངས་སོ། །དེ་ལྟར་ཕྱིའི་ཆུའི ་སྒྲར་ཤེས་པར་བྱའོ། །དེ་ནས་ནང་གི་བཤད་པར་བྱ་སྟེ། གང་ཡིན་ན། ཆོས་ཀྱི་དབྱིངས་ཀྱི་གནས་སུ་ཡེ་ཤེས་ཀྱི་བདུད་རྩིའི་ཁུ་བ་གཤེར་བའི་ངོ་བོ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་མཱ་མ་ཀཱིའི་ངོ་བོར་གསུངས་སོ། །དེ་ནས་གཞན་ཡང་བྱེ་བྲག་དུ་བཤད་པར ་བྱ་སྟེ། སྒྲུབ་པ་པོ་ལ་སྩོགས་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གནས་པའི་ཁྲག་དང་གཅིན་ལ་སོགས་པ་གཤེར་བའི་ངོ་བོ་ཇི་སྙེད་པ་མདུན་དུ་སྨོས་པའི་ཆུའི་སྒྲའི་དོན་དུ་གསུངས་སོ། །དེ་ལྟར་ནང་གི་ཆུའི་སྒྲར་ཤེས་པར་བྱའོ། །དེ་ནས ་གསང་བའི་བཤད་པར་བྱ་སྟེ། གང་ཡིན་ན། ཡེ་ཤེས་སེམས་པའི་གནས་ན་གནས་པ་དམ་ཚིག་སེམས་པ་ལོངས་སྤྱོད་རྫོགས་པའི་སྐུ་ཕྱག་རྒྱ་མན་ཆད་དུ་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། རྒྱུད་བཤད་པའི་དུས་སུ་ཐུགས་རྗེ་ཆེན་པོས ་ཐབས་དང་ཤེས་རབ་ཀྱི་རོལ་པས་བྱང་ཆུབ་ཀྱི་སེམས་མཱ་མ་ཀཱིའི་བྷ་གའི་དབུས་སུ་ཆར་བཞིན་དུ་རྒྱ་མཚོ་དང་མཉམ་པ་འོད་དུ་ཞུ་བར་མཛད་དོ། །དེ་ནི་མདུན་དུ་སྨོས་པའི་དོན་གྱིས་ཟླ་བ་ལྟ་བུར་བཏག་གོ་།དེ་ནི་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པའི ་རིམ་པས་འཁོར་སྤྲུལ་པ་དང། འབྱུང་བའི་ས་བོན་ནི་རྒྱ་མཚོ་དང་མཉམ་པའི་ཆུང་མིང་བཏགས་པ་གསུངས་སོ། །འདི་ལྟར་གཞན་ཡང་བྱེ་བྲག་དུ་བཤད་པར་བྱ་སྟེ། སྒྲུབ་པ་པོས་སྒྲུབ་པ་ཆེན་པོ་གྲུབ་པར་བྱ་བའི་དུས་སུ་ཁྲུས་མཁན་གྱི་བདག་ཉིད་ཀྱི་བུ ་མོ་ལོ་བཅུ་གཉིས་ཡིན་པ་མཚན་ཐམས་ཅད་དང་ལྡན་?་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱིར་བྱིན་གྱིས་བརླབས་ཏེ། འདོད་ཆགས་ཆེན་པོས་རྡོ་རྗེས་མཆོད་པའི་དོན་ཆེད་དུ་རོལ་པ་མཛད་དེ། ལྷ་མོའི་བྷ་གའི་དབུས་སུ་བྱང་ཆུབ་སེམས་འོད་དུ་ཞུ་བར་མཛད་དོ ་དེ་ནི་དམ་ཚིག་རྡོ་རྗེ་ཆུའི་མིང་དུ་གསུངས་སོ། །དེ་ལྟར་གསང་བའི་ཆུའི་སྒྲའི་དོན་དུ་ཤེས་པར་བྱའོ། དེ་ནས་བཤད་པར་བྱ་སྟེ། མདུན་དུ་སྨོས་པའི་ཕྱི་དང་ནང་དང་གསང་བའི་ཚུལ་གྱི་ཆུའི་སྒྲ་བཤད་པ་དེ་ནི་མདོར་བསྡུས་པ་ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེའི་ངོ་བོར་གསུངས ་སོ། །གཞན་ཡང་སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ས་འོག་ན་གནས་པ་ཐམས་ཅད་ལ་སོགས་པ་གང་དུ་ཡང་གནས་པ་བདུན་དང་བཅས་པ་དང་ཀླུ་རྣམས་ས་འོག་ན་གནས་པ་མཁའ་འགྲོ་ཕོ་དང་མོ་གནོད་པར་བྱེད་པ་ནམས་གཞོམ ་པའི་ཕྱིར་སྟོབས་པོ་ཆེའི་སྐུ་དབྱུང་བ་བཤད་པར་བྱ་སྟེ། གང་ཡིན་ན། རྡོ་རྗེ་སེམས་དཔའ་ཐུགས་རྗེ་ཆེན་པོ་ཁྲོ་བས་ཁྲོས་ཏེ་མཱ་མ་ཀཱི་དང་གཉིས་སུ་མེད་པའི་རོལ་པས་བྱང་ཆུབ་སེམས་འོད་དུ་ཞུ་བར་མཛད་དོ། །དེ་ནས་གསང་བའི་ཐུགས་ཀ་དབང་པོ་གཉིས་ཀྱིས ་དབུས་སུ། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྡོ་རྗེའི་ཡིག་འབྲུ་ཧཱུཾ་ནག་པོ་ཅུང་ཟད་ལྗང་གུ་ཉི་མ་འབུམ་ཕྲག་བརྒྱའི་འོད་དང་མཉམ་པའི་འོད་རབ་ཏུ་འབར་བ་འོད་དུ་ཞུ་ནས་བྱང་ཆུབ་སེམས་དང་གཉིས་སུ་མེད་པར་གྱུར། དེ་ནས་སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས ་ཅད་ལ་ཀླུ་དང་མཁའ་འགྲོ་དང་མཁའ་འགྲོ་མ་ལ་སོཌ་པ་འཇིགས་པ་མེད་པར་བྱ་བའི་ཕྱིར་ཁྲོ་བོ་སྟོབས་པོ་ཆེའི་སྐུ་ཕྱག་རྒྱ་ཕྱུང་ངོ། །ཁྲོ་བོ་དེ་སྐུ་མདོག་ནག་པོ་ཅུང་ཟད་ལྗང་གུ། དབུ་རལ་པ་གྱེན་དུ་བརྫེས་པ་ཉི་མ་འབུམ་ཕྲག་བརྒྱའི་འོད་ལྟ་བུ་རབ་ཏུ་འབར་བ། སྤྲུལ་སྣ་ཚོགས ་ཀྱི་བྱེ་བྲག་གིས་སྐུ་བརྒྱན་པ། གཞན་ཡང་ཤེས་རབ་མ་སྟོབས་པོ་ཆེའི་ཁྲོ་མོ་དབང་ཕྱུག་མ་དང་ལྡན་པར་དབང་པོ་གཉིས་སྦྱོར་བར་གྱུར་པའོ། །གཞན་ཡང་སྟོབས་པོ་ཆེ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ན། སྟོབས་ཆེ་བས་སྟོབས་པོ་ཆེའོ། ། ་དེ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་ཡེ་ཤེས་རྣམ་པ་ལྔའི་ཆོ་འཕྲུལ་སྣ་ཚོགས་ཀྱི་བྱེ་བྲག་དང། སྒྱུ་མ་དང། སྟོབས་ཀྱི་ངོ་བོ་ཁྲོ་བོ་ཆེན་པོའི་གཟུགས་མདུན་དུ་སྨོས་པའི་མ་རུངས་པ་རྣམས་མེད་པར་བྱ་བའི་ཕྱིར་ཁྲོ་བོའི་རྒྱལ་པོར་གསུངས་སོ། །དེ་འོག་དུ་རྡོ་རྗེ་དང་བྱང ་ཆུབ་དང་སེམས་དཔའ་དང་སེམས་དཔའ་ཆེན་པོ་ནི་གོང་དུ་བཤད་པ་དང་མཐུན་ནོ། །དོན་དེའི་ཕྱིར་ཆུ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་བཤད་པར་ཤེས་པར་བྱའོ། །དེ་ལྟར་ཆུ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོའི་འོག་ཏུ། མེ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་བྱ་སྟེ། དེ་ཡང་དངོས་སུ་ན། ཁྲོ་བོའི་རྒྱལ་པོ་ཆེན་པོ་འཕགས་པ་མི་གཡོ་བ་ལ་བྱའོ། །བཤད་པར་བྱ་སྟེ། དེ་ནི་སྟོན་པ་རྡོ་རྗེ་འཛིན་གྱི་མེར་གསུངས་སོ། །དེ་ལ་ཡང་རྣམ་པ ་གསུམ་སྟེ་ཕྱི་དང་ནང་དང་གསང་བ་གསུམ་མོ། །དེ་ལ་ཕྱི་བཤད་པར་བྱ་སྟེ་གང་ཡིན་ན། འགྲོ་བ་དང་མི་འགྲོའི་འཇིག་རྟེན་ཐམས་ཅད་ལ་སྣང་བའི་ངོ་བོའི་མེ་དང། མི་སྣང་བའི་མེ་རྡོ་དང་ཤིང་ལ་སོགས་པ་རྫས་ཐམས་ཅད་ལ་ཁྱབ་ནས་གནས་པ་དེའི་མེའི ་རྡོ་རྗེ་འཛིན་དུ་གསུངས་སོ། །དཔལ་རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུའི་ངོ་བོས་རྫས་ཐམས་ཅད་ལ་ཁྱབ་ནས་གནས་པར་གསུངས་སོ། །དེ་ལྟར་ཕྱིའི་མེའི་སྒྲར་ཤེས་པར་བྱའོ། །དེ་ནས་ནང་གི་བཤད་པར་བྱ་སྟེ། གང་ཡིན་ན། དཔལ་རྡོ་རྗེ་སེམས་དཔའ་ ་ཆོས་ཀྱི་སྐུའི་ངོ་བོ་ཆོས་ཀྱི་དབྱིངས་ལ་གནས་པས་སེམས་ཅན་མ་ལུས་པའི་དོན་ཆེད་དུ་ཐུགས་རྗེ་ཆེན་པོས་སྤྲུལ་པའི་སྐུའི་ཕྱག་རྒྱ་ཡེ་ཤེས་སེམས་དཔའ་འབྱུང་བའི་ངོ་བོར་གསུངས་སོ། །དེ་ནས་རྒྱས་པར་བཤད་པར་བྱ་སྟེ། གང་ཡིན་ན། མདུན ་དུ་སྨོས་པའི་ཆུལ་གྱིས་དཔལ་རྡོ་རྗེ་སེམས་དཔས་ཐེག་པ་ཆེན་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་མ་འོངS་པའི་སེམས་ཅན་གྱི་དོན་གྱི་ཕྱིར་རྒྱུད་བཀའ་སྩལ་པའི་གནས་ཉིད་ཀྱི་ཐུགས་ཀ་ན་བཞུགས་པ་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པའི་ཡིག་འགྲུ ་ཧཱུཾ་ཡེ་ཤེས་སེམས་དཔའ་ཨི་ངོ་བོར་གྱུར་པ། བསྟན་པ་མི་གཡོ་བ་མེ་མར་ལྟ་བུའི་འོད་འཕྲོ་བ། དེའི་དབུས་ནས་དེ་བཞིན་གཤེགས་པ་རྣམས་ལྔའི་ཡེ་ཤེས་རྣམ་པ་ལྔའི་ངོ་བོར་རིགས་ཀྱི་བྱེ་བྲག་གི་ཁ་དོག་གི་འོད་ཟེར་འཇིག་རྟེན་གྱི་ཁམས་ཐམས ་ཅད་དུ་སྤྲོས་པས་ཁྱབ་བོ། །དེའི་འོག་ཏུ་ཡེ་ཤེས་ཀྱི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་ལྷ་རྣམས་མན་ཆད་ནས་དམྱལ་བ་ན་གནས་པ་ཡན་ཅད་བཀུག་སྟེ། མདུན་དུ་སྨོས་པའི་ཡིག་འབྲུ་ཧཱུཾ་ཡེ་ཤེས་སེམས་དཔའ་ཨི་ངོ་བོ་དེའི་གནས་སུ་བསྡུས་ནས་གཅིག་ཏུ ་ཐིམ་པར་གསུངས་སོ། །དེ་ནས་མདུན་དུ་སྨོས་པའི་གནས་ཡེ་ཤེས་སེམས་དཔའ་ཨི་སྐུ་ཕྱག་རྒྱའི་ངོ་བོའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲིན་བཞིན་དུ་ནམ་མཁའ་ཨི་དབྱིངས་ཀྱི་གནས་སུ་སྤྲོ་བར་མཛད་དེ། དེ་ནི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བར་གསུངས་སོ།། ་དེ་ནས་གཞན་ཡང་བྱེ་བྲག་དུ་བཤད་པར་བྱ་སྟེ། གང་ཡིན་ན། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གནས་པའི་མེ་དེ་ནི་རྡོ་རྗེ་སེམས་དཔའ་ཨི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་ནས་གཞན་ཡང་བྱེ་བྲག་དུ་ཆོས་ཀྱི་སྐུའི་ངོ་བོ་སེམས་ཅན་གྱི ་རྒྱུད་ལ་གནས་པར་གསུངས་སོ། །དེ་ནས་ཡང་བཤད་པར་བྱ་སྟེ། སྒྲུབ་པ་པོས་བསྒོམ་པའི་དུས་སུ་དཔལ་རྡོ་རྗེ་སེམས་དཔས་ཇི་ལྟར་མཛད་པ་དེ་བཞིན་དུ། རིམ་པས་མདུན་དུ་སྨོས་པའི་ཚུལ་གྱིས། ཡེ་ཤེས་ཀྱི་སྤྲུལ་པས་སེམས་ཅན་ཐམས་ཅད་ཀྱི ་དོན་ཆེད་དུ་གདུལ་བ་ལས་མེའི་ངོ་བོ་བྱའོ། །དེ་ལྟར་ནང་གི་མེའི་སྒྲར་ཤེས་པར་བྱའོ། །དེ་ནས་གསང་བའི་མེའི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ན། དཔལ་རྡོ་རྗེ་སེམས་དཔས་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་པའི་དུས་སུ་རྒྱུད་བཀའ་སྩལ་པའི་ཕྱིར་མདུན ་དུ་སྨོས་པའི་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང་ལྡན་པར་ཡེ་ཤེས་ཆེན་པོའི་ཐུགས་རྗེའི་འདོད་ཆགས་ཀྱིས་ཤིན་ཏུ་བརྩོན་འགྲུས་ཀྱིས་དབང་པོ་གཉིས་མཉམ་པར་སྦྱར་ནས་ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་དེ། རོལ་པ་མཛད་ནས་དབང་པོ་གཉིས་རྡོ་རྗེ་དང་པདྨ་ཡེ ་ཤེས་རྣམ་པ་ལྔའི་མེ་རབ་ཏུ་འབར་བར་གྱུར་ཏོ། །གཞན་ཡང་བཤད་པར་བྱ་སྟེ་གང་ཡིན་ན། ཐབས་དང་ཤེས་རབ་ཀྱི་རོལ་པར་བྱང་ཆུབ་སེམས་འོད་དུ་ཞུ་བ་དེ་ལ་ནི་ཡེ་ཤེས་ཀྱི་མོ?་ལྡན་པ་ཡིན་ཏེ། འདི་ལྟར་མེ་རྡོ་རྗེའི་ངོ་བོར་གསུངས་སོ། །དེ་ནས་གཞན་ཡང་བྱེ ་བྲག་དུ་བཤད་པར་བྱ་སྟེ་གང་ཡིན་ན། སྒྲུབ་པ་པོས་ཐེག་པ་ཆེན་པོའི་ཚུལ་གྱི་བསྒོམ་པའི་དུས་སུ། གསང་བའི་དཀྱིལ་འཁོར་བསྐྱེད་པའི་དོན་ཆེད་དུ་མདུན་དུ་སྨོས་པའི་ཚུལ་དུ་རྡོ་རྗེ་སེམས་དཔས་མཛད་པ་དེའི་ང་རྒྱལ་གྱི་བསྒོམ་པས་ཁྲུས་མཁན? ་གྱི་བདག་ཉིད་ཀྱི་བུ་མོ་མཚན་དང་ལྡན་པ་ལོ་བཅུ་གཉིས་ལོན་པ་ཚད་དུ་ཕྱིན་པ་མཱ་མ་ཀཱིར་བྱིན་གྱིས་བརླབས་ཏེ་སྤྱད་པར་བྱའོ། །དེའི་འོག་ཏུ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བྱས་ནས། རྡོ་རྗེ་དང་པདྨ་བསྐྱོད་པ་གསང་བའི་ས་རྡོ་རྗེ་དང་པདྨ། ཡེ་ཤེས་ཀྱི་མེས ་རབ་ཏུ་འབར་བའོ། །གཞན་ཡང་རྡོ་རྗེ་རོལ་པས་བྱང་ཆུབ་སེམས་འབྱུང་བའི་དྲོ་བའི་ངོ་བོ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་ཏེ། དེ་ལྟར་གསང་བའི་མེར་ཤེས་པར་བྱའོ། །མདོར་བསྡུས་ན་ཕྱི་དང་ནང་དང་གསང་བའི་ཚུལ་གྱིས་བཤད་པ་དེ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་རྡོ་རྗེ ་མེའི་སྟོབས་ཀྱི་ངོ་བོ་རྡོ་རྗེ་མེར་གསུངས་སོ། །གཞན་ཡང་ཀུན་རྫོབ་དུ་སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་བསྲུང་བའི་དོན་ཆེད་དུ། ལྷ་མ་ཡིན་དང། ལྷ་མ་ཡིན་མོ་དང། སྲིན་པོ་དང་སྲིན་པོ་མོ་རྣམས་གཞོན་པའི་ཕྱིར་འཕགས་པ་མི་གཡོ ་བའི་སྐུ་ཕྱག་རྒྱ་འབྱུང་བ་བཤད་པར་བྱ་སྟེ། གང་ཡིན་ན། དཔལ་རྡོ་རྗེ་སེམས་དཔས་ཐུགས་རྗེ་ཆེན་པོ་ཁྲོ་བས་ཁྲོས་ཏེ། མཱ་མ་ཀཱི་དང་ལྡན་པར་གཉིས་སུ་མེད་པའི་རོལ་པས་བྱང་ཆུབ་སེམས་འོད་དུ་ཞུ་བར་མཛད་དོ། །དེ་ནས་གསང་བའི་ཐུགས་ཀ་དབང་པོ ་གཉིས་ཀྱི་དབུས་སུ་སྐུ་གསུང་ཐུགས་རྡོ་རྗེ་ཡེ་ཤེས་ཀྱི་གཟུགས་ཡིག་འབྲུ་ཧཱུཾ་ཁ་དོག་ནག་པོ་བསྐལ་པའི་མེ་ལྟར་རབ་ཏུ་འབར་བ། འོད་དུ་ཞུ་ནས་བྱང་ཆུབ་སེམས་དང་གཉིས་སུ་མེད་པར་གྱུར་།དེ་ནི་སེམས་ཅན་ཐམས་ཅད་ལ་མདུན་དུ་སྨོས་པའི ་ལྕ་མ་ཡིན་དང། ལྷ་མ་ཡིན་མོ་དང། སྲིན་པོ་དང། སྲིན་མོ་ཐམས་ཅད་ཀྱི་གནོད་པའི་འབྲིགས?་པ་མེད་པར་བྱ་བའི་ཕྱིར། ཁྲོ་བོ་ཆེན་པོ་འཕགས་པ་མི་གཡོ་པའི་སྐུ་ཕྱག་རྒྱ་འདི་ཕྱུང་ངོ། །ཁྲོ་བོ་དེ་སྐུ་མདོག་ནག་པོ་དེའི་དབུའི་རལ་པའི་ཚོགས་བསྐོར ་བའི་ཚུལ་གྱིས། བསྐལ་པའི་མེ་ལྟར་རབ་ཏུ་འབར་བ། སྣ་ཚོགས་ཀྱི་བྱེ་བྲག་གི་སྦྲུལ་གྱིས་སྐུ་བརྒྱན་པ། ཤེས་རབ་མ་འཕགས་མ་མི་གཡོ་བའི་དབང་ཕྱུག་དང། ལྡན་པར་དབང་པོ་གཉིས་མཉམ་པར་སྦྱོར་བར་གྱུར་ཏོ། །གཞན་ཡང་འཕགས་པ་མི་གཡོ་བ་ཞེས ་བྱ་བའི་སྒྲ་བཤད་པར་བྱ་སྟེ། གང་ཞེ་ན། འཕགས་པ་ནི་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པ་ཁྲོ་བའི་གཟུགས་ཀྱི་སྐུ་ཕྱག་རྒྱ་སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར། མདུན་དུ་སྨོས་པའི་མ་རུངས་པའི་བདུད་དགྲ་རྣམས་མེད་པར་བྱེད་པ ་འདུལ་བར་བྱེད་པར་གསུངས་སོ། །དོན་དེའི་ཕྱིར་འཕགས་པར་ཤེས་པར་བྱའོ། །དེ་ནས་མི་གཡོ་བའ་སྒྲ་བོ་བཤད་པར་བྱ་སྟེ། གང་ཡིན་ན། ཅིས་ཀྱང་མི་གཡོ་བས་མི་གཡོ་བར་གསུངས་སོ། །སྒྲུབ་པ་པོས་ཐེག་པ་ཆེན་པོ་ལས་གསུངས་པའི་སྒྲུབ་པ ་ཆེན་པོ་བསྒྲུབ་པར་བྱ་ཞིང་དེའི་དུས་སུ་མདུན་དུ་སྨོས་པ། ལྷ་མ་ཡིན་ལ་སོགས་པ་བདུད་བགེགས་རྣམས་ལ། ཐུགས་རྗེ་ཆེན་པོས་ཁྲོ་བས་ཁྲོས་ཏེ་འཇོམས་པ་དང་མེད་པར་བྱེད་པའི་ཕྱིར་བརྟན་ནས། སྒྲུབ་པ་པོ་མ་གྲུབ་ཀྱི་བར་?་ལས་མཛད་དོ། །དེའི ་ཕྱིར་མི་གཡོ་བའི་སྒྲའི་དོན་དུ་གསུངས་སོ། །དེའི་འོག་ཏུ་རྡོ་རྗེ་དང་བྱང་ཆུབ་དང་སེམས་དཔའ་དང་སེམས་དཔའ་ཆེན་པོ་རྣམས་གོང་དུ་བཤད་པ་དང་མཐུན་ནོ། །དོན་དེའི་ཕྱིར་མོ་རྡོ་རྗེ་བྱང་ཆུབ་སྣམས་དཔའ་སེམས་དཔའ་ཆེན་པོའི་སྒྲའི་དོན་དུ་བཤད་པར ་ཤེས་པར་བྱའོ། །དེ་ལྟར་མེ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པའི་འོག་ཏུ། རླུང་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་བྱ་སྟེ། དེ་ཡང་དངོས་སུ་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བྱའོ། །བཤད་པར་བྱ་སྟེ ་གང་ཡིན་ན། དེ་ནི་སྟོན་པ་རྡོ་རྗེ་འཛིན་ཉིད་ཀྱི་རླུང་དུ་གསུངས་སོ། །དེ་ལ་ཡང་རྣམ་པ་གསུམ་སྟེ། ཕྱི་དང་ནང་དང་གསང་བ་གསུམ་མོ། །དེ་ལ་ཕྱིའི་བཤད་པར་བྱ་སྟེ་གང་ཡིན་ན། འགྲོ་དང་མི་འགྲོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པ་དང་ ་འགྲོ་བ་དང་ཁྱབ་པའི་རླུང་དེ་ལ་དཔལ་རྡོ་རྗེ་སེམས་དཔས་ཆོས་ཀྱི་སྐུའི་ངོ་བོས་ཁྱད་ནས་གནས་པར་གསུངས་སོ། །དེའི་དོན་གསལ་བར་བཤད་པར་བྱ་སྟེ། གང་ཡིན་ན། རླུང་གི་བརྩོན་འགྲུས་དང། རླུང་གི་སྟོབས་དང། རླུང་གི་བསྐྱོད་བ ་དང། རླུང་གི་གྲང་བ་དང། རླུང་གི་དྲོ་བའི་ངོ་བོའི་བྱེ་བྲག་རླུང་རྡོ་རྗེར་གསུངས་སོ། །དེ་ལྟར་ཕྱིའི་རླུང་གི་སྒྲར་ཤེས་པར་བྱའོ། །དེ་ནས་ནང་གི་བཤད་པར་བྱ་སྟེ། གང་ཡིན་ན། དཔལ་རྡོ་རྗེ་སེམས་དཔས་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་རྒྱུད ་བཀའ་སྩལ་བའི་དུས་སུ། དང་པོར་ཡེ་ཤེས་ཀྱི་ཆོ་འཕྲུལ་རྣམས་བསྟན་ཏེ། རྡོ་རྗེ་སེམས་དཔས་ཉིད་ཀྱི་ཐུགས་ཀྱི་གནས་ན་ཡིག་འབྲུ་ཧཱུཾ་ཡེ་ཤེས་སེམས་དཔའ་གཟུགས་མེ་མར་བཞིན་དུ་རབ་ཏུ་འབར་བ། མི་གཡོ་བ་ཁ་དོག་རྣམ་པ་ལྔ་དང་ལྡན་པ་དེའི ་དབུས་ཀྱི་གནས་ནས་དེ་བཞིན་གཤེགས་པ་རྣཾ་པ་ལྔའི་ཡེ་ཤེས་ཀྱི་འོད་གཟེར་རྣམས་སོ་སོའི་རིགས་ཀྱི་ཁ་དོག་དང་ལྡན་པ་གྲངས་མེད་པ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། བ་སྦུའི་བུ་གའི་ལམ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར ་མཛད་པས་ཉོན་མོངས་པའི་སྒྲིབ་པས་སྒྲིངས་པ། བྱིན་གྱིས་རླབས་ཀྱིས་རེག་མ་ཐག་ཏུ་སྡུག་བསྔལ་མེད་པར་མཛད་དོ། །མཛད་མ་ཐག་ཏུ་ཡེ་ཤེས་ཀྱི་འོད་ཟེར་རྣམས་ཡེ་ཤེས་ཀྱི་ལྕགས་ཀྱུར་གྱུར་ནས། མདུན་དུ་སྨོས་པའི་སེམས་ཅན་ཐམས ་ཅད་དགུག་པར་མཛད་དེ། མདུན་དུ་སྨོས་པའི་ལམ་དུ་གཉིས་སུ་མེད་པའི་ཚུལ་དུ་བསྡུ་བར་མཛད་དོ། །དེའི་འོག་ཏུ་གོང་གི་སེམས་ཅན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་གཟུགས་ནམ་མཁའ་ཨི་དབྱིངས་སུ་སྤྲོ་བ་དང་བསྡུ་བ་མཛད་དེ། ་དེ་དག་ཐམས་ཅད་ཡེ་ཤེས་ཀྱི་རླུང་གི་ལས་ཡིན་ནོ། །རྒྱས་པར་བཤད་པར་བྱ་སྟེ་གང་ཡིན་ཞེ་ན། དང་པོ་ནི་ཡེ་ཤེས་སེམས་དཔའ་ཨི་གནས་ནས། ཡེ་ཤེས་ཀྱི་འོད་ཟེར་རྣམས་ཕྱུང་སྟེ། དེ་ནི་ཡེ་ཤེས་ཀྱི་རླུང་གི་བསྐྱོད་པར་གསུངས་སོ། །དེའི་འོག ་ཏུ་བ་སྦུ་བུ་གའི་ལམ་ནས་སྤྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པ་ནི་ཡེ་ཤེས་ཀྱི་རླུང་གི་བརྩོན་འགྲུས་སུ་གསུངས་སོ། །གཞན་ཡང་མདུན་དུ་སྨོས་པའི་ཚུལ་བཞིན་སེམས་ཅན་ཐམས་ཅད་བཀུག་ནས་བསྡུས་པ་ནི། ཡེ་ཤེས་གྱི་རླུང་གི ་སྟོབས་སུ་གསུངས་སོ། །དེ་ལྟར་ཡེ་ཤེས་ཀྱི་ལས་བྱེད་པ་རྣམས་རླུང་རྡོ་རྗེ་བྱམས་པར་ཤེས་པར་བྱའོ། །དེ་ནས་གཞན་ཡང་བྱེ་བྲག་དུ་བཤད་པར་བྱ་སྟེ། ཇི་ལྟར་རྡོ་རྗེ་སེམས་དཔས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཡེ་ཤེས་ཀྱི་རླུང་གི་ཆོ་འཕྲུལ ་གྱི་སྤྲོ་བའི་ལས་མཛད་པ་དེ་བཞིན་དུ་སྒྲུབ་པ་པོས་རྡོ་རྗེ་སེམས་དཔའ་བསྒོམ་པའི་དུས་སུ་ཡེ་ཤེས་ཀྱི་རླུང་གི་སྤྲོ་བའི་ལས་བྱའོ། །དེ་ལྟར་རླུང་རྡོ་རྗེ་བྱམས་པའི་ངོ་བོར་གསུངས་སོ། །དེ་ལྟར་ནད་གི་རླུང་གི་སྒྲར་ཤེས་པར་བྱའོ། །དེ་ནས་གསང་པའི་རླུང ་གི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔས་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་འཁོར་དབྱུང་བའི་ཕྱིར་མཱ་མ་ཀཱི་དང་གཉིས་སུ་མེད་པར་སྦྱོར་བས་ཐུགས་རྗེ་ཆེན་པོའི་འདོད་ཆགས་རང་བཞིན་གྱིས་དགའ་ ་བའི་སེམས་བསྐྱེད་དེ། ཐབས་དང་ཤེས་རབ་ཀྱི་རོལ་པས་གཡས་བརྐྱང་བ་དང། གཡོན་བསྐུམ་པ་དང། སྟང་སྟབས་ཀྱི་གམ་པ་རྣམས་ཀྱིས་སྣ་ཚོགས་ཀྱི་བྱེ་བྲག་གིས་སྨིན་མ་བསྐྱོད་ཅིང་བསྒྱུར་ནས་རྡོ་རྗེ་གར་མཛད་དེ། དབང་པོ་གཉིས་ཏིང་ངེ ་འཛིན་གྱིས་སྦྱར་ནས། བརྩོན་འགྲུས་ཀྱིས་རོལ་པ་མཛད་དོ། །དེ་ལྟ་བུའི་ཚུལ་གྱི་རོལ་པ་རྒྱས་པར་བཤད་པར་བྱ་སྟེ་གང་ཞེ་ན། རོལ་པའི་ལས་རླུང་གི་ངོ་བོར་གསུངས་ཏེ། རྡོ་རྗེ་སེམས་དཔའ་ཨི་སྐུ་ལ་བྱང་ཆུབ་ཀྱིས་ཁྱབ་ནས་གནས་པ་དེ། ་རོལ་པ་བྱས་པས་ཁུ་བའི་ངོ་བོ་བྱང་ཆུབ་སེམས་བསྐྱོད་པ་དེ་ནི་རླུང་གི་བསྐྱོད་པའོ། །གཞན་ཡང་ཐབས་དང་ཤེས་རབ་ཀྱི་ལས་མཐར་ཕྱིན་ནས་བདེ་བ་ཆེན་པོ་རོལ་པའི་འབྲས་བུར་གྱུར་པའི་དུས་སུ། བྱང་ཆུབ་སེམས་ཀྱི་རྩི་ཐམས་ཅད་ཀྱི་ལམ་དུ ་གསང?་བའི་རྡོ་རྗེ་སྒོའི་ལམ་ནས་མཱ་མ་ཀཱིའི་བྷ་གའི་དབུས་སུ་འོང་དུ་ཞུ་ནས་ཟླ་བ་འདྲ་བར་གནས་ཏེ། དེ་ལྟར་རླུང་རྡོ་རྗེའི་ཤུགས་སུ་གསུངས་སོ། །དེ་ནས་ཡང་ཐབས་དང་ཤེས་རབ་རོལ་པ་བྱ་བའི་དུས་སུ། རྡོ་རྗེ་དང ་པདྨ་ད་བསྐྱོད་པའི་དུས་ནི་རྡོ་རྗེ་གར་བྱེད་པར་གསུངས་སོ། །ཚུལ་དེ་ལྟར་རྡོ་རྗེ་སེམས་དཔའ་ཨི་སྐབས་སུ་གསུངས་པ་དེ་བཞིན་དུ་སྒྲུབ་པ་པོས་ཀྱང་བྱའོ། །དེ་ལྟར་ཐམས་ཅད་བཤད་པ་དེ་ནི་རླུང་རྡོ་རྗེ་བྱམས་པའི་ངོ་བོར་གསུངས་ཏེ། ཚུལ ་དེ་ལྟར་གསང་བའི་རླུང་གི་སྒྲར་ཤེས་པར་བྱའོ། །དེ་ལྟར་ཕྱི་དང་ནང་དང་གསང་བའི་ཚུལ་གྱིས་བཤད་པ་དེ་ནི། དཔལ་རྡོ་རྗེ་སེམས་དཔའ་ཨི་རླུང་རྡོ་རྗེ་སྟོབས་ལས་ཀྱི་ངོ་བོར་གསུངས་སོ། །གཞན་ཡང་ཀུན་རྫོབ་དུ་སྒྲུབ་པ་པོ་ལ་སོགས་པ་སེམས ་ཅན་ཐམས་ཅད་ཀྱི་དོན་ཆོད?་དུ་བྱམས་པའི་སྐུ་དབྱུང་བ་བཤད་པར་བྱ་སྟེ། གང་ཡིན་ན། དཔལ་རྡོ་རྗེ་སེམས་དཔས་ཐུགས་རྗེ་ཆེན་པོས་རྒྱས་པའི་ཚུལ་དུ་མཱ་མ་ཀཱ་དང་གཉིས་སུ་མེད་པའི་རོལ་པས་བྱང་ཆུབ་སེམས་འོད་དུ་ཞུ་བར་མཛད་དེ། གསང ་བའི་ཐུགས་ཀ་དབང་པོ་གཉིས་ཀྱི་དབུས་སུ་སྐུ་དང་གསུང་དང། ཐུགས་རྡོ་རྗེ་ཡེ་ཤེས་ཀྱི་ཡིག་འདྲུ་ཨོཾ་ཁ་དོག་དཀར་པོ་ཟླ་བ་འབུམ་ཕྲག་བརྒྱའི་འོད་ལྟ་བུ་རབ་ཏུ་འབར་བ་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་གྱུར་ཏེ། ས་བོན་དེའི་ངོ་བོ་ལས ་བདེ་པར་གཤེགས་པ་རྣམ་པར་སྣང་མཛད་སངས་རྒྱས་སྤྱན་དང་གཉིས་སུ་མེད་པའི་སྦྱོར་བ་ཕྱུང་ངོ། །སྐུ་མདོག་དང་ཞལ་དང་ཕྱག་མཚན་དང་རྒྱན་ལ་སོགས་པ་དཀྱིལ་འཁོར་གྱི་སྐབས་ནས་འབྱུང་བ་དེ་བཞིན་དུ་འདིར་སྨོས་སོ། །དེའི་འོག ་ཏུ་རྣམ་པར་སྣང་མཛད་ཀྱིས་ཐུགས་རྗེ་ཆེན་པོ་འདོད་ཆགས་ཀྱི་ཐུགས་ཀྱིས་སངས་རྒྱས་སྤྱན་དང་ཐབས་དང་ཤེས་རབ་ཀྱི་རོལ་པས་སངས་རྒྱས་སྤྱན་གྱི་བྷ་གའི་དབུས་སུ་འོད་དུ་ཞུ་བར་མཛད་དེ། དཀར་པ་དག་པ་དྲི་མ་མེད་པའི་འོད་དང ་ལྡན་པ་ཟླ་བ་ལྟ་བུར་གསུངས་སོ། །དེའི་འོག་ཏུ་ཡིག་འབྲུ་མོའི་རིན་པོ་ཆེ་འཛམ་བུ་ནཱ་དེའི་ཁ་དོག་འདྲའ་བ། ཟླ་བ་འབུམ་ཕྲག་བརྒྱ་དང་མཉམ་པ་རབ་ཏུ་འབར་བའི་འོང་དུ་ཞུ་ནས་ས་བོན་དེ་ལས་བྱམས་པའི་སྐུ་ཕྱག་རྒྱ་ཕྱུང་ངོ། །དེའི་ཤེས་རབ་མ་ལྷ་མོ ་བྱམས་མ་དང་ལྡན་པ་དབང་པོ་གཉིས་མཉམ་པར་སྦྱོར་བར་གྱུར་ཏོ། །དེའི་སྤྱི་བོ་ལ་རྣམ་པར་སྣང་མཛད་དབང་བསྐུར་བའི་ཚུལ་དུ་བཞུགས་སོ། །གཞན་ཡང་བྱམས་པ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ན། སྒྲུབ་པ་པོ་ལ་སོགས་པ ་སེམས་ཅན་ཐམས་ཅད་ལ་བྱམས་པས་ཐུགས་མཉམ་པར་མཛད་པས་རྒྱས་པའི་དངོས་གྲུབ་སྩོལ་བའོ། །དེ་སྩལ་བས་སྒྲུབ་པ་པོའི་རྒྱུད་ལ་མདུན་དུ་སྨྲོས་པའི་རྣམ་པར་རྟོག་པ་ཆེན་པོ་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པའི་འདུད་དགྲ་རྣམས་འཇོམS ་བར་མཛད། ཕམ་པར་མཛད་པར་གསུངས་སོ། །དོན་དེའི་ཕྱིར་བྱམས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེའི་འོག་ཏུ་རྡོ་རྗེ་དང། བྱང་ཆུབ་དང་སེམས་དཔའ་དང་སེམས་དཔའ་ཆེན་པོ་ནི་གོང་དུ་བཤད་པ་དང་མཐུན་ནོ། །དོན་དེའི་ཕྱིར་རླུང་རྡོ་རྗེ ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་ཤེས་པར་བྱའོ། །དེ་ལྟར་རླུང་རྡོ་རྗེ་བྱང་ཆུབ་སེམས་དཔའ་བཤད་པའི་འོག་ཏུ། ནམ་མཁའ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་བྱ་སྟེ། དེ་ཡང་དངོས་སུ་ན་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་བྱའོ། །བཤད་པར་བྱ་སྟེ། དེ་ཉིད་སྟོན་པ་རྡོ་རྗེ་འཛིན་གྱི་ནམ་མཁའ་ཨོ། གང་ཡིན་ན། ཕྱི་དང་ནང་དང་གསང་བའོ། །དེ་ལ་ཕྱིའི་བཤད་པར་བྱ་སྟེ། འགྲོ་དང་མི་འགྲོ་བའི་འཇིག་རྟེན་གྱི་ཁམས ་ཐམས་ཅད་ལྔ་ངོ་བོ?་མེད་པའི་ནམ་མཁས་ཁྱབ་པར་གསུངས་སོ། །དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུ་ཡེ་ཤེས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་དངོས་པོ་མེད་པ་སྐྱོན་ཐམས་ཅད་དང་བྲལ་པས་ཁྱབ་པར་གསུངས་སོ། །བཤད་པར་བྱ་སྟེ། མདུན་དུ ་སྨོས་པའི་ཚུལ་གྱི་ནམ་མཁའ་དེའི་ཡོན་ཏན་སེམས་ཅན་དངོས་པོ་ཡོད་པ་དང་དངོས་པོ་མེད་པ་ནམ་མཁའ་གང་བ་ཐམས་ཅད་འབྱུང་བའི་སྙིང་པོའི་ངོ་བོར་གསུངས་སོ། །དེ་ནས་ཆོས་ཀྱི་སྐུའི་ཡོན་ཏན་བཤད་པར་བྱ་སྟེ། ཡེ་ཤེས་ཐམས་ཅད་ཀྱི ་དངོས་གྲུབ་རིག་པ་ཀུན་དང་སྲིད་པའི་རྫས་ཐམས་ཅད་དང་སེམས་ཅན་ཐམས་ཅད་འབྱུང་ངོ། །གཞན་ཡང་སྒྱུ་འཕྲུལ་དྲ་བའི་ཆོ་འཕྲུལ་གྱི་སྟོབས་རྣམས་དང། དེ་ལྟར་ཐམས་ཅད་ཀྱི་དོན་ནི་ཆོས་ཀྱི་སྐུའི་སྙིང་པོའི་ངོ་བོར་གསུངས་སོ། །དེ་ལྟར་མདུན་དུ ་སྨོས་པའི་ཇི་སྙེད་བཤད་པ་དེ་ནི་ནམ་མཁའ་རྡོ་རྗེར་བཤད་དོ། །དེ་ལྟར་ཕྱིའི་ནམ་མཁའ་ཨི་སྒྲར་ཤེས་པར་བྱའོ། །དེ་ནས་ནམ་མཁའ་ནང་གི་སྒྲ་བཤད་པར་བྱ་སྟེ་གང་ཡིན་ན། དངོས་པོ་མེད་པ་ཆོས་ཀྱི་སྐུ་ནམ་མཁའ་དང་འདྲ་བ་སྒྲུབ་པ་པོའི་ལུས་ལ་སེམས་ཀྱི ་ངོ་བོར་གནས་པར་གསུངས་སོ། །དེ་སྒྲུབ་པ་པོས་བསྒོམ་པའི་དུས་སུ་ཡེ་ཤེས་ཀྱི་ཡིག་འབྲུ་རྣམས་དང། ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམས་དང། ཡེ་ཤེས་ཀྱི་འོད་ཟེར་དེ་དག་ཐམས་ཅད་འབྱུང་བ་དང་བསྡུ་བའི་སྙིང་པོའི་ངོ་བོར་གསུངས་སོ། །དེ་ལྟར ་བཤད་པའི་ཡོན་ཉན་དང་འདྲ་བར་ནམ་མཁའ་རྡོ་རྗེ་གསུངས་སོ། །དེ་ལྟར་ནང་གི་ནམ་མཁའ་ཨི་སྒྲར་ཤེས་པར་བྱའོ། །དེ་ནས་གསང་བའི་ནམ་མཁའ་ཨི་སྒྲ་བཤད་པར་བྱ་སྟེ་གང་ཡིན་ན། སྒྲུབ་པ་པོས་སྒྲུབ་པ་བསྒྲུབ་པའི་དུས་སུ་ཐབས་དང་ཤེས་རབ་ཀྱི་རོལ་པ་བྱེད ་པའི་ཤེས་རབ་ཀྱི་བྷ་ག་ནམ་མཁར་གསུངས་སོ། །གཞན་ཡང་ཐབས་དང་ཤེས་རབ་ཀྱི་དབང་པོ་གཉིས་མཉམ་པར་སྦྱོར་བའི་དུས་སུ། དབང་པོ་གཉིས་བྱང་ཆུབ་སེམས་སྤྲོ་བ་དང། འབྱུང་བའི་སྒོ་རྣམས་ནམ་མཁའ་དང་འདྲ་བ་སྟོང་པ་དང་དངོས་པོ་མེད་པ ་གསུངས་སོ། །?་དེའི་ཡོན་ཏན་བཤད་པར་བྱ་སྟེ། ཤེས་རབ་ཀྱི་བྷ་ག་བདེ་བའི་གནས་བདེ་བའི་གདན་བདེ་བ་འབྱུང་བ་འཇམ་པ་བྱང་ཆུབ་ཀྱི་སེམས་འོད་དུ་ཞུ་བ་འབྱུང་བའི་ས། ཡེ་ཤེས་ཀྱི་ཡིག་འབྲུ་རྣམས་དང། ཡེ་ཤེས་ཀྱི་འོད་ཟེར་རྣམས ་སྤྲོས་པའི་རྡོ་རྗེའི་དབྱིངས། གཞན་ཡང་གསང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་བདེ་བའི་རོལ་པ་བྱ་བའི་སྤྱོད་པའི་གནས་དེ་ལྟར་མདོར་བསྡུས་པའི་ཡོན་ཏན་ཇི་སྙེད་པ་དེ་ནི་།ནམ་མཁའ་རྡོ་རྗེའི་ངོ་བོར་གསུངས་སོ། །དེ་ནས་གཞན་ཡང་རིགས་པས་བསྟན་ཏེ་གང་ཞེ་ན། ་ནམ་མཁར་རྡོ་རྗེར་གསུངས་པའི་ངོ་བོར་གསུངས་པ་ནི་འཇམ་དཔལ་རྡོ་རྗེ་ཡིན་ནོ། །གཞན་ཡང་དོན་དམ་པ་དཔལ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད། སྟོན་པ་ཁམས་གསུམ་གྱི་བདག་པོ་ངེས། ཐུགས་རྡོ་རྗེ་ཆེན་པོས་མ་འོངས་པའི ་སེམས་ཅན་གྱི་རྒྱུད་ལ། གཏི་མུག་ལས་འབྱུང་བ་མ་རིག་པའི་མུན་པའི་རི་བོ་དམན་པའི་བློ་དང་ལྡན་པ་བྱང་ཆུབ་ཀྱི་ལམ་ལས་ཕྱིར་བཟློག་པ། དམྱལ་བའི་ལམ་དུ་ཁྲིད་མཁན་ཏེ་མེད་པར་བྱ་བའི་གཉེན་པོའི་དོན་ཕྱེད་དུ། དཔལ་རྡོ་རྗེ་སེམས་དཔས་ཆོས་ཐམས་ཅད ་བཤད་པའི་དོན་དུ་།བླ་ན་མེད་པའི་ཤེས་རབ་ཀྱིས་ཕ་རོལ་རྒོལ་བ་ཚངས་པ་དང། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་དང། གཞན་ཡང་དེའི་བསྟན་པ་ལ་གནས་པའི་མིའི་རིགས་ཕམ་པར་བྱ་བའི་ཕྱིར། བླ་ན་མེད་པའི་ཤེས་རབ་ཀྱི་ངོ་བོ་ནམ་མཁའ་རྡོ་རྗེ ་འཇམ་དཔལ་དུ་གསུངས་སོ། །དེ་ལྟར་ཚུལ་གྱིས་གསང་བའི་ནམ་མཁའ་ཨི་སྒྲར་ཤེས་པར་བྱའོ། །གཞན་ཡང་སྒྲུབ་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ལ་གནས་པ་རྣམས་ཀྱིས་ཕ་རོལ་གྱི་རྒོལ་བ་ཏི་རྟི་ཀ་ཕམ་པར་བྱ་བའི་ཕྱིར་འཇམ་དཔལ་གྱི་སྐུ་ཕྱག ་རྒྱ་འབྱུང་བ་བཤད་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔས་ཐུགས་རྗེ་ཆེན་པོ་འདོད་ཆགས་ཀྱི་དགའ་བའི་ཐུགས་ཀྱི་མཱ་མ་ཀཱི་དང་གཉིས་སུ་མེད་པའི་སྦྱོར་བའི་རོལ་པས་བྱང་ཆུབ་སེམས་འོད་དུ་ཞུ་བར་མཛད་དེ། དེ་ནས་གསང་བའི་ཐུགས་དབང་པོ་གཉིས་ཀྱི ་དབུས་སུ། དེའི་སྟེང་དུ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་ཀྱི་གཟུགས་ཡིག་འབྲུ་ཡུཾ་འཛམ་བུ་ནཱ་ད་འདྲ་བ་ཁ་དོག་ཅུང་ཟད་དམར་བ། འཛམ་བུ་ནཱ་ད་འབུམ་ཕྲག་བརྒྱའི་འོད་དང་མཉམ་པ་འོད་དུ་ཞུ་ནས་བྱང་ཆུབ་སེམས་སུ་གྱུར་ཏེ། ས་བོན་གྱི་ངོ་བོ་དེ ་ལས་འཇམ་དཔལ་གྱི་སྐུ་ཕྱག་རྒྱ་ཕྱུང་ངོ། །དེའི་ཤེས་རབ་མ་ལྷ་མོ་སྙིང་རྗེ་མ་དང་དབང་པོ་གཉིས་མཉམ་པར་སྦྱོར་བར་འགྱུར་རོ། །དེའི་ཞལ་དང་སྐུ་མདོག་དང་ཕྱག་མཚན་དང་རྒྱན་རྣམས་ནི་དཀྱིལ་འཁོར་ཀྱི་སྐབས་ནས་འབྱུང་བ་དང་མཐུན་ནོ།། ་དེའི་སྤྱི་བོའི་གནས་ན་དཔལ་རྡོ་རྗེ་སེམས་དཔས་དབང་བསྐུར་བའི་ཚུལ་དུ་བཞུགས་སོ། །གཞན་ཡང་འཇམ་དཔལ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། འཇམ་པ་ནི་སྐུ་ཕུན་སུམ་ཚོགས་པ་ཞི་བ་དང་རྒྱས་པའི་ཚུལ་ལ་རྒྱས་པར་གསུངས་སོ། །གཞན་ཡང་བླ ་ན་མེད་པའི་ཕྱི་ནང་གི་རིག་པ་ཐམས་ཅད་ཀྱི་སྙིང་པོའི་ངོ་བོའི་ཤེས་རབ་ལས་འབྱུང་བས་འཇམ་ཞེས་གསུངས་སོ། །དེ་ནས་དཔལ་ནི་མདུན་དུ་སྨོས་པའི་ཕྱི་དང་ནང་དང་གསང་བའི་ཡོན་ཏན་ཕུན་སུམ་ཚོགས་པའི་སྒྲར་བཤད་དོ། །དེའི་འོག་ཏུ་རྡོ་རྗེ་དང་བྱང་ཆུབ ་དང་སེམས་དཔའ་དང་སེམས་དཔའ་ཆེན་པོ་ནི་གོང་དུ་བཤད་པ་དང་མཐུན་ནོ། །དོན་དེའི་ཕྱིར་ནམ་མཁའ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཤད་པར་ཤེས་པར་བྱའོ། །དེ་ལྟར་ནམ་མཁའ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི ་འོག་དུ། གཟུགས་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་བྱ་སྟེ། དངོས་སུ་ན། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་བྱའོ། །དེ་ཉིད་སྟོན་པ་རྡོ་རྗེ་འཛིན་གྱི་གཟུགས་སུ་གསུངས་སོ། །བཤད་པར་བྱ་ན་གང་ཡིན་ན། ཕྱི་དང་ནང ་དང་གསང་བ་གསུམ་མོ། །དེ་ལ་ཕྱིའི་བཤད་པར་བྱ་སྟེ་གང་ཡིན་ན། ཁ་དོག་གི་བྱེ་བྲག་དཀར་པོ་ལ་སོགས་པ་རྣམས་པ་ལྔ་དང། གཞན་ཡང་འགྲོ་བ་རིས་དྲུག་གི་འཁོར་བ་ལ་འབྱུང་བ་གནས་པ་དང། གཞན་ཡང་ས་བཞི་འབྱུང་བ་དང་གནས་པའི་རྫས ་ཐམས་ཅད། འབྱུང་བ་ལྔའི་བདག་ཉིད་ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པར་གསུངས་ཏེ། དེ་དག་དཔལ་རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུས་ཁྱབ་ནས་གནས་སོ། །གཞན་ཡང་རིག་པས་བཤད་དེ། རྫས་ཀྱི་གཟུགས་ཀྱི་ངོ་བོ་དེ་དག་ཐམས་ཅད་ཆོས་ཀྱི ་སྐུ་ལས་བྱུང་བར་གསུངས་སོ། །དེ་ནས་འདི་ལྟར་རྫས་ཐམས་ཅད་ཀྱི་གཟུཌ་ཀྱི་ཡོན་ཏན་བཤད་པར་བྱ་སྟེ། གང་ཡིན་ན། སྣ་ཆགས་ཀྱི་བྱེ་བྲག་སེམས་ལས་བྱུང་བ་དང། གནས་ན་གནས་པ་དང། གཞན་ཡང་སྣ་ཚོགས་ཀྱི་བྱེ་བྲག་འགྲོ་བ་དང། འོད་བ་དང། གཞན ་ཡང་སྣ་ཚོགས་ཀྱི་བྱེ་བྲག་གི་སྤྱོད་པ་སྤྱོད་པ་དང། གཞན་ཡང་སྣ་ཚོགས་ཀྱི་བྱེ་བྲག་གིས་སྒྱུ་འཕྲུལ་དྲ་བའི་ངོ་བོའི་སྤྲུལ་པར་གསུངས་སོ། །དེ་ལྟར་མདོའི་བསྡུས་པའི་ཡོན་ཏན་བཤད་པ་ད་ནི། རྡོ་རྗེ་སེམས་དཔའ་ཨི་རོལ་པ་བྱ་བའི་སྤྲུལ་པའི་གཟུགས་རྣམས ་གཟུགས་རྡོ་རྗེ་སའི་སྙིང་པོར་གསུངས་སོ། །དེ་ལྟར་ཕྱིའི་གཟུགས་ཀྱི་སྒྲའི་དོན་ཤེས་པར་བྱའོ། །དེ་ནས་ནང་གི་གཟུགས་ཀྱི་སྒྲའི་ངོན་བཤད་པར་བྱ་སྟེ་གང་ཡིན་ན་།རྡོ་རྗེ་སེམས་དཔས་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བ་མ་འོངས་པའི་སེམས ་ཅན་གྱི་དོན་དུ་རྒྱུད་བཀའ་སྩལ་པའི་དུས་སུ་ཡེ་ཤེས་ཀྱི་སྤྲུལ་པ་བསྟན་ཏོ། །འདི་ལྟར་རྒྱས་པར་བཤད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཐུགས་ཀ་ན་ཡི་གེ་ཧཱུཾ་ཡེ་ཤེས་སེམས་པའི་ངོ་བོ་པདྨའི་དབུས་ན་གནས་པ་ལས་ཡེ་ཤེས་ཀྱི་འོད་ཟེར་གྱི་སྣ ་ཚོགས་ཀྱི་བྱེ་བྲག་རིགས་ཀྱི་ཁ་དོག་དང་ལྡན་པར་སྤྲོ་བར་མཛད་དོ། །གཞན་ཡང་སྣ་ཚོགས་ཀྱི་བྱེ་བྲག་གིས་ཡེ་ཤེས་ཀྱི་ལྷ་མོ་རྣམས་ཀྱི་ས་བོན་གྱི་ཡིག་འབྲུ་སྤྲོ་བར་མཛད་དོ། །གཞན་ཡང་སྣ་ཚོགས་ཀྱི་བྱེ་བྲག་གི་ཕྱག་མཚན་སྤྲོ་བར་མཛད་དོ། ། ་གཞན་ཡང་སྣ་ཚོགས་ཀྱི་གཟུགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། ཁྲོ་བོའི་རྒྱལ་པོ་ལ་སོགས་པ་སྤྲིན་བཞིན་དུ་སྤྲོ་བར་མཛད་དོ། །དེ་ལྟར་ཡེ་ཤེས་ཀྱི་གཟུགས་ཀྱི་ངོ་བོ་ཐམས་ཅད་ནི་གཟུགས་རྡོ་རྗེ་སའི་ངོ་བོར་གསུངས་སོ། །དེ་ནས ་བཤད་པའི་བྱེ་བྲག་གིས་བཤད་པར་བྱ་སྟེ་གང་ཡིན་ན། མཐུན་རུ?་སྨོས་པའི་བཤད་པའི་དོན་དེ་ནི། དེའི་ཚུལ་གྱིས་སྒྲུབ་པ་པོ་རྣམས་ཀྱི་རྒྱུད་ལས་གསུངས་སོ། །དེ་ལྟར་ནང་གི་གཟུགས་ཀྱི་སྒྲའི་དོན་ཤེས་པར་བྱའོ། །དེ་ནས་གསང་བའི་གཟུགས་ཀྱི་ ་སྒྲའི་དོན་བཤད་པར་བྱ་སྟེ་གང་ཡིན་ན། དཔལ་རྡོ་རྗེ་སེམས་དཔས་མཱ་མ་ཀཱི་དང་གཉིས་སུ་མེད་པར་སྦྱོར་པས་། ཐབས་དང་ཤེས་རབ་ཀྱི་རོལ་པས་བྱང་ཆུབ་སེམས་གསང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་པའི་ས་བོན་གྱི་གཟུགས་རྣམS ་སྤྲོ་བར་མཛད་དོ། མཱ་མ་ཀཱའི་བྷ་གའི་དབུས་སུ་ཟླ་བ་དང་འདྲ་བར་གྱུར་ཏེ། བྱང་ཆུབ་ཀྱི་དེ་ནི་སོ་སོ་རིགས་ཀྱི་བྱེ་བྲག་གི་ཁ་དོག་དང་ལྡན་པ། སོ་སོ་འཁོར་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཡེ་ཤེས་ཀྱི་ཡིག་འབྲུས་སྐུ་ཕྱག་རྒྱ་འབྱུང་བའི་དུས་སུ་བྱང་ཆུབ་ཀྱི ་སེམས་བྱིན་གྱིས་བརླབ་པོ། །དེའི་འོག་ཏུ་ཉིད་ཀྱི་རིགས་ཀྱི་ཁ་དོག་དུ་འགྱུར་རོ། །དེ་ལྟར་ཁ་དོག་བཤད་པ་དེ་ནི་གཟུགས་ཀྱི་ངོ་བོ་གཟུགས་རྡོ་རྗེ་སའི་སྙིང་བོར་གསུངས་སོ། །མདུན་དུ་སྨོས་པའི་བཤད་པའི་དོན་དེ་ནི་སྒྲུབ་པ་པོ་རྣམས་ཀྱི་རྒྱུད་ལ་སྦྱར་བར ་གསུངས་སོ། །དེ་ལྟར་གསང་བའི་གཟུགས་ཀྱི་སྐྲར་ཤེས་པར་བྱའོ། །གཞན་ཡང་སྒྲུབ་པ་བོ་ལ་སོགས་པ་གང་ཡང་རུང་བ། སངས་རྒྱས་ཀྱི་བསྟན་པ་ལ་གནས་པ་གཏི་མུག་གིས་བསྒྲིབས་པའི་སེམས་ཅན་རྣམས་ཀྱིས་གཏི་མུག་མི་སྤོང་པར་བྱེད་པ ་འབྱུང་བ་དང་སྐྱེད་པར་བྱེད་པ་བྱིན་གྱིས་རློབ་པར་བྱེད་པའི་ལྷ་བདུད་དགྲ་རྣམས་ཕམ་པར་བྱ་བའི་ཕྱིར། སའི་སྙིང་པོའི་སྐུ་ཕྱག་རྒྱ་བྱུང་བ་བཤད་པར་བྱ་སྟེ། གང་ཡིན་ན། དཔལ་རྡོ་རྗེ་སེམས་དཔས་ཐུགས་རྗེ་ཆེན་པོ་ཞི་བའི་ཚུལ་གྱིས་མཱ་མ་ཀི?་དང་གཉིས ་སུ་མེད་པའི་སྦྱོར་པའི་རོལ་བས། བྱང་ཆུབ་སེམས་འོད་དུ་ཞུ་བར་མཛད་དེ། གསང་བའི་ཐུགས་ཀ་དབང་པོ་གཉིས་ཀྱིས་དབུས་སུ། སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཡེ་ཤེས་ཀྱི་གཟུགས་ཡིག་འབྲུ་ཨོཾ་ཁ་དོག་དཀར་པོ་ཟླ་བ་འབུམ་ཕྲག་བརྒྱའི་འོད ་དང་མཉམ་པ་རབ་ཏུ?་འབར་བ་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་སུ་གྱུར་ཏོ། །ས་བོན་གྱི་ངོ་བོ་དེ་ལས་རྣམ་པར་སྣང་མཛད་སངས་རྒྱས་སྤྱན་དང་ལྡན་པ་གཉིས་སུ་མེད་པར་སྦྱོར་བར་གྱུར་པ་དེའི་སྐུ་མདོག་དང་ཞལ་དང་ཕྱག་མཚན་དང་རྒྱན་ལ་སོགས་པ ་ནི་དཀྱིལ་འཁོར་གྱི་སྐབས་ནས་འབྱུང་བ་དེ་བཞིན་དུ་འདིར་སྦྱར་རོ། །དེའི་འོག་ཏུ་རྣམ་པར་སྣང་མཛད་ཀྱི་ཐུགས་རྗེ་ཆེན་པོའི་འདོད་ཆགས་ཀྱི་རྩ་ཀྱི་ཐུགས་ཀྱིས་སངས་རྒྱས་སྤྱན་དང་ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་ནས། སངས་རྒྱས་སྤྱན་གྱི་བྷ་གའི་དབུས་སུ་བྱང ་ཆུབ་ཀྱི་སེམས་འོད་དུ་ཞུ་བར་མཛད་དེ། དཀར་བ་དག་པ་མདུན་དུ་སྨོས་པའི་ཟླ་བ་འདྲ་བར་གསུངས་སོ། །དེའི་སྟེང་དུ་ཡིག་འབྲུ་ལ་ཐིམ་པ་འམ་ཡང་ན་ཁྲིམས་ཡང་རུང་བ་བཀོད་དོ། །ཁ་དོག་རིན་པོ་ཆེ་ཤེལ་འདྲ་བ་ཟླ་བ་འབུམ་ཕྲག་གི་འོད་འདྲ་བ་རབ་ཏུ ་འབར་བ་འོད་དུ་ཞུ་ནས། ས་བོན་དེ་ལས་སའི་སྙིང་པོའི་སྐུ་ཕྱག་རྒྱ་བྱུང་ངོ། །དེའི་ཤེས་རབ་གཟུགས་རྡོ་རྗེ་ལྷ་མོ་དང་ལྡན་པར་དབང་པོ་གཉིས་མཉམ་པར་གྱུར་པ། དེའི་དབུའི་སྤྱི་བོ་ན་རྣམ་པར་སྣང་མཛད་དབང་བསྐུར་པའི་ཚུལ་དུ་བཞུགས་སོ། །དེ་ནས ་གཞན་ཡང་སའི་སྙིང་པོ་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ་། གང་ཡིན་ན་སའི་སྙིང་པོའོ། །དེ་ཕྱི་ནང་གསང་བའི་ཚུལ་གྱིས་བསྟན་ཏེ། དེ་ལ་ཕྱི་ནི་གཟུགས་ཐམས་ཅད་འབྱུང་བའི་རྟེན་ས་དེ་ལ་དོན་དམ་པ་རྟེན་པའི་གཟུགས་རྡོ་རྗེ་སའི་སྙིང་པོར་གསུངས ་ཏེ། དེ་ལྟར་ཕྱིའི་སའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་སའི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ན། དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་འམ་སྒྲུབ་པ་པོའི་སྙིང་ག་ན་མདུན་དུ་སྨོས་པའི་ཚིག་གི་དོན་ནི་ཡིག་འབྲུ་ཧཱུཾ་ཡེ་ཤེས་སེམས་པའི་གཟུགས ་གནས་ཏེ། དེ་ལ་མདུན་དུ་སྨོས་པའི་ཡེ་ཤེས་སེམས་དཔའ་ཐུགས་ལ་གནས་པའི་གནས་སོ། །དེ་ལྟར་ནང་གི་ས་ནི་རྟེན་པ་སྙིང་པོའི་ངོ་བོ་གཟུགས་རྡོ་རྗེ་སའི་སྙིང་པོར་གསུངས་ཏེ། དེ་ལྟར་ནང་གི་སའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང ་བའི་སའི་སྒྲ་ཤེས་པར་བ་སྟེ། གང་ཡིན་ན། དཔལ་རྡོ་རྗེ་སེམས་དཔའ་འམ། ཡང་ན་སྒྲུབ་པ་པོས་རོལ་པ་བྱ་བའི་དུས་སུ། ཤེས་རབ་ཀྱི་བྷ་གའི་དབུས་སུ་བྱང་ཆུབ་ཀྱི་སེམས་འོད་དུ་ཞུ་བར་མཛད་དེ། དེ་གནས་པའི་གནས་བརྟེན་པའི་ས། སྙིང་པོའི ་ངོ་བོ་གཟུགས་རྡོ་རྗེ་སའི་སྙིང་པོའི་ངོ་བོར་གསུངས་སོ། །དེ་ལྟར་གསང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེའི་འོག་ཏུ་རྡོ་རྗེ་དང་བྱང་ཆུབ་དང་སེམས་དཔའ་དང་སེམས་དཔའ་ཆེན་པོ་ནི་གོང་དུ་བཤད་པ་དང་མཐུན་ན། །དོན་དེའི ་ཕྱིར་གཟུགས་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་ཤེས་པར་བྱའ། །དེ་ལྟར་གཟུགས་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འོག་ཏུ། སྒྲ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར ་བྱ་སྟེ། དེ་ཡང་དངོས་སུ་ན། ཕྱག་ན་རྡོ་རྗེ་ལ་བྱ་སྟེ། དེ་ཉིད་སྟོན་པ་རྡོ་རྗེ་འཛིན་གྱི་སྒྲར་གསུངས་སོ། །དེ་ལ་ཡང་རྣམ་པ་གསུམ་སྟེ། ཕྱི་དང་ནང་དང་གསང་བའོ། དེ་ལ་ཕྱིའི་སྒྲའི་དོན་བཤད་པར་བྱ་སྟེ། གང་ཡིན་ན་འགྲོ་དང་མི་འགྲོའི་འཇིག་རྟེན་ཐམས ་ཅད་ན་སྒྲ་ཇི་སྙེད་པ་རྣམས་གནས་པ་དང། འབྱུང་བ་དེ་དག་རྣམ་པ་གསུམ་གྱི་བྱེ་བྲག་དུ་བཤད་པར་བྱ་སྟེ། དེ་ཇི་ལྟར་ཡིན་ན། ཤིང་དང་ཆུ་ལ་སོགས་པ་རྫས་དངོས་པོ་ཅན་ཇི་སྙེད་པ་ལ་རླུང་གིས་བསྐྱོད་པའི་སྒྲ་རྣམས་བྱུང་སྟེ་གྲག་པ་སྟེ ་གཅིག་དེའི་འོག་ཏུ་སྒྲུབ་པ་པོ་རྣམས་མ་གཏོགས་པ་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྣ་ཚོགས་ཀྱི་བྱེ་བྲག་སྟེ་གཉིས་།དེའི་འོག་ཏུ་ལྷ་དང་མི་ལ་སོགས་བས་རྔ་སྣ་ཚོགས་རྡུང་བའི་ཐབས་ཀྱི་སྒྲ་དང་གསུམ་མོ་དེ་ལྟར་སྒྲ་རྣམས་མདོར? ་བསྡུས་བ་སྒྲའི་བྱེ་བྲག་བཤད་པ་དེ་ལ། དཔལ་རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུའི་ངོ་བོས་ཁྱབ་ནས་གནས་པར་གསུངས་སོ། །དེ་ལྟར་མདུན་དུ་ཇི་སྙེད་སྒྲ་རྣམས་བཤད་པ་དེ་ནི་སྒྲ་རྡོ་རྗེར་གསུངས་སོ། །དེ་ལྟར་ཕྱིའི་སྒྲའི་དོན་དུ་ཤེས ་པར་བྱའོ། །དེ་ནས་ནང་གི་སྒྲ་བཤད་པར་བྱ་སྟེ་གང་ཡིན་ན། དཔལ་རྡོ་རྗེ་སེམས་དཔས་ཐུགས་རྗེ་ཆེན་པོས་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་ནས། རྒྱུད་བཀའ་སྩལ་བའི་དུས་སུ། སེམས་ཅན་ཐམས་ཅད་གདུལ་བའི་དོན་བྱེད ་དུ། སྔགས་སྣ་ཚོགས་ཀྱི་བརྗོད་པར་མཛད་པ་བསྟན་པར་བྱ་སྟེ། ཞི་བའི་ཚུལ་གྱིས་འདུལ་བའི་སེམས་ཅན་རྣམས་ལ་ཞི་བའི་སྔགས་བརྗོད་པར་མཛད་དོ། །གཞན་ཡང་རྒྱས་པའི་ཚུལ་གྱིས་འདུལ་བའི་སེམས་ཅན་རྣམས་ལ་རྒྱས་པའི་ཚུལ་གྱི ་སྔགས་སྣ་ཚོགས་བརྗོད་པར་མཛད་དོ། །གཞན་ཡང་ང་རྒྱལ་དང་ལྡན་པའི་འདོད་ཆགས་སྦྱོད་པའི་སེམས་ཅན་རྣམས་འདུལ་བའི་ཐབས་སུ་དབང་དུ་བསྡུ་བའི་སྔགས་རྣམས་བརྗོད་པར་མཛད་དེ། །གཞན་ཡང་སེམས་ཅན་མ་རུངས་པ་རྣམས་ཞེ ་སྡང་དང་ལྡན་པའི་སྤྱོད་པ་རྣམས་གདུལ་བའི་ཐབས་སུ་ཁྲོ་བོ་ཆེན་པོའི་སྟབས་ཀྱིས་སྔགས་རྣམས་བརྗོད་པར་མཛད་དོ། །ད་ལྟར་ནང་གི་སྦྲའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་བྱེ་བྲག་དུ་ནང་གི་སྒྲ་བཤད་པར་བྱ་སྟེ། རྡོ་རྗེ་སེམས་དཔས་དཔལ ་གསང་བ་འདུས་པའི་རྒྱུད་བཀའ་སྩལ་པ་དེ་ཇི་ལྟར་ཡིན་ན། ཏིང་ངེ་འཛིན་གྱི་བྱེ་བྲག་སྣ་ཚོགས་པ་དང། གཞན་ཡང་སྒྲུབ་པ་པོ་རྣམས་ལ་མོས་པའི་བྱེ་བྲག་གི་སྒྲུབ་པ་སྣ་ཚོགས་པ་བསྟན་པ་དང། གཞན་ཡང་མདུན་དུ་སྨོས་བའི་སེམས་ཅན་རྣམས ་གདུལ་བའི་ཐབས་ཀྱི་སྔགས་སྣ་ཚོགས་རྣམས་བསྟན་པ་དང། གཞན་ཡང་བྱེ་བྲག་ཀིS་བཤད་ཏེ། སྒྲུབ་པ་པོས་བསྒོམ་པའི་དུས་སུ་དང་པོ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བཱ་ཨཏྨ་ཀོ་ཧཾ། ལ་སོགས་པ་ལS་བཞིའི་བྱེ་བྲག་གིས། སེམས་ཅན་གདུལ་བའི་ཐབས ་ཀྱིས་སྔགས་བརྗོད་པ་བཟླས་པར་བྱའོ། །དེ་ནས་གཞན་ཡང་བྱེ་བྲག་དུ་བཤད་པར་བྱ་སྟེ། སྒྲུབ་པ་པོས་སྣ་ཚོགས་ཀྱི་བྱེ་བྲག་གི་རྡོ་རྗེའི་གླུས་རྡོ་རྗེ་སེམས་དཔའ་བསྟོད་བ་དང། གཞན་ཡང་སྒྲུབ་པ་པོས་སེམས་ཅན་གྱི་དོན་དུ་བཤད་པ་དང། ད་ལྟར་མདོར ་བསྡུས་པ་སྒྲ?་ཇི་སྙེད་པ་རྣམས་སྒྲ?་རྡོ་རྗེའི་ངོ་བོར་གསུངས་སོ། །དེ་ལྟར་ནང་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་སྒྲ་བཤད་པར་བྱ་སྟེ་གང་ཡིན་ན། དཔལ་རྡོ་རྗེ་སེམས་དཔས་གསང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་འབྱུང་བའི་དོན་དུ། མཱ་མ ་ཀཱི་དང་ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་པ། དེ་ལ་སྟད་ཐབས་ཀྱི་ཚུལ་གྱིས་རྡོ་རྗེ་དང་པདྨར་བསྐྱོད་པ་ལས་སྒྲ་འབྱུང་བ་དང། གཞན་ཡང་ཚུལ་དེ་ལྟར་རོལ་པས་བྱང་ཆུབ་སེམས་འོད་དུ་ཞུ་སྟེ། འོད་དུ་ཞུ་མ་ཐག་དུ་དབང་པོ་གཉིས ་ཀྱི་སྒོའི་གནས་སུ་བདེ་བ་ཆེན་པོ་དབང་པོ་གཉིས་བསྐྱོད་པས་བྱང་ཆུབ་ཀྱི་སེམས་བྱུང་ནས་སྐྲ་གྲག་པར་བཤད་དོ། །གཞན་ཡང་རྡོ་རྗེ་སེམས་དཔས་ཇི་ལྟར་མཛད་པ་ལྟར། སྒྲུབ་པ་པོས་ཀྱང་དེ་བཞིན་དུ་བྱའོ། །དེ་ལྟར་སྒྲ་རྡོ་རྗེའི་ངོ་བོ་དེ་ནི་སྒྲ་རྡོ་རྗེ་ཕྱག་ན ་རྡོ་རྗེར་གསུངས་སོ། །དེ་ལྟར་གསང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་སྒྲུབ་པ་པོ་ལ་སོགས་པ་སངས་རྒྱས་ཀྱི་བསྟན་པ་ལ་གནས་པའི་སེམས་ཅན་གང་ཡང་རུང་བ་ལ་ཞེ་སྡང་འབྱུང་བར་བྱིན་གྱིས་རློབ་བར་བྱེད་པའི་མ་རུངས་པའི་ལྷ ་བདུད་དགྲ་ཕམ་པར་མཛད་པའི་ཕྱིར། ཕྱག་ན་རྡོ་རྗེ་སྐུ་ཕྱག་རྒྱ་འབྱུང་བ་བཤད་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔས་ཐུགས་རྗེ་ཆེན་པོའི་འདོད་ཆགས་ཀྱིས་ཁྲོས་ཏེ་མཱ་མ་ཀཱི་དང་གཉིས་སུ་མེད་པར་ལྡན་པའི་རོལ་པ་ལ་བྱང་ཆུབ་ཀྱི་སེམས་འོད་དུ་ཞུ ་བར་མཛད་དེ། གསང་བའི་ཐུགས་ཀ་དབང་པོ་གཉིས་ཀྱི་དབུས་སུ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་ཀྱི་གཟུགས་ཡིག་འབྲུ་ཧཱུཾ་རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཁ་དོག་འདྲ་བ་ཉི་མ་འབུམ་ཕྲག་བརྒྱ་ཐམ་པའི་འོད་དང་མཉམ་པའི་འོད་དུ་ཞུ་ནས། ་བྱང་ཆུབ་སེམས་སུ་གྱུར་པའི་ས་བོན་དེ་ལས་ཕྱག་ན་རྡོ་རྗེའི་སྐུ་ཕྱག་རྒྱ་བྱུང་ངོ། །ཤེས་རབ་མ་སྒྲ་རྡོ་རྗེའི་ལྷ་མོ་དང་གཉིས་སུ་མེད་པར་དབང་པོ་གཉིས་མཉམ་པར་སྦྱོར་བར་གྱུར་པའོ། །དེའི་སྐུ་མདོག་དང་ཞལ་དང་ཕྱག་མཚན་དང། རྒྱན་ལ ་སོགས་པ་ནི་དཀྱིལ་འཁོར་གྱི་སྐབས་ནས་འབྱུང་བ་དང་མཐུན་ནོ། །དེའི་སྤྱི་བོའི་གནས་སུ་དཔལ་རྡོ་རྗེ་སེམས་དཔས་དབང་བསྐུར་བའི་ཚུལ་དུ་བཞུགས་སོ། །གཞན་ཡང་ཕྱག་ན་རྡོ་རྗེ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཕྱག་ན་རྡོ་རྗེ་འཛིན་པས ་ཕྱག་ན་རྡོ་རྗེའོ། །དེ་ནས་རྡོ་རྗེའི་སྒྲ་རྣམ་པ་བྱེ་བྲག་གསུམ་གྱིས་བཤད་པར་བྱ་སྟེ། གང་ཞེ་ན། མཚན་མའི་རྡོ་རྗེ་རྩེ་ལྔ་བར་དུ་རྐོས་པ་དང། རི་མོར་བྲིས་པ་གསུངས་སོ། །དེ་ལྟར་ཕྱིའི་རྡོ་རྗེའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་སྒྲ་བཤད་པར་བྱ་སྟེ། ་གང་ཡིན་ན། ཡེ་ཤེས་ལྔའི་ངོ་བོ་ཡིག་འབྲུ་ཧཱུཾ་ཡེ་ཤེས་སེམས་དཔའ་གཟུགས་ལྷ་ཐམས་ཅད་ཀྱི་འབྱུང་བའི་གནས་ལ་གསུངས་སོ། །དེ་ནས་གསང་བའི་རྡོ་རྗེའི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ན་ཐབས་ཀྱི་གསང་བའི་དབང་པོ་རྡོ་རྗེའི་ངོ་བོའོ། །གཞན་ཡང ་བསྟན་པར་བྱ་སྟེ། གསང་བའི་རྡོ་རྗེ་བྱང་ཆུབ་སེམས་སུ་བཤད་དོ། །དེ་ལྟར་གསང་བའི་རྡོ་རྗེའི་དོན་དུ་ཤེས་པར་བྱའོ། །དེ་ལྟ་བུ་རྟོགས་པའི་རྡོ་རྗེ་སྒྲ་མདོར་བསྡུས་བ་བསྟན་པ་དེ་ནི་ཡེ་ཤེས་ཀྱི་མཚན་མའི་ཕྱག་མཚན་གྱི་མཚན་མ་རུངས་པའི་སེམས་ཅན་ཞེ ་སྡང་སྤྱོད་པ་རྣམས་ཀྱིས་སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་གནོད་པ་བྱེད་པ་དེ་མེད་པར་བྱ་བ་དང། གཞོམ་པའི་ཕྱིར་ཕྱག་ན་རྡོ་རྗེ་བསྣམས་པས་དེའི་ཕྱིར་ཕྱག་ན་རྡོ་རྗེར་གསུངས་སོ། །དེའི་འོག་དུ་རྡོ་རྗེ་དང་བྱང་ཆུབ་དང་སེམས་དཔའ་དང་སེམས ་དཔའ་ཆེན་པོ་ནི་གོང་དུ་བཤད་པ་དང་མཐུན་ནོ། །དོན་དེའི་ཕྱིར་སྒྲ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་བཤད་པར་ཤེས་པར་བྱའོ། །དེ་ལྟར་སྒྲ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འོག་དུ། དྲི་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་བཤད་པར་བྱ་སྟེ། དེ་ཡང་དངོས་སུ་ན། ནམ་མཁའ་ཨི་སྙིང་པོ་ལ་བྱའོ། །དེ་ཉིད་སྟོན་པ་རྡོ་རྗེ་འཛིན་གྱི་དྲིའོ། །བཤད་པར་བྱ་སྟེ། ཕྱི་དང་ནང་དང་གསང་བའོ། །དེ་ལ་ཕྱིའི་དྲིའི་སྒྲའི་དོན་བཤད་པར་བྱ་སྟེ། འགྲོ་དང་མི་འགྲོའི་འཇིག་རྟེན་གྱི་ཁམས་ཐམས ་ཅད་ལ་ཇི་སྙེད་པའི་དྲི་འབྱུང་བ་དང། གནས་པ་དེ་དག་བྱེ་བྲག་གཉིས་སུ་བསྟན་པར་བྱ་སྟེ། ཇི་ལྟར་ཡིན་ན། པདྨ་སོགས་པ་མེ་ཏོག་ཐམས་ཅད་དང། གཞན་ཡང་ཤིང་གི་ཁུ་བ་ཀ་རྤུར་ལ་སོགས་པའི་མ་ལུས་པའི་དྲི་རྣམས་དང། གཞན་ཡང་སྨན་སྣ་ཚོགས ་རྣམས་གཅིག་ཏུ་བསྡུས་པའི་དྲི་དང། དེ་ལྟར་རྣམ་པ་གཉིས་སོ། །དེ་ལྟར་དྲི་མདོར་བསྡུས་པ་བཤད་པ་དེ་ལ། དཔལ་རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུམ་ཁྱབ་ནS་གནས་པར་གསུངས་སོ། །དེ་ལྟར་མདུན་དུ་སྨོས་པའི་དྲི་ཇི་སྙེད་བཤད་པ་དེ་ནི། དྲི་རྡོ་རྗེར ་གསུངས་སོ། །དེ་ལྟར་ཕྱིའི་དྲིའི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་དྲིའི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ན། དཔལ་རྡོ་རྗེ་སེམས་དཔས་རྒྱུད་བཀའ་སྩལ་པའི་དུས་སུ་ཕྱི་ནང་གི་འཁོར་གྱི་དོན་ཆེད་དུ་དྲིའི་ཆོ་འཕྲུལ་བསྟན་ཏོ། །བཤད་པར་བྱ་སྟེ། སྟོན་པ ་རྡོ་རྗེ་སེམས་དཔའ་ཨི་སྐུ་ལ་དྲིའི་བྱེ་བྲག་སྣ་ཚོགས་བྱུང་ནས་བྲོ་བར་གྱུར་ཏོ། །དྲི་དེས་མདུན་དུ་སྨོས་པའི་འཁོར་རྣམས་ཚིམས་པར་གྱུར་ཏོ། །གཞན་ཡང་བཤད་པར་བྱ་སྟེ། སྒྲུབ་པ་པོའི་ལུས་ལས་དྲི་བྱུང་ནས་བྲོ་བར་གསུངས་ཏེ། དེ་ལྟར་མདུན་དུ་སྨོས་པའི ་དྲི་ཇི་སྙེད་པ་དེ་ནི་རྡོ་རྗེ་ཡིན་ནོ། །དེ་ལྟར་ནང་གི་དྲིའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་དྲིའི་སྒྲའི་དོན་བཤད་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔས་ཐབས་དང་ཤེས་རབ་ཀྱི་རོལ་པས་བྱང་ཆུབ་ཀྱི་སེམས་འཁོར་དབྱུང་བའི་ས་བོན་གྱི་ངོ་བོ་མཱ་མ་ཀིའི་བྷ ་གའི་དབུས་སུ་འོད་དུ་ཞུ་བར་མཛད་དེ། འདུས་པ་ཟླ་བ་ལྟ་བུའི་གཟུགས་སུ་གྱུར་ཏོ། །དེ་ནི་བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱེད་པ། ཚིམ་པར་བྱེད་པའི་དྲི་ཡིན་ནོ། །དེ་ནས་གཞན་ཡང་བཤད་པར་བྱ་སྟེ། གང་ཡིན་ན། ཇི་ལྟར་རྡོ་རྗེ་སེམས་དཔས་ཐབས་དང ་ཤེས་རབ་རོལ་པས་བྱང་ཆུབ་སེམས་འབྱུང་བར་མཛད་པ་དེ་བཞིན་དུ་སྒྲུབ་པ་པོས་བྱའོ། །གཞན་ཡང་བྱེ་བྲག་དུ་བཤད་པར་བྱ་སྟེ། བདུད་རྩི་རྣམ་པ་ལྔའི་དྲི་འབྱུང་བའི་ངོ་བོ་དེ་ནི། དྲི་རྡོ་རྗེ་ནམ་མཁའ་ཨི་སྙིང་པོར་གསུངས་སོ། །དེ་ལྟར་གསང་བའི་དྲིའི་དོན་དུ ་ཤེས་པར་བྱའོ། །གཞན་ཡང་སྒྲུབ་པ་པོ་ལ་སོགས་པ་སངས་རྒྱས་ཀྱི་བསྟན་པ་ལ་གནས་པའི་སེམས་ཅན་གང་ཡང་རུང་བ་རྣམས་ལ་ང་རྒྱལ་བསྐྱེད་པར་བྱིན་གྱིས་རློབ་པར་བྱེད་པ་ལྟ་ལ་སོགས་པ་བདུད་དགྲ་རྣམས་ཕམ་པར་བྱ་བའི་ཕྱིར་ནམ་མཁའ་ཨི་སྙིང་པོའི ་སྐུ་ཕྱག་རྒྱ་དབྱུང་བར་བཤད་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔས་ཐུགས་རྗེ་ཆེན་པོའི་འདོད་ཆགས་ཀྱི་ང་རྒྱལ་གྱིས་མཱ་མ་ཀཱི་དང་རོལ་པ་མཛད་པས། བྱང་ཆུབ་སེམས་འོད་དུ་ཞུ་བར་མཛད་།དེ་ནས་གསང་བའི་ཐུགས་ཀ་དབང་པོ་གཉིས་ཀྱི་དབུས་སུ་སྐུ་དང་གསུང་དང ་ཐུགས་ཀྱི་རྡོ་རྗེ་ཡེ་ཤེས་ཀྱི་གཟུགས་ཡིག་འབྲུ་ཁཾ་རིན་པོ་ཆེ་ཨིནྡྲ་ནཱི་ལ་འདྲ་བ། ཁ་དོག་སེར་བ་མེ་དཔུང་ལྟར་རབ་ཏུ་འབར་བ། འོད་དུ་ཞུ་ནས་དེའི་འོག་དུ་བྱང་ཆུབ་ཀྱི་སེམས་སུ་གྱུར་ཏོ། །ས་བོན་གྱི་ངོ་བོ་དེ་ལས་དྲི་རྡོ་རྗེ་ནམ་མཁའ་ཨི་སྙིང་པོའི་སྐུ་ཕྱག་རྒྱ་ཕྱུང་ངོ། །དེའི ་ཤེས་རབ་དྲི་རྡོ་རྗེའི་ལྷ་མོ་དང་ལྡན་པར་དབང་པོ་གཉིས་མཉམ་པར་སྦྱོར་བར་གྱུར་ཏོ། །དེའི་སྐུ་མདོག་དང། ཞལ་དང་ཕྱག་མཚན་དང་རྒྱན་ལ་སོགས་པ་ནི་དཀྱིལ་འཁོར་གྱི་སྐབས་ནས་འབྱུང་བ་དང་མཐུན་ནོ། །དེའི་སྤྱི་བོའི་གནས་ན་དཔལ་རྡོ་རྗེ་སེམས་དཔས ་དབང་བསྐུར་བའི་ཚུལ་དུ་བཞུགས་སོ། །གཞན་ཡང་ནམ་མཁའ་ཨི་སྙིང་པོ་ཞེས་བྱ་བའི་དགྲ་བཤད་པར་བྱ་སྟེ། ནམ་མཁའ་ཞེས་བྱ་བ་ནི། སྒྲ་རྣམ་པ་གསུམ་གྱིས་བཤད་དེ། ཕྱི་དང་ནང་དང་གསང་བའོ། །དེ་ནས་ཕྱི་བཤད་པར་བྱ་སྟེ། གང་ཡིན་ན། ནམ་མཁའ་ཨི་སྙིང ་པོའི་ངོ་བོའོ། །གཞན་ཡང་ཐམས་ཅད་ལ་ཁྱབ་ནས་གནས་པར་གསུངས་སོ། །དེ་ནས་སྙིང་པོ་ཞེས་བྱ་བའི་སྒྲ་ནི། དངོས་པོ་ཡོད་པ་དང་དངོས་པོ་མེད་པའི་རྫས་ཐམས་ཅད་འབྱུང་བའི་གནས་སུ་གསུངས་ཏེ། དོན་དམ་པ་ནམ་མཁའ་དང་འདྲ་བ་ཆོས་ཀྱི་སྐུ ་ཡིན་ནོ། །དེ་ནས་གཞན་ཡང་སྙིང་པོའི་སྒྲ་ནི་ཡེ་ཤེས་ཐམས་ཅད་ཀྱི་དངོས་གྲུབ་འབྱུང་བའི་ངོ་བོར་གསུངས་སོ། །དེ་ལྟར་ཕྱིའི་ནམ་མཁའ་ཨི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་ནམ་མཁའ་ཨི་དོན་གྱི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ན་དཔལ་རྡོ་རྗེ་སེམས་དཔའ་ཨི ་ཐུགས་ནམ་མཁའ་དེ་ནི?་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམས་སྤྲོ་བ་དང། བསྡུ་བའི་འབྱུང་གནས་སྙིང་པོའི་ངོ་བོར་གསུངས་སོ། །དེ་བཞིན་དུ་བསྒྲུབ་པ་པོའི་རྒྱུད་ལ་རྡོ་རྗེ་སེམས་དཔའ་ཨི་ཆེ་བའི་ང་རྒྱལ་གྱིས་བསྒོམ་པའི་དུས་སུ་མདུན་དུ་སྨོས་པའི་ཚུལ་གྱིས་སྙིང་པོའི ་དོན་དུ་གསུངས་སོ། །དེ་ལྟར་ནང་གི་ནམ་མཁའ་ཨི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་ནམ་མཁའ་ཨི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ན། རྡོ་རྗེ་སེམས་དཔའ་ཨི་ཤེས་རབ་མཱ་མ་ཀཱི་བྷ་གའི་ནམ་མཁའ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་གསང་བའི་མཆོད ་པས་དགྱེས་པར་མཛད་པ། བྱང་ཆུབ་སེམས་སྤྲོ་བའི་གནས། ས་བོན་གྱི་ངོ་བོ་དེ་གསང་བའི་དཀྱིལ་འཁོར་གྱི་ལྟ་རྣམས་འབྱུང་བ་དང། སྤྲོ་བ་དང་བསྡུ་བའི་གནས་སྙིང་པོའི་ངོ་བོར་གསུངས་སོ། །དེ་བཞིན་དུ་སྒྲུབ་པ་པོའི་རྒྱུད་ལ་རྡོ་རྗེ་སེམས་དཔའ་ཨི་ང་རྒྱལ་བྱེད་ཅིང ་བསྒོམ་བའི་དུས་སུ་གསང་བའི་མཆོད་པ་བྱེད་པའི་དོན་གོང་དུ་སྨོས་པ་དང་མཐུན་ནོ། །དེའི་འོག་དུ་རྡོ་རྗེ་དང། བྱང་ཆུབ་དང་སེམས་དཔའ་དང། སེམས་དཔའ་ཆེན་པོའི་དོན་ནི་གོང་དུ་བཤད་པ་མཐུན་ནོ། །དོན་དེའི་ཕྱིར་དྲི་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་བཤད་པར་ཤེས་པར་བྱའོ། །དེ་ལྟར་དྲི་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འོག་ཏུ། རོ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཤད་པར་བྱ་སྟེ། དེ་ཡང་དངོས་སུ་ན། སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་བྱའོ། །དེ་ཉིད་སྟོན་པ་རྡོ་རྗེ ་འཛིན་གྱི་དོར་གསུངས་སོ། །བཤད་པར་བྱ་སྟེ་ཕྱི་དང་ནང་དང་གསང་བའོ། །དེ་ལ་ཕྱིའི་བཤད་པར་བྱ་སྟེ། འགྲོ་དང་མི་འགྲོ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། རོ་ཇི་སྙེད་བཟའ་བ་དང་བཏུང་བའི་ངོ་བོ་འབྱུང་བ་དང། གནས་པ་དེའི་རོའི་ངོ་བོ་ལ་དཔལ་རྡོ་རྗེ་སེམས ་དཔའ་ཆོས་ཀྱི་སྐུས་ཁྱབ་ནས་གནས་ཏེ། དེ་ལྟར་མདུན་དུ་སྨོས་པའི་རོ་ཇི་སྙེད་རྣམས་གསུངས་སོ། །དེ་ལྟར་ཕྱིའི་རོའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་རོའི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ན། རྡོ་རྗེ་སེམས་དཔས་རྒྱུད་བཀའ་སྩལ་བའི་དུས་སུ་ཐུགས་རྗེ་ཆེན ་པོས་ཁྲོས་ཏེ་སེམས་ཅན་ཐམས་ཅད་ལ་གནོད་པ་བྱེད་པ་རུ་དྲ་འཁོར་དང་ལྡན་པ་མ་མོའི་ཚོགས་དང་བཅས་པ་དང་བདུད་དགྲ་རྣམས་ཡ་མཱནྟ་ཀ་ལ་སོགས་པ་སྤྲུལ་པའི་སྐུ་ཁྲོ་བོའི་ཚོགས་རྣམས་ཀྱིས་བཀུག་པར་མཛད་དོ། །དེའི་འོག་དུ་སྟོན་པ་རྡོ་རྗེ་སེམས་དཔས ་ཐུགས་རྗེས་ཁྲོས་ཏེ་ཡེ་ཤེས་ཀྱི་ཚུལ་གྱིས་བསྡུ་བའི་ཐབས་ཀྱི་རོ་དྲུག་དང་ལྡན་པར་གསོལ་བར་མཛད་དེ། དེ་ནི་རོ་རྡོ་རྗེར་གསུངས་སོ། །གཞན་ཡང་སྒྲུབ་པ་པོས་སྒྲུབ་པ་ཆེན་པོ་སྒྲུབ་པར་བྱེད་པའི་དུས་སུ། ཇི་ལྟར་མདུན་དུ་སྨོས་པའི་རྡོ་རྗེ་སེམས་དཔས་རུ་དྲ་བཀུག་ནས ་གསོལ་བ་དེ་བཞིན་དུ་བྱ་བར་གསུངས་སོ། །དེ་ནས་གཞན་ཡང་བྱེ་བྲག་དུ་བསྟན་པར་བྱ་སྟེ། སྒྲུབ་པ་པོས་དམ་ཚིག་གི་ཤ་རྣམ་ལྔ་དང་དྲི་ཆེན་ལ་སོགས་པ་དམ་རྫས་བདུད་རྩི་རྣམ་ལྔ་བཟའ་བའི་དུས་སུ་དེའི་རོ་གང་ཡིན་པ་དེ་ནི་རོ་རྡོ་རྗེར་གསུངས་སོ། །དེ་ལྟར་ནང་གི་རོའི་སྒྲའི ་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་རོའི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ན་དཔལ་རྡོ་རྗེ་སེམས་དཔས་རྒྱུད་བཀའ་སྩལ་བའི་དུས་སུ་མཱ་མ་ཀཱི་དང་ལྡན་པར་འདོད་ཆགས་ཆེན་པོས་ཐབས་དང། ཤེས་རབ་ཀྱི་རོལ་པས་མཱ་མ་ཀཱིའི་བྷ་གའི་དབུས་སུ་བྱང་ཆུབ་སེམས ་འོད་དུ་ཞུ་བར་མཛད་པའི་རོ་དེ་རོ?་རྡོ་རྗེར་གསུངས་སོ། །གཞན་ཡང་ཇི་ལྟར་རྡོ་རྗེ་སེམས་དཔས་མཱ་མ་སཱིའི?་བྷ་གའི་དབུས་སུ་བྱང་ཆུབ་སེམས་འོད་དུ་ཞུ་བར་མཛད་པ་དེ་བཞིན་དུ། སྒྲུབ་པ་པོས་རྡོ་རྗེ་སེམས་དཔའ་ཨི་ཆེ་བའི་བ?་རྒྱལ་གྱིས་བྱང་ཆུབ་སེམས་ཟ་བའི་རོ་དེ ་ནི་རྡོ་རྗེ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དུ་ཤེས་པར་བྱའོ། །དེ་ལྟར་གསང་བའི་རོའི་སྒྲའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་སྦྲུབ་པ་པོ་ལ་སོགས་པ་སེམས་ཅན་སངས་རྒྱས་ཀྱི་བསྟན་པ་ལགས་པ་རྣམས་ལ་འདོད་ཆགས་བསྐྱེད་པར་བྱེད་པ ་ལྷ་བདུད་དགྲ་རྣམས་ཕམ་པར་བྱ་བའི་ཕྱིར་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་སྐུ་ཕྱག་རྒྱ་འབྱུང་བ་བཤད་པར་བྱ་སྟེ། གང་ཡིན་ན། དཔལ་རྡོ་རྗེ་སེམས་དཔས་ཐུགས་རྗེ་ཆེན་པོ་འདོད་ཆགས་ཀྱི་ང་རྒྱལ་གྱིས་མཱ་མ་ཀཱི་དང་ལྡན་པར་གཉིས་སུ་མེད་པའི ་རོལ་པས་བྱང་ཆུབ་ཀྱི་སེམས་འོད་དུ་ཞུ་བར་མཛད་དོ། །དེ་ནས་གསང་བའི་ཐུགས་ཀ་དབང་པོ་གཉིས་ཀྱི་དབུས་སུ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་ཀྱི་ཡིག་འབྲུ་ཨ་རིན་པོ་ཆེ་པདྨ་རཱ་གའི་ཁ་དོག་འདྲ་བ་ཉི་མ་སྟོང་གི་འོད་དང་མཉམ་པར་རབ་ཏུ་འབར་བ་འོད་དུ ་ཞུ་ནས་དེའི་འོག་ཏུ་བྱང་ཆུབ་ཀྱི་སེམས་སུ་གྱུར་ཏོ། །ས་བོན་གྱི་ངོ་བོ་དེ་ལས་སྣང་བ་མཛའ་ཡས་གོས་དཀར་མོ་དང་ལྡན་པར་གཉིས་སུ་མེད་པར་སྦྱོར་བ་ཕྱུང་ངོ། །དེའི་སྐུ་མདོག་དང་ཞལ་དང་ཕྱག་མཚན་དང་རྒྱན་ལ་སོགས་པ་ནི ་དཀྱིལ་འཁོར་གྱི་སྐབས་སུ་འབྱུང་བ་དང་མཐུན་ནོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ཀྱིས་ཐུགས་རྗེ་ཆེན་པོ་འདོད་ཆགས་ཀྱིས་ན་བཟའ་དཀར་མོ་དང་རོལ་པ་མཛད་ནས། ན་བཟའ་དཀར་མོའི་བྷ་གའི་དབུས་སུ། བྱང་ཆུབ་སེམས ་འོད་དུ་ཞུ་བར་མཛད་དོ། །དེ་བྱིན་གྱིས་བརླབས་པ་ཡིག་འབྲུ་ཨ་ཁ་དོག་དམར་བ་དག་པ་ཉི་མ་བཞིན་དུ་འོད་གསལ་བས་བྱིན་གྱིས་བརླབས་དེའི་སྟེང་དུ་ཡིག་འབྲུ་གཾ་ཁ་དོག་རིན་པོ་ཆེ་པདྨ་རཱ་ག་འདྲ་བ་ཉི་མ་ལྟ་བུ་འོད་དུ་ཞུ་ནས། ས་བོན་དེའི་ངོ་བོ་ལས ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཕྱག་རྒྱ་ཕྱུང་སྟེ། དེའི་ཤེས་རབ་མ་རོ་རྡོ་རྗེ་ལྷ་མོ་དང་ལྡན་པར་དབང་པོ་གཉིས་མཉམ་པར་སྦྱོར་བར་གྱུར་ཏོ། །དེའི་དབུའི་སྤྱི་བོའི་གནས་ན། སྣང་བ་མཛའ་ཡས་དབང་བསྐུར་བའི་ཚུལ་དུ་བཞུགས་སོ། །གཞན ་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་སྒྲ་བཤད་པར་བྱ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འགྲོ་བའི་དོན་རྟག་དུ་མཛད་པས་དེའི་ཕྱིར་འཕགས་པ་ཞེས་བྱའོ། །དབང་ཕྱུག་ཅེས་བྱ་བ་ནི། སྣ་ཚོགས་ཀྱི་བྱེ་བྲག་གིས་སེམས ་ཅན་ཐམས་ཅད་ཀྱི་རོ་བ་སྐང?་བས་དེའི་ཕྱིར་དབང་ཕྱུག་ཞེས་བྱའོ། །དེ་ནས་ཕྱི་ནང་གསང་བའི་ཚུལ་གྱིས་བསྟན་པར་བྱ་སྟེ། དེ་ལ་ཕྱིའི་འཕགས་པ་བཤད་པར་བྱ་སྟེ། འཕགས་པ་ཞེས་བྱ་བ་ནི་།ཇི་ལྟར་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ཀྱིས་ཉོན ་མོངས་པ་དང་ལྡན་པའི་སེམས་ཅན་ཐམས་ཅད་ཉོན་མོངས་པའི་འདོད་ཆགས་སྤྱོད་བ་དེ་སྤངས་ནས། ཐེག་པ་ཆེན་པོ་བསྒོམས་པས་འདོད་ཆགས་ཆེན་པོ་སྤྱོད་ཅིང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་འབྲས་དུ་དངོས་གྲུབ་ཐོབ་པར་གྱུར་པ་དེ་བཞིན་དུ་འཕགས ་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གིས་མཛད་པས། དེའི་ཕྱིར་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་སྒྲའི་དོན་དུ་གསུངས་སོ། །གཞན་ཡང་བྱེ་བྲག་བུ་བསྟན་བར་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཐུགས་རྗེ་གང་ཡིན་པ་དེ་འཕགས་པའི་སྒྲར་གསུངས་སོ།། ་དེ་ནས་གཟིགས་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ན། རྟག་ཏུ་གཟིགས་པ་གཟིགས་པའོ། །དེས་སྡུག་བསྔལ་ཅན་དམྱལ་བ་ཡན་ཆད་ལ་ཐུགS་རྗེ་ཆེན་པོ་འདོད་ཆགས་ཀྱི་ཡེ་ཤེས་ཀྱི་སྤྱན་ཀྱིས་གཟིགས་པར་མཛད་དོ། སེམས་ཅན་ཐམས་ཅད་སྡུག་བསྔལ ་Fདང་བྲལ་བར་བྱ་བའི་ཕྱིར་བྱིན་གྱིས་བརླབས་མ་ཐག་ཏུ་བསོད་ནམས་ཀྱི་ཕུང་པོར་གྱུར་ཏོ། །དེའི་ཕྱིར་གཟིགས་ཞེས་བྱ་བའི་དོན་དུ་གསུངས་སོ། །དེ་ནས་དབང་ཕྱུག་ཅེས་བྱ་བའི་སྒྲ་ནི། མདུན་དུ་སྨོས་པའི་ཚུལ་ཀྱི་སེམS་ཅན་ཐམས་ཅད་ཀྱི་བདག་པོ་རེ་བ་སྐོངས་པར ་མཛད་པས་དེའི་ཕྱིར་དབང་ཕྱུག་ཅེས་བྱའོ། །དེ་ལྟར་ཕྱིའི་དབང་ཕྱུག་གི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་སྒྲ་བཤད་པར་བྱ་སྟེ། འཕགས་པ་ཞེས་བྱ་བ་ནི་མདུན་དུ་སྨོས་པའི་དོན་དང་མཐུན་ནོ། །གཟིགས་ཞེས་བྱ་བ་ནི། སྒྲུབ་པ་པོས་གསང་བའི་དཀྱིལ ་འཁོར་འབྱུང་བའི་དུས་སུ་ཐབས་དང་ཤེས་རབ་རོལ་བ་བྱ་བའི་ཕྱིར། རྣམ་པར་རྟོག་པ་ཆེན་པོ་བྱེད་པ་ལ། ཐུགས་རྗེ་ཆེན་པོས་མྱུར་བར་རྣམ་པར་རྟོག་པ་ཆེན་པོ་རུ་དྲའི་ངོ་བོ་སྤང་བ་དང་དྲལ་བའི་ཕྱིར་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ། གཟིགས་མ་ཐག་ཏུ ་སྒྲུབ་པ་པོས་རྣམ་པར་རྟོག་པ་སྤངས་ཏེ། ཐབས་དང་ཤེས་རབ་རོལ་པ་བྱས་ཡེ་ཤེས་ཀྱི་འདོད་ཆགས་སྐྱེའོ། །དེ་ལྟར་གཟིགས་བའི་སྒྲའི་དོན་དུ་གསུངས་སོ། །དབང་ཕྱུག་ཅེས་བྱ་བ་ནི་མདུན་དུ་བཤད་པའི་དོན་དང་མཐུན་ནོ། །དེ་ལྟར་ནང་གི་གཟིགས་པའི་སྒྲའི་དོན ་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་བཤད་པར་བྱ་སྟེ། འཕགས་པ་ནི་གང་དུ་བཤད་པ་དང་མཐུན་ནོ། །གཟིགས་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་རོལ་པས་བྱང་ཆུབ་སེམས་འབྱུང་བ་དང། གཞན་ཡང་དམ་རྫས་རྣམས་བཟའ་འམ་མི་བཟའ་བའི་སེམས ་འབྱུང་བ་དེ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པར་མཛད་དེ། སྒྲུབ་པ་པོས་རྣམ་པར་རྟོག་པ་སྤངས་པས། ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པས་སྔགས་ཀྱི་མཐུ་སྐྱེའོ། །དེ་ལྟར ་གཟིགས་པའི་སྒྲའི་དོན་དུ་གསུངས་སོ། །དབང་ཕྱུག་གི་སྒྲ་ནི་འདིར་མདུན་དུ་སྨོས་པ་དང་སྦྱར་རོ། །དེ་ལྟར་གསང་བར་བྱའོ། །དེའི་འོག་ཏུ་རྡོ་རྗེ་དང་བྱང་ཆུབ་དང་སེམས་དཔའ་དང་སེམས་དཔའ་ཆེན་པོའི་དོན་ནི་གོང་དུ་བཤད་པ་དང་མཐུན་ནོ། །དོན་དེའི ་ཕྱིར་རོ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་ཤེས་པར་བྱའོ། །དེ་ལྟར་རོ་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འོག་ཏུ། རེག་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་བྱ་སྟེ། དེ་ཡང་དངོས་སུ་ན། སྒྲིབ ་པ་ཐམས་ཅད་རྣམ་པར་སེལ་བ་ལ་བྱའོ། །དེ་ཉིད་སྟོན་པ་རྡོ་རྗེ་འཛིན་གྱི་རིག་གོ་།བཤད་པར་བྱ་སྟེ། གང་ཡིན་ན། ཕྱི་དང་ནང་དང་གསང་བའོ། །དེ་ལ་ཕྱིའི་རེག་གི་སྒྲ་བཤད་པར་བྱ་སྟེ་གང་ཡིན་ན། འགྲོ་དང་མི་འགྲོའི་འཇིག་རྟེན་ཐམས་ཅད་ན་ཅི་ཡོད ་པའི་གོས་ལ་སོགས་པ་རྫས་ཐམས་ཅད་འབྱུང་བ་དང་གནས་པ་ཐམས་ཅད་ཀྱི་འཇམ་པ་དང་རྩུབ་པ་དེ་དག་གི་ངོ་བོ་ལ་དཔལ་རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུས་ཁྱབ་ནས་གནས་པར་གསུངས་ཏེ། དེ་ལྟར་མདུན་དུ་སྨོས་པའི་རེག་ཇི་སྙེད་དེ་ནི་རེག་རྡོ་རྗེ ་ཡིན་ནོ། །དེ་ལྟར་ཕྱིའི་རིག་གི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་རེག་གི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ན། དཔལ་རྡོ་རྗེ་སེམས་དཔས་རྒྱུད་བཀའ་སྩལ་པའི་དུས་སུ་འཁོར་འབྱུང་བའི་དོན་ཆེད་དུ་གསང་བའི་མཆོད་པ་མཛད་པ། འདོད་ཆགས་ཆེན་པོ་དགའ་ ་བའི་ཐུགས་ཀྱིS་མཱ་མ་ཀཱི་མཁྱུད་ནས་བདེ་བས་བཙུམ་པ་ན་མཛད་དེ། དེ་ལྟར་འཁྱུད་བ་དང་བཙུམ་པ་ན་མཛད་པའི་རེག་གང་ཡིན་པར་གདོན་རེག་རྡོ་རྗེར་གསུངས་སོ། །རྡོ་རྗེ་སེམས་དཔའ་ཨི་སྐབས་སུ་ཇི་ལྟར་བཤད་པ་བཞིན་དུ་སྒྲུབ་བ་པོས་ཀྱང་བྱའོ། །དེ་ལྟར་ནང་གི ་རརེག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་རེག་གི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ནོ། །རྡོ་རྗེ་སེམས་དཔས་མཱ་མ་ཀཱི་འཁྱུད་པ་དང་ཙུམ་པ་ན་མཛད་པའི་འོག་ཏུ་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་ནས། གསང་བའི་མཆོད་བ་མཛད་པའི་རྡོ་རྗེ་པདྨ་མཉམ ་པར་སྦྱར་བའི་བྱང་ཆུབ་སེམས་དྲོ་བའི་ངོ་བོ་འོད་དུ་ཞུ་བ་འཇམ་པ་དང་བདེ་བའི་རེག་དེ་ནི། རེག་རྡོ་རྗེ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ངོ་བོར་གསུངས་སོ། །རྡོ་རྗེ་སེམས་དཔའ་ཨི་སྐབས་སུ་ཇི་ལྟར་བཤད་པ་བཞིན་དུ་སྒྲུབ་པ་པོས་ཀྱང་བྱའོ། །དེ་ལྟར་གསང ་བའི་རེག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་སྒྲུབ་པ་པོ་ལ་སོགས་པ་སངས་རྒྱས་ཀྱི་བསྟན་པ་ལ་གནས་པ་ཐམས་ཅད་ལ་རྣམ་པར་རྟོག་པ་བྱུང་བ་དང། སྐྱེད་པར་བྱེད་པ་མ་རུངས་པ་ལྟ་ལ་སོགས་པ་བདུད་དགྲ་རྣམས་འཕམ་པར་བྱ་བའི་ཕྱིར་སྒྲིབ ་པ་ཐམས་ཅད་རྣམ་པར་སེལ་བའི་སྐུ་ཕྱག་རྒྱ་འབྱུང་བ་བཤད་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔས་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་གཞོམ་པ་དང། མེད་པར་བྱ་བའི་ཕྱིར། རྡོ་རྗེ་རྣམ་པར་རྟོག་པའི་ང་རྒྱལ་གྱིས་མཱ་མ་ཀཱི་དང་ལྡན་པར་གཉིས་སུ་མེད ་པའི་རོལ་པས་བྱང་ཆུབ་སེམས་འོད་དུ་ཞུ་བར་མཛད་དེ། གསང་བའི་ཐུགས་ཀ་དབང་པོ་གཉིས་ཀྱི་དབུས་སུ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་ཀྱི་ངོ་བོ་ཡིག་འབྲུ་ཤྲཾ་རིན་པོ་ཆེ་བཻཌཱུ་རྒྱ་འདྲ་བ་མེ་དཔུང་བཞིན་དུ་རབ་ཏུ་འབར་བ། འོད་དུ་ཞུ་ནས་དེའི ་འོག་ཏུ་བྱང་ཆུབ་སེམས་སུ་གྱུར་ཏོ། །ས་བོན་དེ་ལས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་སྐུ་ཕྱག་རྒྱ་ཕྱུང་སྟེ་།དེའི་ཤེས་རབ་རིག་རྡོ་རྗེའི་ལྷ་མོ་དང་དབང་པོ་གཉིས་མཉམ་པར་སྦྱོར་བར་གྱུར་ཏོ། །དེའི་སྐུ་མདོག་དང་ཞལ་དང་ཕྱག་མཚན་དང་རྒྱན་ལ ་སོགས་པ་ནི་དཀྱིལ་འཁོར་གྱི་སྐབས་ནས་འབྱུང་བ་དང་མཐུན་ནོ། །དེའི་སྤྱི་བོ་ན་རྡོ་རྗེ་སེམས་དཔས་དབང་བསྐུར་བའི་ཚུལ་དུ་བཞུགས་སོ། །གཞན་ཡང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཉོན་མོངས་པའི་སྒྲིབ་པ་ ་ཐམས་ཅད་རྣམ་པར་སེལ་བར་བྱེད་པས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །གཞན་ཡང་ཕྱི་དང་ནང་དང་གསང་བ་གསུམ་གྱིས་བསྟན་པར་བྱ་སྟེ། དེ་ལ་ཕྱི་བཤད་པར་བྱ་སྟེ། སྒྲིབ་པ་ཞེས་བྱ་བ་ནི། ཁྱིམ་དང་བུ་དང་བྱན་མོ་དང་ཉེ་བ ་དང། ཞིང་དང་སྐྱེད་མོ་ཚལ་དང་བ་ལང་དང། མ་ཧེ་ལ་སོགས་པ་ཕྱུགས་རྣམས་དང། རིགས་ཀྱི་ང་རྒྱལ་དང། ནོར་ཐམས་ཅད་དེ། རིན་པོ་ཆེ་དང། ནོར་བུ་དང། བྱུ་རུ་དང། མུ་ཏིག་དང། གསེར་དང། དངུལ་དང། ཟངས་མ་དང། གོས་ལ་སོགས་པ་ནོར ་ཐམས་ཅད་ཀྱི་འབྱོར་བ་ཕུན་སུམ་ཚོགས་པ་དེ་དག་སྒྲིབ་པའི་ངོ་བོར་གསུངས་སོ། །དེ་ནས་ཐམས་ཅད་ཅེས་བྱ་བའི་སྒྲ་ནི། ཐམས་ཅད་ཀུན་གྲངས་མེད་པ་རྩིས་ལས་འདས་པ་མ་ལུས་པ་ལ་བྱའོ། །དེ་ནས་སེལ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། གང ་ཡིན་ན། ཆོས་ཐམས་ཅད་བདག་མེད་པའི་ངོ་བོ་རྣམ་པར་དག་པའི་སེམས་ཀྱིས་མདུན་དུ་སྨོས་པའི་ནོར་ཕུན་སུམ་ཚོགས་པ་ལ་བྱས་པ་དང། བྱེད་པ་ལ་སོགས་པའི་ངོ་བོ་ཡེ་ནས་སྦང་བར་བྱ་སྟེ། དེ་ནི་སེལ་བའི་སྒྲའི་དོན་དུ་གསུངས་སོ། །སྤངས་པའི ་དོན་དེ་ནི་རེག་རྡོ་རྗེར་གསུངས་སོ་།དེ་ལྟར་ཕྱིའི་སེལ་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། སྒྲིབ་པ་ཞེས་བྱ་བའི་སྒྲ་བླ་ན་མེད་བའི་ཚུལ་གྱིས་བཤད་པར་བྱ་སྟེ། གང་ཡིན་ན། དཔལ་རྡོ་རྗེ་སེམས་དཔའ་ཡེ་ཤེས ་ཀྱི་ངོ་བོ་ཧཱུཾ་གི་གཟུགས་ཡེ་ཤེས་རྣམ་པ་ལྔ་དང་ལྡན་པ། ཡེ་ཤེས་སེམས་དཔའ་གསང་བའི་ཐུགས་ཀར་གནས་པ་དེ་ལ་སྒྲིབ་པ་ཐམས་ཅད་བསྒྲིབས་ནས་གནས་པས་དེ་ལྟར་སྒྲིབ་པའི་དོན་དུ་གསུངས་སོ། །ཐམས་ཅད་ཀྱི་སྒྲ་ནི་གོང་དུ་བཤད་པ་དང་མཐུན་ནོ། ། ་དེ་ནས་སེལ་བའི་དོན་བཤད་པར་བྱ་སྟེ། མདུན་དུ་སྒྲིབ་པ་ཐམས་ཅད་ཡེ་ཤེས་སེམས་པ་ལ་བསྒྲིབ་ནས་གནས་པར་བཤད་པ་དེ་ནི། དཔལ་རྡོ་རྗེ་སེམས་དཔས་སྒྲུབ་པ་པོའི་རྒྱུད་ལ་རབ་ཏུ་སྤངས་པའི་ཐུགས་རྗེ་ཆེན་པོས་སྒྲུབ་པ་པོ་ལ་ཡེ་ཤེས་ཀྱི་དངོས་གྲུབ་ཅི ་འདོད་པ་བྱིན་གྱིས་བརླབས་ཀྱིས་དེས་བྱིན་པར་མཛད་པས། དེ་ནས་གཞན་ཡང་བྱེ་བྲག་དུ་བཤད་པར་བྱ་སྟེ། སྒྲིབ་པ་ཞེས་བྱ་བ་ནི་སྒྲུབ་པ་པོའི་ལུས་ལ་ཉོན་མོངས་པ་རྣམ་པ་ལྔ་དང་གཞན་ཡང་མི་དགེ་བའི་ལས་ཀྱི་ལམ་མ་རིག་པའི་ཚོགས་རྣམས་ཀྱིས་བསྒྲིབས ་ནས་གནས་པར་གསུངས་སྟེ། དེ་ལྟར་སྒྲིབ་པ་ཞེས་བྱའོ། །ཐམས་ཅད་ཞེས་བྱ་བ་གོད་མ་དང་མཐུན་ནོ། །དེ་ནས་སེལ་བའི་སྒྲ་བཤད་པར་བྱ་སྟེ། མདུན་དུ་སྨོས་བའི་སྡིག་པའི་དགྲ་དེ་རྣམས་སྒྲུབ་པ་པོས་དཔལ་རྡོ་རྗེ་སེམས་དཔའ་ཡེ་ཤེས་ཐམས་ཅད་ཀྱི་ངོ ་བོ་ཉིད་དང། གཉིས་སུ་མེད་པའི་ང་རྒྱལ་གྱིས་ཆོས་ཐམས་ཅད་སྟོང་པ་དངོས་པོ་མེད་པ་རྣམ་པར་དག་པའི་སེམས་ཀྱི་ཏིང་ངེ་འཛིན་ལ་ཞུགས་ཏེ། ཐབས་དེ་ལྟ་བུས་ཉོན་མོངས་པ་རྣམ་པ་ལྔ་དང། གཞན་ཡང་དགྲ་རྣམས་ཀྱི་སྒྲིབ་པ་སྤང་བར་བྱ་སྟེ། དེ་ལྟར ་ནང་གི་སྒྲིབ་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་སྒྲིབ་པའི་སྒྲ་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། སྒྲིབ་པ་ཞེས་བྱ་བ་ནི་དངོས་གྲུབ་ཐམས་ཅད་དང། ཡེ་ཤེས་ཐམས་ཅད་ཀྱི་ངོ་བོ་བྱང་ཆུབ་སེམས་དེ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་ལ་བླ་ན་མེད ་བའི་ཚུལ་གྱིས་བསྒྲིབས་ནས་གནས་ཏེ། དེ་ལྟར་སྒྲིབ་པའི་སྒྲར་གསུངས་སོ། །ཐམས་ཅད་ཞེས་བྱ་བའི་སྒྲ་ནི་མདུན་དུ་སྨོས་པ་དང་མཐུན་ན། །དེ་ནས་སེལ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། གང་ཞེ་ན། རྡོ་རྗེ་སེམས་དཔས་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར ་ལོ་བསྐོར་བ་རྒྱུད་བཀའ་སྩལ་བའི་དུས་གསང་བའི་འཁོར་བསྐྱེད་པའི་དོན་དུ། ཡེ་ཤེས་གསང་བའི་ཆོ་འཕྲུལ་བསྟན་པའི་ཐབས་ཀྱིས། ཐབས་དང་ཤེས་རབ་ཀྱི་རོལ་པས་བླ་ན་མེད་པའི་སྒྲིབ་པའི་ངོ་བོ་བྱང་ཆུབ་སེམས་མཱ་མ་ཀཱིའི་དབུས་སུ་འོད་དུ་ཥྚ་བར ་མཛད་དེ། ས་བོན་དེ་ལས་གསང་བའི་འཁོར་ཡེ་ཤེས་གསང་བའི་ཆོ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོས་ནས་ཁྱབ་པར་མཛད་དེ། ཉིད་ཀྱི་སྐུ་ལ་གནས་པ་འགྲོ་དང་མི་འགྲོ་བའི་དོན་དུ། ཕྱིར་འཁོར་སྨོས་བསྒྲིབ་པའི་ངོ་བོ་སེ་སེལ ་བས། དེ་ལྟར་སེལ་བའི་དོན་དུ་གསུངས་སོ། །དེ་ནས་གཞན་ཡང་བྱེ་བྲག་གིས་བཤད་པར་བྱ་སྟེ། གང་ཡིན་ན། སྒྲིབ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་འཁོར་བ་དེ་རྫས་རྣམས་བཟའ་བའི་དུས་སུ། རྣམ་པར་རྟོག་པ་ཆེན་པོ་རུ་དྲའི་ངོ་བོ་གལ ་ཏེ་བསྒྲུབ་པའི་ལུས་ལས་འབྱུང་བས། ཡང་ནས་ཡང་དུ་བསྒྲིབས་ནས་གནས་པའི་སྒྲིབ་པའི་སྒྲའི་དོན་དུ་གསུངས་སོ། །ཐམས་ཅད་ཅེས་བྱ་བ་ནི་མདུན་དུ་སྨོས་པ་དང་མཐུན་ནོ། །དེ་ནས་སེལ་ཞིས་བྱ་བའི་སྒྲ་བཤད་པར་བྱ་སྟེ། སྒྲུབ་པ་པོས་དཔལ་རྡོ་རྗེ ་སེམས་པའི་ང་རྒྱལ་གྱིས་ཆོས་ཐམས་ཅད་སྟོང་པ་ངོ་བོ་མེད་པ་སྒོམ་པས་རྣམ་པར་དག་པའི་སེམས་ཀྱིས། །བྱང་ཆུབ་སེམས་ལ་སོགས་པ་དམ་རྫས་ཐམས་ཅད་བཟའ་བར་བྱའོ། །དེའི་འོག་ཏུ་རྣམ་པར་རྟོག་པ་ཆེན་པོ་རུ་དྲའི་ངོ་བོ་མེད་པར་སེལ་བས ་སྤང་བར་བྱའོ། །དེའི་ཕྱིར་སེལ་བའི་དོན་དུ་གསུངས་སོ། །དེ་ལྟར་ཕྱི་ནང་གསང་བའི་ཚུལ་གྱིས་སེལ་བའི་དོན་གྱི་སྐྲ་བཤད་པ་དེ་ནི། ཀུན་རྫོབ་ཏུ་སྐུའི་ཕྱག་རྒྱའི་ངོ་བོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་རེག་རྡོ་རྗེའི་ངོ་བོར་ཤེས་པར་བྱའོ། །དེའི་འོག་ཏུ་རྡོ་རྗེ ་དཔའ་ཆེན་པོའི་འོག་དུ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་བྱང་ཆུབ་སེམས་བདཔའ་སེམས་དཔའ་ཆེན་པོ་བཤད་པར་བྱ་སྟེ། གང་ཡིན་ན། མདུན་དུ་བསྟན་པའི་དོན་དེ་དེ་ཡང་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི ་སྙིང་པོ་བཙུན་མོའི་བྷ་ག་ལ་ཞུགས་ཏོ། སྡུད་པ་པོ་རྡོ་རྗེ་ཆོས་ཕྱག་ན་རྡོ་རྗེའི་སྐུ་ཕྱག་རྒྱ་ནི་མི་བསྐྱོད་པའི་ཐུགས་ཀྱི་སྟོབས་སུ་གསུངས་སོ། །དེ་ཆོས་ཀྱི་དབྱིངས་རྡོ་རྗེ་བྱང་ཆུབ་སེམས་རྡོ་རྗེ་དང། དབྱེར་མེད་པ་ཡེ་ཤེས་སེམས་པ་མི་བསྐྱོད་པ་རྡོ་རྗེས། ཐུགས ་རྗེ་ཆེན་པོས་འགྲོ་བ་མ་ལུས་པའི་དོན་གྱི་ཕྱིར་དཔལ་གསང་བ་འདུས་པ་བཀའ་སྩལ་པའི་སྟོན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྲུ་བཞིར་བྱིན་གྱིས་བརླབས་པས། ཐབས་དང་ཤེས་རབ་ཀྱི་རོལ་པས་སྔགས་ཀྱི་སྐྱེས་བུ ་མཚན་བཏགས་པ་བཙུན་མོའི་བྷ་ག་ན་གནས་པ་རྡོ་རྗེ་སྙིང་པོའི་ས་བོན་བྱང་ཆུབ་སེམས་ཀྱི་ངོ་བོ་ཡི་གེ་ཧཱུཾ་ཐིམ་པའི་ངོ་བོ་དེ་ལས་བྱུང་བ། བྱང་ཆུབ་སེམས་རོད་རྗེ་འབྱུང་བར་ལུང་བསྟན་པར་གསུངས་སོ། །དེ་ནས་ཆོས་ཀྱི་དབྱིངས་རྡོ་རྗེ་ཞེས་སྒྲ་བཤད་པར་བྱ་སྟེ། དེ་ལ་ཆོས ་ཞེས་བྱ་བའི་སྒྲ་ནི། དོན་དམ་པ་བླ་ན་མེད་པའི་ངོ་བོ་འཇིག་རྟེན་ཐམས་ཅད་ཀྱི་རྫས་ཀྱི་ངོ་བོ་དངོས་པོ་ཐམས་ཅད་ལ་ཁྱབ་ནས་གནས་པ། བྱང་ཆུབ་སེམས་སུ་གསུངས་སོ། །དེ་ནས་དབྱིངས་ཞེས་བྱ་བའི་སྒྲ་བཤད་བར་བྱ་སྟེ། སྐད་ཡིན་ན། རྣམ་པ་བྱེ་བྲག་གསུམ་དུ ་བསྟན་ཏེ། དོན་དམ་པ་དང་ཡེ་ཤེས་དང། ཀུན་རྫོབ་ཀྱི་མིང་གི་རྒྱུད་དོ། །དེ་ལ་དོན་དམ་པ་ཞེས་བྱ་བ་ནི། ངོ་བོ་མེད་པ། དངོས་པོ་དང་བྲལ་བ། ལྷ་མོ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འབྲས་བུའི་ངོ་བོ་ནམ་མཁའ་དང་འདྲ་བས་ཐམས་ཅད་ཀུན་ལན་བྱ་བ་པར་གསུངས་སོ་།དེ་ནས ་ཡེ་ཤེས་ཀྱི་སྒྲ་ནི་མདུན་དུ་སྨོས་པ་ནམ་མཁའ་དང་འདྲ་བ་ཐམས་ཅད་ལ་ཁྱབ་པ་གནས་ཀྱི་ངོ་བོ་དེ་སྐུར་གྱུར་ནས་འབྱུང་བ་རྡོ་རྗེ་སེམས་དཔའ་མཉེས་པར་མཛད་པ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱིར་གསུངས་སོ། །དེ་ནས་ཀུན་རྫོབ་ཀྱི་མིང་གི་རྒྱུད་ཀྱི་ཚུལ་ནི་སྒྲུབ་པ་པོས་སྒྲུབ་པ་བསྒྱུར ་པར་བྱ་བའི་དུས་སུ། དཔལ་རྡོ་རྗེ་སེམས་དཔའ་ཨི་ང་རྒྱལ་གྱིས་ཁྲུས་མཁན་གྱི་བུ་མོ་ལོ་བཅུ་གཉིས་ལོན་པ་མཚན་དང་ལྡན་པ་མཱ་མ་ཀཱི་བྱིན་གྱིས་བརླབས་པའི་སྦྱོར་བས་བླང་བར་བཤད་དོ། །གཞན་ཡང་འཕགས་པ་ཡེ་ཤེས་ཞབས་ཀྱི་བྱེ་བྲག་དུ་བཤད་དེ། ཇི་ལྟར་ཡིན ་ན། དབྱིངས་ཞེས་བྱ་བའི་སྒྲ་ནི། ལྷ་དང་ལྷ་མ་ཡིན་མན་ཆད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་མེའི་མཚན་མ་ཕྱག་རྒྱ་དེ་ནི་དོན་དམ་པ་དབྱིངས་ཀྱི་སྒྲར་གསུངས་སོ། །དེ་ནས་གཞན་ཡང་ནང་གི་བསྟན་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ལྷ་མོ་མན ་ཆད་དཀྱིལ་འཁོར་གྱི་ལྷ་མོ་ཡན་ཆད་མ་ལུས་པ་ཀུན་གྱི་བྷ་གར་མིང་བཏགས་པའི་ཕྱག་རྒྱ་དེ་ནི་ཡེ་ཤེས་ཀྱི་སྦྲར་གསུངས་སོ། །དེ་ནས་གཞན་ཡང་ཀུན་རྫོབ་དུ་མིའི་རིགས་བྲམ་ཟེ་མན་ཆད་ནས། རིགས་ངན་ཁྲུས་མཁན་མན་ཆད་ཐམས་ཅད་མ ་ལུས་པའི་ཕྱག་རྒྱ་པདྨར་མིང་བཏགས་པ་དེ་ནི་ཀུན་རྫོབ་དུ་རིགས་ཀྱི་བྱེ་བྲག་གི་དབྱིངས་ཀྱི་སྒྲར་གསུངས་སོ། །དེ་ལྟར་མདོར་བསྡུས་པ་མདུན་དུ་སྨོས་པའི་ཇི་སྙེད་བཤད་པའི་སྒྲ་ནི་དོན་དམ་པ་སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པ་མི་ཕྱེད་པར་ཚུལ་གཅིག་པ་ཆོས ་ཀྱི་དབྱིངས་སུ་ཤེས་པར་བྱའོ། །དེའི་འོག་ཏུ་རྡོ་རྗེ་དང་བྱང་ཆུབ་དང། སེམས་དཔའ་དང། སེམས་དཔའ་ཆེན་པོ་ནི་གོང་དུ་བཤད་པ་དང་མཐུན། དོན་དེའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཤད་པར་ཤེས་པར ་བྱའོ། །དེ་ལ་སོགས་པ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ན། དེ་དག་ཅེས་བྱ་བའི་སྒྲ་ནི་མདུན་དུ་སྨོས་པ་ཐམས་ཅད་ལ་བྱའོ། །སོགས་ཞེས་བྱ་བའི་སྒྲ་ནི། དམ་ཚིག་རྡོ་རྗེ་མན་ཆད་ནས། ཆོས་ཀྱི་དབྱིངས་རྡོ་རྗེ་རྫོགས་པ་ཡན་ཆད་ལ་བྱའོ། །བརྗོད་དུ ་ཡོད་པ་དང་བརྗོད་དུ་མེད་པ་ཞེས་བྱ་བ་ནི་དེ་ལྟར་མདུན་དུ་སྟོན་པ་རྡོ་རྗེ་འཛིན་གྱི་འཁོར་ཕུན་སུམ་ཚོགས་པ་ལ་བཤད་པ་ལས་ཤེས་པར་བྱའོ། །སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་མོ་དང་མཉམ་པ་བྱ་བའི་སྒྲ་བཤད་པར་བྱ་སྟེ། དེ་ལ་སངས་རྒྱས་ཀྱི་ཞིང་ཞེས་བྱ་བའི་སྒྲ ་བཤད་པར་བྱ་སྟེ། ཐེག་པ་ཆེན་པོ་གསང་སྔགས་རིམ་པའི་ཚུལ་གྱིས་བྱེ་བྲག་རྣམ་པ་བཞིར་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དོན་དམ་པ་དང། ནང་གི་ཡེ་ཤེས་ཀྱི་ཚུལ་དང། ཡེ་ཤེས་གསང་བའི་ཚུལ་དང། ཀུན་རྫོབ་དུ་མིའི་རིགས་ཀྱི་རྒྱུད་ཀྱི་ཚུལ་གྱི་བྷ ་ག་ཐམས་ཅད་དུ་མིང་དུ་བཏགས་པའོ། །དེ་ལ་དོན་དམ་པ་བཤད་བར་བྱ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དངོས་པོ་མེད་པ་ནམ་མཁའ་ལྟ་བུ་ཁྱབ་པའི་གནས་སོ། །དེ་ནི་སངས་རྒྱས་ཀྱི་ཞིང་གི་ངོ་བོའོ། །དེ་ལྟར་དོན་དམ་པར་ཤེས་པར་བྱའོ། །དེ་ནས་ནང་གི ་ཡེ་ཤེས་ཀྱི་ཚུལ་བཤད་པར་བྱ་སྟེ། གང་ཡིན་ན། སྟོན་པ་དཔལ་རྡོ་རྗེ་སེམས་པས་རྒྱུད་བཀལ་སྩལ་པའི་དུས་སུ། དེ་བཞིན་གཤེགས་པ་རྣམ་པ་བཞིའི་ལྷ་མོ་ཡེ་ཤེས་གི་ངོ་བོ་ཡིག་འབྲུ་བྷྲུཾ་ཉིད་ཀྱི་ཐུགས་ཀ་ཡེ་ཤེས་སེམས་པའི་གནས་ནས་ཕྱུང་ངོ། །ས་བོན་གྱི་ངོ་བོ་དེ ་ལས་རིན་པོ་ཆེ་རྣམ་པ་བཞི་དང་ལྡན་པ་གྲུ་བཞི་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གྱུར་པར་མཛད་དེ། །དེའི་འོག་ཏུ་བདེ་བ་ཆེན་པོའི་གནས་ཀྱི་དབུས་སུ་བཞུགས་ཏེ། ཐུགས་ལས་རྣམ་པ་སྣ་ཚོགས་ཀྱི་བྱེ་བྲག་གི་ཡེ་ཤེས་ཀྱི་ཆོ་འཕྲུལ་མཛད་ཅིང་རྒྱུད་བཀའ་སྩལ་བ་དེ ་ནི། ནང་གི་ཡེ་ཤེས་ཀྱི་ཚུལ་གྱི་སངས་རྒྱས་ཀྱི་ཞིང་དུ་ཤེས་པར་བྱའོ། །དེ་ནས་ཡེ་ཤེས་གསང་བ་བཤད་པར་བྱ་སྟེ། གང་ཡིན་ན། ཡེ་ཤེས་ཀྱི་སྦྲ་ནི་མཱ་མ་ཀཱི་ལ་སོགས་པ་ལྷ་མོ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོར་གསུངས་སོ། །གསང་བའི་སྒྲ་ནི། ལྷ་མོ་མཱ་མ ་ཀཱི་ལ་སོགས་པའི་བྷ་ག་ཆོས་ཀྱི་འབྱུང་གནས་སུ་བཤད་དོ། །བྷ་ག་དེ་ནི་དཔག་ཚད་འབུམ་ཕྲག་བརྒྱ་ཐམ་པ་ཆེ་བ་ཡངས་པ་གཞལ་ཡས་ཁང། སངས་རྒྱས་ཀྱི་ཞིང་ཁམས་སུ་མིང་བཏགས་པ་སྟེ། དེ་ནི་ཡེ་ཤེས་གསང་བའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཀུན་རྫོབ ་ཀྱི་མིའི་རིགས་ཀྱི་རྒྱུད་ཀྱི་ཚུལ་དུ་མིང་བཏགས་པའི་བྷ་ག་ཐམས་ཅད་བཤད་པར་བྱ་སྟེ། གང་ཡིན་ན། བུད་མེད་ཐམས་ཅད་ཉོན་མོངས་པ་དང་ལྡན་པ་སྒྲུབ་པ་པོ་ལ་སོགས་པ་མི་ཐམས་ཅད་སེམས་བདེ་བས་དབང་པོ་གཉིས་མཉམ་པར་སྦྱོར་བ་ཐབས་ཀྱིས་རོལ་བ་བྱ ་བའི་གནས་?་གར་མིང་བཏགས་པ་པདྨ་ལ་བྱ་སྟེ། གནས་དེར་བུད་མེད་དང་སྐྱེས་བུ་གཉིས་སུ་མེད་པའི་རོལ་པས་བདེ་བ་མྱོང་བ་གང་ཡིན་པ་དེ་ནི་བདེ་བའི་ངོ་བོའོ། །དོན་དམ་པར་དཔལ་རྡོ་རྗེ་སེམས་དཔས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་གཉིས ་སུ་མེད་པ་ཆོས་ཀྱི་སྐུ་བདེ་བའི་ངོ་བོས་ཁྱབ་ནས་བདེ་བ་མྱོང་བ་ཚུལ་དེ་ལྟར་སངས་རྒྱས་ཀྱི་ཞིང་ཀུན་རྫོབ་བུ་མིའི་རིགས་ཀྱི་རྒྱུད་ཀྱི་ཚུལ་དུ་ཤེས་པར་བྱའོ། །དེ་ནས་རྡུལ་ཕྲ་མོ་དང་མཉམ་པ་ཞེས་བྱ་བའི་སྒྲ་བཤད་བར་བྱ་སྟེ། ཅི་ལྟར་ཡིན་ན། ཕྲ་མོ་ནི་ཚད་ཀྱི་དོན་དུ ་གསུངས་སོ། །རྡུལ་ཞེས་བྱ་བའི་སྒྲ་ནི། སའི་རྡུལ་ཕྲ་མོའི་ཡང་ཕྲ་མོ་དང་མཉམ་པའི་ཚད་དུ་མདུན་དུ་སྨོས་པའི་སངས་རྒྱས་ཀྱི་ཞིང་ན་གནས་པ་མདུན་དུ་སྨོས་པའིདམ་ཚིག་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་རྣམས་སུ་ཤེས་པར་བྱའོ། །མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། མཉམ་པ་ནི་རིང་ཐུང་སྦོམ་ཕྲའི་ཚད་དོ། །དེ་ནི་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་རྩིས་ལས་འདས་པ་རྡོ་རྗེ་སེམས་དཔའ་མི ་བསྐྱོད་པ་ཡེ་ཤེས་སེམས་དཔའ་ཨི་སྐུ་ཕྱག་རྒྱའི་གཟུགས་ཉིད་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་གནས་པར་གྱུར་ཏེ། དེ་ལྟར་མཉམ་པའི་དོན་དུ་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཞེས་བྱ་བའི་དོན་ནི་གོང་མ་དང་ ་མཐུན་ནོ། །དེ་ནས་རྡོ་རྗེ་སེམས་དཔས་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་སྤྲོ་བར་མཛད་དེ། དེ་རྣམས་ཀྱི་ཆིང་དང་གྲངས་དང། གནས་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། དེ་བཞིན་གཤེགས་པ་ནམ་མཁའ་ཨི་དབྱིངས་དང་མཉམ་པ ་ཞེས་བྱ་བ་བཤད་པར་བྱ་སྟེ། ནམ་མཁའ་ཨི་དབྱིངས་ཞེས་བྱ་བ་ནི་ཁམས་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དབྱིངས་ལ་སྟོང་པའི་ངོ་བོས་ཁྱབ་སྟེ། དེ་ལ་དབྱིངས་མ་ལུས་པ་དང་མཉམ་པའི་དོན་དུ་གསུངས་སོ། །གཞན་ཡང་མཉམ་པའི་སྒྲ་ནི ་མདུན་དུ་སྨོས་པའི་ནམ་མཁའ་དེ་དང་མཉམ་པར་དེ་བཞིན་གཤེགས་པ་རྣམས་ཀྱི་ཁྱབ་པར་གསུངས་སོ། །དེ་ནས་གསུངས་པའི་དོན་ནི་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་གྲངས་ཚད་མེད་པ་དང། གྲངས་རྩིས་ལས་འདས་པར་གསུངས་སོ། །དེ་ནས ་དེ་བཞིན་གཤེགས་པའི་སྒྲ་ནི་མདུན་དུ་སྨོས་པའི་ཚད་དང་གྲངས་དང་གནས་ཕུན་སུམ་ཚོགས་པར་ཤེས་པར་བྱའོ། །དེ་ནས་དོན་དེ་བཞིན་གཤེགས་པའི་མཚན་མདོ་ཙམ་ཞིག་བསྟན་པར་བྱ་སྟེ་འདི་ལྟ་སྟེ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་དང། ་ཞེས་བྱ་བ་བཤད་བར་བྱ་སྟེ། ཇི་ལྟར་ཡིན་ན། འདི་ལྟ་སྟེ་ཞེས་བྱ་བ་ནི། འོག་ནས་འབྱུང་བའི་དོན་མཚོན་པའོ། །དེ་ནས་མི་བསྐྱོད་པའི་དོན་ནི། རུ་དྲ་ལ་སོགས་པ་བདུད་དགྲ་ཐམས་ཅད་ཀྱིས་སྣ་ཚོགས་ཀྱི་བྱེ་བྲག་ཐམས་ཅད་ཀྱིས། གནོད་པ་དང་ཕྱིན་ཅི ་ལོག་པ་བྱེད་པས་བསྐྱོད་པར་མི་ནུས་པ་གཡོ་བར་མི་ནུས་པ་ནམ་མཁའ་ལྟ་བུའོ། །གཞན་ཡང་བྱེ་བྲག་དུ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། སྒྲུབ་པ་པོ་ལ་དངོས་གྲུབ་གསོལ་བའི་དུས་མན་ཆད་དུ། དུས་རྟག་ཏུ་སྒྲུབ་པ་པོའི་ལུས་སྐད་ཅིག་ཙམ་ཡང་བསྐྱོད་པར ་མི་མཛད་གཡོ་བར་མི་མཛད་དོ། །བརྟན་པ་གཉིས་སུ་མེད་པའི་ངོ་བོར་གནས་སྟེ། དེ་ལྟར་མི་བསྐྱོད་པའི་དོན་དུ་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་ཞེས་བྱ་བའི་དོན་ནི། རྡོ་རྗེ་ནི་བརྟན་པའི་ང་བ་ཡིན་ནོ། །དེ་ཇི་ལྟར་ཡིན་ན། ནམ་མཁའ་ལྟ་བུ་སྟོང་པ་དངོས་པོ་མེད་པ་ཐམས ་ཅད་ལ་ཁྱབ་པ་སྐྱེ་ཤི་དང་བྲལ་བ། སྐྱོན་ཐམས་ཅད་མེད་པ། རྣམ་པར་རྟོག་པ་ཐམས་ཅད་ཡེ་ནས་མེད་པའི་ངོ་བོ་རྡོ་རྗེའི་དོན་དུ་གསུངས་སོ། །བཤད་བར་བྱ་སྟེ། མཚོན་རྣམས་ཀྱིས་ཆོད་པར་མི་ནུས་པ་དང། མེས་བསྲེག་པར་མི་ནུས་པ་དང། ཆུས་རུལ་བར ་མི་ནུས་པ་དང། རླུང་གིས་བསྐྱོད་པ་དང་བསྐམ་པར་མི་ནུས་པ་དང། རྡོ་རྗེའི་དོན་དེ་ལྟར་ཤེས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཞེས་བྱ་བའི་དོན་ནི། རྣམ་པ་གསུམ་གྱིས་བཤད་དེ། གང་ཡིན་ན། དང་པོ་ཆོས་ཀྱི་སྐུའི་གནས་ནས་འབྱུང་སྟེ། ཐུགས ་རྗེ་ཆེན་པོའི་དབང་གིས་སེམས་ཅན་མ་ལུས་པའི་དོན་དུ་རྒྱུད་བཀའ་སྩལ་པའི་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་བྱོན་ཏེ། དེའི་འོག་ཏུ་རྒྱུད་བཀའ་སྩལ་མ་རྫོགས་མ་ཐག་ཏུ་བདེ་བ་ཆེན་པོ་དོན་དམ་པའི་ངོ་བོ་ཆོས་ཀྱི་སྐུ་དང་པོ་བྱོན་པའི་གནས་སུ་གཤེགས་ནས ་གནས་པར་ཤེས་པར་བྱའོ། །གཞན་ཡང་བྱེ་བྲག་དུ་དེ་བཞིན་གཤེགས་པའི་སྒྲ་བཤད་པར་བྱ་སྟེ། རྒྱུད་བཀའ་སྩལ་པའི་དུས་སུ་དཔལ་རྡོ་རྗེ་སེམས་དཔའ་ཨི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་དེ་བཞིན་གཤེགས་པ་གྲངས་མེད་པ་རྣམས་ཐུགས་རྗེ་ཆེན ་པོའི་དབང་གིས་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པའི་དོན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྒྲོས་ནས་ཁྱབ་སྟེ། དེའི་འོག་ཏུ་སེམས་ཅན་གྱིས་དོན་མཛད་མ་ཐག་ཏུ་སླར་བདེ་བ་ཆེན་པོའི་དགྱེས་པས་སྔོན ་གྱི་གནས་སུ་གཤེགས་ནས་འདུས་བར་ཤེས་པར་བྱའོ། །གཞན་ཡང་དེ་བཞིན་གཤེགས་པའི་སྒྲ་བྱེ་བྲག་དུ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། སྒྲུབ་པ་པོས་རྡོ་རྗེ་སེམས་དཔའ་ཨི་ང་རྒྱལ་གྱིས་མཱ་མ་ཀཱི་དང་ལྡན་པར་གཉིས་སུ་མེད་བར་བྱིན་གྱིས་བརླབས་པས ་ཐབས་དང་ཤེས་རབ་ཀྱི་རོལ་པས་བདེ་བ་ཆེན་པོའི་སེམས་དགའ་བས་བྷ་གའི་དབུས་སུ་བྱང་ཆུབ་སྤྲོ་བར་བྱ་སྟེ། ས་བོན་གྱི་ངོ་བོ་དེ་ལས་དེ་བཞིན་གཤེགས་པ་གྲངས་མེད་པ་ཇི་སྙེད་མདུན་དུ་སྨོས་པའི་རྡོ་རྗེ་སེམས་དཔའ་ཨི་ཐུགས་ཀ་ཡེ་ཤེས་སེམས་པའི་གནས་ནས ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོ་བར་མཛད་པས། སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པར་མཛད་པ་དེ་བཞིན་དུ། འགྲོ་བའི་དོན་གྲུབ་བར་བྱ་ཏེ། དེ་མ་ཐག་ཏུ་སླར་བདེ་བ་ཆེན་པོའི་དགའ་བས་སྔ་མའི་གནས་སུ་གཤེགས་ནས། ་འདུས་བར་གྱུར་པར་ཤེས་བར་བྱའོ། །དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་དང། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། རྣམ་པར་སྣང་མཛད་དང་ཞེས་བྱ་བའི་སྒྲ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེའི་འོད་ཀྱིས་ཡང་དག་པར་མཛེས ་བ་འབར་པར་གསུངས་སོ། །གཞན་ཡང་སྐུ་ཞི་ཚུལ་ཕུན་སུམ་ཚོགས་པ་ཡང་དག་བར་མཛེས་པ་འབར་བར་གསུངས་ཏེ། དེའི་ཕྱིར་རྣམ་པར་སྣང་མཛད་ཀྱི་དོན་དུ་གསུངས་སོ་།དེ་ནས་རྡོ་རྗེ་དང་དེ་བཞིན་གཤེགས་པའི་དོན་ནི་མདུན་དུ་བཤད་པ་དང་མཐུན ་པར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་རྡོ་རྗེ་རིན་པོ་ཆེ་ཏོག་ཅེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། རིན་ཆེན་ཏོག་ཅེས་བྱ་བའི་སྒྲ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏོག་གི་ངོ་བོ་ཡིན་ཏེ། སྒྲུབ་པ་པོས ་མཉམ་པ་ཉིད་ཀྱི་ཡེ་ཤེས་བསྒོམས་ནས་ཉོན་མོངས་པ་ཐམས་ཅད་དང། བདུད་དགྲ་རྣམས་ཕམ་པར་བྱས་ཏེ། རྒྱལ་བ་ཐོབ་པ་ལ་རིན་པོ་ཆེ་ཏོག་གི་དོན་དུ་གསུངས་སོ། །གཞན་ཡང་བྱེ་བྲག་དུ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། སྒྲུབ་པ་པོས་ནོར་བསྒྲུབ་པར ་བྱ་བའི་ཕྱིར་རིན་པོ་ཆེ་འབྱུང་ལྡན་བསྒོམས་ནས་བསྒྲུབ་པར་བྱ་སྟེ། དེ་ལ་གྲུབ་པའི་དུས་སུ་དབུལ་བའི་སྡུག་བསྔལ་ཐམས་ཅད་མེད་པར་མཛད་ནས། དབང་ཕྱུག་ཆེན་པོའིགོ་ཕང་ཐོབ་པར་འགྱུར་རོ། །དེའི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོབོ་རྒྱལ་བ་ཐོབ་པའི་རྟགས་རིན་པོ་ཆེ་ཏོག ་གི་དོན་དུ་ཤེས་པར་བྱའོ། །རྡོ་རྗེ་དང། དེ་བཞིན་གཤེགས་བའི་དོན་མདུན་དུ་བཤད་པ་དང་མཐུན་པར་ཤེས་པར་བྱ་བོ། དེ་བཞིན་གཤེགས་པ་རྡོ་རྗེ་ཚེ་དཔག་ཏུ་མེད་པ་དང་ཞེས་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ་།ཇི་ལྟར་ཡིན་ན། ཚེ་དཔག་ཏུ་མེད་པ་དང་ཞེས་བྱ་བ་ནི། ཚེ་གྲངས་མེད་བརྩིས ་ལས་འདས་བར་གསུངས་ཏེ། ཇི་ལྟར་ཡིན་ན། ཡིག་འབྲུ་ཨ་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་དོན་དུ་གསུངས་སོ། །དཔག་ཏུ་མེད་པ་ཞེས་བྱ་བའི་སྒྲ་ནི། ཆོ་གྲངས་མེད་པ་རྩིས་ལས་འདས་བ་དེས་སྐྱེ་བ་དང་ཤི་བ་དང་འགྲོ་བ་རིས?་དྲུག་གི་རིགས་ཀྱི་བྱེ་བྲག་ཏུ་འཁོར་ལོ་བཞིན ་དུ་རབ་ཏུ་འཁོར་བའི་ལས་དེ་རྣམས་དང་བྲལ་བར་འགྱུར་ཏེ། དེ་ལྟར་དཔག་ཏུ་མེད་པའི་དོན་དུ་གསུངས་སོ། །གཞན་ཡང་ཚེ་དཔག་ཏུ་མེད་པའི་སྒྲའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ཡིག་འབྲུ་ཨ་དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་དེ་བཞིན་གཤེགས་པ ་ཚེ་དཔག་ཏུ་མེད་པའི་དོན་དམ་པའི་འབྲས་བུའོ། །ཡིག་འབྲུ་ཨ་དེ་སྒྲུབ་པ་པོས་རྡོ་རྗེ་ཚེ་དཔག་ཏུ་མེད་པ་བསྒོམ་པའི་དུས་སུ་ཚེ་དཔག་ཏུ་མེད་པའི་སྐུ་ཕྱག་རྒྱ་བསྐྱེད་པའི་ས་བོན་བསྒོམ་པར་བྱ་སྟེ། དེ་ལྟར་བསྒོམས་ན་ཐེ་ཚོམ་མེད་པར་བསྒོམ་པར་འགྱུར་རོ། །དེ་ནས ་དེའི་དངོས་གྲུབ་ཀྱི་འབྲས་བུ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དཔག་ཏུ་མེད་པའི་སྒྲ་མདུན་དུ་བཤད་པ་དང་མཐུན། ཚེ་དཔག་ཏུ་མེད་གྲངས་མེད་རྩིས་ལག་འདས་པ་དེའི་ངོ་བོ་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་དང་གཉིས་སུ་མེད་པའི་ངོ་བོ་སྒྲུབ་པ་རས་འགྲུབ་པར ་འགྱུར་རོ། །དེ་ལྟར་ཚེ་དཔག་ཏུ་མེད་པའི་དོན་དུ་ཤེས་པར་བྱའོ། །རྡོ་རྗེ་དང་དེ་བཞིན་གཤེགས་པའི་དོན་ནི་གང་དུ་བཤད་པ་དང་མཐུན་པར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་རྡོ་རྗེ་གདོན་མི་ཟ་བ་དང་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན ་ན། ཡིག་འབྲུ་ཧ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོར་གསུངས་སོ། །དེ་ནས་གདོན་མི་ཟ་བའི་སྒྲ་ནི། བླ་ན་མེད་པའི་འབྲས་བུ་སྒྲུབ་པ་པོས་གྲུབ་པ་ཐོབ་པར་བྱ་བའི་དོན། དམ་ཚིག་གི་ལས་ཐམས་ཅད་ཀྱི་ངོ་བོ་གདོན་མི་ཟ་བར་གསུངས་སོ། །དེ་ནས་གཞན་ཡང་མངོན ་མི་ཟ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་སྒྲུབ་པ་པོས་ཐེག་པ་ཆེན་པོའི་ལས་ཇི་ལྟར་བྱ་བའི་ལས་ཀྱི་ངོ་བོ་གདོན་མི་ཟ་བ་རྡོ་རྗེ་ནི་འཕྲིན་ལས་རྫོགས་པའི་དུས་སུ་གདོན་མི་ཟ་བ་རྡོ་རྗེར་གྲུབ་པར་འགྱུར་རོ། །དེ་ལྟར་གདོན་མི་ཟ་བ་རྡོ་རྗེའི་དོན་དུ་ཤེས་པར་བྱའོ། ། ་རྡོ་རྗེ་དང་དེ་བཞིན་གཤེགས་པ་བཤད་པའི་དོན་ནི་མདུན་དུ་བཤད་པ་དང་མཐུན་པར་ཤེས་པར་བྱའོ། །དེ་ལྟར་ཚུལ་གྱིས་མདུན་དུ་བཤད་པ་དེ་དག་གི་ཉིད་ཉིད་ཀྱི་རིགས་ཀྱི་ཚུལ་གྱིས་ལྟ་མོ་དང་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང་བསྐྱེད་པའི་ས་བོན་གྱི ་ཡིག་འབྲུ་དང་དེ་དག་དཀྱིལ་འཁོར་གྱི་དུས་སུ་ཇི་ལྟར་སྨོས་པ་བཞིན་དུ་བསྟན་ཏོ། །དེ་དག་ལ་སོགས་པ་ནམ་མཁའ་ཨི་དབྱིངས་ཐམས་ཅད་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་པ་ནི་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར ་ཡིན་ན། དེ་དག་གི་སྒྲ་ནི་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་རྣམས་ལ་བྱའོ། །སོགས་ཞེས་བྱ་བ་ནི། མདུན་དུ་སྨོས་པའི་དང་པོ་གཙོ་བོ་རྡོ་རྗེ་མི་བསྐྱོད་པ་མན་ཆད་དེ་གཞན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་ནམ་མཁའ་ཨི་དབྱིངས་ཐམས་ཅད་ཞེས་བྱ ་བའི་དོན་ནི། མི་བསྐོག་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲོ་བ་དང་ཆོ་འཕྲུལ་བྱེད་པའི་གནས་ཕུན་སུམ་ཚོགས་པར་གསུངས་སོ། །མཉམ་ཞེས་བྱ་བ་ནི་སྡུད་པ་པོ་རྡོ་རྗེ?་ཆོས་རྡོ་རྗེ་སེམས་དཔའ་ཨི་ཐུགས་ཀྱི་སྟོབས་ཕྱག་ན་རྡོ་རྗེ་མདུན་དུ་སྨོས་པའི་དེ ་བཞིན་གཤེགས་པ་རྣམས་རྡོ་རྗེ་སེམས་པས་སྤྲོ་བར་མཛད་པ་དེ་དག་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གི་ལྷ་མོ་དང་སྐུ་མདོག་དང་ཞལ་དང་རྒྱན་དང་ཕྱག་མཚན་དང་བསྐྱེད་པའི་ས་བོན་གྱི་ཡིག་འབྲུ་དང། དེ་དག་དང་ལྡན་པའི་སྤྲོ་བའི་ཆོ་འཕྲུལ་བྱེད་ཅིང་ཁྱབ་ནས་གནས་པར་བསྟན་ཏོ། ་དེ་ནས་དེ་བཞིན་གཤེགས་པའི་སྒྲ་ནི་མདུན་དུ་སྨོས་པ་དེ་བཞིན་དུ་འདིར་ཤེས་པར་བྱའོ། །དེ་ནས་དེ་རྣམས་ཁྱད་པར་གྱིས་བསྟན་པར་བྱ་སྟེ་།སྐུའི་ཚེད་དང་བཞུགས་པའི་གནས་པའི་ཚུལ་དང། གྲངས་ཀྱི་ཚད་དོ། །འདི་ལྟ་སྟེ་དཔེར་ན། ཏིལ་གྱི་གང་བུ་བཞིན་དུ ་ནམ་མཁའ་ཨི་དབྱིངས་ཐམས་ཅད་ཁྱབ་པ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ་ཇི་ལྟར་ཡིན་ན། འདི་ལྟ་སྟེ་དཔེར་ན་ཞེས་བྱ་བའི་དོན་ནི་དང་པོ་བཤད་པའི་དོན་ནི་མཚོན་པར་བསྟན་ཏོ། །ཏིལ་གྱི་སྒྲིན་དེ་བཞིན་བཤེགས་པ་རྣམས་ཀྱི་སྐུའི་ཚད་རིང་ཐུང་དང་སྦོམ་ཕྲ་དང་འཐུག་སྲབ ་ཏིལ་འབྲུ་དང་མཉམ་པར་གསུངས་སོ། །དེ་ནས་གང་བུ་བཞིན་དུ་ཞེས་བྱ་བའི་སྒྲ་ནི་ཏིལ་གྱི་གང་བུའི་ནང་ཏིལ་འབྲུ་མང་པོས་འཇར་བ་སྟུག་པར་གང་བ་གནས་པ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔས་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་པའི་གནས་དེ་བཞིན ་གཤེགས་པ་རྣམས་རིམ་པས་ཕྱུང་ནས་ནམ་མཁའ་ཨི་དབྱིངས་སུ་གནས་པའོ། །དེ་ནས་ནམ་མཁའ་ཨི་དབྱིངས་ཐམས་ཅད་ཞེས་པའི་སྒྲ་ནི་སྨོས་ནས་ཁྱབ་པས་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་ཕུན་སུམ་ཚོགས་པར་གསུངས་སོ། །དེ་ནས་ཁྱབ་པའི་སྒྲ་ནི ་མདུན་དུ་སྨོས་པའི་གནས་ཕུན་སུམ་ཚོགས་པ་ནམ་མཁའ་ཨི་དབྱིངས་ཐམས་ཅད་ཁྱབ་པའོ། །དེའི་ཕྱི་དང་ནང་དང་གསང་བའི་གསུམ་གྱི་བྱེ་བྲག་དེ་བཞིན་བཤེགས་པ་རྣམས་ཀྱིས་གང་ནས་ཁྱབ་པ་གྲངས་ཡོད་པ་དང་གྲངས་མེད་པ་དང་རྩི་ལས་འདས་པར་ཤེས ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྣང་བར་གྱུར་ཏོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲ་ནི། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ཉིད་ཀྱི་རིགས་ཀྱི་བྱེ་བྲག་སྤྲིན་བཞིན་དུ ་ནམ་མཁའ་ཨི་དབྱིངས་གར་བར་སྣང་བར་གྱུར་པར་གསུངས་སོ། །དེ་ནས་གཞན་ཡང་སྣང་བར་གྱུར་ཏོ་ཞེས་བྱ་བའི་སྒྲ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡེ་ཤེས་ཀྱི་ཆོ་འཕྲུལ་མཛད་ཅིང་སེམས་ཅན་རྣམས་འདུལ་བར ་གཟིགས་པར་གསུངས་སོ། །དེ་ནས་གཞན་ཡང་བྱེ་བྲག་དུ་བཤད་པར་བྱ་སྟེ། ནམ་མཁའ་ཨི་དབྱིངས་ན་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་པོ་རྡོ་རྗེ་སེམས་དཔའ་ཆོ་འཕྲུལ་མཛད་ཅིང་སེམས་ཅན་རྣམས་འདུལ་བར་མཐོང་བར་གྱུར་རོ། །དེ་ནས་གཞན ་ཡང་བྱེ་བྲག་དུ་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ནམ་མཁའ་ཨི་དབྱིངས་ཀྱི་གནས་སུ་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱིས་སེམས་ཅན་ཐམས་ཅད་བྱིན་གྱིས་རློབ་པར་མཛད་པ། ཕྱིའི་ལྷ་ཚངས་པ་ལ་སོགས་པས་ཡེ་ཤེས་དང་ལྡན་ནས་ཐམས ་ཅད་ཀྱིས་མཐོང་བར་གྱུར་ཏོ། །སྣང་བྱར་བྱེད་པའི་དོན་ཚུལ་དེ་ལྟར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ། ཞེས་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ་འོག་ནས་འཆད་པའི་དོན་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བའི་སྒ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྦྱར་རོ། །གཞན་ཡང་བཅོམ ་ལྡན་འདས་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་དང་མངོན་པར་ཤེས་པ་ལ་སོགས་པ་མ་ལུས་པ་ཀུན་གྱི་སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གསུངས་སོ། །གཞན་ཡང་བཅོམ་ལྡན་འདས་ཞེས་བྱ་བའི་སྒྲ་ནི། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱིས་ཕྱི་དང་ནང་དང་བདུད་རིམ་བར་བཅོམ་པར་གསུངས་སོ། །དེ་ལ་བདུད་རིམ་པར་བཅོམ་པའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་ཉིད་ཀྱི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་འབྲས་བུའི་ངོ་བོ ་ཁྲོ་བོའི་རྒྱལ་བོ་ཆེན་པོ་གཤིན་རྗེ་གཤེད་བྱུང་སྟེ། དེའི་འོག་ཏུ་དེའི་ཐབས་ཀྱིས་འཆི་བདག་གི་གདུད་གཤིན་རྗེ་འཁོར་དང་བཅས་པ་བཅོམ་པར་མཛད་པར་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པས་ཉིད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་འབྲས་བུའི་ངོ་ཁྲོ་བོའི་རྒྱལ་བ ་ཆེན་པོ་གཞན་གྱིས་མི་ཐུབ་པའི་སྐུ་ཕྱག་རྒྱ་ཕྱུང་སྟེ། དེའི་འོག་དུ་དེའི་ཐབས་ཀྱིས་ཉོན་མོངས་པའི་བདུད་བརྒྱ་བྱིན་འཁོར་དང་བཅས་པ་བཅོམ་པར་མཛད་པར་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ཉིད་ཀྱི་སོ་སོར་རྟོག་པའི་ཡེ་ཤེས ་ཀྱི་འབྲས་བུའི་ངོ་བོ་ཁྲོ་བོའི་རྒྱལ་པོ་ཆེན་པོ་པདྨའི་གཤེད་ཀྱི་སྐུ་ཕྱུང་སྟེ། དེའི་འོག་དུ་དེའི་ཐབས་ཀྱིས་ལྷའི་བུའི་བདུད་ཀ་མ་དེ་བ་འཁོར་དང་བཅས་པ་བཅོམ་པར་མཛད་པར་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པས་ཉིད་ཀྱི་བྱ་བ་ནན་ཏན ་གྱི་ཡེ་ཤེས་ཀྱི་འབྲས་བུའི་ངོ་བོ་ཁྲོ་བོའི་རྒྱལ་པོ་ཆེན་པོ་བགེགས་ཀྱི་གཤེད་ཀྱི་སྐུ་བྱུང་སྟེ། དེའི་འོག་དུ་དེའི་ཐབས་ཀྱི་ཕུང་པོའི་བདུད་ནི་ན་ཡ་ཀ་འཁོར་དང་བཅས་པ་བཅོམ་པར་མཛད་པར་གསུངས་སོ། །དེ་ནས་གཞན་ཡང་རིག་པའི་བྱེ་བྲག་ཏིས་བཤད་པར་བྱ་སྟེ། ་ཡི་གེ་བ་ནི་ས་གཞིར་གསུངས་སོ། །ཡིག་འབྲུ་ག་ནི་ནམ་མཁར་གསུངས་སོ། །ཡིག་འབྲུ་བ་ན་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན་དུ་གསུངས་སོ། །དེ་ནས་ས་གཞིའི་སྒྲ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ལྷ་མོ་སངས་རྒྱས་སྤྱན་ལ་སོགས ་པར་གསུངས་སོ། །དེ་ནས་ནམ་མཁའ་ཨི་སྒྲ?་ནི། ཐབས་ཀྱི་ངོ་བོ་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པར་གསུངས་སོ། །དེ་ནས་བམ་གྱི་སྒྲ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ངོ་བོ་ཕྱག་རྒྱ་ཆེན་པོར་གྱུར་པར་གསུངས་སོ། །དེ་ལྟར་བཅོམ ་ལྡན་འདས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པའི་སྒྲ་ནི། རྣམ་པར་སྣང་མཛད་ཀྱི་སྒྲ་ནི་སྔར་བཤད་པ་དང་འདིར་སྦྱོར་ཅིག་།ཆེན་པོ་ནི་ལྔ་ཐམས་ཅད་ཀྱི་སྐུ་ཕྱག་རྒྱར་སྣང་བའོ་ངོ་བོ་ཡིན་ནོ། །དེ་བཞིན ་གཤེགས་པ་ཐམས་ཅད་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་པའི་སྒྲ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ནི་མདུན་དུ་སྨོས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ ་ལྡས་འདོད་ཆགས་ཆེན་པོའི་ཚུལ་གྱིས་མཉམ་པར་སྙོམས་པར་ཞུགས་པར་གསུངས་སོ། །དེ་ནས་འདོད་ཆགས་ཆེན་པོའི་ཚུལ་རྒྱས་པར་བཤད་པར་བྱ་སྟེ། ཆེན་པོ་ནི་ཁྱད་པར་གྱི་འདོད་ཆགས་ཐུགས་དགྱེས་པས་སོ་སོ་རིགས་ཀྱི་བྱེ་བྲག་གི་ལྷ་མོ་ཤིན་ཏུ་འཁྱུད་དེ ་སོ་སོར་ཙུམ་པ་ན་མདོད་དེ། སྣ་ཚོགས་ཀྱི་བྱེ་བྲག་གིས་སྐུ་སྒག་པ་དང། འགྱིང་བག་གི་ཚུལ་གྱིས་སྨིན་མ་དལ་ནས་དལ་ནས་བསྐྱོད་པའི་ཞི་བའི་འདོད་ཆགས་ཀྱི་ཚུལ་དང། གཞན་ཡང་སོ་སོ་དལ་ནས་དལ་ནས་ཞབས་གོམ་པ་འདོར་ཞིང་རྡོ་རྗེ་དང་པདྨ་མཉམ ་པར་སྦྱར་ནས་ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་ཅིང་བྱང་ཆུབ་ཀྱི་སེམས་དལ་ནས་དལ་ནས་བྷ་གའི་དབུས་སུ་ཆེར་བཞིན་དུ་འོད་དུ་ཞུར་རྒྱ་མཚོ་དང་མཉམ་པྲ་གྱུར་པར་གསུངས་སོ། །དེ་ནས་ཏིང་ངེ་འཛིན་གྱི་སྒྲ་ནི། མདུན་དུ་སྨོས་པའི་ཚུལ་ཇི་ལྟར ་བཤད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་ཚུལ་ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་པའི་དུས་སུ། ཉིད་ཉིད་ཀྱི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་སྤྲིན་ལྟ་བུ་སོ་སོའི་རིགས་ཀྱི་ཁ་དོག་གིས་ནམ་མཁའ་ཨི་དབྱིངས་ཁྱབ་པར་སྦྲོ་བར་མཛད་དོ།། ་དེ་ལྟར་འདོད་ཆགས་ཀྱི་སྤྱད་པ་སྤྱོད་པ་གང་ཡིན་པ་དེ་ནི། འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་དུ་གསུངས་སོ། །དེ་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བའི་སྒྲ་ནི། སྙན་པ་རྡོ་རྗེ་སེམས་པ་མཉེས་པར་བྱ་བའི་ཕྱིར། འདོད་ཆགས་ཆེན་པོ་གསང་བའི། ་མཆོད་པ་ཏིང་ངེ་འཛིན་གྱི་ངོ་བོ་སྐུ་དང་གསུངས་དང་ཐུགས་རྩེ་གཅིག་པ་མཛད་པ་བཞུགས་པ་དེ་ལྟར་སྙོམས་པར་ཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་བཀོད་པ་དེ་དག་ཐམས་ཅད་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་དོ་ཞེས ་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་བཞིན་གཤེགས་པ་བཀོད་པ་དེ་དག་ཐམས་ཅད་ཞེས་བྱ་བའི་སྒ་ནི། དེ་དག་ཞེས་པའི་སྒྲ་ནི་མདུན་དུ་སྨོས་པའི་ནམ་མཁའ་ཨི་དབྱིངས་ཀྱི་གནས་ན་གནས་པ་མཚོན་པར་གསུང་སོ། །དེ་བཞིན་གཤེགས ་པ་ཐམས་ཅད་ཞེས་བྱ་བ་ནི། ནམ་མཁའ་ཨི་དབྱིངས་མ་ལུས་པ་ཀུན་ན་གནས་པར་གསུངས་སོ། །བཀོད་པའི་སྒྲ་ནི་དེ་བཞིན་གཤེགས་པ་རྣམ་པ་ལྔ་ཉིད་རིགས་ཀྱི་བྱེ་བྲག་གི་སྐུ་མདོག་དང། ཞལ་དང། ཕྱག་དང་ཕྱག་མཚན་དང་རྒྱན་དང། ཤེས་རབ ་ལྷ་མོ་དང་ལྡན་པར་གཉིས་སུ་མེད་པའི་རོལ་པ་བཀོད་པ་སྤྲིན་འདྲ་བར་གསུངས་སོ། །ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་དོ་ཞེས་པའི་སྒྲ་ནི། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་རྣམས་འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་དུ་ཞུགས ་པ་གང་ཡིན་པ་རྣམས་ཀྱིས། ཉིད་ཉིད་ཀྱི་སྐུ་ལས་ཉིད་ཉིད་ཀྱི་རིགས་ཀྱི་བྱེ་བྲག་།ནམ་མཁའ་ཨི་དབྱིངས་ན་གནས་པའི་དེ་བཞིན་གཤེགས་པ་བཀོད་པ་རྣམས་ཉིད་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གི་ཁ་དོག་དང་ལྡན་པའི་ཡེ་ཤེས་ཀྱི་འོད་ཟེར་གྱི་ལྕགས་ཀྱུས་བཀུག་ནས ་ཞུགས་པར་གསུངས་སོ། །མཛད་པའི་སྒྲ་ནི་དེ་བཞིན་གཤེགས་པ་བཀོད་པ་རྣམས་ཞུགས་མ་ཐག་ཏུ་གཉིས་སུ་མེད་པའི་ངོ་བོར་བསྡུ་བར་གྱུར་པར་ཤེས་པར་བྱའོ། །དེ་ནས་གཞན་ཡང་འཕགས་པ་རྡོ་རྗེ་རྣོན་པོས་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལས་བྱུང་བ། འདོད་ཆགས ་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་གྱི་སྒ་འདོན་འདིར་དྲངས་ཏེ་བཤད་པ་དེ་ནས་བཅོམ་ལྡན་འདས་རྣམ་པར་སྡད་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོའི་ཚལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་དེ། ཞེས་བྱ་བའི་སྒྲ ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ཆེན་པོའི་སྒྲ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ལྷ་རྣམས་དང། གཞིན་ཡང་ས་བོན་ཐམས་ཅད་དང། གཞན་ཡང་བྱང་ཆུབ་སེམས་དང། གཞན་ཡང་ཡེ་ཤེས་ཀྱི་འོད་ཟེར་རྣམས་དང། གཞན་ཡང་དངོས་པོ་ཅན་གྱི ་རྫས་ཇི་སྙེད་པ་རྣམས་ལ་ཆེན་པོའི་སྒྲའི་དོན་དུ་གསུངས་སོ། །རྣམ་པར་སྣང་མཛད་ཀྱི་སྒྲ་དང། དེ་བཞིན་གཤེགས་པའི་སྒྲ་ནི་མདུན་དུ་བཤད་པ་དང་མཐུན་པར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས ་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱ་བའི་སྒྲ་ནི། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཉིད་ཉིད་ཀྱི་རིགས་ཀྱི་ལྷ་མོ་ཤིན་ཏུ་འཁྱུད་པྲ་མཛད་དེ། གཉིས་སུ་མེད་པའི་ཏུལ་གྱིས་སྣ་ཚོགས་ཀྱི་བྱེ་བྲག ་གིས་སྐུ་བསྐྱོད་ནས། གར་མཛད་ཅིང་འདོད་ཆགས་ཆེན་པོའི་འདོད་ཆགས་ཀྱི་སྤྱོད་པ་ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་དེ། ཉིད་ཉིད་ཀྱི་རིགས་ཀྱི་ཤེས་རབ་ཀྱི་ལྷ་མོ་བྷ་གའི་དབུས་སུ་བྱང་ཆུབ་སེམས་འོད་མའི་རྒྱུན་ལྟ་བུ་འོད་དུ་ཞུ་བར་མཛད་ནས། ་རྒྱ་མཚོ་དང་འདྲ་བར་གྱུར་ཏེ། ཟླ་བ་དང་ཁ་བ་དང། ཀུན་དང། འོ་མ་དང། དུད་རྣམས་ཀྱི་ཁ་དོག་དང། ཡོན་ཏན་ལྟ་བུའི་བྱང་ཆུབ་སེམས་སུ་ཤེས་པར་བྱའོ། །དེ་ནས་ཁ་དོག་དང་ཡོན་ཏན་རྒྱས་པར་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ཁ་དོག ་ནི་དཀར་པོར་གསུངས་སོ། །ཡོན་ཏན་ནི་བྱང་ཆུབ་སེམས་ཟླ་བ་ལྟར་རབ་ཏུ་འཕྲོ་བ། ཁ་བ་ལྟར་བསིལ་བས་ཉོན་མོངས་པའི་ཚེ་བ་མེད་པར་བྱེད་པ། ཀུནད་ལྟར་དྲི་ཐམས་ཅད་ལྡན་པས་ཉོན་མོངས་པ་དང་བྲལ་བར་བྱེད་པའི་དྲི་བྲོ་བ། འོ་མ་ལྟར་སྣུམ ་པས་?་དང་འདྲ་བར་མཉམ་པའི་སེམས་ཀྱིས་སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་གསོལ་བར་བྱེད་པའོ། །དུད་ལྟར་སྲ་བས་སྒྲུབ་པ་པོས་དམ་ཚིག་བསྲུངས་པས་བླ་ནམེད་པའི་དངོས་གྲུབ་ཀྱི་འབྲས་བུ་ཐོབ་པར་འགྱུར ་བས་སྲ་བའི་དོན་དུ་ཤེས་པར་བྱ་སྟེ། འདི་ལྟ་བུའི་ཡོན་ཏན་དང་ལྡན་པའི་བྱང་ཆུབ་སེམས་རྣམ་པར་སྣང་མཛད་ཆེན་པོའི་ངོ་བོར་རབ་ཏུ་གསལ་བ་འོད་འཕྲོ་བ་ཟླ་བའི་དཀྱིལ་འཁོར་ལྟ་བུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཉིད་ཉིད་ཀྱི་ལྷ་མོའི་བྷ ་གའི་དབུས་སུ་ཕབ་པར་མཛད་དོ། །དེ་ནས་དེའི་སྟེང་དུ་ཡིག་འབྲུ་ཨའོཾ་ཁ་དོག་སྤྲིན་དཀར་པོ་ལྟ་ཟླ་བ་སྟོང་གི་འཕྲོ་བ་བཀོད་དེ། ས་བོན་དེ་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་འཁོར་ལོ་རྩིབས་བརྒྱད་པར་གྱུར་ཏོ། །དེ་ནས་དེའི་སྟེང་དུ་ཡིག་འབྲུ་ཡ ་རིན་པོ་ཆེ་པདྨ་རཱ་ག་འདྲ་བ་ཉི་མ་སྟོང་གི་འོད་དང་མཉམ་པ་འཕྲོ་བའི་ས་བོན་དེ་ལས་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་གསུང་གི་རིགས་ཀྱི་པདྨ་འདབ་མ་བརྒྱད་པར་གྱུར་ཏོ། །དེ་ནས་དེའི་སྟེང་དུ་ཡིག་འབྲུ་ཧཱུཾ་རིན་པོ་ཆེ་ཨིནྡྲ་ནཱི་ལ་འདྲ་བ་ཉི་མ་འབུམ་ཕྲག་བརྒྱ་དང ་མཉམ་པའི་འོད་འཕྲོ་བ། ས་བོན་དེ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པར་གྱུར་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདོད་ཆགས་ཆེན་པོའི་དགའ་བས་ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་དེ། ཉིད་ཉིད་ཀྱིས་ལྷ་མོའི་བྷ་གའི ་དབུས་སུ་བྱང་ཆུབ་ཀྱི་སེམས་འོ་མའི་རྒྱུན་ལྟ་བུ་སྤྲོ་བར་མཛད་དེ། ཟླ་བའི་དཀྱིལ་འཁོར་ལྟ་བུར་གང་བར་གྱུར་པར་མཛད་དོ། །དེའི་འོག་ཏུ་ཟླ་བའི་དཀྱིལ་འཁོར་ལྟ་བུའི་སྟེང་དུ། དེ་བཞིན་གཤེགས་པ་ཉིད་ཉིད་ཀྱི་ཡེ་ཤེས་ཀྱི་ཡིག་འབྲུའི་ས་བོན ་བཀོད་དེ། བཀོད་མ་ཐག་དུ། རབ་ཏུ་འོད་འཕྲོ་བ་མེ་དཔུང་ལྟ་བུར་འབར་བ་འོད་དུ་ཞུ་ནས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་ཐིམ་པར་གྱུར་པར་གསུངས་སོ། །གསང་བའི་ས་བོན་དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཉིད་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གིས ་ཇི་ལྟར་ཉིད་ཀྱི་སྐུ་མདོག་དང་ཕྱག་མཚན་དང་ཞལ་དང། རྒྱན་དང་ལྡན་པར་ཤེས་རབ་འཁྱུད་ནས་ཐུགས་རྗེ་ཆེན་པོའི་འདོད་ཆགས་ཀྱི་དགའ་བས་ཁམས་གསུམ་མ་ལུས་པའི་འཇིག་རྟེན་གྱི་ཁམས་རྣམས་ན་འབྱུང། འབྱུང་བ་དང་གནས་པམ་ལུས ་པ་དེ་དག་ཐམས་ཅད་ལྷ་མན་ཆད་དམྱལ་བ་ཡན་ཆད་སེམས་ཅན་བྱིན་གྱིས་བརླབས་པའི་ཕྱིར་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། །ནམ་མཁའ་ཨི་དབྱིངས་ཐམས་ཅད་ཁྱབ་པར་གསུངས་སོ། །ཚུལ་དེ་ལྟར་འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་པའི་སྒྲར་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་བཀོད་པའི་དེ་དག་ཐམས་ཅད་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་དོ། །ཞེས་པའི་སྒྲ་བཤད་པར་བྱ་སྟེ་།གང་ཞེ་ན། དེ་དག་གི་སྒྲ་ནི་མདུན་དུ་བཤད ་པའི་ནམ་མཁའ་ཨི་དབྱིངས་གང་བའི་དེ་བཞིན་གཤེགས་པ་རྣམས་ཁྱབ་ནས་གནས་པར་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཏིལ་གྱི་གང་བུ་བཞིན་དུ་མ་ལུས་པ་ལ་བྱའོ། །དེ་ནས་བཀོད་པའི་སྒྲ་ནི ་ཡུམ་དང་གཉིས་སུ་མེད་པ་སྤྲིན་བཞིན་དུ་མདུན་དུ་སྨོས་པ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔས་ནམ་མཁའ་ཨི་དབྱིངས་སུ་གནས་སུ་སྤྲོ་བར་མཛད་དོ། །དེའི་འོག་ཏུ་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ལྔའི་ངོ་བོ་སེམས་ཅན་ཐམས་ཅད་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། ཕྱག་རྒྱའི་ངོ་བོ་གྲངས་མེད་པ་སྤྲིན་བཞིན་དུ་ནམ་མཁའ་ཨི་དབྱིངས་ཀྱི་གནས་སུ་སྤྲོ་བར་མཛད་པ་གནས་པས་ཁྱབ་པར་གསུངས་སོ། །དེ་ཉིད་ཀྱི་སྐུ་ལ་ཞུགས་པར་མཛད་པའི་སྒྲ་ནི་། ཉིད་ཀྱི་སྐུ་ནི་མདུན ་དུ་སྨོས་པ་དཔལ་རྡོ་རྗེ་སེམས་དཔས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཏིལ་གྱི་གང་བུ་བཞིན་དུ་སྤྲོ་བར་མཛད་པ་དེ་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཕྱག་རྒྱར་སྤྲོ་བར་མཛད་པ་དེ་རྣམས་ཀྱིས་ཐམས་ཅད་མ་ལུས་པར་བསྡུས་ནས། ཞུགས་པར་མཛད་པར་གསུངས་སོ། །དེ་ནས་མཛད་པའི་སྒྲ་ནི་གཉིས་ཇི་ལྟར་དེ་བཞིན་གཤེགས་པའི་བཀོད་པ་རྣམས ་ཡེ་ཤེས་ཀྱི་ངོ་བོ་གཉིས་སུ་མེད་པའི་ཚུལ་གྱི་གཟུགས་སུ་གྱུར་པར་ཤེས་པར་བྱའོ། །དེ་ལྟར་ཡོན་ཏན་དང་ལྡན་པ་འདོད་ཆགས་ཆེན་པོའི་ཚུལ་གསང་བའི་མཆོད་པའི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་པར་བྱ་སྟེ། དེ་ནས་དེ་བཞིན་གཤེགས ་པ་དེ་དག་ཐམས་ཅད་ཀྱིས་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང། ཐུགས་ཀྱི་བདག་པོ་ཡོངས་སུ་མཉེས་པར་བྱ་བའི་ཕྱིར། ཉིད་ཀྱི་སྐུ་བུད་མེད་ཀྱི་གཟུགས་ལྟ་བུར་མངོན་པར་སྤྲུལ་ནས། བཅོམ་ལྡན་འདས ་རྣམ་པར་སྣང་མཛད་ཀྱི་སྐུ་ལས་ཕྱུང་བར་གྱུར་ཏེ་།ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ་། ཇི་ལྟར་ཡིན་ན་། དེ་ནས་ཀྱི་སྒྲ་ནི། དེ་ཐལ་བའི་དོན་དང། ནས་འབྱུང་བའི་དོན་སྟོན་པར་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་པའི་སྒྲ ་ནི། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་རྣམ་པ་ལྔ་འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་མཛད་མཁན་རྣམས་ལ་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་མདུན་དུ་སྨོས་པ་ཁྱད་པར་གྱི་དོན་གྱིས ་བཤད་པ་དེ་བཞིན་དུ། འདིར་སྟོན་པ་དཔལ་རྡོ་རྗེ་སེམས་དཔའ་ལ་སྦྱར་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང། ཐུགས་ཀྱི་བདག་པོ་ཞེས་པའི་སྒྲ་ནི་། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད ་ལ་སོགས་པ་མ་ལུས་བ་ཀུན་ལ་གསུངས་སོ། །དེ་རྣམས་ཀྱི་སྐུ་དང་གསུང་དང། ཐུགས་ཀྱི་བདག་པོ་ལ་དོན་རྣམ་པ་ལྔའི་བྱེ་བྲག་དུ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ཆོས་ཀྱི་སྐུ་དངོས་གྲུབ་ཐམས་ཅད་དང། ཡེ་ཤེས་ཐམས་ཅད་ཀྱི་འབྱུང་བ་དང། ་བསྡུ་པའི་སྙིང་པོ་གནས་ཀྱི་ངོ་བོ་བདག་པོའི་ཚུལ་དུ་གསུངས་ཏེ་གཅིག་།དེའི་འོག་ཏུ་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་དུ་ཐེག་པ་ཆེན་པོ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་སྤྲུལ་པའི་སྐུ་མི་བསྐྱོད་པ་རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་འབྱུང་བའི་ས ་?་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཡིག་འབྲུ་ཧཱུཾ་དེ་བདག་པོའི་ཚུལ་དུ་གསུངས་ཏེ་གཉིས། དེའི་འོག་དུ་ཡིག་འབྲུ་ཧཱུཾ་ལས་སྤྲུལ་པའི་སྐུ་ཡེ་ཤེས་སེམས་དཔའ་ཨི་ངོ་བོ་མི་བསྐྱོད་པ་རྡོ་རྗེ་ཐེག་པ་ཆེན་པོ་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་མཁན་ཉིད་ཀྱི ་ལྷ་མོ་དང་འཁྱུད་པ། ཉིད་ཀྱི་རིགས་ཀྱི་བྱེ་བྲག་གི་སྐུ་མདོག་དང་། ཞལ་དང་།རྒྱན་དང། ཕྱག་མཚན་དང་། ཡན་ལག་དང། ཉིད་ལག་ཐམས་ཅད་རྫོགས་པར་ཕྱུང་སྟེ། དེ་བདག་པོའི་ཚུལ་དུ་གསུངས་ཏེ་གསུམ། དེའི་འོག་ཏུ་མི ་བསྐྱོད་པ་རྡོ་རྗེས་ཉིད་ཀྱི་ལྷ་མོ་མཱ་མ་ཀཱི་ལྷ་མོ་བཞིའི་བདག་ཉིད་དང། ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་ནས་མཱ་མི་ཀཱའི་བྷ་ག་དབུས་སུ་ཡེ་ཤེས་ཀྱི་བདུད་རྩིའི་ཁུ་བ་བྱང་ཆུབ་སེམས་སྤྲོ་བར་མཛད་དེ། ཟླ་བ་ལྟ་བུ་དག་པ་དཀར་བ་རྫོགས་པ་འོད་རབ་ཏུ་འཕྲོ་བ་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། གསུང་དང། ཐུགས་རྡོ་རྗེའི་སྙིང་པོའི་མདུན་དུ་ཨེ་བཾ་མ་ཡིའི་དུས་སུ་བཤད་པའི་དོན་ཏེ། ད་འདིར་བྱང་ཆུབ་སེམས་རྡོ་རྗེའི་སྐུ་འབྱུང་བའི་དོན་ཆེད་དུ་མི་བསྐྱོད་པ་རྡོ་རྗེས་བྱུང་བར་མཛད་པ་དེ་བཙུན་མོ་ཡེ་ཤེས་ཀྱི་ལྷ ་མོ་མཱ་མ་ཀཱི་བྷ་བར་བྱིན་གྱིས་བརླབས་ནས་གནས་པ་དེ་བདག་པོའི་ཆུལ་དུ་གསུངས་ཏེ་བཞི། དེའི་འོག་དུ་སྐུ་དང། གསུང་དང། ཐུགས་རྡོ་རྗེའི་སྙིང་པོ་བྱང་ཆུབ་སེམས་ཀྱི་ངོ་བོ་མདུན་དུ་སྨོས་པའི་ཚུལ་བྷ་གའི་དབུས་སུ་མི་བསྐྱོད་པ་རྡོ་རྗེ་བྱིན་གྱིས་བརླབས་པ། ་ས་དོན?་གྱི་ངོ་བོ་ལངས་སྦྱོར་རྫོགས་པའི་སྐུ་ཕྱག་རྒྱ་བྱང་ཆུབ་སེམས་རྡོ་རྗེ་རྒྱུད་བཀའ་སྩལ་བའི་སྟོན་པ་འབྱུང་བ་ཉིད་ཀྱི་ལྷ་མོ་དང་འཁྱུད་ནས་སྐུ་མདོག་དཀར་པོ་ཞལ་གསུམ་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ་ཕྱག་དང་ཕྱག་མཚན་དང། ཡན ་ལག་དང། ཉིད་ལག་ཐམས་ཅད་རྫོགས་པར་བྱུང་བ་དེ་བདག་པོའི་ཆུལ་དུ་གསུངས་ཏེ་ལྔའོ། །དེ་ལྟར་མདོར་བསྡུས་པའི་བྱེ་བྲག་རྣམ་པ་ལྔ་ནི། བདག་པོའི་དོན་དུ་ཤེས་པར་བྱའོ། །དེ་ནས་མཉེས་པར་བྱ་བའི་ཕྱིར་ཞེས་པ་ནི། བྱ་བགྲ?་རྣམ་པ་ལྔས ་བཤད་དེ། ཇི་ལྟར་ཡིན་ན་། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྒྱུད་བཀའ་སྩལ་པའི་ཐབས་ནི། མཉེས་པར་བྱ་བའི་འདོད་ཆགས་ཆེན་པོའི་རོལ་པ་སྤྲོ་བའི་མཆོད་པ་མི་བསྐྱོད་པ་རྡོ་རྗེ ་ལ་སོགས་པ་ལྡས་མཉེས་པར་མཛད། དགྱེས་པར་མཛད་ཚིམ་པར་མཛད་དོ། །དེ་ནས་མཉེས་པར་འགྱུར་བ་རྣམ་པ་ལྔ་བཤད་བར་བྱ་སྟེ་། ཇི་ལྟར་ཡིན་ན། དང་པོ་ཡེ་ཤེས་སེ་དའི་ངོ་བོ་སྤྲུལ་པའི་སྐུ་མི་བསྐྱོད་པ་རྡོ་རྗེ་མཉེས་པར་གསུངས་སོ། །དེ་མཉེས་པར་འགྱུར ་པའི་འོག་ཏུ་ཅི་མཛད་ན། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྷ་མོ་བཙུན་མོར་མཚན་བཏགས་པའི་གསང་བའི་ཕྱག་རྒྱ་བྷ་གར་མིང་བཏགས་པ་གསུངས་ཏེ། དེའི་བྷ་གའི་ངོ་བོ་གྲུ་བཞི་རང་བཞིན་གྱིས་དག་པ་དྲི་མ་མེད་པ་དམ་ཚིག ་ཆེན་པོའི་དཀྱིལ་འཁོར་ཐབས་དང་ཤེས་རབ་ཀྱི་རོལ་པས་བྱིན་གྱིས་རློབ་པར་གསུངས་ཏེ་།དེ་ལྟར་མཉེས་པའི་དོན་དང་པོར་ཤེས་པར་བྱའོ། །དེ་ནས་མཉེས་པར་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན་།རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ལྷ་མོ་ཐམས་ཅད་ཀྱི་བདག་ཉིད་གཅིག་པུ་ངོ་བོ་མ་ཡིན་པའི་བྷ་གའི་དབུས་སུ་མི་བསྐྱེད་པ་རྡོ་རྗེས་བདེ་བ་ཆེན་པོའི་རོལ་པས་བྱིན་གྱིས་བརླབས་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ། རྣམ ་པར་སྣང་མཛད་ཆེན་པོ་ངོ་བོ་།རྡོ་རྗེ་སྙིང་པོར་མཚན་བཏགས་པ་མི་བསྐྱོད་པ་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཀྱིས་དབུས་སུ་ཕབ་པ། རྒྱལ་ཚབ་ཀྱི་ཚུལ་དུ་རྒྱུད་བཀའ་སྩལ་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འབྱུང་པའི ་ས་བོན་ཆོས་ཀྱི་སྐུ་མཉེས་པར་འགྱུར་བས་ཆོ་འཕྲུལ་གྱི་སྤྲུལ་པའི་སྐུ་མདུན་དུ་སྨོས་པའི་དཀྱིལ་འཁོར་གྱི་དབུས་སུ་བྱིན་གྱིས་བརླབས་ཏེ། དེ་ལྟར་མཉེས་པར་འགྱུར་བའི་དོན་མཉེས་པར་ཤེས་པར་བྱའོ། །དེ་ནས་མཉེས་བར་བྱ་བའི་དོན་བཤད་པར་བྱ་སྟེ། ་ཇི་ལྟར་ཡིན་ན་མི་བསྐྱོད་པ་རྡོ་རྗེའི་མདུན་དུ་སྨོས་པའི་ཚུལ་གྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེར་སྙིང་པོར་མཚན་བཏགས་པ། མདུན་དུ་བཤད་བའི་ཟླ་བའི་དཀྱིལ་འཁོར་ལྟ་བུ་ས་བོན་ཆེན་པོ་མཉེས་པར་འགྱུར་བས། དེ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཕྱག་རྒྱའི ་ངོ་བོ་རྒྱུད་བཀའ་སྩལ་པའི་དོན་དུ་སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞལ་གསུམ་པ་སྐུ་མདོག་དཀར་པོ་ཕྱག་དྲུག་ཕྱག་མཚན་དྲུག་པ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། ཉིད་ཀྱི་ལྷ་མོ་དང་ལྡན་པར་འཁྱུད་པ་།ཟླ་བ་འབུམ་ཕྲག ་བརྒྱ་ཐམ་པའི་འོད་དང་མཉམ་པ་འཕྲོ་བ། དེ་ལྟ་བུ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས་སུ་བདེ་བ་ཆེན་པོའི་གདན་ལ་ཐུགས་བདེ་བར་བཞུགས་སོ། །དེ་ལྟར་མཉེས་པར་འགྱུར་བའི་དོན་གསུམ་པར་ཤེས་པར་བྱའོ། །དེ ་ནས་མཉེས་པར་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། མདུན་དུ་སྨོས་པའི་བྱང་ཆུབ་སེམས་རྡོ་རྗེ་སྙིང་པོར་མཚན་བཏགས་པ་ཟླ་བའི་དཀྱིལ་འཁོར་ལྟ་བུའི་ས་བོན་གྱིས་ངོ་བོ་དེ་ལས་འབྱུང་བའི་སྟོན་པ་བྱང་ཆུབ་ཀྱི་སེམས་མཉོས་པར་འགྱུར ་ཏེ། དེ་མཉེས་པས་སེམས་ཅན་གྱི་དོན་དུ་ཡེ་ཤེས་ཀྱི་སྤྲུལ་པ་མཛད་དེ། བཤད་པར་བྱའོ། །སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེས་ཉིད་ཀྱི་རིགས་ཀྱི་ཤེས་རབ་འཁྱུད་པའི་ངོ་བོས་ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་པ། ཐུགས་རྗེ་ཆེན་པོའི་འདོར ་ཆགས་ཀྱི་ཐུགས་ཀྱིས་རྡོ་རྗེ་དགའ་མའི་བྷ་གའི་དབུས་སུ། བྱང་ཆུབ་ཀྱི་སེམས་ཆར་གྱི་རྒྱུན་བཞིན་དུ་འོད་དུ་ཞུ་བར་མཛད་དེ། མདུན་དུ་སྨོས་པའི་དོན་གྱི་ཟླ་བ་ལྟ་བུ་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་ས་བོན་ཏེ། ཡིག་འབྲུ་ཧཱུཾ་ཁ་དོག ་རྣམ་པ་ལྔ་དང་ལྡན་པ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ། །དངོས་གྲུབ་ཐམས་ཅད་ཀྱི་རིན་པོ་ཆེ་གཏེར་དང་འདྲ་བའི་གནས། མ་རུངས་བའི་དགྲ་དཔུང་ཐམས་ཅད་མེད་པར་མཛད་པ་དེ། བྱང་ཆུབ་སེམས་ཟླ་བ་ལྟ་བུར་གསུངས་པ་དང། གཉིས་སུ་མེད ་པར་གྱུར་པས་ཟླ་བ་འབུམ་ཕྲག་བརྒྱ་དང་ལྡན་པའི་འོད་འཕྲོ་བར་གསུངས་སོ། །ས་བོན་དེ་ལས་འབྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་སྤྲུལ་པའི་སྐུ་ཕྱག་རྒྱ། རིགས་སོ་སོའི་བྱེ་བྲག་གི་ཁ་དོག་དང། ཞལ་དང། ་ཕྱག་དང། ཕྱག་མཚན་དང། རྒྱན་དང་ལྡན་པ། ཉིད་ཉིད་ཀྱི་ཤེས་རབ་ཀྱི་ལྟ་མོ་དང་འཁྱུད་པ། འོད་ཟེར་གྱི་དྲ་བ་སྣ་ཚོགས་སྐུ་ལས་འཕྲོ་ཞིང་ནམ་མཁའ་ཨི་དབྱིངས་ཀྱི་གནས་སུ་སྤྲིན་བཞིན་དུ་ཁྱབ་བོ། །དེ་ནས་ནམ་མཁའ་ཨི་དབྱིངས་རྡོ་རྗེའི་ངོ་བོར་དེ་བཞིན་གཤེགས ་པ་རྣམས་ཀྱིས་གཉིས་སུ་མེད་པར་མཛད་པར་གསུངས་སོ། །དེ་ལྟར་མཉེས་པར་འགྱུར་བའི་དོན་བཞི་པར་ཤེས་པར་བྱའོ། །དེ་ནས་མཉེས་པར་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ་གསང་བའི་ཐུགས་ཀ་ཡེ་ཤེས ་སེམས་དཔའ་ཨི་གནས་ན་ཡིག་འབྲུ་ཧཱུཾ་གི་ངོ་བོ་རབ་ཏུ་འབར་བའི་དབུས་ནས་མི་བསྐྱོད་བ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ཉིད་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གིས་ས་བོན་ལས་སྐུ་ཕྱག་རྒྱར་གྱུར་ནས་ཕྱུང་ངོ། །དེ་ཕྱུང་མ་ཐག་ཏུ་ཐུགས་དགྱེས་ནས ་དལ་ནས་དལ་ནས་སྣ་ཚོགས་ཀྱི་བྱེ་བྲག་གི་ཚངས་པའི་དབྱངས་ཀྱིས་ཡོན་ཏན་གྱི་བསྟོད་པ་རྣམས་ཀྱིས་སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ། ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་དུ་རྒྱུད་བཀའ་སྩལ་བའི་བསྐུལ་བཱི་ཐབས་ཀྱི་ཚིག་གི་སྒྲས་བསྟོད་དོ། །བསྟོད ་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་མཉེས་པ་ཆེན་པོར་གྱུར་པའི་ཐུགས་ཀྱི་ཞལ་ཅུང་ཟད་འཛུམ་པ་མཛད་ནས། ལེགས་སོ་ལེགས་སོ་ཞེས་བརྗོད་ནས་ཟབ་པ་དང། ཆེ་བའི་དབྱངས་ཀྱིས་དཔལ་གསང་བ་འདུས་པའི་རྒྱུད་བཀའ་སྩལ་པ་བཙམ་ཏེ། ་དེ་ལྟར་མཉེས་པར་འགྱུར་བ་ལྔ་པར་ཤེས་པར་བྱའོ། །དེ་ནས་ཉིད་ཉིད་ཀྱི་སྐུ་ལས་བུད་མེད་ཀྱི་གཟུགས་ལྟ་བུར་མངོན་བར་སྤྲུལ་ཏེ་ཞེས་པའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་རྣམ་པར ་?་མཛད་ལ་སོགས་པ་རྣམ་པ་ལྔས། ཉིད་ཉིད་ཀྱི་གཟུགས་སོ་སོ་ཉིད་ཉིད་ཀྱི་སྐུ་ལས་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་པའི་དབུས་ནས་ཉིད་ཉིད་ཀྱི་བྱེ་བྲག་གི་ས་བོན་ཡིག་འབྲུ་ལས་ཡེ་ཤེས་ཀྱི་ལྷ་མོ་རྣམས་བུད་མེད་ཀྱི་གཟུགས་ལྟ་བུར ་མངོན་པར་སྦྲུལ་པའི་དོན་དུ་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནི་མདུན་དུ་བཤད་པའི་དོན་དང་མཐུན་ནོ། །རྣམ་པར་སྣང་མཛད་ཀྱི་སྐུ་ལས་འབྱུང་བར་གྱུར་ཏེ་ཞེས་པའི་སྒྲ་ནི། རྣམ་པར་སྣང་མཛད་ནི་རྣམ ་པར་སྣང་མཛད་ཆེན་པོ། །ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཕྱག་རྒྱའི་བདག་ཉིད་དུ་གནས་པར་བསྟན་ཏེ། དེའི་སྐུ་ལས་དགའ་བར་བྱེད་པའི་བདག་ཉིད་ཡེ་ཤེས་ཀྱི་ལྷ་མོ་རྣམས་ཕྱུང་བར་གསུངས་སོ། །དེ་ལ་ལ ་ནི་སངས་རྒྱས་སྤྱན་ལྟ་བུ། ལ་ལ་ནི་མཱ་མ་ཀཱིའི་ལྟ་བུ། ལ་ལ་ནི་གོས་དཀར་མོ་ལྟ་བུ། ལ་ལ་ནི་དམ་ཚིག་སྒྲོལ་མ་ལྟ་བུ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ལ་ཞེས་པའི་སྒྲ་ནི་ལྷ་མོ་རྣམས་ཀྱི་གནས་དང་མཚན་? ་བསྟན་བར་གསུངས་སོ། །དེ་ལ་སངས་རྒྱས་སྤྱན་ཞེས་པ་ནི། སངས་རྒྱས་ནི་རྣམ་པར་སྣང་མཛད་ལ། སྤྱན་ནི་ཡེ་ཤེས་ཀྱི་སྤྱན་ཡིན་ཏེ། འདོད་ཆགས་ཆེན་པོ་རོལ་པ་མཛད་པའི་གཟིགས་པའི་གནས་མཉེས་པར་བྱེད་པར་གསུངས་སོ། །གཞན་ཡང ་སྤྱན་གྱི་སྒྲའི་དོན་ནི། ཡེ་ཤེས་ཀྱི་སྤྱན་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སེམས་ཅན་མ་ལུས་པ་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱིས་དུས་ཐམས་ཅད་དུ་ཞི་བའི་ལས་གྲུབ་པར་བྱ་བའི་ཕྱིར། གཟིགས་པར་མཛད་པས་དེའི་ཕྱིར་སྤྱན་གྱི་དོན་དུ ་གསུངས་སོ། །དེ་ནས་མཱ་མ་ཀཱི་ལྟ་བུ་ཞེས་པའི་སྒྲ་ནི། དེ་བཞིན་གཤེགས་པ་མི་བསྐྱོད་པ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ངོ་བོ་ཐུགས་རྗེ་ཆེན་པོ་གྲུབ་པར་བྱེད་པ་བདེ་བ་ཆེན་པོའི་རོལ་པའི་གནས་ཐུགས་དགྱེས་པར་གྱུར་པར་གསུངས་སོ། །དེ ་ནས་གཞན་ཡང་མཱ་མ་ཀཱིའི་སྒྲའི་དོན་ནི་སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་བགེགས་གནོད་པ་བྱེད་པ་འདུད་དགྲ་མ་རུངས་པ་རྣམས་ལ་ཁྲོས་ཏེ། དྲག་པོའི་ལས་བྱས་པས་སྒྲུབ་པ་པོ་ལ་དགྱེས་ནས་དྲག་པོའི་ལས་ཀྱི་དངོས་གྲུབ་བྱིན་པས ་དེའི་ཕྱིར་མཱ་མ་ཀཱིའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གོས་དཀར་མོའི་སྒྲ་ནི། དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པའི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ངོ་བོ་འདོད་ཆགས་ཆེན་པོའི་བྱམས་པ་དེ་བསྒྲུབ་པར་བྱ་བའི་གནས་དྲོ་བ་དང། གཟི་བརྗིད་ཀྱི་ངོ་བོར ་གསུངས་སོ། །གཞན་ཡང་གོས་དཀར་མོའི་སྒྲ་ནི་སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་དབུལ་བ་དང། ནད་པ་ཡུན་རིང་པོ་ལུས་རིང་པ་རྣམས་ལ་བྱམས་པ་ཆེན་པོའི་ཐུགས་ཀྱིས་དབང་བསྐུར་བས་རྒྱས་པའི་ལས་ཀྱི་དངོས་གྲུབ་སྦྱིན་པར་མཛད་དེ། ་དེ་བྱིན་མ་ཐག་ཏུ་ཇི་ལྟར་ཉིད་ཀྱི་ཡེ་ཤེས་ཀྱི་གཟི་བརྗིད་དོན་དམ་པར་གོས་དཀར་པོ་མནབས་པ་འདྲ་བ་དེ་བཞིན་དུ། ནད་པ་ཡུན་རིངས་དང། དབུལ་པོ་རྣམས་རྒྱས་པ་གྲུབ་པར་འགྱུར་བས། དེའི་ཕྱིར་གོས་དཀར་མོའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས ་དམ་ཚིག་སྒྲོལ་མ་ཞེས་བྱ་བའི་སྒྲ་ནི། དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ཀྱི་ངོ་བོ་ཐུགས་དགྱེས་པའི་བླ་ན་མེད་པའི་དངོས་གྲུབ་ཀྱི་འབྲས་བུ་གྲུབ་པར་བྱེད་པ་ཉོན་མོངས་པ་རྒྱ་མཚོ་ལྟ་བུ་ཐམས་ཅད་དུ་སྒྲུབ་པ་པོ་ལ་སོགས ་པ་སེམས་ཅན་ཐམས་ཅད་ལྟུང་བར་གྱུར་པ་རྣམས་འབྱིན་པའི་གནས་ཡེ་ཤེས་ཀྱི་ལས་ཀྱི་རླུང་གི་ངོ་བོར་གསུངས་སོ། །གཞན་ཡང་དམ་ཚིག་སྒྲོལ་བའི་སྒྲ་ནི་སྒྲོལ་བས་ནི་སྒྲོལ་བ་སྟེ། སེམས་ཅན་ཐམས་ཅད་བསྒྲོལ་བ་ལ་བསྐྱབས་སུ་གསོལ་བ་དང། ་རྗེས་སུ་དྲན་པ་དང་བཟླས་བརྗོད་བྱེད་པ་དང། སྒོམ་པ་བྱེད་པ་རྣམས་ཀྱི་འཇིགས་པ་བརྒྱད་མེད་པར་འགྱུར་བར་གསུངས་སོ། །དེ་དག་གང་གང་ཡིན་ཞེ་ན། དགྲའི་འཇིགས་པ་དང། གླང་པོ་ཆེའི་འཇིགས་པ་དང། མེའི་འཇིགས་པ་དང། དུག ་གི་འཇིགས་པ་དང། ཆོམ་པའི་འཇིགས་པ་དང། བཅིང་བའི་འཇིགས་པ་དང། ཆུའི་འཇིགས་པ་དང། འབྱུང་བོའི་འཇིགས་པ་དང་དེ་བརྒྱད་མེད་པར་འགྱུར་རོ། །དེ་དག་རྒྱས་པར་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ཡུལ་སིནདུའི་རྒྱལ་པོ ་བཟང་པོའི་འོད་ཅེས་བྱ་བ་ལ། ཡུལ་ཛ་ལནད་རའི་རྒྱལ་པོ་ལྷའི་གོ་ཆ་ཞེས་བྱ་བས། ཉི་མ་ནུབ་པའི་དུས་སུ་དམག་དྲངས་ནས་ཕྱིན་པ་དང། དེ་ཕྱིན་པའི་འཇིགས་པས་རྒྱལ་བོ་བཟང་པོའི་འོད་འཇིགས་པ་ཆེན་པོས་སེམས་སྐྲག་ནས ་དམ་ཚིག་སྒྲོལ་མ་རྗེས་སུ་དྲན་ནས་བསྒོམས་པས་དགྲའི་དཔུང་ཕྱོགས་སུ་སྤྲིན་བཞིན་དུ་སྤྲོ་བར་བྱ་སྟེ། དེ་ལྟར་བསྒོམས་པས་དགྲའི་དཔུང་མྱོས་པར་གྱུར་ཏེ། བྲན་བཞིན་དུ་འཁོར་གྱི་ཚུལ་དུ་གྱུར་ཏོ། །དེ་ལྟར་དགྲའི་འཇིགས་པའི་དོན་དུ་ཤེས ་པར་བྱའོ། །དེ་ནས་གླང་པོ་ཆེའི་འཇིགས་པ་ནི། ཡུལ་ཨུ་ཏྲ་ཞེས་བྱ་བ་ན། རྗེའི་རིགས་ཀྱི་ཚོང་དཔོན་བཀྲ་ཤིས་ཀྱི་ཟླ་བ་ཞེས་བྱ་བ་ཞིག་།ཡུལ་ཀ་མ་རུ་ཞེས་བྱ་བར་ཚོང་བྱེད་དུ་སོང་བ་ལ། ལམ་ན་ནགས་ཚལ་སྟུག་པོ་ཞིག་གི་དཀྱིལ ་དུ་གླང་པོ་ཆེ་གཙོ་བོ་སྟོབས་ཆེན་པོ་དང་ལྡན་པ་འདོད་ཆགས་ཀྱིས་མྱོས་པ་གཅིག་དང་ཕྲད་པ་ལས། ཚོང་དཔོན་བཀྲ་ཤིས་ཀྱི་ཟླ་བ་སེམས་འཇིགས་པས་ལྷུང་ནས་བརྒྱལ་བར་གྱུར་ཏེ། འགྱེལ་བའི་དུས་སུ་སྡངས་པའི་སྐད་འཚེར་ཞིང་དམ ་ཚིག་སྒྲོལ་མ་རྗེས་སུ་དྲན་ཏེ། དྲན་མ་ཐག་ཏུ་གླང་པོ་ཆེའི་གཙོ་བོ་ས་ལས་འདས་པར་གྱུར་ཏེ། དེའི་འོག་དུ་ཚོད་དཔོན་དཔུང་དང་བཅས་པ་སེམས་དགའ་བས་ཀ་མ་རུའི་ཡུལ་དུ་ཕྱིན་པར་གསུངས་སོ། །དེ་ལྟར་གླང་པོ་ཆེའི་འཇིགས ་པའི་སྒྲར་ཤེས་པར་བྱའོ། །དེ་ནས་མེའི་འཇིགས་པ་ནི། ཡུལ་ལ་དེའི་རྒྱལ་པོ་ལྷའི་སྟོབས་ཞེས་བྱ་བའི་དམག་དཔོན་གཡུལ་འབྱེད་པ་པོ་ཞེས་བྱ་བ་ནུབ་མོའི་དུས་སུ་རང་གི་ཁྱིམ་དུ་རང་གི་ཆུང་མ་དང་བདེ་བ་སྤྱད་ནས་ཉལ་བ་དང། དེ ་སྔོན་གྱི་སྒྲར་གྱུར་པ་ཡུལ་ཀ་ནེ་ཙོ་ན་གནས་པ་འཁོར་ལོ་སྒྱུར་བའི་རྒྱལ་པོའི་རྒྱུད་ང་རྒྱལ་ཆེན་པོའི་རིགས་མི་འཆང་བྱ་བ་དེའི་བློན་པོ་དམངས་རིགས་བློ་གྲོས་མཆོག་?་བྱ་བས་དམག་མི་བཅུ་ཐམ་པ་ཚོང་པའི་ཚུལ་དུ་ཡུལ་དེར་དམག་དཔོན ་གཡུལ་འགྱེད་པ་པོའི་ཁྱིམ་དུ་སྟེ་བཏང་བའི་ཕྱིར་བཏང་བ་དེར་ཕྱིན་ནས། ནམ་ཕྱེད་ཀྱི་དུས་སུ་ཕྱོགས་བཞི་ནས་མེ་བཏང་སྟེ་བཏང་མ་ཐག་ཏུ་མེ་རབ་ཏུ་འབར་ནས་ཁྱིམ་རབ་ཏུ་ཚིག་པའི་མེ་འབར་བའི་སྒྲས་མོལ་ཆེ་བ་དང། ཁྱིམ་གྱི་མེ་དང། ཁྱིམ་ལ་ཚེ་རྣམས ་སྐྲག་ནས་མྱུར་བ་མྱུར་བར་སྐད་འཚེར་བའི་ཀུ་ཅོའི་སྒྲ་དམག་དཔོན་གཡུལ་འགྱེད་པ་བོ་དྲན་ནོ། །དེ་ནས་མི་མང་པོའི་ཀུ་ཅོའི་སྒྲ་ཆེན་པོ་དེ་ཐོས་ཏེ་།ཐོས་མ་ཐག་ཏུ་སེམས་སྐྲག་སྟེ་ཁྱིམ་གྱི་དྲ་དམིག་ནས་བལྟས་ནས་ཁྱིམ་ཀུན་མཛའ་ནས་དཀྱིལ་དུ་ཐུག ་གི་བར་དུ། མེ་ཆེན་པོ་རབ་ཏུ་འབར་བ་མཐོང་སྟེ། མཐོང་མ་ཐག་དུ་འཇིགས་པ་ཆེན་པོའི་སེམས་ཀྱིས་སྐད་འཚེན་བས་དུ་ཞིང་དམ་ཚིག་སྒྲོལ་བའི་སྔགས་བཟླས་སོ། །དེ་བཟླས་པས་ལྷ་མོ་དམ་ཚིག་སྒྲོལ་མ་ཐུགས་རྗེ་ཆེན་པོའི་ལྕགས་ཀྱུས་ཐུགས་བསྐུལ ་བར་གྱུར་ཏེ་།བསྐུལ་མ་ཐག་དུ་མྱུར་བར་མྱུར་བར་བསང་ངོ། །དེ་ལྟར་མེའི་འཇིགས་པའི་དོན་དུ་ཤེས་པར་བྱའོ། །དེ་ནས་དུག་གིས་འཇིགས་པའི་སྒྲ་ནི། གྲོང་ཁྱེར་བར་ཎཱ་སི་ཞེས་བྱ་བ་ཞིང་ཡོད་དེ། །དེ་ན་གནས་པ་སྨད་འཚང་མ་རིན་ཆེན་བློ་གྲོས ་མ་ཞེས་བྱ་བ་ཞིག་ཡོད་དེ་ལོ་ཉི་ཤུ་རྩ་བགྲངས་ལོན་པ་གཟུགས་བྱད་ཤིན་ཏུ་བཟང་མ། གཞན་ཡང་གླུ་དང་གར་དང། དཀུ་རེ་སྐབས་སུ་བཞད་གང་ཕྱིན་པ་འདོད་ཆགས་ཀྱི་ཆོས་རིག་པ་ཕྲ་མོ་ཀུན་ཤེས་པ། དེ་སྐབས་ཞིག་དུ་རྗེའུ་རིགས་ཀྱི་ཚོད་དཔོན་ནོར ་སྤྱིར་གྱི་བུ། ནོར་གྱི་དབང་ཕྱུག་ཅེས་བྱ་བ་དང། །འདོད་ཆགས་ཀྱི་མཛའ་བས། ནོར་ཀྱི་དབང་ཕྱུག་དང། ལག་པ་སྤྲེལ་ནས་བྲན་དང་བྲན་མོ་དང་གྲོགས་པོ་རྣམས་ཀྱི་འཁོར་གྱིས་བསྐོར་ནས། བཟའ་བ་དང་བཏུང་བ་རྣམས་བཟུང་ནས་གྲོང་ཁྱེར་བ་ངན་སེ ་?་ན། སྐྱེད་མོ་ཚལ་ཤིང་སྣ་ཚོགས་དང། མེ་ཏོག་དང། ཤིང་ཐོག་དང་ལྡན་པ། གཞན་ཡང་ཆུའི་བྱེ་བྲག་ཆུ་མིག་དང། ཆུ་དོང་དང། མཚེའུ་དང་མཆོ་དང། མེ་ཏོག་སྣ་ཚོགས་དང། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ། ཤིན་ཏུ ་ཡིད་དུ་འོང་བ་ཞིག་ཡོད་པ་དེར་སོང་ནས་ཕྱིན་པ་དང། དགའ་བར་བྱེད་པའི་ནོར་གྱི་དབང་ཕྱུག་དང། མདུན་དུ་སྨོས་པའི་འཁོར་རྣམས་དང་ལྡན་པར་ཤིང་ཨ་ཤོ་ཀའི་རྩར་ཕྱིན་པ་དང། རྩ་ཤ་ཆུ?་ལ་ལྗང་ཀུ་སར་པའི་སྟེར་དུ་འདུག་སྟེ། ་དང་པོ་སོ་སོ་རྒུན་འབྲུམ་ཀྱི་ཆང་འཐུང་ཞིང་སྤྱོད་པ་སྤྱད་དོ། །དེ་སྤྱད་མ་ཐག་དུ་སྨད་འཚོད་མ་རིན་ཆེན་བློ་གྲོས་མ་ཅུང་ཟད་ར་རོ་བའི་སེམས་དགའ་བས་ལངས་ཏེ། མེ་ཏོག་གཡུར་ཟ་བའི་ཤིང་ཨ་ཤོ་ཀའི་ཡལ་ག་ལ་ལག་པ་གཡས་བས་བཟུང ་ནས་འགྱིང་བག་གི་ཚུལ་གྱིས་ལུས་འགྱུར་ཞིང་དགའ་བར་བྱེད་བའི་ལྷ་ནོར་གྱི་དབང་ཕྱུག་ལ་བལྟ་ཞིང་སྨད་འཚོང་མ་རིན་ཆེན་བློ་གྲོས་ཀྱིས་ཨ་ཤོ་ཀའི་ཡལ་ག་བསྒྲུབ་བས། ཤིང་གི་ཡལ་ག་ལ་སྤྲུལ་ནག་པོ་གཅིག་འཁྲིས་ནས་འདུག་པ་མགོ ་བཏེག་ནS་སྨད་འཚོད་མ་རིན་ཆེན་བློ་གྲོས་གྱི་ལག་པ་གཡས་པ་ལ་ཁྲོས་ཏེ་བཟུང་ངོ། །དེ་བཟུང་མ་ཐག་དུ་སྨད་འཚོང་མ་རིན་ཆེན་བློ་གྲོས་མ་ནད་ཆེན་པོ་དེས་སྐྲག་སྟེ་འཇིགས་པའི་སྒྲ་ཕྱུང་ནས་རིངས་པར་རང་གི་ཡི་དམ་གྱི་ལྷ་དམ་ཚིག ་སྒྲོལ་མའི་སྔགས་བཟླ་བ་བརྒྱལ་ནས་ས་ལས་འགྱེལ་བར་འགྱུར་ཏོ། །བཟླས་པ་དེ་རྗེས་སུ་དྲམ?་ནས་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱི་ལྕགས་ཀྱུས་དམ་ཚིག་སྒྲོལ་མའི་ཐུགས་བསྐུལ་བར་གྱུར་ཏེ། བསྐུལ་མ་ཐག་དུ་ཉིད་ཀྱི་ཐུགས་ཀ་ཡེ་ཤེས ་སེམས་པའི་གནས་ནས་ས་བོན་ཡིག་འབྲུ་ཧ་ལས་ཡེ་ཤེས་ཀྱི་ཁྱུང་སྦྲིན་ལྟ་བུ། གཟུགས་ཆེན་པོ་ཁྲོ་བོའི་ཆ་ལུགས་ཅན་རྡོ་རྗེ་མཆུ་རྣོ་བ་གསུས་པ་ཆེ་བ། གཤོག་རྒྱངས་ཆེ་བ། ལྗང་བ་གནག་པ་སེར་བ། སྐད་ཆེར་སྒྲོགས་པ་རྣམས ་སྨད་འཚོར་མ་རིན་ཆེན་བློ་གྲོས་མའི་ལུས་ལ་སྤྲོ་བར་མཛད་དེ། ཡེ་ཤེས་ཀྱི་ཁྱུད་དེ་རྣམས་སྤྲོས་མ་ཐག་དུ་ཡུད་ཙམ་གྱིས་དུག་ཐམས་ཅད་མ་ལུས་པར་དགུག་པར་མཛད་དེ། དེ་རྣམས་ཀྱིས་བཀུག་མ་ཐག་དུ། ཡེ་ཤེས་ཀྱི་ཁྱུད་རྣམས ་སྤར་དམ་ཚིག་སྒྲོལ་མའི་ཐུགས་ཀ་ཡེ་ཤེས་སེམས་པའི་གནས་སུ་འདུས་པར་གསུངས་སོ། །དེའི་འོག་དུ་གཞན་ཡང་དམ་ཚིག་སྒྲོལ་མའི་མདུན་དུ་སྨོས་པའི་གནས་ནས་ས་བོན་ཡིག་འབྲུ་ཏམ་ལས་དམ་ཚིག་སྒྲོལ་མ་ཉིད་ཀྱི་ཁ་དོག་སེར་བ ་དང་ལྡན་པའི་ཞལ་གསུམ་ཕྱག་དྲུག་མ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་གཡོན་དང་པོ་གཉིས་ན་གསེར་གྱི་བུཾ་པ་ཡེ་ཤེས་ཀྱི་ཆུས་བཀང་བ་བསྣམས་པས་བར་སྣང་ལས་སྨད་འཚོང་མ་རིན་ཆེན་བློ་གྲོས་ཀྱི་སྟེང་ནས་དབང ་བསྐུར་བར་མཛད་དེ། དབང་བསྐུར་མ་ཐག་དུ་དེའི་མོད་ལ་སྨད་འཚོད་མ་རིན་ཆེན་བློ་གྲོས་མ་ནད་མེད་པ་ལུས་རྒྱས་པ་གཟི་བརྗིད་ཀྱི་ཕུང་པོར་གྱུར་ནས་སེམས་དགའ་བས་ལངས་ཏེ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་ཅེས་ཚིག་བརྗོད་ཅིང་དམ་ཚིག་སྒྲོལ་མ་ལ ་བསྟོད་པ་བྱས་སོ། །དེའི་སྨད་འཚོང་མ་རིན་ཆེན་བློ་གྲོས་དགའ་བར་བྱེད་པ་ནོར་གྱི་དབང་ཕྱུག་དང། གཞན་ཡང་མདུན་དུ་སྨོས་པའི་འཁོར་དང་བཅས་པས་དགའ་བའི་སྟོན་མོ་དང་། གླུ་དང་། གར་དང་རོལ་མོ་སྣ་ཚོགས་བྱེད་ཅིང་སེམས་དགའ་བས་རང ་གི་ཁྱིམ་དུ་སོང་སྟེ། དགའ་བར་བྱས་སོ། །གཞན་ཡང་དམ་ཚིག་སྒྲོལ་མའི་བཀའ་དྲིན་གྱིས་རྒྱལ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་མཐོང་མ་ཐག་ཏུ་རྟག་ཏུ་དབང་དུ་གྱུར་ཏོ། །དེ་ལྟར་དུག་གིས་འཇིགས་པའི་སྒྲར་ཤེས་པར་བྱའོ། །དེ་ནས་ཚོམ ་པོའི་འཇིགས་པ་ནི། ལྷོ་ཕྱོགས་ཀྱི་ཡུལ་མ་ལ་ཡའི་བདག་པོ་རྒྱལ་པོ་མི་འཕམ་པའི་བདག་པོ་ཞེས་བྱ་བའི་ཡུལ་གྱི་རྗེའུ་རིགས་ཚོད་དཔོན་སྟོབས་བཟང་ཞེས་བྱ་བ་ཞིག་ཡོད་དེ། དེ་དུས་གཞན་ཞིག་ན་མང་བ་མང་པོའི་འཁོར་དང་བཅས་པར་ཚོད་བྱེད་དུ་ཡུལ ་མིང?་ག་ལང་སོང་བ་ལས། །ལྷོ་ཕྱོགས་ཀྱི་རྒྱ་མཚོ་དང་ཉེ་བར་ཤིང་སཱ་ལ་ཆེན་པོའི་ནགས་ཚལ་ཆེན་པོར་སྟུག་པོ་ཞིག་དུ་ཕྱིན་པ་དང། དེར་ཕྱིན་མ་ཐག་དུ་རིགས་ངན་ཆོམ་པོའི་གཙོ་བོ་དགུར་འཇིགས་པའི་དཔའ་བོ་ཞེས་བྱ་བ་ཆོས་པོ་ཉིས་སྟོང་སུམ་བརྒྱ ་མངའ་བ་དང། ཚོང་དཔོན་སྟོབས་བཟང་འཕྲད་པ་དང། ཁྲོས་ཏེ་གད་མ་ཆེན་མོའི་སྒྲ་ཕྱུང་སྟེ། མཚོན་ཆ་སྣ་ཚོགས་ཀྱི་ཐབས་ཀྱིས་རྒྱུ་གོ། །དེ་ནས་ཚོང་དཔོན་སྟོབས་བཟང་འཇིགས་པས་མྱུར་བ་མྱུར་བར་རང་གི་དགའ་བའི་ལྷ་དམ་ཚིག་སྒྲོལ ་མའི་སྡིག་མཛུབ་ལག་པ་གཡོན་པ་སྙིང་ཀར་བཞག་ནས་སྒོམ་ཞིང་སྔགས་བཟླས་པ་དང། དེ་མ་ཐག་དུ་སྐད་ཅིག་ཙམ་གྱིས་བསྒོམ་པ་དང། སྔགས་ཀྱིས་བྱིན་གྱི་རླབས་ཀྱིས་ཚོམ་པོའི་དཔུང་མནན་པར་གྱུར་ཏེ། །གཞན་ཡང་ལག་པ་དང་།རྐང་པ་སྔགས ་ཀྱི་ཞགས་པས་བཅིངས་པར་གྱུར་ཏེ་།སྟོབས་བཟང་དཔུང་དང་བཅས་པས་།ཆོམ་པོ་དཔུང་གི་མཚོན་ཆ་རྣམས་ཕྱོགས་སྟེ་།སྟོབས་བཟང་དཔུང་དང་བཅས་པ་རྒྱལ་བ་ཐོབ་ནས་སི་ག་ལའི་ཡུལ་དུ་ཕྱིན་ཏོ། །དེ་ལྟར་ཆོམ་པའི་འཇིགས་པའི་སྒྲར ་ཤེས་པར་བྱའོ། །དེ་ནས་བཅིང་བའི་འཇིགས་བའི་སྒྲ་ནི། བ་ར་ཎཱ་སི་བྱ་བའི་གྲོང་ཁྱེར་གཅིག་ཡོད་པ་ན་གནས་པའི་རྗེའུ་རིགས་ཀྱི་ཚོང་དཔོན་ཆེན་པོ་རལ་གྲིའི་སྙིང་པོ་ཞེས་བྱ་བ་འཁོར་ཕུན་སུམ་ཚོགས་པས་བསྐོར་བ། གཞན་ཡང་སེམས་ཅན་ཀུན ་གྱིས་བཀུར་བ་བཙུན་པར་ཕྱེད་པ་དེའི་ཁྱིམ་ན་ནོར་གྱི་མཛད་ཁང་དུ་།རྨད་རིགས་ཁྱིམ་བདག་ང་རྒྱལ་འོད་ཅེས་པའི་བུ་རིག་པའི་སྙིང་པོ་ཞེས་བྱ་བས་ནོར་མང་པོ་ཤོའི་ལས་ཀྱིས་མེད་པར་བྱས་པས་དེ་གོང་ཀའི་གཏི་མུག་གི་དབང་གིས་སྡིག་པའི་སེམས་ཀྱིས ་ཆུ་གི་གཱའི་འགྲམ་དུ་དཔག་ཚད་གཅིག་གིས་?་ཆ་གཅིག་ནས་ཕུག་བསྐོས་ནས། ཚོང་དཔོན་རལ་གྲིའི་སྙིང་པོའི་ནོར་གྱི་མཛོད་ཁང་གི་དཀྱིལ་དུ་ཕུག་གི་ལམ་ནས་ལངས་ཏེ། ནོར་བཟུང་བ་ལས་སྣོད་ཀྱི་ཁ་གབ་གི་སྒྲ་གྲག་པའི་སྒྲ་མེལ་ཚེ་བ་རྣམས་ཀྱིས ་ཐོས་ཏེ། ཐོས་མ་ཐག་དུ་མྱུར་བ་མྱུར་བར་མར་མེ་བཏང་ནས་ནོར་གྱི་མཛོད་ཁང་གི་སྒོ་ཕྱེ་ནས་ནང་དུ་སོང་བ་ལས་རྐུན་མ་མཐོང་སྟེ་མཐོང་མ་ཐག་དུ་བཟུང་ནས་ཐག་པས་བརྟན་པར་དམ་པོར་བཅིངས་སོ། །དེ་ནས་ནམ་ལངས་པ་དང་ཚོང་དཔོན་རལ་གྲི ་སྙིང་པོའི་དྲུང་དུ་ཁྱེར་རོ། །ཁྱེར་མ་ཐག་དུ་རྒྱལ་པོའི་བཀའ་ཉན་པ་བོས་ནས་རྐུན་མ་གཏང་དོ། །གཏད་མ་ཐག་དུ་བཀའ་ཉན་པས་ཀ་ནོ་ཙེའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱུད་རྒྱལ་པོ་ཉི་མའི་འོད་ཀྱི་སྤྱན་མངར་ཁྱེར་རོ། །རྐུན་མ་ཇི་ལྟར་བཟུང་བ་བཏམ ་མ་ནོར་བར་རྒྱལ་པོ་ལ་ཞུས་པ་དང། ཞུས་མ་ཐག་དུ་རྒྱལ་པོ་ཉི་མའི་འོད་ཤིན་ཏུ་ཁྲོས་ཏེ་བཙོན་དག་པོས་ཤིག་ཅེས་བཀའ་སྩལ་བ་དང། རྒྱལ་པོའི་བཀའ་ཉན་པས་ཐོས་ནས་བཙོན་དག་བོས་སོ། །དེ་ནས་རྒྱལ་པོ་?་ཧེ་ཚིག་འདི་སྐད་ཅེས་ལྕགས་ཀྱི ་བཅིང་བ་ལྔས་ཆིངས་གཅིག་ཅེས་གསུངས་པ་དང། བཙོན་བདག་གིས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་ལ་ལན་གསུམ་ཕྱག་བྱས་ཏེ། རྐུན་མ་བརྩོན་ཁང་དུ་བཅུག་ནས་ལྕགས་ཀྱི་བཅིང་བ་ལྔས་བཅིངས་ཏེ་སྡུག་བསྔལ་ཅན་དུ་བཞག་པ?། །དེའི་འོག་ཏུ་རྐུན ་མ་རིག་པའི་སྙིང་པས་རང་དགའ་བའི་ལྷ་དམ་ཚིག་སྒྲོལ་མ་བསྒོམ་པ་དང་སྔགས་བཟླས་པ་བྱས་པ་དང་། ཞག་བདུན་གྱིས་དམ་ཚིག་སྒྲོལ་མ་མངོན་དུ་གྱུར་ཏེ་།མངོན་པར་གྱུར་པའི་འབྲས་བུས་རྒྱལ་པོ་ཉི་མའི་འོད་ནུབ་མོའི་དུས་སུ་དམ་ཚིག་སྒྲོལ་མས ་སྤྲུལ་པའི་སྐུ་སྤྲུལ་ནས། ཡེ་ཤེས་ཞགས་པས་བཅིང་བ་དང་ཡེ་ཤེས་ཀྱི་མཚོན་གྱིས་ཉམ་ཐག་པར་བྱས་སོ། །རྨི་ལམ་དུ་ལུང་བསྟན་པ་། རྐུན་མ་རིག་པའི་སྙིང་པོ་བཅིང་བ་རྣམས་མི་དགྲོལ་ན་། ཁྱོད་མྱུར་དུ་བཅིང་བར་འགྱུར་རོ། །རིག ་པིའི་སྙིང་པོའི་རྐང་པ་གཉིས་ལྕགས་ཀྱི་བཅིང་པ་རྣམས་རང་གྲོལ་ལོ། །བཙོན་བདག་གིས་མཐོང་ནས་ཤིན་དུ་འཇིགས་སྐྲག་ཏེ་། རྒྱལ་པོ་ཆེན་པོ་ཉི་མའི་འོད་སིམས་སྐྲག་སྟེ་། རྨི་ལམ་དུ་འཇིགས་པ་ཆེན་པོ་ཇི་ལྟར་མཐོང་པ་འཁོར་གྱི་ནང་དུ ་གསུངས་པ་དང། འཁོར་ཐམས་ཅད་རྒྱལ་པོས་གསུངས་པ་ལ་སེམས་ངོ་མཚར་དུ་གྱུར་ཏོ། །མི་དགའ་བ་སྐྱེས་ནས་མྱུར་བ་མྱུར་བར་རྒྱལ་པོ་ཆེན་པོ་ཉི་མའི་འོད་ལ་སྣ་ཚོགས་ཀྱི་བྱེ་བྲག་གིས་སྨོན་ལམ་བཏབ་སྟེ། རྒྱལ་བར་གྱུར་ཅིག་རྒྱལ ་བར་གྱུར་ཅིག་ཅེས་སྒྲ་ཕྱུང་ངོ། །དེ་ལྟར་མདོར་བསྡུས་ནས་རྒྱལ་པོས་བཀའ་སྩལ་པ། རྐུན་མ་དེ་ཁྱེར་ཏེ། ཤོག་ཅེས་བཀའ་སྩལ་ཏོ། དེ་ཐོས་མ་ཐག་དུ་བཙོན་བདག་གིས་རྒྱལ་པོའི་སྤྱན་སྔར་ཁྲིད་དེ་འོངས་སོ། །དེ་འོངས་མ ་ཐག་དུ་རྒྱལ་པོ་ཉི་མའི་འོད་ཀྱིས་གྲོས་སུ་ལ་ཡང་མ་བྱས་པར་ཁྱད་པར་གྱི་གོས་དང། གསེར་གི་གདུབ་བུ་དང་རྐང་རྒྱན་དང། གསེར་གྱི་སྐྱེ་རགས་དང། མུ་ཏིག་གི་ཕྲེང་བ་ལ་སོགས་པ་བཀའ་དྲིན་ཆེན་པོ་གནང་ངོ། །དེའི་འོག་དུ་དེ་དམག་མི ་ཁྲི་ཕྲག་ལྔའི་དཔོན་དུ་བསྐོས་སོ། །དེ་སྤྱོད་པའི་ཡུལ་གྲོང་དང་།གྲོང་རྡལ་བརྒྱད་བརྒྱ་བྱིན་ནོ། །རྐུན་མ་རིག་པའི་སྙིང་པོ་དེ་དམ་ཚིག་སྒྲོལ་མའི་བཀའ་དྲིན་གྱིས་བདེ་བ་ཆེན་པོར་གནས་སོ། །དེ་ལྟར་བཅིང་བའི་འཇིགས་པའི་དོན་དུ་ཤེས་པར་བྱའོ། ། ་དེ་ནས་ཆུའི་འཇིགས་པ་ནི་ཡུལ་ཀ་ལིཾ་ཀ་ཞེས་བྱ་བའི་རྒྱལ་པོའི་དགྲ་ཐོབ་ཞེས་བྱ་བའི་འཁོར་རྗེའུ་རིགས་ཀྱི་ཚོང་དཔོན་འཇིག་རྟེན་གྱི་བདག་པོ་ཞེས་བྱ་བ་དེ་དུས་གཅིག་ན་ཚོང་པ་མང་པོའི་འཁོར་གྱིས་བསྐོར་ཏེ་རྒྱ་མཚོའི་ནང་གྲུར་ཞུགས་ཏེ་རྒྱ་མཚོ ་ཆེན་པོར་ཕྱིན་ནས་ཉི་མ་ཕྱེད་ཀྱི་དུས་ན་ཕྱིན་ཅི་ལོག་གི་རླུང་ཆེན་པོ་བྱུང་སྟེ་།རླུང་ངེས་ཚོང་དཔོན་འཇིག་རྟེན་བདག་པོའི་གྲུ་སྤུ་བའི་རྒྱ་མཚོ་འཇིགས་པའི་དཀྱིལ་དུ་བསྐྱོང་ནས་ཕྱིན་པ་དང། འཇིགས་པ་དེས་ཚོང་པ་ཐམས་ཅད་སེམས་སྐྲ་གནས ་བརྒྱལ་བར་གྱུར་ཏེ། ལ་ལ་ནི་སྐད་འཚེར་བ་བ་ཤིན་ཏུ་དུ། ལ་ལ་ནི་འཇིགས་པའི་སེམས་ཀྱིས་ཕྱོགས་བཅུར་སྐྱབས་གསོལ་བའི་རེ་བས་བལྟ། ལ་ལ་ནི་ཁྱབ་འཇུག་རྗེས་སུ་དྲན། ལ་ལས་ནི་དབང་ཕྱུག་ཆེན་པོ་རྗེས་སུ་དྲན། ལ་ལས ་ནི་ཚངས་པ་རྗེས་སུ་དྲན། ལ་ལས་ནི་མ་མོ་རྣམས་རྗེས་སུ་དྲན། ལ་ལས་ནི་དུ་ཞིང་སྐྲ་འབལ་ཞིང་ཕ་མ་དང་ཉེ་བ་རྗེས་སུ་དྲན་ཏེ་།དེ་ལྟར་དུ་བྱའི་སྨྲེ་སྔགས་བྱེད་ཅིང་རང་དང་དགའ་བའི་ལྷ་རྗེས་སུ་དྲན་ཞིང་ཀུན?་ཚེ་སྣ་ཚོགས་ཀྱི་སྒྲས་བསྐུལ་བས། ་ཚོང་དཔོན་འཇིག་རྟེན་བདག་པོར་མྱུར་བར་ལག་པ་གཡོན་པས་གྲུའི་ཁ་ཤིང་ལ་བཟུང་ནས། སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ། ལག་པ་གཡས་པས་ཕྲེང་བ་བཟུང་སྟེ་མྱུར་བར་དམ་ཚིག་སྒྲོལ་མའི་བསྒོམ་པ་དང་སྔགས་བཟླས་ཏེ། བསྒོམས་བ་དང་བཟླས་པ ་ཙམ་གྱིས་ཡེ་ཤེས་ཀྱི་ལྕགས་ཀྱུས་དམ་ཚིག་སྒྲོལ་མའི་ཐུགས་བསྐུལ་བར་གྱུར་ཏེ་།དེའི་འོག་དུ་བསྐུལ་མ་ཐག་དུ་གྲུའི་སྟེང་གི་ནམ་ཀ་ལས་མ་འཇིགས་པའི་སྒྲ་བྱུང་ནས་།དམ་ཚིག་སྒྲོལ་མ་སྤྲུལ་པའི་སྐུ་གྲངས་མེད་པས་བསྐོར་ནས་མངོན་དུ་གྱུར ་ཏེ། གྱུར་མ་ཐག་ཏུ་ཡེ་ཤེས་ཀྱི་རླུང་གིས་ཚོང་དཔོན་གྱི་གྲུ་རིན་པོ་ཆེའི་གླིང་གི་ལམ་དུ་ཉེ་ཞོ་མེད་པར་སེམས་བདེ་བས་རིན་པོ་ཆེའི་གླིང་དུ་ཕྱིན་ནོ། །དེར་ཕྱིན་མ་ཐག་དུ་དམ་ཚིག་སྒྲོལ་མ་མི་སྣང་བར་གྱུར་ཏོ། །དེའི་འོག་ཏུ་དེའི་བྱིན་གྱི་རླབས་ཀྱིས ་ཚོང་པ་ཐམས་ཅད་ཀྱིས་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕུང་པོ་རྣམས་མཐོང་སྟེ་མཐོང་མ་ཐག་དུ་ཆོད་པ་རྣམས་ཀྱིས་ཚོང་དཔོན་འཇིག་རྟེན་བདག་པོ་ལ། སེམས་དགའ་བས་སྨོན་ལམ་སྣ་ཚོགས་ཀྱི་བྱེ་བྲག་བཏབ་པོ། །དེའི་འོག་དུ་ཚོད་དཔོན་འཇིག་རྟེན ་བདག་པོ་ལ་སོགས་པ་བཀྲ་ཤིས་ཀྱི་གླུ་ལེན་ཅིང་བརྩོན་འགྲུས་ཀྱིས་རང་རང་ཅི་འདོད་པའི་རིན་པོ་ཆེ་སྣ་ཚོགས་བླངས་ཏེ། གྲུར་ཞུགས་ནས་རང་གི་གནས་ཀྱི་ལམ་དུ་སོང་ངོ། །དེ་ལྟར་མདོར་བསྡུས་པ་རང་རང་གི་ཡུལ་དང་རང་གི་ཁྱིམ་དུ་ཕྱིན་ནོ། །དེ ་ལྟར་ཆུའི་འཇིགས་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་འབྱུང་པོ་འཇིགས་པའི་སྒྲ་ནི། ཡུལ་མུ་ཊ་ཞེས་བྱ་བའི་རྒྱལ་པོ་གློག་གི་ཕྲེང་བ་ཞེས་བྱ་བ་ནུབ་མོའི་དུས་སུ་འཆགས་ཁང་དུ་འཆག་དུ་སོང་ནས་ཕྱིར་འོད་བ་འཆགས་ཁང་གི་སྒོའི ་མཚམས་སུ་འབྱུང་པོ་ཆེན་པོ་འབྲོས?་ཏེ་ལག་པ་གཡས་པས་གདོད་ལ་བརྒྱབ་སྟེ་།བརྒྱབ་མ་ཐག་དུ་རྒྱལ་པོ་གློག་གི་ཕྲེང་བ་དབུགས་གྱེན་དུ་འཐོར་ཏེ་བརྒྱལ་ནས་ས་ལ་འགྱེལ་བར་གྲུབ་བོ། །དེ་ནས་སྐུ་སྲུངས་རྣམས་སྨྲེ་སྔགས་ཀྱིས་ཚིག ་གིས་ངུ་ཞིང་རྒྱལ་པོ་ཉིད་ཀྱི་གཟིམས་ཁང་དུ་ཁྱེར་ཏེ་གཟིམས་མལ་གྱི་སྟེང་དུ་བཞག་གོ་།དེའི་འོག་ཏུ་རྒྱལ་པོའི་ངོ་ཚར?་བསྐྲངས?་སོ། །དེ་ནས་ནམ་ལངས་པ་དང་སྐུ་སྲུངས་རྣམས་ཀྱིས་འཁོར་བསྡུ་བའི་རྔ་བརྡུངས་ཏེ་རྔ་ཐོས་མ་ཐག ་དུ་ཕྱི་ནང་གི་འཁོར་རྣམས་འདུན་མའི་ཁང་པར་འདུས་ཏེ། འདུ་བ་རྫོགས་པ་དང། སྐུ་སྲུངས་རྣམས་ཀྱིས་རྒྱལ་པོའི་སྙུན་ཅི་ལས་གྱུར་པ་གཏམ་སྨྲས་སོ། །གཏམ་ཐོས་མ་ཐག་དུ་འཁོར་རྣམས་མྱ་ངན་ཆེན་པོ་སྐྱེས་ཏེ། བཤད་པར་བྱ་སྟེ། ལ་ལ་ནི་བརྒྱལ ་བར་གྱུར། ལ་ལ་ནི་དུ་བར་གྱུར། ལ་ལ་ནི་རང་གི་ཡན་ལག་དང་ཉིད་ལག་གི་སེན་མོ་རྣོན་པོས་བྲང་ལ་བྲང། ལ་ལ་ནི་རྒྱལ་པོའི་བཀྲ་ཤིས་བརྗོད་ཅིང་རང་གི་ལྷ་རྗེས་སུ་དྲན་པར་བྱེད། ལ་ལ་ནི་བསྐུལ་བ་དང། བཟླས་པ་དང་བསྒོམ་པར་བྱེད་དོ། །དེ་ལྟར ་འཁོར་རྣམས་སེམས་མི་དགའ་བས་མྱ་ངན་བྱེད་ཅིང་ཀུ་ཚེའི་སྒྲ་ཕྱུང་ཏེ། རྒྱལ་པོའི་གཟིམས་ཁང་གི་ནང་དུ་སོང་པོ། །ད་དག་ཕྱིན་མ་དག་དུ་རྒྱལ་པོ་ལ་ཀུ་ཆོའི་སྒྲ་འབྱིན་ཅིང་རིམ་པར་འདུག་ནས་རྒྱལ་པའི་ཡུམ་བསོད་ནམས་ཀྱི་ཕྲེང་བ་ཞེས་བྱ་བས་རྒྱལ་པོའི ་དབུ་བརླ་གཡས་པའི་སྟེང་དུ་བཞག་ནས། དེའི་འོག་ཏུ་རྒྱལ་མོ་དཔལ་གྱི་བློ་གྲོས་བསྒེག་མ་ཞེས་བྱ་བས་རྒྱལ་པོའི་ཕྱག་གཡས་པ་ལག་པ་གཡས་པས་བཟུང། རྒྱལ་པོ་སྒྲ་ཆེན་པོ་དགྲ་ལས་རྒྱལ་བས་ལག་པ་གཡས་པས་རྒྱལ་བའི་ཞབས་གཡས ་བ་བཟུང། རྒྱལ་པོའི་བློན་པོའི་གཙོ་བོ་ཉི་མའི་ཕོ་ཉ་ཞེས་བྱ་བས་ལག་པ་གཉིས་ཀྱིས་རྒྱལ་པོའི་ཞབས་གཡོན་པ་ན་ཟུང། དེ་ལྟར་གཟུང་ནས་སྨྲེ་སྔགས་དང་དུ་འབོད་བྱེད་བའི་མྱ་ངན་གྱི་དུས་དེར། རྒྱལ་པོའི་ཡུམ་བསོད་ནམས་ཀྱི་ཕྲེང་བས་སེམས ་བརྟན་ནས་སྲས་ལ་བྱམས་པས་རང་དགའ་བའི་ལྷ་དམ་ཚིག་སྒྲོལ་མ་རྗེས་སུ་དྲན་པ་དང། བཟླས་པ་དང་བསྒོམ་པ་བྱས་པས་མྱུར་བར་ཐུགས་རྗེ་ལྕགས་ཀྱུས་དམ་ཚིག་སྒྲོལ་མའི་ཐུགས་བསྐུལ་བས་ལྷ་མོ་དམ་ཚིག་སྒྲོལ་མས་ཡེ་ཤེས་ཀྱི་སྐུ་སྦྲུལ་ཏེ ་དེ་ཉིད་ཀྱི་སྐུ་ཇི་ལྟ་བ་དེ་བཞིན་དུ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། ཡེ་ཤེས་ཀྱི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་བཀང་བ་ཕྱག་གཉིས་ན་བཟུང་ནས། ཡེ་ཤེས་ཀྱི་འོད་ཟེར་སྤྲོ་ཞིང་གསལ་བར་རྒྱལ་པོ་གློག་གི་ཕྲེང་བའི་སྟེང་དུ་ནམ་ཀ་ལས་ཕབ་སྟེ། བཀྲ་ཤིས་ཀྱི ་རྒྱལ་པོའི་སྒྲ་བརྗོད་ཅིང། ཐུགས་རྗེ་ཆེན་པོས་ཡེ་ཤེས་ཀྱི་བདུད་རྩིའི་བུམ་པས་དབང་བསྐུར་བར་མཛད་དེ་དབང་བསྐུར་མ་ཐག་དུ་རྒྱལ་པོས་མིག་ཕྱེ་ཏེ། དལ་ནས་དལ་ནས་ལམ་ནས་ལངས་ཏེ་སྐྲག་སྟེ། འཁོར་རྣམས་ལ་རིག་རིག་པོར་བལྟའོ། ། ་?་ལྟར་རྒྱལ་པོས་གཟིགས་པ་དང། འཁོར་ཐམས་ཅད་ཀྱིས་དུ་འབོད་ཀྱི་སྒྲ་བཞག་སྟེ། སོ་སོར་དོར་བལྟས་ཏེ་སེམས་དགའ་བས་འགྲིན་གཅིག་ཏུ་རྒྱལ་པོ་རྒྱལ་བར་གྱུར་ཅིག་ཅེས་སྒྲ་བསྒྲགས་སོ། །གཞན་ཡང་སྣ་ཚོགས་བྱེ་བྲག་གིས་སྨོན ་ལམ་བཏབ་བོ། །དེ་ལྟར་མདོར་བསྡུས་པ་དམ་ཚིག་སྒྲོལ་མའི་བྱིན་གྱི་རླབས་ཀྱིS་རྒྱལ་བོའི་འབྱུང་པོའི་གཟོད་པ་རང?་ཀྱི་སྡུག་བསྔལ། ལས་ཐར་བར་གྱུར་རོ། །བྲལ་བར་འགྱུར་རོ། །སོས་བར་འགྱུར། རྒྱས་པར་འགྱུར་རོ། །གཟི་བརྗིད་ཀྱི་ལུས་སུ ་འགྱུར་རོ། །དེའི་འོག་དུ་བཀྲ་ཤིས་དང་དགའ་བའི་སྟོན་མོ་དང་གླུ་དང་གར་དང། རྔ་དང་རོལ་མོ་སྣ་ཚོགས་པ་རྣམས་བྱས་སོ་།གཞན་ཡང་གསེར་དང། དངུལ་དང། རིན་པོ་ཆེ་དང། ནོར་བུ་དང། མུ་ཏིག་དང་བྱུ་རུ་དང་གོས་དང། རྒྱན་ལ ་སོགས་པ་རྣམ་པ་མང་བོ་བསྡུས་ནས། དྲང་སོང་དང། དཀའ་ཐུབ་པ་དང། བརྟུལ་ཞུགས་པ་མང་པོ་ལ་སྦྱིན་པ་བྱིན་ནོ། །དེ་ལྟར་འབྱུང་པོ་འཇིགས་པའི་སྒྲའི་དོན་དུ་ཤེས་བར་བྱའོ། །དེ་ནས་གཞན་བསྒྲུབ་པ་ཡང་དམ་ཚིག་སྒྲོལ་མའི ་དང?་གི་དངོས་གྲུབ་གྲུབ་པར་གྱུར་ཏོ། །དེ་ལྟར་དམ་ཚིག་སྒྲོལ་མའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ལ་ལ་ལ་ན?་དྲོ་ངོ་བོ་ལྟ་བུ། ལ་ལ་ནི་སྒྲའི་ངོ་པོ་ལྟ་བུ། ལ་ལ་ནི་རོའི་ངོ་བོ་ལྟ་བུ། ལ་ལ་ནི་རེག་གི་ངོ་བོ་ལྟ་བུ། ལ་ལ་ནི་གཟུགས་ཀྱི་ངོ་བོ་ལྷ ་བུར་གནས་པར་གྱུར་ཏོ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ལ་ཞེས་བྱ་བ་ནི། མདུན་དུ་དེ་བཞིན་གཤེགས་པའི་ལྷ་མོ་བཞི་བཤད་པའི་འོག་དུ། འདོད་པའི་ཡོན་ཏན་རྣམ་པ་ལྔ་བྱང་ཆུབ་སེམས་དཔའ་ཤེས་རབ ་ཀྱི་ལྷ་མོ་སེམས་མ་རྡོ་རྗེས་རྣམས་ལྷ་མོའི་དབང་སྤྲུལ་པར་མཛད་པར་བསྟན་པས་དེ་ལ་ཞེས་བྱའོ། །དེ་ལ་དྲོའི?་སྒྲ་ནི་བྱེ་བྲག་རྣམ་པ་བཞིར་བཤད་དེ། ཕྱི་དང་ནང་དང་གསང་བར?་བདོན?་དམ་པའོ། །དེ་ལ་ཕྱི་ནི་དྲི་ཐམས་ཅད་སྣོམ་པའི་དུས་སུ་དྲིས ་ཚིམ་པའི་ངོ་བོ་ལྟ་མོར་གསུངས་སོ། །དེ་ནས་ནང་གི་དྲི་ནི་དྲི་ཆེན་ལ་སོགས་པ་དང། ཤ་རྣམས་ལྔ་དང། དམ་རྫས་ཅི་སྙེད་པའི་དྲི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་སྤངས་ནས་སྣོམ་པའི་དུས་སུ་ཚིམ་པའི་ངོ་བོ་ལྷ་མོར་གསུངས་སོ། །དེ་ནས ་གསང་བའི་ཐབས་དང་ཤེས་རབ་རོལ་པས་པདྨ་རཱ་ག་ཏ་དང། བྱང་ཆུབ་སེམས་གཉིས་སུ་མེད་པར་བྱུང་བའི་དྲེ་དེ་ཕྱིན་ཅི་ལོག་པའི་རྣམ་པར་རྟོག་པ་སྤངས་ནས་ཟ་ཞིང་སྣོམ་པའི་དུས་སུ་ཚིམ་པའི་ངོ་བོ་ལ?་མོར་གསུངས་སོ། །དེ་ནས་དོན་དམ་པའི ་སྒྲུབ་པ་པོས་དངོས་གྲུབ་ཐོབ་པའི་དུས་སུ། ལྷའི་དྲི་འགྲུབ་པར་འགྱུར་བར་གསུངས་སོ། །དེ་ནས་ངོ་བོའི་སྒྲ་ནི་དཀྱིལ་འཁོར་གྱི་དུས་སུ་ནམ་མཁའ་ཨི་སྙིང་པོའི་ཤེས་རབ་དྲི་རྡོ་རྗེ་ལྷ་མོར་གསུངས་སོ། །དེ་ནས་དེ་ལྟ་བུའི་སྒྲ་ནི་མདུན་དུ་སྨོས་པའི་དྲི ་ཞིམ?་པ་བཞིའི?་བྱེ་བྲག་གཅིག་པུར་གསུངས་སོ། །དེ་ནས་སྒྲའི་དོན་ནི་བྱེ་བྲག་རྣམ་པ་བཞིར་བཤད་དེ། ཕྱི་དང་ནང་དང་གསང་བ་དང་དོན་དམ་པའོ། །དེ་ལ་ཕྱིའི་སྒྲ་ཐམས་ཅད་ཐོས་པའི་དུས་སུ་སོ་སོ་རྣམ་པར་ཤེས་པའི་བྱེ་བྲག་ལྷ་མོར ་གསུངས་སོ། །དེའི?་ནང?་གི་སྒྲུབ་པ་པོས་ཆོས་ཁ་ཏོན་བྱེད་པའི་སྒྲ་དང། ཆོས་འཆད་པའི་སྒྲ་དང། ཆོས་ཐེ་ཚོམ་བསྐུལ་བའི་སྒྲ་དང། ལྷ་རྣམས་ལ་བསྟོང་པའི་སྒྲ་དང། ལྷ་རྣམས་ལ་མཆོད་པའི་སྒྲ་དང། སྔགས་བརྗོད་པའི་སྒྲ་དང། དེ ་ལྟར་མདོར་བསྡུས་པ་སོ་སོ་རྣམ་པར་ཤེས་པའི་བྱེ་བྲག་གི་ངོ་བོ་ལྷ་མོར་གསུངས་སོ། །དེ་ནས་གསང་བའི་ནི་ཐབས་དང་ཤེས་རབ་རོལ་པ་བྱེད་པའི་དུས་སུ་དབང་པོ་གཉིས་ཀྱི་དབུས་སུ་བྱང་ཆུབ་སེམས་འབྱུང་བའི་སྒྲ་ནི་དེའི་ངོ་བོ་ལྷ་མོར་གསུངས་སོ། ། ་དེ་ནས་དོན་དམ་པའི་ནི་བསྲུབ?་པ་པོས་དངོས་གྲུབ་ཐོབ་པའི་དུས་སུ་ལྷའི་སྒྲ་གྲུབ་པར་གསུངས་སོ། །དེ་ནས་ངོ་བོ་ཞེས་བྱ་བའི་སྒྲ་ནི་མདུན་དུ་བཤད་པ་མདོར་བསྡུས་པ་དཀྱིལ་འཁོར་གྱི་དུས་སུ་ཕྱག་ན་རྡོ་རྗེའི་ཤེས་རབ་ཀྱི་སྒྲ་རྡོ་རྗེའི་ལྷ་མོར་གསུངས་སོ། ། ་དེ་ནས་དེ་ལ་བུ་ཞེས་བྱ་བཾ?་ར་སྒྲ་ནི་མདུན་དུ་སྨོས་པ་རྣམ་པ་བཞིའི་བྱེ་བྲག་གཅིག་བུར་གསུངས་སོ། །དེ་ནས་རོ་ཞེས་པའི་སྒྲ་ནི་རྣམ་པ་བཞིའི་བྱེ་བྲག་དུ་བཤད་པར་བྱ་སྟེ། ཕྱི་དང་ནང་དང་གསང་བ་དང་དོན་དམ་པའོ། །དེ་ལ་ཕྱི་ནི་མཛའ་བ? ་ཐམས་ཅད་དེ། ཤིང་ཏོག་ལ་སོགས་པ་རྣམས་ཀྱི་རོའི་བྱེ་བྲག་རྣམ་པར་ཤེས་པ་ལྷ་མོའི་ངོ་བོར་གསུངས་སོ། །དེ་ནས་ནང་གི་ནི་དམ་རྫས་དྲི་ཆེན་ལ་སོགས་པ་བདུད་རྩི་རྣམ་པ་ལྔ་དང?། ཤ་རྣམ?་པ་ལྔ་ནི་རོ་ཐམས་ཅད་སོ་སོར་རྣམ?་པར ་ཤེས་པའི་བྱེ་བྲག་ལྷ་མའི་ངོ་བོར་གསུངས་སོ། །དེ་ནས་གསང་བའི་ཐབས་དང་ཤེས་རབ་རོལ་པས་བྱུང་བའི་བྱང་ཆུབ་སེམས་ཀྱི་རོ་གང་ཡིན་པའི་ངོ་བོ་རོའི་ལྷ་མོར་གསུངས་སོ། །དེ་ནས་དོན་དམ་པའི་སྒྲུབ་པ་པོས་དངོས་གྲུབ་ཐོབ་པའི། དུས་སུ ་ལྷའི་རོ་གྲུབ་པར་གསུངས་སོ། །དེ་ནས་ངོ་བོའི་སྒྲ་ནི་དེ་ལྟར་མདོར་བསྡུས་ན་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་ཤེས་རབ་རོ་རྡོ་རྗེའི་ལྷ་མོར་གསུངས་སོ། །དེ་ནས་དེ་ལྟ་བུ་ཞེལ་པ་ནི་མདུན་དུ་སྨོས་པ་རྣཾ་པ་བཞིའི་བྱེ་བྲག་གཅིག་ཕུན ་གསུངས་སོ། །དེ་ནས་རེག་ཞེས་པ་ནི་རྣམ་པ་བཞིའི་བྱེ་བྲག་དུ་བཤད་དེ། ཕྱི་དང་ནང་དང་གསང་བ་དང་དོན་དམ་པའོ། །དེ་ལ་ཕྱི་ནི་གོས་ལ་སོགས་པའི་རྗེས?་ཇི་སྙེད་པའི་འཇམ?་པ་དང?་རྩུབ?་པ་སོ་སོ་རྣམ་པར་ཤེས་པའི་བྱེ་བྲག་གི་ངོ་བོ ་ལྷ་མོར་གསུངས་སོ། །དེ་ནས་ནང་གི་ནི་གཉིས་ཀྱིས་ཐབས་དང་ཤེས་རབ་སོ་སོར་འཁྱུང་པའི་དུས་སུ་བདེ་བའི་རེག་དེ་སོ་སོ་རྣམ་པར་ཤེས་པའི་བྱེ་བྲག་ལྷ་མོའི་ངོ་བོར་གསུངས་སོ། །དེ་ནས་གསང་བའི་ནི་ཐབས་དང་ཤེས་རབ ་རོལ་པའི་དུས་སུ་གཉིས་སུ་མེད་དབང་པོ་གཉིས་ཀྱི་རེག་འཇམ་པ་དང་རྩུབ་པའི་ངོ་བོ་དེ་རྣམ་པར་ཤེས་བའི་བྱེ་བྲག་ལྷ་མོའི་ངོ་བོར་གསུངས་སོ། །དེ་ནས་དོན་དམ་པ་ནི་སྒྲུབ་པ་པོ་དངོས་གྲུབ་ཐོབ་པའི་དུས་སུ་ལྷའི་རེག་འགྲུབ་པར་འགྱུར་རོ། །དེ ་ནས་ངོ་བོ་ནི་མདོར་བསྡུས་པ་དཀྱིལ་འཁོར་གྱི་དུས་སུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ཤེས་རབ་རེག་རྡོ་རྗེ་ལྷ་མར་གསུངས་སོ། །དེ་ནས་ལྟ་བུ་ཞེས་པ་ནི་མདུན་དུ་སྨོས་པ་རྣམ་པ་བཞིའི་བྱེ་བྲག་གཅིག་པུར་གསུངས་སོ། །དེ་ནས་གཟུགས ་ཞེས་པ་ནི་རྣམ་པ་བཞིའི་བྱེ་བྲག་དུ་བཤད་དེ། ཕྱི་དང་ནང་དང་གསང་བ་དང་དོན་དམ་པའོ། །དེ་ལ་ཕྱི་ནི་དཀར་དང་ནག་པོ་དང། སེར་པོ་དང་དམར་པོ་དང་ལྗང་གུ་དང་ཇི་སྣད་མཐོང་བའི་རྫས་ཐམས་ཅད་ཀྱིས་མཛེས་པ་དང་མི་མཛེས་བའི་གཟུཌ ་ཐམས་ཅད་སོ་སོ་རྣམ་པར་ཤེས་པའི་བྱེ་བྲག་གི་ངོ་བོ་ལྷ་མོར་གསུངས་སོ། །དེ་ནས་ནང་གི་ནི་སྒྲུབ་པ་པོ་ཉིད་ཀྱི་ཐུགས་ཀ་ཡེ་ཤེས་སེམས་པའི་གནས་ནས་རིགས་སོ་སོའི་ཁ་དོག་དང། ཞལ་དང་ཕྱག་མཚན་དང། རྒྱན་རྣམས་དང་ལྡན་པ ་སྣ་ཚོགས་བཱི?་བྱེ་བྲག་སྒྲོ་བར་བྱ་བ་དང། དཀྱིལ་འཁོར་ལ་གནས་པ་བསྡུ་བར་དེ་དག་ཐམས་ཅད་ཀྱི་གཟུགས་ཀྱི་བྱེ་བྲག་མཛེས་པ་དང། མི་མཇེས་པ་སོ་སོར་རྣམ་པར་ཤེས་པའི་བྱེ་བྲག་གི་ངོ་བོ་ལྷ་མོར་གསུངས་སོ། །དེ་ནས་གསང་བའི་སྒྲུབ་པ ་པོས་ཐབས་དང་ཤེས་རབ་རོལ་པས་འབྱུང་བའི་བྱང་ཆུབ་ཀྱི་སེམས་རིགས་སོ་སོའི་ཡེ་ཤེས་ཀྱི་ས་བོན་གྱི་ཡིག་འབྲུས་བྱིན་གྱིས་བརླབས་ཏེ། ཉིད་ཉིད་ཀྱི་རིགས་ཀྱི་ཁ་དོག་གི་བྱང་ཆུབ་སེམས་སུ་གྱུར་པ་དེའི་ཁ་དོག་དང་གཟུགས་སོ་སོར ་རྣམ་པར་ཤེས་པའི་བྱེ་བྲག་གི་ངོ་བོ་ལྷ་མོར་གསུངས་སོ། །དེ་ནས་དོན་དམ་པའི་ནི་སྒྲུབ་པ་པོས་དངོས་གྲུབ་ཐོབ་པའི་དུས་སུ་གནས་གང་ན་གནས་པའི་ཁམས་གསུམ་གྱི་གནས་ན་རྫས་ཀྱི་རྣམ་པ་ཡུངས་ཀར་ཙམ་ཡངས་ཐོང་ངོ། །གཞན་ཡང་སྒྲུབ་པ་པོས་སྔག ་ཀྱི་བྱིན་གྱི་བརླབས་ཀྱིས་སེམས་ཅན་ཐམས་ཅད་གདུལ་བའི་ཕྱིར། ཡིད་ལས་བྱུང་བའི་སྐུའི་སྤྲུལ་པ་སྣ་ཚོགས་ཀྱི་བྱེ་བྲག་སྤྲུལ་པར་བྱ་སྟེ། དེ་ལྟར་མདོར་བསྡུས་ནས་དཀྱིལ་འཁོར་གྱི་དུས་སུ་སའི་སྙིང་པོའི་ཤེས་རབ་བཟུགS་རྡོ་རྗེའི་ལྷ་མོར་གསུངས་སོ། ་ངོ་བོ་དང་ལྟ་བུ་ཞེས་བྱ་བའི་སྒྲ་ནི་གོང་མ་དང་མཐུན་པར་ཤེས་པར་བྱའོ། །དེ་དག་ཐམས་ཅད་སོ་སོ་ཉིད་ཉིད་ཀྱི་སྐུ་མདོག་དང་ཞལ་དང་ཕྱག་མཚན་དང། རྒྱན་ལ་སོགས་པ་དང། ལྡན་པའི་སྐུ་ཚད་རྡུལ་ཕྲ་མོ་དང་མཉམ་པ། སྤྲུལ་ནས་སྤྲོད་པས་སངས ་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཁྱབ་པར་གྱུར་པ་དེ་དག་སླར་སོ་སོའི་རིགས་ཀྱི་བྱེ་བྲག་གི་དང་པོ་གང་ནས་སྤྲོས་པའི་གནས་སུ་བསྡུའོ། །དེའི་འོག་དུ་གཅིག་པུའི་ངོ་བོར་གྱུར་ཏེ་གྱུར་མ་ཐག་དུ་རྡོ་རྗེ་དགའ་མ་མཱ་མ་ཀཱིའི་སྐུ་ལ་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ཀྱི ་ངོ་བོ་གཉིས་སུ་མེད་པའི་ཚུལ་དུ་སྐུ་ལ་ཐིམ་པར་གྱུར་པར་ཤེས་པར་བྱའོ། །གནས་པར་གྱུར་ཏོ་ཞེས་པའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། གནས་པའི་ནི་སོ་སོ་རིགས་ཀྱི་བྱེ་བྲག་རྡུལ་ཕྲ་མོ་དང་མཉམ་པ་སྤྲུལ་ནས་སྤྲོ་བར་མཛད་པར་གསུངས་ཏེ་བཤད ་པར་བྱའོ། །དེ་ལྟར་སྤྲུལ་པའི་སྐུ་མང་པོ་གང་ཡིན་པ་དེ་རྣམས་ཉིད་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གི་གནས་སུ་བསྡུ་བར་མཛད་དོ། །གཞན་ཡང་རིག་པའི་མན་ངག་གིས་བསྟན་པར་བྱ་སྟེ། རིགས་ཀྱི་ལྷ་མོ་བཞི་དང། འདོད་པའི་ཡོན་ཏན་ལྔ་དང་བཅས་པའི་མཱ ་མ་ཀཱི་སྐུ་ལ་གཅིག་པའི་ངོ?་བོར་གནས་པར་གྱུར་པར་གསུངས་པ་རྫོགས་སོ།། །།དེ་ནས་དེ་མ་ཐག་དུ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་དྲི་མ་མེད་པའི་དམ་ཚིག་ཆེན་པོ་དཀྱིལ ་འཁོར་གྲུ་བཞི་བྱིན་གྱིས་བརླབ་པ་ནི། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ་གོང་འོག་གི་དོན་གྱི་མགོ་འདྲེན་པ་དང་སྡུད་པའོ། །དེ་མ་ཐག་ཏུ་ཞེས་པ་ནི་མདུན་དུ་སྨོས་པའི་མཱ་མ་ཀཱིའི་ངོ་བོ་དམ་ཚིག ་ཆེན་པོའི་དཀྱིལ་འཁོར་བྱིན་གྱིས་རློབ་པ་རྟོན་པའོ། །དེ་བཞིན་གཤེགས་པ་རྡོ་རྗེ་མི་སྐྱོད་པ་ཞེས་བྱ་བའི་སྒྲ་ནི་མདུན་དུ་བཤད་པ་དང་མཐུན་པར་སྦྱར་རོ། །གཞན་ཡང་དེ་བཞིན་གཤེགས་པ་མི་བསྐྱོད་པས་མདུན་དུ་སྨོས་པའི་མཉེས་པར་འགྱུར་བའི ་བཙོན་འགྲུས་ཀྱིས་ཐུགས་རྡོ་རྗེ་ཆེན་པོའི་ལྕགས་ཀྱུས་ཐུགས་ལ་གནས་པའི་ཡེ་ཤེས་སེམས་པ་བསྐུལ་བར་མཛད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྒྱུད་བཀའ་སྩལ་པའི་སྟོན་པ་འབྱུང་བའི་ཕྱིར་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནི་མཱ་མ ་ཀཱི་ལ་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་ཞེས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནི་རིགས་རྣམ་པ་ལྔར་གསུངས་སོ། ་བཙུན་མོ་ནི་རོལ་པ་མཛད་པའི་བདེ་བར་གྱུར་པའི་བླ་སྟེ། མདུན་དུ་སྨོས་པའི་སངས་རྒྱས་སྤྱན་ལ་སོགས་པ་ལྷ་མོ་ཐམས་ཅད་མཱ་མ་ཀཱི་སྐུའི་ངོ་བོར་གྱུར་པ་མཱ་མ་ཀཱི། དེ་བཞིན་གཤེགས་པ་མི་བསྐྱོད་པས་བྱིན་གྱིས་བརླབས་ནས་རོལ་པའི ་ཐབས་ཀྱི་སྤྱོད་པར་མཛད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྷ་མོ་རྣམས་བྱིན་གྱིས་བརླབས་པར་གྱུར་ལ། དེ་བཞིན་གཤེགས་པ་མི་བསྐྱོད་པས་ལྷ་མེ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ངོ་བོ་མཱ་མ་ཀཱིར་བྱིན་གྱིས་བརླབས་པ་ནི། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་མི་ལ་སྐྱོད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་གཉིས་སུ་མེད་པའི་བདག་ཉིད་ཡེ་ཤེས་རྣམ་པ་ལྔའི་ངོ་བོའི་སྐུ་ཕྱག་རྒྱར་གནས་པ་སྟེ། ་དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་སྒྲའི་དོན་དུ་ཤེས་པར་བྱའོ། །བྷ་ག་ཞེས་པ་ནི་ཐབས་དང་ཤེས་རབ་རོལ་པ་བྱ་བ་དང། བྱང་ཆུབ་སེམས་འབྱུང་པའི་གནས་གསང་པའི་ཕྱག་རྒྱར་གསུངས་སོ། །གྲུ་བཞི་ཞེས་པ་ནི། མཱ་མ་ཀཱིའི་བྷ་ག ་དེ་ནི་ལྷ་མོ་བཞིའི་བྷ་ཀ་དང་གཉིས་སུ་མེད་པ་གཅིག་པའི་ངོ་བོར་གསུངས་སོ། །ཁྱད་པར་གྱིས་དོན་གྱིས་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། བྷ་གའི་སྲ་བ་ནི་སངས་རྒྱས་སྤྱན་གྱི་ངོ་བོར་གསུངས་སོ། །བྷ་གའི་གཤེར་བ་ནི་མཱ་མ་ཀཱིའི་ངོ་བོར་གསུངས་སོ ་བྷ་གའི་དྲོ་བ་ནི་ན་བཟའ་དཀར་མོའི་ངོ་བོར་གསུངས་སོ། །བྷ་གའི་བསྐྱོད་པ་ནི་དམ་ཚིག་སྒྲོལ་མའི་ངོ་བོར་གསུངས་སོ། །གཞན་ཡང་གྲུ་བཞིའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། །ཐབས་དང་ཤེས་རབ་རོལ་བ་བྱེད་པའི་བུས་སུ་དབང་པོ་གཉིས ་མཉམ་པར་སྦྱོར་བ་ནི། སངས་རྒྱས་སྤྱན་ནོ། །དབང་པོ་གཉིས་བདེ་བས་བསྐྱོད་པར་མཛད་པ་ནི་མཱ་མ་ཀཱིའོ། །བྱང་ཆུབ་སེམས་འོད་དུ་ཞུ་བའི་དུས་སུ་བདེ་བ་ཆེན་པོར་གྱུར་པ་ནི་ན་བཟའ་དཀར་མོའོ། །དེ་ལྟར་བསྐྱོད་པ་དང་བརྐྱང་བ་དང། བསྐུམ ་པ་དང། གསང་བའི་རོལ་པས་གྲུབ་པའི་འབྲས་བུའི་ངོ་བོ་ནི་དམ་ཚིག་སྒྲོལ་མ་སྟེ། དེ་དག་མདོར་བསྡུས་པ་གྲུ་བཞིའི་དོན་དུ་ཤེས་པར་བྱའོ། །དེ་ནས་དྲི་མ་མེད་པ་ཞེས་པ་ནི། ཐོག་མ་མེད་པ་ནས་དུས་ཐམས་ཅད་དུ་མ་རིག་པ་དང། ཉོན ་མོངས་པའི་སྡིག་པའི་དྲི་མ་རྣམས་དང་བྲལ་བ་དང། མ་གོས་པ། ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཡིན་པས། དག་པ་དྲི་མ་མེད་པར་གསུངས་སོ། །དེ་ནས་དམ་ཚིག་ཆེན་པོའི་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡབ་རྡོ་རྗེ ་སེམས་དཔའ་མི་བསྐྱོད་པ་ངེས?། །སེམས་ཅན་མ་ལུས?་པའི་དོན་གྱི་ཕྱིར། བདག་པོ་ཡབ་རྒྱུད་བཀའ་སྩལ་པའི་སྟོན་པ་བྱང་ཆུབ་སེམས་ཨརྡོ་རྗེའི་ཡབ་མི་བསྐྱོད་པའི་ཤེས་རབ་ཀྱི་ལྷ་མོ་དང། བྱང་ཆུབ་སེམས་རྡོ་རྗེ་འབྱུང་བའི་ཡུམ་མཱ་མ་ཀཱི་ ་ལ་ཆེན་པོའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་དམ་ཚིག་ཞེས་པ་ནི་།མི་བསྐྱོད་པའི་སྐུ་ལ་གནས་པའི་བྱང་ཆུབ་སེམས་འབྱུང་བར་མཛད་པ་མཱ་མ་ཀཱི་ལ་དམ་ཚིག་གི་སྒྲའི་དོན་དུ་གསུངས་སོ། །དེ་ནས་དཀྱིལ ་འཁོར་ཞེས་པ་ནི་མཱ་མ་ཀཱི་གསང་བའི་ཕྱག་རྒྱ་བྷ་ག་ལ་བྱའོ། །དེ་ནས་བྱིན་གྱིས་བརླབ་པ་ཞེས་པ་ནི་གཉིས་སུ་མེད་པར་སྐུ་ཕྱག་རྒྱས་རོལ་པ་མཛད་པར་གསུངས་སོ། །ནི་ཞེས་པ་ནི་གཉིས་ཀའི་ཐུགས་བདེ་བར་གྱུར་པར་གསུངས་སོ། །གསལ ་བ་དེ་ཡི་ངོ་བོ་ཉིད། །སྣ་ཚོགས་གཟུགས་ཀྱིས་ཀུན་ཏུ་ཁྱབ། །སངས་རྒྱས་སྤྲིན་གྱིས་ཀུན་ཏུ་འཁྲིགས། མེ་སྟག་འཕྲོ་བ་མང་པོ་འཁྲུག་ཞེས་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། གསལ་བ་ཞེས་པ་ནི་དག་པ་དྲི་མ་མེད་པ། ་ཡེ་ནས་མ་རིག་པ་དང་ཉོན་མོངས་པའི་དྲི་མ་དང་བྲལ་བར་གསུངས་སོ། །དེའི་ངོ་བོ་ཉིད་ཞེས་པ་ནི། ཡེ་ཤེས་རྣམ་པ་ལྔ་གཉིས་སུ་མེད་པའི་གཟུགས་གཅིག་པུ་དེ་རང་བཞིན་གྱིས་དག་པའི་དོན་དུ་གསུངས་སོ། །དེ་ནས་སྣ་ཚོགས་གཟུཌ ་ཞེས་པ་ནི་མཱ་མ་ཀཱིའི་སྐུ་ལས་ལྷ་མོ་བཞིའི་ཁ་དོག་ཡེ་ཤེས་ཀྱི་འོད་ཟེར་རྣམས་སྤྲོའོ། །དེ་བཤད་པར་བྱ་སྟེ། སངས་རྒྱས་སྤྱན་ཀྱི་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་དཀར་པོའོ། །མཱ་མ་ཀཱིའི་ཡེ་ཤེས་ཀྱི་འོད་ཟེར་ཨིནྡྲ་ནཱི་ལའི་ཁ་དོག་གོ་། ་ན་བཟའ་དཀར་མོའི་ཡེ་ཤེས་ཀྱི་འོད་ཟེར་པདྨ་རཱ་ག་འདྲའོ། །དམ་ཚིག་སྒྲོལ་མའི་ཡེ་ཤེས་ཀྱི་འོད་ཟེར་མ་ར་ག་ཏའི་ཁ་དོག་ལྟ་བུ་སྟེ། དེའི་ཚུལ་ལྟ་བུ་གྲངས་མེད་པ་སྤྲིན་སྣ་ཚོགས་སྤྲོ་བར་མཛད་པར་གསུངས་སོ། །ཀུན་ཏུ་ཁྱབ་ཞེས་པ་ནི། ་དམ་ཚིག་གི་གཞལ་ཡས་ཁང་འམ་གནས་མཱ་མ་ཀཱི་སྐུ། ལ་ཕྱི་དང་ནང་དང་གསང་པའི་གནས་དེར། མདུན་དུ་སྨོས་པའི་ཡེ་ཤེས་ཀྱི་འོད་ཟེར་རྣམས་ཀྱིས་སྡུག་པ་མང་བ་འཁྲིགས་ནས་མང་བར་གསུངས་སོ། །དེ་ནས་སངས་རྒྱས་སྤྲིན ་ཚོགས་ཞེས་པ་ནི། སངས་རྒྱས་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་རིམ་པས་དམ་ཚིག་གི་གནས་སམ། གཞལ་ཡས་ཁང་དུ་མིང་བཏགས་པ་མཱ་མ་ཀཱི་གཟུགས་ཀྱི་སྐུ། ཕྱི་དང་ནང་དང་གསང་བ་གསུམ་གྱི་གནས་ཀྱི ་གནས་སུ་ཏིལ་འབྲུའི་ཚད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་གཟུགས་སྤྲོ་བར་མཛད་པ་འཁྲིགས་པའི་ཚུལ་དུ་གནས་པར་གསུངས་སོ། །འཁྲིགས་ཞེས་བྱ་བ་ནི་མདུན་དུ་སྨོས་པའི་དོན་དང་མཐུན་ནོ། །མེ་སྟག་འཕྲོ་བ་མང་པོ་འཁྲུགས་ཞེས་པ་ནི། མེ ་སྟག་ནི་ཡེ་ཤེས་ཀྱི་འོད་ཟེར་འདུས་པ་གོང་བུ་ལྟ་བུ་མདུན་དུ་སྨོས་པའི་སངས་རྒྱས་ཀྱི་སྐུ་ལས་སྤྲོའོ། །དེ་ཇི་ལྟར་ཡིན་ན། སྡུག་པ་མང་པ་གྲངས་མེད་པས་ཟླུམ་པོའི་ཚུལ་དུ་བསྐོར་ནས་དེ་བཞིན་གཤེགས་པ་ཉིད་ཉིད་ཀྱི་སྐུ་ལས་སྤྲོ་ཞིང ་གནས་པ་དེ་ནི། ཡེ་ཤེས་ཀྱི་རྒྱན་དུ་གསུངས་སོ། །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། དེ་བཞིན་གཤེགས་པ་ཀུན་གྱི་གནས་ཞེས་བྱ་བ་དེ་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། གསལ་བ་ལ་སོགས་པ་ཞེས་པ་ནི། ་གསལ་བ་དང། །གཞན་ཡང་དེ་བཞིན་གཤེགས་པའི་དཀྱིལ་འཁོར་རྣམས་གསུངས་ཏེ་བཤད་པར་བྱའོ། །གསལ་བའི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཀྱི་ལྷ་མོ་སངས་རྒྱས་སྤྱན་ལ་བྱའོ། །དེ་ནས་རྡོ་རྗེ་དཀྱིལ་འཁོར་ནི་ལྷ ་མོ་མཱ་མ་ཀཱི་ལ་བྱའོ། །དེ་ནས་པདྨའི་དཀྱིལ་འཁོར་ནི་སྣང་བ་མཛའ་ཡས་ཀྱི་ལྷ་མོ་ན་བཟའ་དཀར་མོ་ལ་བྱའོ། །དེ་ནས་ལས་ཀྱི་དཀྱིལ་འཁོར་ནི་དོན་གྲུབ་པའི་ལྷ་མོ་དམ་ཚིག་སྒྲོལ་མ་ལ་བྱའོ། །དེ་དག་མདོར་བསྡུས་པ་མདུན་དུ ་སྨོས་པའི་དོན་དེ་བཞིན་གཤེགས་པ་བཞིའི་ལྷ་མོ་བཞི་གཅིག་པུའི་ཚུལ་རྡོ་རྗེ་དགའ་མ་དམ་ཚིག་གི་དཀྱིལ་འཁོར་གྱི་ངོ་བོ་མཱ་མ་ཀཱི་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པའི་གནས་དང། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་རྒྱད་བཀའ་ ་སྩལ་པའི་གནས་སུ་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུད་བཀའ་སྩལ་པའི་གནས་སམ། གཞལ་ཡས་ཁང་དེ་ལེའུ་བཞི་པ་ཐུགས་ཀྱི་དཀྱིལ་འཁོར་དུ། འཕགས་པ་ནཱ་ག་རྫུ་ནས་གསུངས་པའི་སྒྲ ་འདིར་དྲངས་ནས་བཤད་པ་ཇི་ལྟར་ཡིན་ན། ཚད་དང་དབྱིབས་དང་ཁ་དོག་དང་རྒྱན་ནོ། །མི་བསྐྱོད་པ་རྡོ་རྗེས་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་དབྱུང་བའི་ཕྱིར། མཱ་མ་ཀཱི་དང་བདེ་བའི་ཐུགས་ཀྱིས་ཐབས་དང་ཤེས་རབ་རོལ་པ་མཛད་དེ། རྣམ་པར་སྣང་མཛད ་ཆེན་པོ་ཟླ་བ་ལྟ་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྙིང་པོ་བྱང་ཆུབ་སེམས་ས་བོན་ཡིག་འབྲུ་ཧཱུཾ་གིས་བྱིན་གྱིས་བརླབ་པར་མཛད་དེ། བྱང་ཆུབ་སེམས་རྡོ་རྗེ་མི་སྐྱོད་པའི་ས་བོན་གྱི་ངོ་བོ་མཱ་མ་ཀཱིའི་བྷ་གའི་དབུས་སུ་འོད ་དུ་ཞུ་བར་གྱུར་ཏེ། དེ་འོད་དུ་ཞུ་མ་ཐག་དུ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་ཉིད་ཉིད་ཀྱི་ཤེས་རབ་དམ་ཚིག་གི་དཀྱིལ་འཁོར་དུ་མཚན་བཏགས་པ་མཱ་མ་ཀཱིའི་སྐུ་ཡེ་ཤེས་ཀྱི་ཡིག་གྲུ་བྲུཾ་གྱིས་བྱིན་གྱིས་བརླབ་པར་མཛད་པ་ཡེ་ཤེས་ཀྱི་གཞལ ་ཡས་ཁང་དེ་བཞིན་གཤེགས་པ་ཀུན་གྱི་གནས་གྲུབ་པར་མཛད་དེ། དེའི་ཚད་ནི་དཔག་ཆད་དཔག་ཚད་འབུམ་ཕྲག་བརྒྱ་ཐམ་པ་ཆུ་ཞེངས་ཡངས་པ་སྟེ། འོག་ཏུ་དཔག་ཚད་འབུམ་ཕྲག་བརྒྱ། མཛའ་སྐོར་དུ་འབུམ་ཕྲག་སུམ་བརྒྱ་ཐམ་པ། ་དེ་ལ་དབྱིབས་ནི་གྲུ་བཞི་པ། སྒོ་བཞི་ཏྭ་ར་ན་བཞི་དང་ལྡན་པ། ཏྭ་ར་ན་བཞིའི་སྟེང་ན་མཆོད་རྟེན་བཞིར་གསུངས་སོ། །དེ་ལ་ཁ་དོག་བཞི་ནི་བཤད་པར་བྱ་སྟེ། ཤར་ཕྱོགས་སངས་རྒྱས་སྤྱན་གྱི་ཁ་དོག་དཀར་པོ། ལྷོ་ཕྱོགས་མཱ་མ་ཀཱིའི་ཁ་དོག་མཐིང ་ཀ། ནུབ་ཕྱོགས་ན་བཟའ་དཀར་མོའི་ཁ་དོག་དམར་པོ། བྱང་ཕྱོགས་དམ་ཚིག་སྒྲོལ་མའི་ཁ་དོག་ལྗང་གུ་།དེའི་དབུས་ཁ་དོག་ཀུན་དང་ལྡན་པར་གསུངས་སོ། །དེ་ལ་རྒྱན་ནི་མུ་ཏིག་གི་ཕྲེང་བ་དང། ཤར་བུ་དང། དྲིལ་བུ་གཡེར་ཀའི་ཕྲེང་བ ་དང། ཟླ་བའི་ཕྲེང་བ་དང། བ་དན་གྱི་ཕྲེང་བ་དང། ཟླ་བའི་ཕྲེང་བ་དང། ཉི་མའི་ཕྲེང་བ་དང། རྡོ་རྗེའི་ཕྲེང་བ་དེ་བཞིན་དུ་དང་ཕྲེད་དང་བླ་རེ་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་སུ་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང། ཐུགས་རྡོ་རྗེའི་བདག་པོ་དེ། དེ་བཞིན་གཤྒས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས་སུ་བྱིན་གྱིས་བརླབས་པར་གྱུར་ཏོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས ་ཞེས་པ་སྟོན་པ་མི་བསྐྱོད་པའི་འོག་ཏུ་བྱང་ཆུབ་སེམས་རྡོ་རྗེ་བསྟན་པའོ། །བཅོམ་ལྡན་འདས་ཞེས་པ་ནི། མདུན་དུ་སྨོས་པ་དང་མཐུན་པར་སྦྱར་རོ། དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། གཙོར་སྨོས་བ་རྣམ་པ་ལྔ་གསུངས་སོ། །སྐུ་དང ་གསུང་དང་ཐུགས་རྡོ་རྗེ་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཅིག་ལ་མི་ཕྱེད་པའི་ངོ་བོར་གསུངས་སོ། །རྡོ་རྗེ་ཞེས་པ་ནི་མི་ཟད་པ་དང་བརྟན་པ་དང་ངེས་པ་དང། ཀུན་ལ ་ཁྱབ་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་གྲུབ་པར་བྱེད་པས་དེའི་ཕྱིར་རྡོ་རྗེའི་དོན་དུ་ཤེས་པར་བྱའོ། །བདག་པོ་ཞེས་པ་ནི་མདུན་དུ་སྨོས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་བདག་པོ་རྒྱལ་པོའི་ཚུལ་དུ་སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེར་གསུངས་སོ།། ་ཅིའི་ཕྱིར་བདག་པོ་ཡིན་ཞེ་ན། བྱང་ཆུབ་སེམས་རྡོ་རྗེ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འབྱུང་བར་མཛད་པ་དང། གཞན་ཡང་དེ་བཞིན་གཤེགས་པ་རྣམས་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དང། སེམས་ཅན་ཐམས་ཅད་ཀྱི་དོན ་དུ་རྒྱུར་བཀའ་སྩལ་པའི་སྟོན་པར་གསུངས་སྟེ། དེའི་ཕྱིར་བདག་པོའི་དོན་དུ་ཤེས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། མདུན་དུ་བཤད་པ་དང་འདིར?་མཐུན་པར་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སྒྲ་ནི་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་བདག་པོའི་རྒྱུད་བཀའ་སྩལ་པའི་གནས་དཀྱིལ་འཁོར་གྱི་སྒྲར་གསུངས་སོ། །ཆེན་པོ་ཞེས་པ་ནི་མདུན་དུ་སྨོས་པའི་དོན་དཔག་ཚད་འབུམ་ཕྲག་བརྒྱ་ཐམ་པ་ཆུ་ཞེང་དུ་ཡངས་པ་རྒྱ་ཆེ་བར་གསུངས་སོ། ། ་དེ་ནས་དབུས་སུ་བྱིན་གྱིས་བརླབ་པར་འགྱུར་རོ་ཞེས་པའི་སྒྲ་ནི་མདུན་དུ་སྨོས་པའི་གཞལ་ཡས་ཁང་དེའི་དབུས་ཀྱི་ལྟེ་བ་ལ་དེ་བཞིན་གཤེཌ་པ་རྡོ་རྗེ་མི་བསྐྱོད་པS་བྱང་ཆུབ་སེམས་ལS་བྱང་ཆུབ་སེམS་རྡོ་རྗེ་ཕྱུང་སྟེ། ཕྱུང་མཐག?་དུ་དབུས་ཀྱི་དཔུས་སུ་རྒྱུད་བཀའ་ ་སྩལ་པའི་ཕྱིར་སྟོན་པར་གསུངས་སོ། །བྱང་ཆུབ་སེམས་རྡོ་རྗེ་ལ་མདུན་དུ་སྨོས་པའི་མི་བསྐྱོད་པ་ལ་སོགས་པ་ལྔ་རྣམས་གཅིག་གི་ངོ་བོར་གྱུར་པར་བསྟན་པར་བྱའོ། །དེ་ནས་དེ་མ་ཐག་དུ་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང། དེ་བཞིན ་གཤེགས་པ་རིན་ཆེན་ཏོག་དང། དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་དང། དེ་བཞིན་གཤེགས་པ་གྲུབ་པ་གདོན་མི་ཟ་བ་དང། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་རྣམས་ཞེས་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ་དེ་མ་ཐག་དུ་སྨོས་པའི་དོན་བྱང་ཆུབ་སེམས་རྡོ་རྗེ་འབྱུང་བའི་གནས་ལ་གནས་པས་འོག་དུ་དེ་བཞིན་གཤེགས་པ་ཐམས་ཅད་གཉིས་སུ་མེད་པ་གཅིག་པའི་ངོ་བོར་གྱུར་པར་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པ་ལྔའི་མཚན ་གྱི་དོན་ནི་མདུན་དུ་བཤད་པ་དང་འདིར་མཐུན་པར་སྦྱར་རོ། །བྱང་ཆུབ་སེམས་རྡོ་རྗེ་དེ་བཞིན་གཤེགས་པའི་ཐུགས་ལ་ཞུགས་ནས་བཞུགས་སོ། །ཞེས་བྱ་བའི་སྒྲ?་བཤད་པར་བྱ་སྟེ། བྱང་ཆུབ་སེམས་ཞེས་པ་ནི། དོན་དམ་པ་བྱང་ཆུབ ་སེམས་ཀྱི་སེམས་ཅན་གྱི་ཁམས་ཐམས་ཅད་ཁྱབ་ནས་གནས་པ་དེ་རྡོ་རྗེ་མི་བསྐྱོད་པས་འགྲོ་བའི་དོན་དུ་ཐབས་དང་ཤེས་རབ་རོལ་པ་མཛད་ནས་བྱང་ཆུབ་སེམས་ཁུ་བའི་ངོ་བོ་འོད་དུ་ཞུ་བར་མཛད་དེ། དེའི་ཕྱིར་བྱང་ཆུབ་སེམས་ཀྱི་དོན་དུ་ཤེས་པར་བྱའོ། ་དེ་ནས་རྡོ་རྗེ་ཞེས་པ་ནི་བརྟན་པ་དང། ངེས་པ་དང་བགེགས་གནོད་པ་ཅན་ཐམས་ཅད་ཀྱིས་གནོད་པར་མི་ནུས་པ་དང། གྲུབ་ནས་འབྲས་བུ་སྦྱིན་པ་དང། མི་འཇིགས་པས་དེའི་ཕྱིར་རྡོ་རྗེའི་དོན་དུ་ཤེས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཞེས་པ་ནི། ་ཐུགས་རྗེ་ཆེན་པོས་འགྲོ་བ་རྣམས་ཀྱི་དོན་དུ་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་བདེ་བར་བྱོན་པ་དེ་རྒྱུད་བཀའ་སྩལ་པ་རྫོགས་པའི་འོག་དུ་ཇི་ལྟར་བྱོན་པ་བཞིན་དུ་མདུན་དུ་སྨོས་པའི་གནས་སུ་ཐིམ་པར་གྱུར་པས་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ནས ་ཐུགས་ལ་ཞུགས་ནས་བཞུགས་སོ་ཞེས་པ་ནི། ཐུགས་ནི་བྱང་ཆུབ་སེམས་རྡོ་རྗེའི་ཡེ་ཤེས་སེམས་པའི་དབུས་སུ་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་འདུས་ནས་གཅིག་དུ་གྱུར་ཏེ་འདུག་པར་གསུངས་སོ། ། ་དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་རྡོ་རྗེ་དེ་བཞིན་གཤེགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཞལ་ཡས་ཁང་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བ་ནི་དེའི་སྒྲ་བཤད་པར་བྱ་སྟེ ་ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི་འོག་ནས་འབྱུང་བའི་མགོ་འདྲེན་པའོ། །བཅོམ་ལྡན་འདས་ཞེས་པ་ནི་མདུན་དུ་བཤད་པ་དང་མཐུན་ནོ། །དེ་ནས་བྱང་ཆུབ་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཞེས་པ་ནི། བདག་པོ་དང་རྒྱལ་པོར ་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་ལ་བྱའོ། །དེ་ནས་གཞལ་ཡས་ཁང་བྱིན་གྱིས་རློབ་པ་ཞེས་པ་ནི། འབྱུང་བའི་ཡུམ་ཡེ་ཤེས་ཀྱི་གཞལ ་ཡས?་ཁང་གི་ངོ་བོ་རྒྱུད་བཀའ་སྩལ་པའི་དོན་ཆེད་དུ་བྱིན་གྱིས་བརླབས་པར་གསུངས་སོ། །དེ་ནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་པའི། རྡོ་རྗེ་ནི་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཡི་འབྲུ་ཧཱུཾ་ཐུགས་ཀ་ན་གནས་པའི་ཡེ་ཤེས་སེམས་པ ་མེ་མར་ལྟ་བུར་བསྟན་པ་རབ་ཏུ་འབར་བར་གྱུར་པ་དེ་ལ་རྡོ་རྗེ་ཏིང་ངེ་འཛིན་དུ་གསུངས་སོ། །དེ་ནས་སྙོམས་པར་ཞུགས་ཞེས་པ་ནི། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་མཛད་པས། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པ་ཡེ་ཤེས་སེམས་པར་གྱུར་པར་མཛད་པས་སྙོམས་པར་ཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སྙོམས་པར་ཞུགས་མ་ཐག་ཏུ། ་དེ་ནས་ཡང་ནམ་མཁའ་ཨི་དབྱིངས་འདི་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་ངོ་བོའི་ངོ་བོར་གནས་པར་གྱུར་ཏོ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པའི་མདུན་དུ་བཤད་པའི་འོག་ནས་འབྱུང་བའི་མགོ་འདྲེན་ནོ། ། ་དེ་ནས་བཅོམ་ལྡན་འདས་ཞེས་པ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེར་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔར?་གསུངས་སྟེ། དེ་རྣམས་ཀྱི ་བདག་པོ་བྱང་ཆུབ་སེམས་རྡོ་རྗེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལྔ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་ལ་གནས་པའོ། །གཞན་ཡང་བྱང་ཆུབ་སེམས་རྡོ་རྗེའི་སྐུ་ལས་དེ་བཞིན་གཤེགས་པ་རྣམ་པ་ལྔའི་སྐུ་ཕྱག་རྒྱའི་གཟུགས་ཀྱི་ངོ་བོ ་ཕྱུང་ངོ། །གཞན་ཡང་དེ་བཞིན་གཤེགས་པ་རྣམ་པ་ལྔའི་ཆེད་དུ་སྨོས་པ་ལ་རྒྱུད་བཀའ་སྩལ་པས་དེའི་ཕྱིར་བདག་པོའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྙམས་པར་ཞུགས་མ་ཐག་དུ་ཞེས་པ་ནི། མདུན་དུ་བཤད་པ་དང་མཐུན་པར་སྦྱར་རོ། ། ་དེའི་འོག་ཏུ་སྤྲུལ་པའི་ཚོ་འཕྲུལ་བསྟན་པར་བྱ་སྟེ། དེ་ནས་ཡང་ནམ་མཁའ་ཨི་དབྱིངས་འདི་ཐམས་ཅད་ཞེས་པ། དེ་ནས་ཡང་ཞེས་པ་ནི། ཏིང་ངེ་འཛིན་གྱི་འོག་དུ་སྤྲུལ་པའི་ཆོ་འཕྲུལ་སྟོན་པར་གསུངས་སོ། །ནམ་མཁའ་ཨི་དབྱིངས་ཐམས་ཅད་ཞེས་པ་ནི། ་རྣམ་པ་གསུམ་གྱི་བྱེ་བྲག་དུ་བཤད་པར་བྱ་སྟེ། ཕྱི་དང་ནང་དང་གསང་བའོ། །དེ་ལ་ཕྱི་ནི་སྟོང་པའི་ངོ་བོ་མ་ལུས་པ་ལ་བྱའོ། དེ་ནས་ནང་གི་ནི་མདུན་དུ་སྨོས་པའི་ཡེ་ཤེས་ཀྱི་གཞལ་ཡས་ཁང་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྒྱུད་བཀའ་སྩལ་པའི་གནས་དེའི་ནང་སྟོང ་པའི་ངོ་བོ་ནམ་མཁའ་ཨི་སྒྲར་གསུངས་སོ། །དེ་ནས་གསང་བའི་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཤེས་རབ་ལྷ་མོ་རྒྱལ་མོ་མཱ་མ་ཀཱིའི་བྷ་ག་དཔག་ཚད་འབུམ་ཕྲག་བརྒྱ་ཐམ་པ། ཡངས་པ་དེ་ནི་ནམ་མཁའ་ཨི་སྒྲའི་དོན་དུ་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ ་ཐམས་ཅད་ཞེས་པ། རྣམ་པར་སྣང་མཛད་ལ་སོགས་པ་རྣམ་པ་ལྔ་ཚང་ཏིལ་གྱི་འབྲུ་དང་མཉམ་པ་གྲངས་མེད་པ་རིགས་རྣམ་པ་ལྔ་སོ་སོའི་སྐུ་མདོག་དང་ཞལ་དང་ཕྱག་དང། ཕྱག་མཚན་དང། རྒྱན་རྣམས་དང། ཤེས་རབ་མ་འཁྱུད་པར་ལྟན་པ ་སྤྲོ་བར་མཛད་པས་ནམ་མཁའ་ཨི་དབྱིངས་ཁྱབ་པར་ཡང་གསུངས་སོ། །རྡོ་རྗེའི་ངོ་བོར་ཞེས་པ་ནི། རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་ཉིད་ཉིད་ཀྱི་རིགས་ཀྱི་ཁ་དོག་དང་ལྡན་པ་ཡེ་ཤེས་ཀྱི་འོད་ཟེར་དང། མེ་སྟག་ལྟ་བུ་དང། འབར?་བ་དང། འོད ་རྣམས་རྒྱུན་ནི་འཆད་པ་གྲངས་མེད་པ་སྤྲིན་བཞིན་དུ་སྤྲོ་བར་མཛད་པའོ་།གནས་པར་གྱུར་ཏེ་ཞེས་པ་ནི། མདུན་དུ་སྨོས་པའི་ནམ་མཁའ་ཨི་དབྱིངས་རྡོ་རྗེར་མིང་བཏགས་པ་ཡེ་ཤེས་ཀྱི་འོད་ཟེར་སྤྲོས་པས་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་པར་གྱུར་པར ་གསུངས་སོ། །དེ་ནས་ནམ་མཁའ་ཨི་དབྱིངས་ཐམས་ཅད་ན་གནས་པའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད། །རྡོ་རྗེ་སེམས་པའི་བྱིན་བརླབས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ནི། དེ་ནས ་ཞེས་པ་ནི་མདུན་དུ་བཤད་པའི་འོག་ནས་འབྱུང་བའི་འགོ་འདྲེན་པའོ། །ནམ་མཁའ་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །དབྱིངས་ཞེས་པ་ནི་ནམ་མཁའ་ཨི་གནས་ལ་བྱའོ། །གནས་པ་ཞེས་པ་ནི། སེམས་ཅན་ཐམས་ཅད་འབྱུང་བ་དང། གནས་ ་པའི་གནས་སུ་གྱུར་པ་དེ་ལྟར་སེམས་ཅན་ནམ་མཁའ་ཨི་དབྱིངས་ན་གནས་པའི་སྒྲར་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན་།ནམ་མཁས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་ནས་གནས་པས་སོ། །གང་གནས་པ་དེ་བསྟན་པར ་བྱ་སྟེ་།དེ་ནས་ཇི་སྙེད་ཞེས་པ་ནི་།ནམ་མཁའ་ཨི་དབྱིངས་ཇི་སྙེད་མ་ལུས་པ་ལ། འགྲོ་བ་རིགས་དྲུག་གི་སེམས་ཅན་ཇི་སྙེད་མ་ལུས་པ་གནས་པར་གསུངས་སོ། །སེམས་ཅན་ཐམས་ཅད་ཞེས་པ་ནི་ལྷ་མན་ཆད་འགྲོ་བ་རིས་དྲུག་གི་སེམས་ཅན་གྱི ་སོ་སོ་རིགས་ཀྱི་བྱེ་བྲག་ཐམས་ཅད་། ཡང་ན་སེམས་ཅན་དམྱལ་བ་ཡན་ཆད་མདོར་བསྡུས་པར་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་གདོན་པའི་ཐབས་བསྟན་པར་བྱ་སྟེ་། ཇི་ལྟར་ཡིན་ན་དེ་དག་ཐམས་ཅད་རྡོ་རྗེ ་སེམས་པའི་བྱིན་གྱི་རླབས་ཀྱིས་ཞེས་པ་།མདུན་དུ་སྨོས་པའི་ནམ་མཁའ་ཨི་དབྱིངས་ན་གནས་པའི་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའ་ཨི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབས་པའི་དོན་གསལ་བར་བཤད་པར་བྱ་སྟེ་།ཇི་ལྟར་མདུན་དུ་དེ་བཞིན་གཤེགས་པ ་རྡོ་རྗེ་མི་བསྐྱོད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྡུལ་ཕྲ་མོ་དང་མཉམ་པ་ནམ་མཁའ་ཨི་དབྱིངས་གང་བ་སྤྲོ་བར་མཛད་པ་ཡེ་ཤེས་ཀྱི་འོད་ཟེར་འབར་བ་དེ་དག་སྤྲོས་མ་ཐག་ཏུ། ལྷ་མན་ཆད་ནས་དམྱལ་བ་ཡན་ཆད་དུ་སེམས་ཅན་ཐམས་ཅད་བྱིན་གྱིས ་བརླབས་ཏེ་།ཉིད་ཀྱི་སྐུ་ལ་བསྡུས་ནས་ཐིམ་པར་མཛད་དེ། ཐིམ་པར་མཛད་མ་ཐག་དུ་།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཚོགས་རྣམས་རྡོ་རྗེ་མི་བསྐྱོད་པའི་སྐུ་ལ་ཇི་ལྟར་བསྡུ་བར་མཛད་པ་དེ་བཞིན་དུ་།འདིར་བྱང་ཆུབ་སེམས་རྡོ་རྗེས་ཐུགས་རྗེ ་ཆེན་པོས་རྒྱུད་བཀའ་སྩལ་པའི་དོན་དུ་།སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་པར་མཛད་པ་བཤད་པར་བྱ་སྟེ། བྱང་ཆུབ་སེམས་རྡོ་རྗེས་བྱིན་གྱིས་བརླབ་པར་གང་མཛད་པ་དེ་ནི་།དེ་བཞིན་གཤེགས་པ་མི་བསྐྱོད་པ་རྡོ་རྗེ?་སེམས་དཔས་བྱིན་གྱིས་བརླབས ་པར་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པ་དེ་ནི། བྱང་ཆུབ་སེམས་ཀྱི་རྡོ་རྗེ་འབྱུང་བ་དེ་ནི་ཡབ་དང་སྲས་ལྟ་བུའོ། །དེའི་ཕྱིར་དེ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཨི་བྱིན་གྱིས་བརླབས་པའི་དོན་དུ་ཤེས་པར་བྱ། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་པ་ཞེས་པ་ནི་།དེ་བཞིན་གཤེགས་པ་ཐམས་ཅད་མི་བསྐྱོད་པ་ལ་སོགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་བདེ་བ་དང་ཡིད་བདེ་བ་ཞེས་པ་ནི་འཁོར་བའི་ཚུལ་གྱི་སྐྱེ་བ་དང་ཤི་བའི་སྡུག་བསྔལ་རྣམས་མེད་པར་འགྱུར་རོ།། ་ཡང་ན་དོན་དམ་པའི་སྐབས་སུ་ཆོས་ཀྱི་སྐུའི་ངོ་བོར་གནས་པའོ། །ཡང་ན་ཕྱིའི་བདུད་དགྲ་ཐམས་ཅད་ཀྱི་རིགས་པ་དང་སྒྱུ་མ་དང་སྟོབས་རྣམས་ཕམ་པར་མཛད་པའོ། །ཕམ་པར་མཛད་པའི་འོག་དུ་ཆོས་ཀྱི་དབྱིངས་ཀྱི་གནས་སུ་བདེ་བར་གནས་པར ་གསུངས་སོ། །གཞན་ཡང་ཀུན་རྫོབ་ཀྱི་ཚུལ་དུ་རྒྱུད་ཐམས་ཅད་ཀྱི་ནང་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་རྗེ་ཆེན་པོས་སྣ་ཚོགས་ཀྱི་བྱེ་བྲག་གིས། སེམས་ཅན་ཐམས་ཅད་འཁོར་བ་ལས་འབྱུང་བའི་ཕྱིར་གསང་བའི་དཀྱིལ་འཁོར་བསྐྱེད་པའི ་དུས་སུ་ཐབས་དང་ཤེས་རབ་རོལ་པ་མཛད་ནས་བདེ་བ་མྱོང་བ་དེ་ནི་མདོར་བསྡུས་པ་དེ་བཞིན་གཤེགས་པའི་བདེ་བར་ཤེས་པར་བྱའོ། །དེའི་བདེ་བ་དེ་སེམས་ཅན་ཐམས་ཅད་ལ་སྦྱར་བར་གསུངས་སོ། །དེ་ནས་ཐོབ་པར་འགྱུར་རོ་ཞེས་པ་ནི། མདུན་དུ་སྨོས་པའི ་བྱང་ཆུབ་སེམས་རྡོ་རྗེས་ནམ་མཁའ་ཨི་དབྱིངས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གང་བ་སྤྲོ་བར་མཛད་དེ། དེའི་འོག་ཏུ་དེས་བྱིན་གྱིས་བརླབས་པས་སེམས་ཅན་ཐམས་ཅད་ཀྱིས་བདེ་བ་དང། ཡིད་བདེ་བའི་འབྲས་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང ་གཉིས་སུ་མེད་པའི་ངོ་བོ་ཐོབ་པར་གྱུར་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ། །དམ་ཚིག་འབྱུང་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་།དེ་ནས་ཞེས་པ་མདུན་དུ་བཤད་པ་འོག་ནས་འབྱུང་བའི་མགོ་འདྲེན་པའོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཞེས་པ་ནི། མདུན་དུ་བཤད་པ་དང་འདིར་མཐུན་པར་སྦྱར་རོ། །དེ ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་ལྔར་གསུངས་སོ། །སྐུ་དང་གསུང་དང་ཐུགས་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམ་པ་ལྔ་མི་ཕྱེད་པ་གཅིག་པའི་ངོ་བོ་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཉིད་ཀྱི་སྐུ ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་འབྱུང་བའི་ས་བོན་གྱི་ངོ་བོར་གསུངས་སོ། །རྡོ་རྗེ་དམ་ཚིག་འབྱུང་བ་ཞེས་པ་ནི། རྡོ་རྗེ་ནི་ཡེ་ཤེས་རྣམ་པ་ལྔའི་བདག་ཉིད། རྡོ་རྗེ་སེམས་དཔའ་ཨི་སེམས་ཅན་གྱི་དོན་གྱི་ཕྱིར་རོལ་པ ་བྱ་བའི་གནས་མཱ་མ་ཀཱིར་གསུངས་སོ། །དམ་ཚིག་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་དུས་དང། གཞན་ཡང་སྤྲོ་བ་དང་བསྡུ་བའི་དུས་སུ་འབྱུང་བའི་གནས་ཡུམ་གྱི་ངོ་བོ་མཱ་མ་ཀཱིར་གསུངས་སོ། །འབྱུང་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེས ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར། རྒྱུད་བཀའ་སྩལ་པའི་འཁོར་འབྱུང་བའི་ཤེས་རབ། ཡེ་ཤེས་སེམས་པའི་གནས་ནས་ས་བོན་ཡི་ཤེས་ཀྱི་ཡིག་འབྲུ་མཾ་ལས་འབྱུང་བར་མཛད་པར་གསུངས་སོ། །རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་པ་ནི། མཱ་མ་ཀཱི་འབྱུང ་བའི་དུས་སུ་རིགས་རྣམ་པ་ལྔའི་བྱེ་བྲག་གི་ཁ་དོག་དང་ལྡན་པ། ནམ་མཁའ་ཨི་དབྱིངས་སུ་དང་པོ་ནི་ཡེ་ཤེས་ཀྱི་འོད་ཟེར་རྣམས་སྤྲོ་བར་མཛད་དོ། །དེ་ནས་ཡེ་ཤེས་ཀྱི་མེ་སྟག་སྤྲོ་བར་མཛད་དོ། །དེའི་འོག་ཏུ་ཡེ་ཤེས་ཀྱི་འབར་བ་སྤྲོ་བར་མཛད་།དེའི་འོག་ཏུ་ཡེ་ཤེས་ཀྱི ་འོད་སྤྲོ་བར་མཛད། དེའི་འོག་དུ་ཡེ་ཤེས་སེམས་དཔའ་དེ་བཞིན་གཤེགས་པའི་སྐུ་ཕྱག་རྒྱའི་ངོ་བོ། །སྤྲིན་བཞིན་དུ་སྤྲོ་བར་མཛད་པ་ཡེ་ཤེས་སེམས་པའི་གནས་ནས་རྡོ་རྗེའི་ས་བོན་ཡིག་འབྲུ་ཧཱུཾ་ལས་སྤྲོ་བར་མཛད་དོ། །དེ་ལྟར་རྡོ་རྗེ་དོན་དུ་གསུངས་སོ། །ཏིང་ངེ་འཛིན ་ཞེས་བ་ནི་མདུན་དུ་སྨོས་པའི་ཡེ་ཤེས་ཀྱི་སྤྲོ་བར་མཛད་པ་རྣམས་རྩེ་གཅིག་པས་མཛད་པར་གསུངས་སོ། །སྙོམས་པར་ཞུགས་ནས་ཞེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ནམ་མཁའ་ཨི་དབྱིངས་ཐམས་ཅད་རྫོགས་པར་སྤྲོ་བར་མཛད་པར་གསུངས་སོ། །རིག་པའི ་སྐྱེས་བུའི་གཟུགས་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་ནས་བཞུགས་སོ་ཞེས་པ་ནི། རིག་པ་ཆེན་པོ་ནི་རྡོ་རྗེ་རིགས་ཀྱི་ལྷ་མོ་མཱ་མ་ཀཱི་ལ་བྱའོ། །སྐྱེས་བུ་ཞེས་པ་ནི་རྒྱུད་བཀའ་སྩལ་པའི་སྟོན་པ་བྱང་ཆུབ་ཀྱི ་སེམས་རྡོ་རྗེ་ལ་བྱའོ། །གཟུགས་དེ་ཞེས་པ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྐུ་ཕྱག་རྒྱ་སོ་སོར་འཁྱུད་པ་ལ་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ་རྣམ་པ་ལྔ་ལ་བྱའོ། །སྔགས་ཀྱི་བྱིན་གྱི་རླབས ་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམ་པ་ལྔ་རིམ་པའི་སྔགས་ཀྱིས་རྡོ་རྗེ་རིགས་ཀྱི་ལྷ་མོ་མཱ་མོ་ཀཱིའི་གནས་ལྔར་བྱིན་གྱིས་རླབས་པར་གསུངས་ཏེ། གནས་ལྔ་གང་ཞེ་ན། ནུ་མ་སྤྱི་ཚུགས་པར་དག་དང། ལྟེ་བ་རྐེད་པ་རྐང་རྣམས་སུ། །རྒྱལ་བ་བདག་ཉིད་གསང ་ལས་སྐྱེས། དེ་ལྟར་གནས་དེ་རྣམས་སུ་སྔགས་རྣམ་པ་ལྔས་བྱང་ཆུབ་སེམས་རྡོ་རྗེས་བྱིན་གྱིས་བརླབ་པར་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་སྔགས་ཀྱི་ཡིག་འབྲུ་རྣམས་རིམ་པར་བཀོད་པའི་གནས་བསྟན་པར་བྱ་སྟེ། དང་པོ་སྤྱི་བོའི་གཙུག་གི ་དཀྱིལ་དུ་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་ཀྱི་ས་བོན་ཡིག་འབྲུ་ཨོཾ?་གྱིས་བྱིན་གྱིས་བརློབ་པར་མཛད་དོ། །ནུ་མ་བར་དུ་སྣང་བ་མཛའ་ཡས་ཀྱི་ཡེ་ཤེས་ཀྱི་ས་བོན་ཡིག་འབྲུ་ཨས་བྱིན་གྱིས་བརླབ་པར་མཛད་དོ། །དེའི་འོག་ཏུ་ལྟེ་བ་མན་ཆད་ཀྱི་གནས་སུ་རིན་ཆེན ་འབྱུང?་ལྡན་རྣམ་ཀྱི་ཡེ་ཤེས་ཀྱི་ས་བོན་ཡིག་འབྲུ་ཨཝས་བྱིན་གྱིས་བརླབ་པར་མཛད་དོ། །དེའི་འོག་ཏུ་གསང་བ་རྒྱལ་བའི་སྐྱེ་གནས་བྷ་གའི་དབུས་སུ་མི་བསྐྱོད་པའི་ཡེ་ཤེས་ཀྱི་ས་བོན་ཡིག་འབྲུ་ཧཱུཾ་གིས་རྒྱན་གྱི་བརླབ་པར་མཛད་དོ་?་དེའི་འོག་ཏུ་ཞབས་ཀྱི་མཐིལ་གྱི་འོག་དུ་དོན ་ཡོད་གྲུབ་པའི་ཡེ་ཤེས་ཀྱི་ས་བོན་ཡིག་འབྲུ་ཧས་བྱིན་གྱིས་བརླབ་པར་མཛད་དོ། །དེ་ལྟར་བསྡུས་པ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གཞན་ཡང་འཕགས་པ་ཡེ་ཤེས་ཞབས་ཀྱིས་སྔགས་ཀྱིས ་བྱིན་གྱིས་བརླབས་པའི་སྒྲ་བཤད་པ་འདིར་དྲངས་པ། སྔགས་ནི་ཡིག་འབྲུ་ཧཱུཾ་གི་ངོ་བོ་བྱང་ཆུབ་སེམས་ཉིད་ཀྱི་སྐུ་ལ་གནས་པ་དེ་འབྱུང་བའི་དོན་ཆེད་དུ་ཤེས་རབ་ལྷ་མོ་མཱ་མ་ཀཱི་བྱིན་གྱིས་བརླབ་པར་མཛད་པ་དེ་ནི་སྔགས་ཀྱི་རྒྱུད་ལས་ལས་སྣ་ཚོགས ་མང་པོ་འགྲུབ་པར་བྱ་བའི་ཕྱིར་ཡུམ་དུ་གསུངས་སོ། །དེ་ནས་བྱིན་གྱིས་བརླབས་པའི་སྒྲ་ནི་མདུན་དུ་སྨོས་པའི་ཤེས་རབ་ལྟ་མོ་རྡོ་རྗེ་དགའ་མ་མཱ་ཀཱིར་བྱིན་གྱིས་བརླབ་པར་མཛད་པ་དེ། བྱིན་གྱིས་བརླབས་མ་ཐག་དུ་སྟོན་པ་བྱང་ཆུབ་སེམས ་རྡོ་རྗེས་དབང་པོ་གཉིས་མཉམ་པར་སྦྱོར་བར་མཛད་པས། འདོད་ཆགས་ཆེན་པོའི་ཐུགས་ཀྱིས་མཱ་མ་ཀཱིར་བྱིན་གྱིས་བརླབས་ནས་འཁྱུད་པར་མཛད་དེ། ཙུམ་པ་ན་མཛད་དོ། །དེ་ལྟར་བྱིན་གྱིས་བརླབས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །བཞུགས ་ཏེ་ཞེས་པ་ནི། བྱང་ཆུབ་སེམས་རྡོ་རྗེ་ཤེས་རབ་མཱ་མ་ཀཱི་དང་ལྡན་པར་གཉིས་སུ་མེད་པའི་ཚུལ་གྱིས་བདེ་བར་གནས་པ་བཞུགས་པར་གསུངས་སོ། །བྱིན་གྱིས་བརླབས་མ་ཐག་དུ་དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་རྡོ་རྗེ་དེ་བཞིན་གཤེགS ་པ་ཞལ་གསུམ་པའི་ངོ་བོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ་།ཇི་ལྟར་ཡིན་ན་།དེ་ནས་བྱིན་གྱིས་བརླབས་མ་ཐག་དུ་ཞེས་བྱ་བ་ནི། བྱང་ཆུབ་སེམས་རྡོ་རྗེ་མཱ་མ་ཀཱི་ཕྱུང་མ་ཐག་དུ་འཁྱུད ་བར་མཛད་དེ། ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་པའི་ཕྱིར་བྱིན་གྱིས་བརླབ་པར་མཛད་དོ། །དེ་ནི་སྐད་ཅིག་ཀྱང་མ་ཐོགས་པར་གསུངས་སོ། དེ་ནས་ཞེས་པའི་མདུན་དུ་སྨོས་པའི་འོག་ནས་འབྱུང་བའི་མགོ་འདྲེན་པའོ། །བཅོམ་ལྡན་འདས་ཞེས་པ་ནི་། ་མདུན་དུ་བཤད་པ་དང་འདིར་མཐུན་པར་སྦྱར་རོ། །དེ་ནས་བྱང་ཆུབ་སེམས་རྡོ་རྗེ་ཞེས་པ་ནི་སྟོན་པ་ལ་བྱའོ། །དེ་བཞིན་གཤེགས་པ་ཞེས་པ་ནི་མདུན་དུ་བཤད་པ་དང་མཐུན་ནོ། །ཞལ་གསུམ་པའི་ངོ་བོར་ཞེས་པ་ནི། ཞལ་གསུམ་ནི་སྐུ་གསུང་ཐུགས་ཀྱི་རྟགས་སུ་གསུངས་སོ།། ་ཞལ་གསུམ་གྱི་དོན་ཁྱད་པར་གྱིས་བཤད་པར་བྱ་སྟེ། ཞལ་དབུས་མ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོར་གསུངས་སོ། །ཞལ་གཡས་པ་ནི་རྣམ་པར་སྣང་མཛད་དང་གཉིས་སུ་མེད་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི ་ཡེ་ཤེས་ཀྱི་ངོ་བོར་གསུངས་སོ། །ཞལ་གཡོན་པ་ནི་སྣང་བ་མཛའ་ཡས་དང་གཉིས་སུ་མེད་པའི་སོ་སོར་རྟག་པའི་ཡེ་ཤེས་ཀྱི་ངོ་བོར་གསུངས་སོ། །དེ་ལྟར་ཞལ་གསུམ་རྣམ་པར་ཐར་པའི་དོན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། ་མདུན་དུ་སྨོས་པའི་རྣམ་པར་སྣང་མཛད་ལ་སོགས་པ་རིགས་རྣམ་པ་ལྔ་ཏིལ་གྱི་འབྲུའི་ཆད་ཀྱིས་ནམ་མཁའ་ཨི་དབྱིངས་རྡོ་རྗེ་ངོ་བོར་བྱ་བ་དང། གཞན་ཡང་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའ་ཨི་བྱིན་གྱིས་བརླབས་ཀྱི་བདེ་བ་དང། ཡིད་བདེ་བ་ཐོབ་པར་བྱ་བའི ་ཕྱིར། སྟོན་པ་བྱང་ཆུབ་སེམས་སྤྲོ་བར་མཛད་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཞལ་གསུམ་གྱི་ངོ་བོ་ཁ་དག་དང། ཕྱག་དང་ཕྱག་མཚན་དང། རྒྱན་རྣམས་དང། ཤེས་རབ་མ་ལྷ་མོ་མཱ་མ་ཀཱི་འཁྱུད་པའི་སྦྱོར་བས་ཟླ ་བའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་པ། ཞལ་རྣམས་འཛུམ་པ་མཐོང་བར་གསུངས་སོ། །དེ་ནས་དོན་དམ་པར་སྐུ་དང་གསུང་དང། ཐུགས་རྣམས་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་རྡོ་རྗེ་རིགས་ཀྱི་ས་བོན་གྱི་ཡིག་འབྲུ་ཧཱུཾ་དེ། སེམས་ཅན་གྱི་དོན་གྱི་ཕྱིར་སྐུ་ཕྱག་རྒྱ ་ཞལ་གསུམ་གྱི་ངོ་བོར་གསུངས་སོ། །དེའི་ཁ་དོག་ནི་དཀར་པོ་འོད་གསལ་བ་ཟླ་བ་འབུམ་ཕྲག་བརྒྱའི་འོད་དང་མཉམ་པར་གསུངས་སོ། །དེའི་ཕྱག་དྲུག་སྟེ། ཕྱག་མཚན་ནི། གཡས་དང་པོ་རྡོ་རྗེ། བར་པ་འཁོར་ལོ་རྩིབས་བརྒྱད། ཐ་མ་ན་འཛམ་བུ་ནཱ་ད་རིན་རིན་པོ ་ཆེ། གཡོན་དང་པོ་དྲིལ་བུ་བཅས་པས་ལྷ་མོ་མཱ་མ་ཀཱི་འཁྱུད་པར་མཛད། བར་མ་ན་པདྨ་འདབ་བརྒྱད། ཐ་མ་ན་རལ་གྱི་ཨུད་པ་ལ་མཐིང་གའི་ཁ་དོག་ལྟ་བུའོ། །དེ་ལྟར་ཕྱག་མཚན་བུ་གསུངས་སོ། །དེ་ནས་རྒྱན་རྣམས་ནི་ཡེ་ཤེས་ཀྱི ་འོད་ཟེར་ཉིད་ཉིད་ཀྱི་རིགས་ཀྱི་ཁ་དོག་དང་ལྡན་པ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་སྐུ་ཐམས་ཅད་བརྒྱན་པར་གསུངས་སོ། །དེ་ལྟར་མདོར་བསྡུས་བསྟོན་པ་བྱང་ཆུབ་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞལ་གསུམ་གྱི་ངོ་བོར་གཟིགས་པར་ཤེས ་པར་བྱའོ། །དེ་ནས་དེ་བཞིན་གཤེཌ་པ་མི་བསྐྱོད་པ་ལ་སོགས་པ། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཕྱུང་སྟེ་ཆེད་དུ་བརྗོད་པ་འདི་གསུངས་སོ། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན་།དེ་ནས་ཞེས་པ་ནི་མདུན་དུ་བཤད་པའི་འོག་ཏུ་སྟོན་པ་བྱང་ཆུབ ་སེམས་རྡོ་རྗེ་ལ་བསྟོད་པ་བྱེད་པར་བསྟན་ཏོ། །དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་ཞེས་པའི། །རིགས་རྣམས་ལྔ་ལ་བྱའོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་བྱའོ། །ཐུགས་ཀ་ནས་ཕྱུང་སྟེ་ཞེས་པ་ནི ་བྱང་ཆུབ་སེམས་རྡོ་རྗེ་ཉིད་ཀྱི་ཐུགས་ཀ་ཡེ་ཤེས་སེམས་པའི་དབུས་ནས་ཉིད་ཉིད་ཀྱི་ས་བོན་ཡིག་འགྲུ་ལས་འབྱུང་བར་མཛད་དོ། །དེ་བྱུང་མ་ཐག་ཏུ་ཉིད་ཉིད་ཀྱི་ཁ་དོག་དང་ལྡན་པ་ཞལ་གསུམ་པ། ཕྱག་དྲུག་ཉིད་ཉིད་ཀྱི་ཕྱག་མཚན་འཛིན་པ་ཡེ་ཤེས ་རིན་པོ་ཆེ་སྣ་ཚོགས་ཀྱི་བྱེ་ཕྲག་གི་རྒྱན་གྱིས་བརྒྱན་པ། ཁྱད་པར་གྱི་ཐུགས་དགྱེས་བར། །མྱུར་བ་མྱུར་བར་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་བྱུང་པར་གསུངས་སོ། །དེ་ནས་ཆེད་དུ་གླེང་པ་འདི་གསུངས་སོ་ཞེས་པ་ནི། མི ་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་བྱུང་མ་ཐག་དུ་དབྱངས་སྣ་ཚོགས་གིས་བྱེ་བྲག་གིས་མགྲིན་གཅིག་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་མཉེས་པར་བྱ་བའི་ཕྱིར་སྣ་ཚོགས་ཀྱི་བྱེ་བྲག་གི་བསྟོད་པ་བྱེད་པར་ཤེས་པར་བྱའོ། །ེ་མ་སངས ་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ནི་རང་འབྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱི་གསང། །རབ་ཏུ་མི་རྟོག་གནས་མེད་པའོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ཨེ་མའོ་ཞེས་པ་ནི་ཤིན་ཏུ་ངོ་མཚར་ཆེ་བས་གསུངས་སོ། །ཇི་ལྟར་ཡིན་ན། ངོ་མཚར ་ཆེ་བ་ནི་མདུན་དུ་སྨོས་པའི་བྱེ་བྲག་མི་བསྐྱོད་པས་རྗེ་མན་ཆད་དང། བྱང་ཆུབ་སེམས་རྡོ་རྗེ་ཡན་ཆད་དུ་སྣ་ཚོགས་ཀྱི་བྱེ་བྲག་གི་ཡེ་ཤེས་ཀྱི་སྤྲུལ་པ་སྤྲོ་བ་དང་བསྡུ་བ་མཛད་པ་དེ་ལ་ཨེ་མའོ་གསུངས་སོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ནི། མི་བསྐྱོད་པ ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་བྱང་ཆུབ་སེམས་ཞེས་པ་ནི། ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཐམས་ཅད་ལ་ཁྱབ་པ། ཡེ་ཤེས་ཀྱི་བདུད་རྩི་དེ་ཐབས་དང་ཤེས་རབ་རོལ་པར་དབང་པོ་གཉིས་སྦྱོར་བས་མཱ་མ་ཀཱི་བྷ་གའི་དབུས་སུ་བྱུང ་བར་མཛད་པ། ཟླ་བ་ལྟ་བུའི་འོད་གསལ་བ། དག་པ་དྲི་མ་མེད་པ་ཁ་དོག་དཀར་བ་རང་བཞིན་གྱིས་རྣམ་པར་དག་པ། གསང་པའི་དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་པའི་ས་བོན། གཞན་ཡང་སྒྲུབ་པ་པོ་རྣམས་ལ་དངོས་གྲུབ་བྱེད་པ། རྡོ་རྗེ་ས་བོན་ཡིག ་འབྲུ་ཧཱུཾ་ཐིམ་པར་གྱུར་པའི་ངོ་བོ་དེ་ལ་གསུངས་སོ། །དེ་ནས་རབ་བྱུང་བ་ཞེས་པ་ནི། མདུན་དུ་སྨོས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲིན་བཞིན་དུ་སྤྲོ་བར་མཛད་པ། དེ་ནི་བྱང་ཆུབ་སེམས་ཡིག་འབྲུ་ཧཱུཾ་ས་བོན་གྱི་ངོ་བོ་དེ་ལས་ཕྱུང་བར་མཛད་དོ།། ་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་ཏེ། མདུན་དུ་སྨོས་པའི་ཚུལ་དུ་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་མ་ཐག་ཏུ་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་གཉིས་སུ་མེད་པའི་ངོ་བོར་ལུས་བརྗེས་ནས་སླར་ཕྱུང་སྟེ། ་འཇིག་རྟེན་གྱི་ཁམས་ཐམས་ཅད་བསྐོར་ནས་སླར་འབྱུང་བའི་གནས་སུ་འདུས་ཏེ། དེའི་ཕྱིར་རབ་བྱུང་བ་ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཀུན་གྱི་གསང་ཞེས་པ་ནི། དེ་བཞིན་གཤེགས་པ་ནི་མི་བསྐྱོད་པ་ལ་སོགས་པ། དེ་བཞིན ་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །དེ་རྣམས་ཀྱི་གསང་བ་ནི། དོན་དམ་པར་བྱང་ཆུབ་ཀྱི་སེམS་ཡིག་འབྲུ་ཧཱུཾ་དང་གཉིས་སུ་མེད་པ། ཡེ་ཤེས་རྣམ་པ་ལྔའི་ངོ་བོ་དེ་ནི། མདུན་དུ་སྨོས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི ་སྤྲུལ་པའི་སྐུ་ཡེ་ཤེས་སེམས་དཔའ་ཨི་ངོ་བོ་བརྗོད་དུ་མེད་པ་སྤྲོས་པའི་དུས་སུ་འབྱུང་བའི་ས་བོན་དེ་ནི་དེ་བཞིན་གཤེགས་པ་ཀུན་གྱི་གསང་བར་གསུངས་སོ། །གཞན་ཡང་དེ་བཞིན་གཤེགས་པ་ཀུན་གྱི་གསང་ཞེས་པ་བཤད་པར་བྱ་སྟེ། དེ་བཞིན་གཤེཌ་པ ་ཀུན་གྱི་གསང་བ་གང་ཡིན་པ་དེ་ནི་ཉན་ཐོས་དང། རང་སངས་རྒྱས་རྣམས་ལ་མི་བསྟན་ཏེ་གསང་བར་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་གི་རྣམ་པར་རྟོག་པས་བཅིངས་པས། དེའི་ཕྱིར་དེ་བཞིན་གཤེགས་པ་ཀུན་གྱི་གསང་བར ་ཤེས་པར་བྱའོ། །གཞན་ཡང་ཚངས་པ་ལ་སོགས་པ་ཕྱིའི་ལྷ་རྣམས་དང། དེའི་བསྟན་པ་ལ་གནས་པའི་སེམས་ཅན་ཆོས་ཟབ་མོ་མ་རྟོགས་པ་སྐལ་བ་དང་མི་ལྡན་པ་སངས་རྒྱས་ཀྱི་བསྟན་པ་ལ་སྨོད་པར་བྱེད་པ། ཕྱིན་ཅི་ལོག་གི་གནོད་པ ་སྣ་ཚོགས་བྱེད་པ། སྣོད་དང་མི་ལྡན་པ་རྣམས་ལ་མི་བསྟན་པས་།དེའི་ཕྱིར་དེ་བཞིན་གཤེགས་པ་ཀུན་གྱི་གསང་བར་ཤེས་པར་བྱའོ། །དེ་ནས་རབ་ཏུ་མེ་རྟོགས་ཞེས་པ་ནི། མདུན་དུ་སྨོས་པའི་ཉན་ཐོས་དང། རང་སངས་རྒྱས་ལ་སོགས་པ་དང། ་གཞན་ཡང་ཏིང་ངེ་འཛིན་ཏི་རྟི་ཀ་རྣམས་སྟེ་།བློ་དམན་པ་དང་རྣམ་པར་རྟོག་པ་དང་ཕྱིན་ཅི་ལོག་གི་ཤེས་པ་ཅན་མི་ཟབ་པ་དང། ཐེག་པ་ཆེན་པོའི་གསང་བའི་ཆོས་ཀྱི་དོན་མ་ཐོས་མི་ཤེས་པ། མོས་པའི་དད་པ་དང་མི་ལྡན་པ་བཟླས་པ་དང་སྒོམ་པ ་ཡེ་ནས་མི་བྱེད་པ། གསོད་ནམས་ཀྱི་ཚོགས་དང་བྲལ་བ། སྐལ་པ་དང་མི་ལྡན་པས་རབ་ཏུ་མི་རྟོགས་པར་གསུངས་སོ། །གནས་མེད་ཞེས་པ་ནི། རང་བཞིན་གྱིས་སྟོང་པ། དངོས་པོ་མེད་པ་ནི་མ་ཟད་པ། བརྟན་པ་དོན་དམ་པ་།གནས་གཅིག་བུ་ལ ་མི་གནས་པ་།ཡེ་ཤེས་ཐམས་ཅད་ཀྱི་བདག་ཉིད། ཆོས་ཀྱི་སྐུའོ། །དེའི་ཕྱིར་གནས་མེད་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་དུ་འདུས་ནས། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྣང་མཛད་ལ་སོཌ ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རྒྱས་པ་སྤྲོ་བ་དེ་ཁོ་ན་ཉིད་དམ་ཚིག་རིན་པོ་ཆེའི་སྤྲིན་གྱིས་མཆོད་དེ། ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན་།དེ་ནས་ཞེས་པ་ནི། མདུན་དུ ་བཤད་པ་འོག་ནས་འབྱུང་བ་བདག་པོ་མཆད་པའི་དོན་སྟོན་པར་གསུངས་སོ། །བཅོམ་ལྡན་འདས་ཞེས་པ་ནི་མདུན་དུ་བཤད་པའི་དོན་དང་འདིར་མཐུན་པར་སྦྱར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་།མི་བསྐྱོད་པ་ལ་སོགས་པ་རྣམ་པ་ལྔ ་པ་གསུངས་སོ། །དེ་ནས་གཅིག་དུ་འདུས་ནས་ཞེས་པ་ནི། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་གནས་གཅིག་དུ་འདུས་ནས་། བཅོམ་ལྡན་འདས་བྱང་ཆུབ་སེམས་རྡོ་རྗེ་ལ། དམ་ཚིག་གི་མཆོད་པ་ཆེན་པོ་བྱ་བའི་ཕྱིར། གནས ་གཅིག་ཏུ་འདུས་པའི་སྒྲར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་སྣང་མཛད་ལ་སོགས་པས་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་ཐམས་ཅད་ལ་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས ་པ་ནི། བདག་པོ་བྱང་ཆུབ་སེམས་རྡོ་རྗེ་ལ་བྱའོ། །དེ་ནས་མཆོད་པ་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམS་ཅད་ཀྱིས་རྒྱུ་ཡེ་ཤེས་ལས་སྣ་ཚོགས་ཀྱི་བྱེ་བྲག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་མཆོད་པ་མཛད་པར་གསུངས་སོ། །དེ་ནས་སྤྲོ་བ ་ནS་?་བཞིན་གཤེགས་པ་ཐཾས་ཅད་ཀྱིས་ཉིད་ཀྱི་སྐུ་ལས་སྤྲོ་བར་མཛད་པར་གསུངས་སོ། །དེ་ནས་དེ་ཁོ་ན་ཉིད་ཞེས་པའི་ཐུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོ་སོའི་ཐུགS་ཀ་ན་ཡེ་ཤེས་སེམས་དཔའ་གནས་པ་དེ་ལས་ཉིད་ཉིད་ཀྱི་ས་བོན་ལ་དེ་ཁོ་ན་ཉིད ་ཅེས་གསུངས་སོ། །དེ་ནས་དམ་ཚིག་ཅེས་པ་ནི་ཤེས་རབ་ལྷ་མོ་དང་ལྡན་པར་དགྱེས་པ་ཆེན་པོའི་ཐུགས་ཀྱིས་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ནས། བདེ་བའི་རོལ་པ་མཛད་པ་ལ་དམ་ཚིག་ཅེས་གསུངས་སོ། །དེ་ནས་རིན་པོ་ཆེའི ་སྤྲིན་ཞེས་པ་ནི། ཡེ་ཤེས་ཀྱི་རིན་པོ་ཆེ་མེ་སྟག་ལྟ་བུ་དང། ཡེ་ཤེས་ཀྱི་ངོ་བོ་ཁ་དོག་སྣ་ཚོགས་དང་ལྡན་པ། ཉིད་ཉིད་ཀྱི་རིགས་ཀྱི་བྱེ་བྲག་སྤྲིན་བཞིན་དུ། སྤྲོ་བར་མཛད་པ་ལ་གྲངས་མེད་པར་གསུངས་སོ། །དེ་ནས་མཆོད་པ་སྤྲོ་བའི་དོན་གསལ་བར་བཤད ་པར་བྱ་སྟེ། རྣམ་པ་གཉིས་ཏེ། ནང་དང་གསང་བའོ། །དེ་ལ་ནང་གི་ནི་རྡོ་རྗེ་རྣམ་པར་སྣང་མཛད་ལ་སོགས་པ་ཐམས་ཅད་ཀྱིས་ཉིད་ཉིད་ཀྱི་ཐུགས་ལ་གནས་པའི་ཡེ་ཤེས་སེམས་དཔའ་ཨི་དབུས་ནས་ཉིད་ཉིད་ཀྱི་ས་བོན་ལས་དེ་བཞིན་གཤེགས་པ་སྤྲུལ ་ཏེ། ཉིད་ཉིད་ཀྱི་ས་བོན་ལས་རིམ་པར་ཕྱུང་བའི་སོ་སོའི་ཁ་དོག་དང་ལྡན་པའི་ཡེ་ཤེས་རིན་པོ་ཆེ་དང་པོའི་ཡེ་ཤེས་སྤྲོ་བར་མཛད། དེའི་འོག་ཏུ་མེ་སྟག་ལྟ་བུའི་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེ་ལྟར་ནང་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས ་གསང་བའི་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་ཐམས་ཅད་ཀྱིས། ཉིད་ཉིད་ཀྱི་ཤེས་རབ་དང་གཉིས་སུ་མེད་པར་སྐུ་ཕྱག་རྒྱའི་ངོ་བོར་འཁྱུད་ནས་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་ནས། ཐབས་དང་ཤེS་རབ་ཀྱི་རོལ་པས་བྱང་ཆུབ ་སེམས་ཆར་བཞིན་དུ་འོད་དུ་ཞུ་བར་མཛད་པ། བྷ་གའི་དབུས་སུ་རྒྱ་མཚོ་དང་མཉམ་པ། རྡོ་རྗེའི་རླུང་ཆེན་པོས་བསྐྱོད་པས་རླབས་ཀྱི་ཕྲེང་བས་འཇིགས་པར་འགྱུར་བ་དེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཉིད་ཉིད་ཀྱི་ཡེ་ཤེས་ཀྱི་ས་བོན་གྱི་ཡིག ་འབྲུ་རིམ་པས་བྱང་ཆུབ་སེམས་རྒྱ་མཚོ་ལྟ་བུ་བྱིན་གྱིས་བརླབས་ཏེ། བྱིན་གྱིས་བརླབས་མ་ཐག་ཏུ་།རིན་པོ་ཆེའི་ངོ་བོ་སྤྲིན་བཞིན་དུ་སྤྲོ་བར་མཛད་པར་གསུངས་སོ། །དེ་ནས་རིན་པོ་ཆེའི་དོན་གསལ་བར་བཤད་པར་བྱ་སྟེ། རྣམ་པར་སྣང་མཛད་ཀྱིས ་མཆོད་པའི་རིན་པོ་ཆེ་ཤེལ་དུ་གསུངས་སོ། །མི་བསྐྱོད་པ་མཆོད་པ་རིན་པོ་ཆེ་ཨིནྡྲ་ནཱི་ལར་གསུངས་སོ། །རིན་པོ་ཆེ་འབྱུང་ལྡན་གྱིས་མཆོད་པའི་རིན་པོ་ཆེ་འཛམ་བུ་ན་དར?་གསུངས་སོ། །སྣང་བ་མཛའ་ཡས་ཀྱི་མཆོད་པའི་རིན་པོ་ཆེ་པདྨ་རཱ་གར་གསུངས་སོ། །དོན་ཡོད་གྲུབ ་པའི་མཆོད་པའི་རིན་པོ་ཆེ་བཻཌཱུརྱ་གསུངས་སོ། །དེ་ལྟར་ནང་དང་གསང་བའི་མཆོད་པ་རིན་པོ་ཆེར་མིང་བཏགས་པ་སྤྲིན་བཞིན་དུ་སྤྲིན་དུ་སྤྲོ་བར་གསུངས་སོ། །མཆོད་དེ་ཞེས་པ་ནི། རྣམ་པར་སྣང་མཛད་པ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པ་བྱང་ཆུབ ་སེམས་རྡོ་རྗེ་ལ་ཁྱད་པར་གྱི་མཆོད་པ་ཆེན་པོས་ཐུགས་མཉེས་པར་བྱ་བའི་ཕྱིར་།མཆོད་པ་བྱས་པར་གསུངས་སོ། །ཕྱག་འཚལ་ཞེས་པ་ནི་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བུས་མོའི་ལྷ་བསལ?་བཙུགས་ཏེ། ཐལ་མོ་སྦྱར་ནས་སྤྱི་? ་བཏུད་དེ་ཕྱག་འཚལ་བར་གསུངས་སོ། །དེ་ནས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་བཤད་པར་གསོལ་བ་བཏབ་པར་ཤེས་པར་བྱའོ།། ་འདུས་པ་གསང་བ་ལས་བྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱིས་གསང། །རྡོ་རྗེ་སྙིང་པོ་འདུས་པ་ཉིད། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། འདུས་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིག་འབྲུ་ཧཱུཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ས་བོན། རྡོ་རྗེ་སེམས་དཔའ་ཨི་ཡེ་ཤེས་ཀྱི་ས་བོན་གྱི་ཡིག་འབྲུ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འབྱུང་བར་བྱེད་པའི་ས་བོན་གྱི་རྒྱལ་པོའི་ནང་དུ་མཉམ་པར་འདུས་པར་མཛད་པར་གསུངས་སོ། ། ་གཞན་ཡང་ཡིག་འབྲུ་ཧཱུཾ་གི་ངོ་བོ་དོན་དམ་པ་བྱང་ཆུབ་སེམས་ལ་གཉིས་སུ་མེད་པ་མཉམ་པར་འདུས་པ་དེ་ནི། ཆོས་ཀྱི་སྐུ་དང་གཉིས་སུ་མེད་པར་མཉམ་པར་འདུས་པར་གསུངས་སོ། །དེ་ནས་གཞན་ཡང་ཐུགས་རྗེ་ཆེན་པོས་སེམས་ཅན་མ་ལུས་པའི་དོན ་གྱི་ཕྱིར། ཆོས་ཀྱི་སྐུ་ཡེ་ཤེས་སེམས་དཔའ་ཨི་ངོ་བོས་སྤྲུལ་པའི་སྐུ་རྡོ་རྗེ་མི་བསྐྱོད་པ་དེ་བཞིན་གཤེགས་པ་ཕྱུང་སྟེ། དེའི་ཐུགས་ཀན་རྡོ་རྗེ་རིགས་ཀྱི་ཡེ་ཤེས་ཀྱི་ཡིག་འབྲུ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འབྱུང་བའི་ས་བོན་གྱི་རྒྱལ་པོ་ཡིག ་འབྲུ་ཧཱུཾ་དེ་ནི། དེ་བཞིན་གཤེགས་པ་མི་བསྐྱོད་པ་ཉིད་ཀྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཨི་གཟུགས་ཀྱི་ངོ་བོ་མེ་མར་བཞིན་དུ་འབར་བ། བརྟན་པ་ཁ་དོག་སྣ་ཚོགས་དང་ལྡན་པ། ཡེ་ཤེས་ཀྱི་འོད་ཟེར་འཕྲོ་ཞིང་གསལ་བར་མཛད་པས་མཉམ་པར་འདུས་པར ་གསུངས་སོ། །དེ་ནས་གཞན་ཡང་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་ཐུགས་རྗེ་ཆེན་པོ་ཐུགས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ཕུང་པོ་དེ། བརྗེ་པའི་ཐབས་མདུན་དུ་སྨོས་པའི་ཡིག་འབྲུ་ཧཱུཾ་གི་ངོ་བོ་ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀ་ན ་གནས་པ་དེའི་ནང་ནས། མདུན་དུ་སྨོས་པ་མི་བསྐྱོད་པ་དང། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚད་ཏིལ་གྱི་འབྲུ་དང་མཉམ་པ་སྦྱིན་བཞིན་དུ་སྤྲོ་བར་མཛད་པ། ནམ་མཁའ་ཨི་དབྱིངས་སུ་མཉམ་པར་འདུས་པར་གསུངས་སོ། ། ་དེ་བཞིན་དུ་དམ་ཚིག་རྡོ་རྗེ་དང། སྐུ་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚད་རྡུལ་ཕྲ་མོ་དང་མཉམ་པ་སྤྲིན་བཞིན་དུ་སྤྲོ་བར་མཛད་པ། སངས་རྒྱས་ཀྱི་ཞིང་ཁམས་མཉཾ་པར་འདུས་པར་གསུངས་སོ། །དེ་ནས་མདུན་དུ་སྨོས་པའི་དེ་བཞིན་གཤེགS ་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ལྷ་མན་ཆད་ནས་དམྱལ་བ་ཡན་ཆད་ཀྱི་སེམས་ཅན་མ་ལུས་པ་ལ་རེག་པས། བྱིན་གྱིས་བརླབས་ཏེ་ཉིད་ཀྱི་སྐུ་ལ་གཉིས་སུ་མེད་པའི་ཚུལ་དུ་འདུས་པར་གསུངས་སོ། །གཞན་ཡང ་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ལ་གཉིས་སུ་མེད་པའི་ངོ་བོར་གནས་པ་དེ་མི་བསྐྱོད་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྲུ་བཞི་ལྷ་མོ་མཱ་མ་ཀཱི་ངོ་བོ་བྱིན་གྱིས ་བརླབས་ཏེ། དེ་དང་ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་དེ། མཱ་མ་ཀཱིའི་བྷ་གའི་དབུས་སུ། བྱང་ཆུབ་སེམས་ཆར་བཞིན་དུ་ཕབ་པ། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་བསྐྱེད་པའི་ས་བོན་གྱི་ཡིག་འབྲུ་ཧཱུཾ་དང་གཉིས་སུ་མེད་པར་གྱུར་པ། ཟླ་བའི་དཀྱིལ་འཁོར་གྱི་ངོ་བོ་མཉཾ?་པར་?་གསུངས་སོ།། ་གཞན་ཡང་མདུན་དུ་སྨོས་པའི་མཱ་མ་ཀཱི་གསང་བའི་བྷ་གའི་དབུས་ན་གནས་པ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུ་ཡེ་ཤེས་ཀྱི་ཡིག་འབྲུ་ཧཱུཾ་གཉིས་སུ་མེད་པའི་ངོ་བོར་ཐིམ་པར་གྱུར་པའི་ས་བོན་དེ་ལས་བྱང་ཆུབ་སེམས་རྡོ་རྗེ་བསྐྱེད་པ་རིག་པའི་སྐྱེས་བུའི་སྐུ་ཕྱག་རྒྱ་དེ་བསྐྱེད ་མ་ཐག་ཏུ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་མདུན་དུ་སྨོས?་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ཤེས་རབ་ལྷ་མོ་མཱ་མ་ཀཱི་གསང་བའི་བྷ་གའི་དབུས་སུ་བདེ་བའི་གདན་ལ་རྒྱལ་པོ་བཞིན་དུ་བྱིན་གྱིས་བརླབས་ནས་དབང་བསྐུར་བའི་ཚུལ་དུ་བདེ་བར ་བཞུགས་སོ། །དེ་ནས་བྱིན་གྱིས་བརླབས་མ་ཐག་ཏུ་བྱང་ཆུབ་སེམས་རྡོ་རྗེ་ཐུགས་རྡོ་རྗེ་དགྱེས་པ་ཆེན་པོས་མདུན་དུ་སྨོས་པ་ཡབ་ཀྱི་ཚུལ་རྡོ་རྗེ་མི་བསྐྱོད་པ་དང། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་འདུས་པར་མཛད་དེ། དེ་འདུས ་མཐག་ཏུ། དེ་རྣམས་གཅིག་དུ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཡིག་འབྲུ་ཧཱུཾ་གོང་བུ་ལྟ་བུ་ཡེ་ཤེས་སེམས་དཔའ་ཨི་མི་གཡོ་བ་བརྟན་པ། མེ་མར་བཞིན་དུ་རབ་ཏུ་འབར་བ། རིགས་རྣམ་པ་ལྔའི་རིམ་པའི་ཡེ་ཤེས་ཀྱི་འོད་ཟེར་གྱི་ཕྲེང་བ་འཕྲོ་བ། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ཀྱི་ཆོ་འཕྲུལ་གྱི་སྤྲུལ་པའི་སྐུ་ཡེ་ཤེས་སེམས་དཔའ་ཨི་ངོ་བོ་འབྱུང་བའི་གནས་དེར། མཉམ་པར་འདུས་པར་གསུངས་སོ། །གཞན་ཡང་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་རྒྱུད་བཀའ་སྩལ་པའི་ཕྱིར་དང་པོ་ཐུགས་རྗེ་ཆེན་པོ་བསྐྱེད་དེ། མདུན་དུ་སྨོས ་པའི་ཉིད་དེ་ཀྱི་ཐུགས་ཀན་གནས་པའི་ཡེ་ཤེས་སེམས་དཔའ་ཨི་དབུས་ནས་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་དུ་སྨོས་པའི་ཚུལ་དུ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེ་དག་ནམ་མཁའ་ཨི་དབྱིངས་སུ་མཉམ ་པར་འདུས་པར་གསུངས་སོ། །གཞན་ཡང་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ནམ་མཁའ་ཨི་དབྱིངས་ཀྱི་གནས་སུ། འདུས་མ་ཐག་ཏུ་དེ་དག་གིས་མྱུར་བ་མྱུར་བར་ནམ་མཁའ་ཨི་དབྱིངས་ན་གནས་པས་ལྷ་པར ་ཆད་ནས། དམྱལ་བ་ཡན་ཆད་སེམས་ཅན་ཐམས་ཅད་ལ་རེག་པས་བྱིན་གྱིས་བརླབས་ཏེ། བྱིན་གྱིས་བརླབས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱམས་པ་ཆེན་པོའི་ཐུགས། ཉིད་ཉིད་ཀྱི་སྐུ་ལ་གཉིས་སུ་མེད་པའི ་ཚུལ་གྱིས་དཔལ་རྡོ་རྗེ་སེམས་པའི་བདེ་བ་དང་ཡིད་བདེ་བ་ཐོ་པར་བྱ་བའི་ཕྱིར་མཉཾ་པར་འདུས་པར་གསུངས་སོ། །གཞན་ཡང་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་མདུན་དུ་སྨོས་པའི་ཡེ་ཤེས་ཀྱི་གཞལ་ཡས་ཁང་གི་དབུས་སུ་རྒྱལ་པོའི་ལོངས་སྤྱོད་ཀྱི་ཚུལ་གྱིས་བདེ་བའི་གནས་ཀྱི་གདན ་ལ་བཞུགས་ཏེ། དེའི་འོག་ཏུ་རིག་པའི་སྐྱེས་བུ་ཆེན་པོའི་གཟུགས་ཉིད་ཀྱི་སྐུ་དང། རིག་པ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་འཁྱུད་ནས་གནས་པའི་མཱ་མཱ་ཀི་?་ཕྱག་རྒྱའི་གནས་ལྔར་དེ་བཞིན་གཤེགས་པ་རྣམ་ལྔའི་ཡེ་ཤེས་ཀྱི་ས་བོན་གྱི་སྔགས་ཀྱི་ཡིག་འབྲུས་བྱིན་གྱིས་བརླབས ་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་ཕྱག་རྒྱ་ཞལ་གསུམ་གྱི་ངོ་བོ་སྐུ་མདོག་དང་ཕྱག་མཚན་དང། རྒྱན་རྣམས་དང། གཟི་བརྗིད་ཀྱི་སྐུའི་ཆ་ལུགས་ཕུན་སུཾ་ཚོགས་པ་དང་ལྡན་པ། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང། ་བྱང་ཆུབ་སེམས་དཔའ་ཐམས་ཅད་སེམས་ཅན་ཐམས་ཅད་དང། གཉིས་སུ་མེད་པའི་སྐུའི་གཟུགས་ཀྱི་ངོ་བོ་ནམ་མཁའ་ཨི་དབྱིངས་ཀྱི་གནས་ན་གནས་པ་དེ་རྣམས་ཀྱིས་མཉམ་པར་དུས་གཅིག་ཏུ་སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་སྐུ་མཐོང་བར་གྱུར་ཏོ། །དེ་མཐོང་མ ་ཐག་ཏུ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཉིད་ཀྱི་ཐུགས་ཀ་ཡེ་ཤེས་སེམས་པའི་གནས་ནས་ཕྱུང་སྟེ། མདུན་དུ་སྨོས་པའི་ཡེ་ཤེས་ཀྱི་གཞལ་ཡས་ཁ་?་གནས་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་རྡོ་རྗེའི ་མདུན་དུ་ཐལ་མོ་སྦྱར་ནས། །པུས་མོ་གཡས་པ་ས་ལ་བཙུགས་ཏེ། གུས་པར་ཕྱག་འཚལ་ནས་སྣ་ཚོགས་ཀྱི་བྱེ་བྲག་གིས་བསྟོད་པ་མཛད་ནས་གནས་པ་མཉམ་པར་འདུས་པར་གསུངས་སོ། །དེ་ལྟར་མདོར་བསྡུས་པ་ཀུན་འདུས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བ་ཞེས? ་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་སྐུའི་ཐུགས་ཀ་ན་མདུན་དུ་སྨོས་པའི་ཚུལ་གྱི་ས་བོན་གྱི་ངོ་བོ་ཡིག་འགྲུ་ཡེ་ཤེས་སེམས་དཔའ་མེ་མར་བཞིན་དུ་རབ་ཏུ་འབར་བ། བརྟན་པ་དེ་ལས་ཡེ་ཤེས་རྣམ་པར་ལྔ་འབྱུང་བ་ཉིད་ཉིད་ཀྱི་རིགས་བྱེ་བྲག་གི་ཁ་དོག་དང་ལྡན་པའི་ཡེ་ཤེས ་ཀྱི་འོད་ཟེར་སྤྲིན་བཞིན་དུ་འཕྲོ་སྟེ། དེ་ལྟར་གསང་བའི་ངོ་བོ་དེ་ཉན་ཐོས་དང། རང་སངས་རྒྱས་ལ་སོགས་པ་གང་གིས་ཀྱང་མི་མཐོང་བས་དེའི་ཕྱིར་གསང་བར་གསུངས་སོ། །དེ་ནས་ལས་བྱུང་བ་ཞེས་པ་ནི། བྱང་ཆུབ་སེམས་རྡོ་རྗེས་ཐུགས་རྗེ་ཆེན་པོའི་ཐུགས་ཀྱིས་སེམས ་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར། གསང་བའི་ཐུགས་ཀ་ན་ཡེ་ཤེས་སེམས་དབང་གནས་པ་དེ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྐུ་ཕྱག་རྒྱ་རྡུལ་ཕྲ་མོའི་ཚད་དང་མཉམ་པ་སྤྲིན་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་ཨི་བདེ་བ་དང་ཡིན་བདེ་བ་ཐོ་བ་པར་བྱ་བའི་ཕྱིར། ཕྱུང་བར་མཛད ་པས་དེའི་ཕྱིར། ལས་བྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཀུན་གྱི་གསང་ཞེས་པ་ནི། དེ་བཞིན་གཤེགས་པ་ཀུན་ནི། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་ལ་བྱའོ། །དེ་རྣམས་དོན་དམ་པར་གཅིག་པའི་ངོ་བོ་ཆོས་ཀྱི་སྐུ ་དེ་ནི་སྤྱོད་པ་དངོས་པོ་མེད་བས། སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་སྐལ་བ་དང་མི་ལྡན་པའི་སྟོབས་ཀྱིས་མི་མཐོང་སྟེ། དེའི་ཕྱིར་གསང་པའི་སྒྲའི་དོན་དུ་གསུངས་སོ། །གཞན་ཡང་དོན་དམ་པ་བྱང་ཆུབ་སེམས་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པའི་ངོ་བོ་སྟོང་བ ་དངོས་པོ་མེད་པ་རྫས་ཐམས་ཅད་ལ་ཁྱབ་ནས་གནས་པ་དེ་སེམས་ཅན་གང་གིས་ཀྱང་མི་མཐོང་བས་དེའི་ཕྱིར་གསང་བར་གསུངས་སོ། །གཞན་ཡང་དེ་བཞིན་གཤེགས་པ་མི་དམིགས་པས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་དབྱུང་བའི་ཕྱིར་ཐུགས་རྗེ ་ཆེན་པོ་ཆོས་ཀྱི་སྐུ་ལས་བཞེངས་ཏེ་བཞེངས་མ་ཐག་ཏུ་ཉིད་ཀྱི་ཐུགས་ཀ་ན་ཡེ་ཤེས་སེམས་དཔའ་གནས་པའི་དབུས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡེ་ཤེས་སེམས་དཔའ་ཨི་གཟུགས་ཀྱི་ངོ་བོ་མང་པོ་སྤྲིན་བཞིན་དུ་སྤྲོ་བར་མཛད ་དེ། དེ་རྣམས་ཀྱིས་མདུན་དུ་སྨོས་པའི་ལྷ་མན་ཆད་ནས་སེམས་ཅན་དམྱལ་བ་ཡན་ཆད་བྱིན་གྱིས་བརླབས་ཏེ། བྱིན་གྱིས་བརླབས་མ་ཐག་ཏུ་ཉིད་ཀྱི་སྐུ་ལ་གཉིས་སུ་མེད་པའི་ངོ་བོར་ཐིམ་པར་མཛད་དེ། ཐོབ་པར་མཛད་པའི་སྐུ་དེ་དངོས་པོ་མེད་དེ་དེའི་ཕྱིར་གསང ་བར་གསུངས་སོ། །གཞན་ཡང་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་རྒྱུད་བཀའ་སྩལ་པའི་ཕྱིར་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་བསྐྱེད་པའི་ས་བོན་བྱང་ཆུབ་སེམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྲུ་བཞི། ་མདུན་དུ་སྨོས་པའི་མཱ་མ་ཀཱི་སྐུ་ཕྱག་རྒྱའི་གཟུགས་དེ། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་རོལ་པས་བྱང་ཆུབ་སེམས་འོད་དུ་ཞུ་བར་མཛད་པ་མདུན་དུ་སྨོས་པ་བཞིན་དཀར་བའི་ཟླ་བའི་དཀྱིལ་འཁོར་འདྲ་བ། འོད ་ཟེར་སྣ་ཚོགས་ཀྱིས་གསལ་བར་གྱུར་པ། ས་བོན་ཡིག་འབྲུ་ཧཱུཾ་གིས་བྱིན་གྱིས་བརླབས་པ་གཉིས་སུ་མེད་པའི་གཟུགས་སུ་གྱུར་པའི་ས་བོན་དེ་ལས་བྱང་ཆུབ་སེམས་རྡོ་རྗེའི་སྐུ་ཕྱག་རྒྱར་གྱུར་ཏེ། དེ་ནས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ ་བུ་ཡིག་འབྲུ་ཧཱུཾ་གི་ངོ་བོ་དེ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་ལ་ཐིམ་སྟེ། དངོས་པོ་མེད་པས་དེའི་ཕྱིར་གསང་བའི་སྒྲའི་དོན་དུ་གསུངས་སོ། །གཞན་ཉན་ཐོས་དང་རང་སངས་རྒྱས་དང་ས་དང་པོ་ལས་སོགས་པ་ལ་གནས་པའི་བྱང་ཆུབ་སེམས་པ་རྣམས ་དང།?་གཞན་ཡང་འཇིག་རྟེན་གྱི་མེས་པོ་ཚངས་པ་ལ་སོགས་པ་ལྷ་ཐམས་ཅད་རྣམ་པར་རྟོག་པ་ཆེན་པོ་དང་ལྡན་པའི་བསོད་ནམས་ཆུང་བ། མི་དགེ་བའི་དབང་གིས་སྡིག་པ་ངོ?་བོ་དང་འདྲ་བ?་བསགས?་པས། ཆོས་ཐམས་ཅད་ཀྱི་ངོ་བོ་ཡེ་ཤེས ་ཐམས་ཅད་དང། དངོས་གྲུབ་ཐམས་ཅད་ཀྱི་བདག་ཉིད་སྟོང་པ་ནམ་མཁའ་ལྟ་བུ་རྫས་ཐམས་ཅད་ལ་ཁྱབ་ནས་གནས་པ་དེ་མི་མཐོང་སྟེ། དེའི་ཕྱིར་གསང་བའི་སྒྲའི་དོན་དུ་ཤེས་པར་བྱའོ།། །།དེ་ནས་གཞན་ཡང་འཕགས་པ་ན་གརྫུ་ནས་རྒྱུད་ཀྱི་རྒྱལ་པོ་དཔལ ་གསང་བ་འདུས་པ་ཉིད་ཀྱི་འགྲེལ་པ་ཆེན་པོ་མཛད་པ་དེའི་བཞེད་ཀྱི་སྒྲ་འདིར་དྲངས་ནས་བཤད་པར་བྱ་སྟེ་།ཇི་ལྟར་ཡིན་ན། གསང་བ་ཞེས་པ་ནི་མདུན་དུ་སྨོས་པའི་དོན་ཉན་ཐོས་དང་རང་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱིས་དོན་དམ་པའི་གསང་བ་ཆོས་ཀྱི་སྐུ ་དངོས་པོ་མེད་པ་སྟོང་པ་ནམ་མཁའ་ལྟ་བུ་རྫས་ཐམས་ཅད་ལ་ཁྱབ་ནས་གནས་པ་དེ་སུས་ཀྱང་མི་རྟོགས་པས་དེའི་ཕྱིར་དོན་དམ་པའི་གསང་བ་ཞེས་བྱའོ། །དེ་ནས་དོན་དམ་པའི་འདུས་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ཆོས་ཐམས་ཅད་དང་སངས་རྒྱས་དང ་བྱང་ཆུབ་སེམས་པ་ཐམས་ཅད་དང། ཡེ་ཤེས་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་འབྲས་བུ་ཆོས་ཀྱི་སྐུ་གཉིས་སུ་མེད་པའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་གནས་སུ་འདུས་པ་དེའི་ཕྱིར་དོན་དམ་པའི་འདུས་པའི་དོན་དུ་གསུངས་སོ། །དེ་ནས་ཡེ་ཤེས་ཀྱི་ཚུལ་གྱི་གསང་བའི་སྒྲ ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། མདུན་དུ་སྨོས་པའི་ཆོས་ཀྱི་སྐུ་ཡེ་ཤེས་རྣམ་པ་ལྔའི་བདག་ཉིད་དེ་མི་བསྐྱོད་པ་རྡོ་རྗེ་སྐུ་ལ་ཐུགས་ཀྱི་ངོ་བོ་གསང་བར་མཛད་པ་དེ། མདུན་དུ་སྨོས་པའི་བསོད་ནམས་ཆུང་བ་དང། སྐལ་བ་དང་མི་ལྡན་པའི་དབང་གིས་མི་མཐོང ་བས་དེའི་ཕྱིར་ཡེ་ཤེས་ཀྱི་གསང་བར་གསུངས་སོ། །དེ་ནས་ཡེ་ཤེས་ཀྱི་ཚུལ་གྱི་འདུས་པ་ནི། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་ཉིད་ཀྱི་ཐུགས་ཡེ་ཤེས་སེམས་དཔའ་ཨི་གཟུགས་ཀྱི་ངོ་བོ་དེའི་གནས་ནས་རིགས་རྣམ་པ་ལྔའི་ཡེ་ཤེས་ཀྱི་འོད་ཟེར་རྣམས ་སོ་སོ་རིགས་ཀྱི་བྱེ་བྲག་གི་ཁ་དོག་དང་ལྡན་པ་སྤྲིན་བཞིན་དུ་སྤོ་བར་མཛད་དེ། དེའི་འོག་དུ་ཡེ་ཤེས་ཀྱི་འོད་ཟེར་རྣམས་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྐུའི་སྤྲུལ་པ་ཡེ་ཤེས་སེམས་དཔའ་ཨི་གཟུགས་ཀྱི་ངོ་བོ་སྤྲིན་བཞིན་དུ་མདུན་དུ་སྨོས་པའི་ནམ ་མཁའ་ཨི་དབྱངས་ཀྱི་གནས་སུ་མངལ?་བ་སྡུག་བ་ཚུལ་དུ་འདུག་པར་མཛད་པས་དེའི་ཕྱིར་ཡེ་ཤེས་ཀྱི་ཚུལ་གྱི་འདུས་པའི་དོན་དུ་གསུངས་སོ། །དེ་ནས་ཐུགས་རྗེའི་ཚུལ་གྱི་གསང་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། མདུན་དུ་སྨོས་བའི ་ནམ་མཁའ་ཨི་དབྱིངས་ཀྱི་གནས་དང། སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཚད་ཏིལ་འབྲུ་དང་མཉམ་པ་སྤྲིན་བཞིན་དུ་ཡང་ན་རྡུལ་ཕྲ་མོ་དང་མཉམ་པ་དེ་དག་ཐམས་ཅད་ཀྱི་སྐུ་ཕྱག་རྒྱ་ཉིད་ཉིད་ཐུཌ་ཀྱི་གནས་ན་ཡེ་ཤེས་ལྔའི་བདག་ཉིད ་ཡིག་འབྲུ་ཧཱུཾ་ཡེ་ཤེས་སེམས་དཔའ་ཨི་མེ་མར་བཞིན་དུ་རབ་ཏུ་འབར་བ། རིགས་རྣམ་པ་ལྔའི་བྱེ་བྲག་གི་ཁ་དོག་དང་ལྡན་པའི་ཡེ་ཤེས་ཀྱི་འོད་ཟེར་སྦྲིན་བཞིན་དུ་འཕྲོ་སྟེ་གསལ་བར་གྱུར་བའི་ཡེ་ཤེས་སེམས་དཔའ་དེ་ནི་མདུན་དུ་སྨོས་པའི་ཉན་ཐོས་ལ་སོགས་པ ་ཉོན་མོངས་པ་དང་ལྡན་པ་དེ་དག་ཐམས་ཅད་ཀྱིས། མི་མཐོང་བས་དེའི་ཕྱིར་ཐུགས་རྗེ་གསང་བའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་ཐུགས་རྗེའི་བྱེ་བྲག་གི་འདུས་པཱི་སྒྲ་བཤད་པར་བྱ་སྟེ། མདུན་དུ་སྨོས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད ་པ་དག་གིས། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་ལྷ་མན་ཆད་དམྱལ་བ་ཡན་ཆད་ཇི་སྙེད་མ་ལུས་པ་རྣམས་ལ་རེག་ནས་བྱིན་གྱིས་བརླབས་ནས་ཉིད་ཉིད་ཀྱི་སྐུ་ཕྱག་རྒྱའི་ཐུགས་ཀ་ན་གནས་པ་མདུན་དུ་སྨོས་པ་གསང་བར་མཚན ་བཏགས་པའི་ཡེ་ཤེས་སེམས་དཔའ་དེའི་གནས་སུ་ཉིད་ཀྱི་སྐུ་ལ་གཉིས་སུ་མེད་པར་མཉམ་པར་འདུས་པར་མཛད་པས་དེའི་ཕྱིར་ཐུགས་རྗེའི་འདུས་བའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་དམ་ཚིག་གི་ཚུལ་གྱི་གསང་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར ་ཡིན་ན། མདུན་དུ་སྨོས་པའི་སྟོན་པ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ལ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཡན་ལག་ཐམས་ཅད་ལ་ཁྱབ་ནས་གནས་པ། གསང་བའི་ངོ་བོ་མདུན་དུ་སྨོས་པའི་ཉན་ཐོས་དང། རང་སངས་རྒྱས་ལ་སོགས ་བ་ཉོན་མོངས་པའི་ཕུང་པོ་དང་ལྡན་པའི་སེམས་ཅན་ཐམས་ཅད་ཀྱིས་མི་མཐོང་བས་དེའི་ཕྱིར་དམ་ཚིག་གི་གསང་བའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་དམ་ཚིག་གི་ཚུལ་གྱི་འདུས་པའི་སྒྲ་ནི། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་མདུན་དུ་སྨོས་པའི་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྲུ་བཞིའི་ངོ་བོ། །ལྷ་མོ་ཐམས་ཅད་དང་གཉིས་སུ་མེད་པའི་བདག་ཉིད་རྡོ་རྗེ་དགའ་མ་ཤེS་རབ་མ་ལྷ་མོ་མཱ་མ་ཀཱིས?་བྱིན་གྱིས་བརླབས་ཏེ་།དེ་དང་ཐབས་དང་ཤེས་རབ་རོལ་པ་མཛད་དེ། འདོད་ཆགས་ཆེན ་པོ་དགའ་བའི་ཐུགས་ཀྱིས་ཉིད་ཀྱི་སྐུ་གཉིས་ཀས་མཆོད་པ་མཛད་པས་མཱ་མ་ཀཱིའི་གསང་བའི་བྷ་གའི་དབུས་སུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོ་ཟླ་བའི་དཀྱིལ་འཁོར་ལྟ་བུ། བྱང་ཆུབ་སེམས་རྡོ་རྗེ་བསྐྱེད་པའི་ས་བོན་མཉམ ་པ་འདུས་བའི་དེའི་ཕྱིར་དམ་ཚིག་གིས་འདུས་པའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་བྱིན་གྱིས་བརླབས་པའི་གསང་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། མདུན་དུ་སྨོས་བའི་ས་བོན་ལས་བྱང་ཆུབ་སེམས་རྡོ་རྗེ་ཕྱུང་སྟེ། དེ་ཕྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ ་རྡོ་རྗེ་མི་བསྐྱོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་མཱ་མ་ཀཱིའི་སྐུ་སྐུའི་ཕྱག་རྒྱ་བྷ་ག་དཀྱིལ་འཁོར་གྱི་ངོ་བོའི་དབུས་སུ། རྒྱལ་པོའི་ལོངས་སྤྱོད་ཀྱི་ཚུལ་དུ་དབང་བསྐུར་བར་མཛད་དེ། དབང་བསྐུར་མ་ཐག་ཏུ་དེའི་འོག་ཏུ་སྟོན་པ་བྱང ་ཆུབ་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱི་ཐུགས་ལ་བསྡུ་བར་མཛད་དེ། དེ་དག་ཐམས་ཅད་བསྡུས་མ་ཐག་ཏུ་ཡིག་འབྲུ་ཧཱུཾ་གི་ངོ་བོར་གྱུར་ཏེ། མདུན་དུ་སྨོས་པའི་ཚུལ་གྱི་ཡེ་ཤེས་སེམས་པའི ་ངོ་བོ་བརྟན་པ་མེ་མར་བཞིན་དུ་རབ་ཏུ་འབར་བ། དེ་བཞིན་དུ་རབ་ཏུ་འབར་བ། དེ་བཞིན་གཤེགས་པ་རྣམ་པ་ལྔའི་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་སྤྲིན་བཞིན་དུ་འཕྲོ་བས། གསལ་བར་གྱུར་པར་གནས་པ་དེ། མདུན་དུ། སྨོས་པའི་ཉན་ཐོས་དང། རང་སངས་རྒྱས ་ལ་སོགས་པ་ཉོན་མོངས་པའི་ཕུང་པོ་དང་ལྡན་པ་ཐམས་ཅད་ཀྱིས་མ་མཐོང་བས་དེའི་ཕྱིར་བྱིན་གྱིས་བརླབས་པའི་གསང་པའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་བྱིན་གྱིས་བརླབས་པའི་འདུས་པའི་སྒྲ་བཤད་བར་བྱ་སྟེ། ཇི་ལྟར་ཡིན་ན། ་སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཉིད་ཀྱི་ཐུགས་ལ་གནས་པ་གསང་བའི་ངོ་བོ་ཡེ་ཤེས་སེམས་དཔའ་དེའི་གནས་ནས། ཐུགས་རྗེ་ཆེན་པོའི་ཐུགས་དགྱེས་པས་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་པའི་ཕྱིར་མདུན་དུ་སྨོས་པའི་ཚུལ་དུ་སངས་རྒྱས ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲོ་བར་མཛད་དེ། ནམ་མཁའ་ཨི་དབྱིངས་ཀྱི་གནས་སུ་འདུས་པར་མཛད་པར་གསུངས་སོ། །དེའི་འོག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ནམ་མཁའ་ཨི་དབྱིངས་ཐམས་ཅད་ཁྱབ་ནས་གནས་མ ་ཐག་ཏུ་ནམ་མཁའ་ཨི་དབྱིངས་ཐམས་ཅད་ན་ཇི་སྙེད་གནས་པ་དང། འབྱུང་བ་མ་ལུས་པ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱས་རགས་པས་ཡེ་ཤེས་ཀྱི་ཕྱག་རྒྱ་ཐོབ་པའི་ཕྱིར ་བྱིན་གྱིས་བརླབས་ཏེ་ཉིད་ཀྱི་སྐུ་ལ་ཐིམ་ནས་གཉིས་སུ་མེད་པའི་ངོ་བོར་གྱུར་པས་དེའི་ཕྱིར་འདུས་བའི་སྒྲའི་དོན་དུ་གསུངས་སོ། །དེ་ན་གཞན་ཡང་བྱིན་གྱིས་བརླབས་པའི་གསང་བའི་སྒྲ་བཤད་བར་བྱ་སྟེ་གང་ཡིན་ན། མདུན་དུ་སྨོས་པའི་ཚུལ་གྱི ་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་དམ་པ་ལྔའི་ངོ་བོ། །ཡིག་འབྲུ་ཧཱུཾ་ཡེ་ཤེས་སེམས་དཔའ་ཨི་བདག་ཉིད་མདུན་དུ་སྨོས་པའི་ཡོན་ཏན་དང་ལྡན་པ་དེ་ནི་བྱིན་གྱིས་བརླབས་པའི་གསང་བའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་བྱིན་གྱིས་བརླབས་བའི་འབུས ་པའི་དོན་བཤད་པར་བྱ?་སྟེ། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་རྒྱུད་བཀའ་སྩལ་པའི་ཕྱིར། མདུན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཞལ་ཡས་ཁང་གི་དབུས་སུ་ཉིད་ཀྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཨི་གནས་ནས་མི་བསྐྱོད་པ་ལ་སོགས ་པ་དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་པ་ཐམས་ཅད་དང། གཞན་ཡང་དེ་བཞིན་གཤེགས་པའི་ལྷ་མོ་ཐམས་ཅད་དང། གཞན་ཡང་ཁྲོ་བོའི་རྒྱལ་པོ་བཞི་ལ་སོགས་པ་བྱང་ཆུབ་སེམས་རྡོ་རྗེ་ཉིད་གྱིས་ཕྱུང་ནས་བྱིན་གྱིས་བརླབས་ཏེ། ཉིད་ཀྱི ་འཁོར་གྱི་ཚུལ་དུ་འདུས་པར་མཛད་པས་དེའི་ཕྱིར་བྱིན་གྱིས་བརླབས་པའི་འདུས་པའི་སྒྲའི་དོན་དུ་གསུངས་སོ། །དེ་ལྟར་མདོར་བསྡུས་པ། གསང་བ་འདུས་པ་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གཞན་ཡང་འཕགས་པ་རྡོ་རྗེ་རྣོན་པོའི་བཞེད་ཀྱིས་གསང་བ་འདུས ་པའི་དོན་འདིར་སྒྲ་དྲངས་ནས་བཤད་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་པའི་བླ་ན་མེད་པའི་ཤེས་རབ། རིག་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ངོ་བོ་དོན་དམ་པའི་ཚུལ་གྱིས་ཀུན་ལ་བྱམས་པའམ། འཇམ་དཔལ་གྱི་སྐུ་ཕྱག་རྒྱད་གནས་པ་དེ་ནི་གསང་བའི་ངོ་བོའི་སྒྲའི་དོན་དུ ་གསུངས་སོ། །དེ་ནས་འདུས་པའི་དོན་བཤད་པར་བྱ་སྟེ། མདུན་དུ་སྨོས་པའི་བླ་ན་མེད་པའི་ཤེས་རབ་དེར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ཐམས་ཅད་མཉམ་པར་འདུས་པར་མཛད་པས་དེའི་ཕྱིར་འདུས་པའི་སྒྲའི་དོན་དུ་གསུངས་སོ། །གཞན ་ཡང་སྡུན་པ་པོའི་ཚུལ་གྱིས་གསང་བ་འདུས་པའི་སྒྲ་བཤད་པར་བྱ་སྟེ། གསང་བ་ནི་སྡུད་པ་པོ་རྡོ་རྗེ་ཆོས་ཕྱག་ན་རྡོ་རྗེའི་སྐུ་ལ་གནས་པའི་བླ་ན་མེད་པའི་ཤེས་རབ། ཟབ་པ་ཆོས་ཐམས་ཅད་ཀྱི་དོན་ནི་བརྗེད་པའི་ངོ་བོ་དཔལ་རྡོ་རྗེ་སེམས་དཔས་ཡེ་ཤེས་ཀྱིས་བྱིན ་གྱིས་བརླབས་ནས། དེ་ནི་ལྷ་དང་མི?་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་མི་ཤེས་མི་མཐོང་བས་དེ་ལྟ་བུའི་ཤེས་རབ་བཤད་པ་དེ། སྡུད་པ་པོའི་གསང་བའི་ཚུལ་གྱིས་སྒྲའི་དོན་དུ་གསུངས་སོ། །དེ་ནས་འདུས་པའི་དོན་བཤད་པར་བྱ་སྟེ། དཔལ་རྡོ་རྗེ་སེམས ་དཔས?་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་འཁོར་གྱི་ནང་དུ་མགོ་འཇུག་གི་དོན་མ་ལུས་པར་བཤད་པ་དེ། ཐམས་ཅད་མི་བརྗེད་པ་སྐྱོན་མེད་པའི་ཚུལ་གྱིས་དཔལ་རྡོ་རྗེ་སེམས་དཔས་ཇི་ལྟར་བཀའ་སྩལ་པའི་རིམ་པ་དེ་བཞིན་དུ་རྡོ་རྗེ་ཆོས་ཕྱག་ན་རྡོ་རྗེས ་བཟུང་སྟེ། མདུན་དུ་སྨོས་བའི་ཚུལ་གྱི་གསང་བའི་ངོ་བོ་བླ་ན་མེད་པའི་ཤེས་རབ་ཀྱིས་གནས་དེར། རྒྱུད་ཀྱི་དོན་ཐམས་ཅད་མ་ནོར་བར་བསྡུ་བར་མཛད་པས་དེའི་ཕྱིར་སྡུད་པ་པོའི་ཚུལ་གྱི་འདུས་པའི་སྒྲའི་དོན་དུ་གསུངས་སོ། །གཞན ་ཡང་བསྡུས་པ་པོའི་བསྡུས་པའི་དོན་དགོས་ཆེད་ཅིའི་ཕྱིར་བཤད་ན། སྡུད་པ་པོ་དཔལ་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་ནས་བཀའ་སྩལ་པའི་གཉེར་གྱིས། དེའི་འོག་ཏུ་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཉོན་མོངས་པའི་རྒྱ་མཚོ ་ལས་དབྱུང་བའི་ཐབས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་བསྡུ་བར་མཛད་པས། དེའི་ཕྱིར་སྡུད་པ་པོའི་ཚུལ་གྱི་འདུས་པའི་སྒྲའི་དོན་དུ་ཤེས་པར་བྱའོ།། །།གཞན་ཡང་འཕགས་པ་བཟང་པོ་གསང་བས། གསང་བ་འདུས་པའི་དོན་བཤད་པ་འདིར ་སྒྲ་དྲངས་ནས་བཤད་པ། གསང་བ་ཞེས་པ་ནི། མདུན་དུ་བཤད་པའི་ཆོས་ཀྱི་སྐུ་དོན་དམ་པ་བྱང་ཆུབ་སེམས་གཉིས་སུ་མེད་པའི་ངོ་བོ་དེ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག ་རྒྱར་གྱུར་པ་དེ་ནི། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་སེམས་ཅན་ཉོན་མོངས་པའི་ཕུང་པོ་དང་ལྡན་པ་ཐམས་ཅད་ཀྱིས་གསང་བ་དེ་མི་མཐོང་བས་དེའི་ཕྱིར་གསང་བའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་འདུས་བའི་སྒྲ་བཤད་པར་བྱ་སྟེ། མདུན་དུ་སྨོས ་པའི་སྐུ་ཕུན་སུམ་ཚོགས་པ་དང་ལྡན་པའི་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་བྱང་ཆུབ་སེམས་རྡོ་རྗེ་དབྱུང་བའི་ཕྱིར་མདུན་དུ་ཤེས་པའི་ཤེས་རབ་མ་ལྷ་མོ་མཱ་མ་ཀཱི་བྱིན་གྱིས་བརླབས་ཏེ། དེ་དང་གཉིས་སུ་མེད་པའི་ཚུལ་གྱིས་ཐབས་དང་ཤེས་རབ་རོལ ་པ་མཛད་པའི་དུས་སུ། དབང་པོ་གཉིས་མཉམ་པར་སྦྱར་བའི་རོལ་པའི་དོན་དུ་དབང་པོ་གཉིས་གཅིག་དུ་འདུས་པས་དེའི་ཕྱིར་འདུས་པའི་སྒྲའི་དོན་དུ་གསུངས་སོ། །གཞན་ཡང་གསང་བ་འདུས་པའི་སྒྲ་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། དེ་བཞིན་གཤེགས་པ ་རྡོ་རྗེ་མི་བསྐྱོད་བའི་དོན་སྐུ་ཕྱག་རྒྱ་ལ་དོན་དམ་པ་བྱང་ཆུབ་སེམས་གནས་པ་དེ་ནི། སྐུ་ལ་བྱང་ཆུབ་སེམས་གནས་པས་གསང་བའི་ངོ་བོ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ཉོན་མོངས་པའི་ཕུང་པོ་ཅན་སྐལ་བ?་དང?་མི་ལྡན་པའི་སེམས་ཅན་ཐམས་ཅད་ཀྱིས་མི ་མཐོང་བས་དེའི་ཕྱིར་གསང་བའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་འདུས་པའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་མདུན་དུ་སྨོས་པའི་དོན་གྱི་བྱང་ཆུབ་སེམས་སྐུ་ལ་གནས་པ་ཐབས་དང་ཤེས་རབ་རོལ་པ་མཛད་ནས། ་མཱ་མ་ཀཱི་བྷ་གའི་དབུས་སུ་ཕབ་སྟེ། དེ་ཕབ་མ་ཐག་ཏུ་ཟླ་བའི་དཀྱིལ་འཁོར་ལྟ་བུ་འདུས་པར་མཛད་པས་དེ་ཕྱིར་འདུས་པའི་སྒྲའི་དོན་དུ་གསུངས་སོ། །མདུན་དུ་སྨོས་པའི་ཚུལ་ཇི་ལྟར་བཤད་པ་དེ་བཞིན་དུ་བྱང་ཆུབ་སེམས་རྡོ་རྗེ་ལ་ཡང་སྦྱར་རོ། །གཞན་ཡང་སྒྲུབ ་པ་པོས་སྒྲུབ་པ་ཆེན་པོ་བསྒྲུབ་པར་བྱ་བའི་དུས་སུ་གསང་བ་འདུས་པའི་དོན་བཤད་པ་དང་བསྒོམ་པ་བྱས་ནས་གྲུབ་པར་འགྱུར་ཏེ། དེ་ལྟར་གསང་བ་འདུས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གཞན་ཡང་གསང་བཱི་ལS་བྱུང་བའི་དོན་བཤད་པར་བྱ་སྟེ། མདུན་དུ་སྨོས་པའི ་གསང་བ་དོན་དམ་པའི་བྱང་ཆུབ་སེམས་ཆོས་ཀྱི་སྐུ་གཉིས་སུ་མེད་པའི་ངོ་བོའི་སྒྲའི་དོན་དུ་གསུངས་སོ། །ལས་བྱུང་བ་ཞེས་པ་ནི་སེམས་ཅན་མ་ལུས་པའི་དོན་དུ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱིས་ཆོས་ཀྱི་སྐུའི་གནས་ནས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད། ་པ་བྱད་བས་དེའི་ཕྱིར་ལས་བྱུང་བའི་སྒྲའི་དོན་དུ་གསུངས་སོ། །གཞན་ཡང་གསང་བ་ལས་བྱུང་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། གསང་བ་ཞེས་པ་ནི་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ལ་བྱང་ཆུབ་སེམས་གནས་པ་དེ། སེམས་ཅན་གང་གིས ་ཀྱང་མི་མཐོང་བས་དེའི་ཕྱིར་གསང་བའི?་སྒྲའི་དོན་དུ་གསུངས་སོ། །ལས་བྱུང་བ་ཞེས་པ་ནི། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས?་ཐབས་དང་ཤེས་རབ་རོལ་པ་མཛད་པའི་ཚུལ་གྱིས། མདུན་དུ་སྨོས་པའི་བྱང་ཆུབ་སེམས་སྐུ་ལ་གནས་པ་དེ། མཱ་མ ་ཀཱིའི་བྷ་གའི་དབུས་སུ་འོད་དུ་ཞུ་བར་མཛད་པ། མདུན་དུ་སྨོས་པའི་ཚུལ་གྱི་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པ་དེའི་དབུས་སུ། རྡོ་རྗེ་རིགས་ཀྱི་ས་བོན་ཡིག་འབྲུ་ཧཱུཾ་ཟླ་བ་འབུམ་ཕྲག་བརྒྱ་ཐམ་པ་དང་མཉམ་པ་གཟི་བརྗིད་ཀྱི་འོད་ཀྱི་ཕུང་པོ་འོད་དུ་ཞུ་ནས ་བྱང་ཆུབ་སེམས་དང་གཉིས་སུ་མེད་པར་ཐིམ་སྟེ། ས་བོན་གྱི་ངོ་བོ་དེ་ལས་བྱང་ཆུབ་སེམས་རྡོ་རྗེ་ཕྱུང་བར་མཛད་པས་དེའི་ཕྱིར་ལས་བྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་ལས་བྱུང་བའི་སྒྲ་བཤད་པར་བྱ་སྟེ། གསང་བ་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས ་རྡོ་རྗེའི་སྐུའི་གསང་བའི་ཐུགས་ཀའི་གནས་ནས་མདུན་དུ་སྨོས་པའི་ས་བོན་གྱི་ངོ་བོ་ཡིག་འབྲུ་ཧཱུཾ་ཡེ་ཤེས་སེམས་དཔའ་བརྟན་པ་མེ་མར་བཞིན་དུ་འོད་རབ་ཏུ་འབར་བ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ། །སོ་སོའི་རིགས་ཀྱི་ཁ་དོག་དང་ལྡན་པའི་ཡེ་ཤེས་ཀྱི་འོད་ཟེར་སྤྲིན་བཞིན ་དུ་འཕྲོ་བ་གསང་བའི་ངོ་བོ་དེ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ཉོན་མོངས་པའི་ཕུང་པོ་དང་ལྡན་པ་ཐམས་ཅད་གྱིས་མི་མཐོང་བས་དེའི་ཕྱིར་གསང་བའི་སྒྲར་གསུངས་སོ། །དེ་ནས་ལས་བྱུང་བ་ཞེས་པ་ནི། བྱང་ཆུབ་སེམས་རྡོ་རྗེས་ཐུགས་རྗེ་ཆེན་པོའི ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་པའི་སྐུ་ཕྱག་རྒྱ་རྡུལ་ཕྲ་མོ་དང་མཉམ་པ་སྤྲིན་བཞིན་དུ་མདུན་དུ་སྨོས་པའི་བྱང་ཆུབ་སེམས་རྡོ་རྗེའི་གསང་བའི་ཐུགས་ཀ་ན་ཡེ་ཤེས་སེམས་དཔའ་གནས ་པ་དེའི་དབུས་ནས་སྒྲོ་བར་མཛད་པས། སེམས་ཅན་ཐམས་ཅད་དག་པ་རྡོ་རྗེ་སེམས་དཔའ་ཨི་བདེ་བ་དང་ཡིད་བདེ་བ་ཐོབ་པར་བྱ་བའི་ཕྱིར་ཕྱུང་བས་དེའི་ཕྱིར་ལས་བྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་སྙིང་པོ་འདུས་པ་ཞེས་བྱ་བའི་སྒྲ་བཤད་པར ་བྱ་སྟེ། རྡོ་རྗེ་ནི?་ཡི་ཤེས་རྣམ་པ་ལྔ་གཉིས་སུ་མེད་པའི་ངོ་བོའོ། །སྙིང་པོ་འདུས་པ་ཞེས་པ་ནི། རིགས་རྣམ་པ་ལྔ་མི་བྱེད་པ་གཅིག་པའི་ངོ་བོ་རྡོ་རྗེ་རིགས་ཀྱི་ཡིག་འབྲུ་ཧཱུཾ་ཡེ་ཤེས་སེམས་དཔའ་ཨི་ངོ་བོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ ་སེམས་རྡོ་རྗེའི་ཐུགས་ཀར་གནས་པའོ། །དེའི་ཕྱིར་རྡོ་རྗེ་སྙིང་པོ་འདུས་པའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་དེ་ཁོ་ན་ཉིད་ཞེས་པ་ནི། སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པའི་ངོ་བོ་བྱང་ཆུབ་སེམས་དེ་ནི་དོན་དམ་པ་ཀུན་ལ་ཁྱབ་ནས་གནས་པའོ། །གཞན་ཡང་དོན་དམ ་བའི་བྱང་ཆུབ་སེམས་ཡེ་ཤེས་ཀྱི་ལྷ་ཐམས་ཅད་ཀྱི་སྙིང་པོ་འབྱུང་བའི་གནས་སོ། །གཞན་ཡང་འདུས་པའི་དུས་སུ་སྙིང་པོ་འདུ་བའི་གནས་སོ། །གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འབྱུང་བའི་ངོ་བོའོ། །གཞན་ཡང་བརྗོད་དུ་ཡོད་པ་དང་བརྗོད་དུ ་མེད་པའི་འཁོར་རྣམས་ཀྱི་འབྱུང་བའི་ས་བོན་གྱི་ངོ་བོ་ཡིན་ཏེ། དེ་ལྟར་དེ་ཁོ་ན་ཉིད་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །ཚུལ་དེ་ལྟར་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཞུ་བ་གསོལ་བ་དང། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱིས་ཞུས་པའི་དོན་གསན་ནས། དེའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སླར་ཐེ་ཚོམ་ཅན་གྱི་ལན་གྱི་ཚིག་བཀའ་སྩལ་པ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་ཀྱིས་སེམས་རྡོ་རྗེ་དེ་བཞིན་གཤེགས་པས། དེ་བཞིན་གཤེགས་པ ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལེགས་ནི་ལེགས་ན། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེ་ཚོམ་སྐྱེ་བར་བྱེད་པ་ཡིན་ན། བྱང་ཆུབ་སེམས་དཔའ་གཞན་རྣམས་ལྟ་སྨོས་ཀྱ་བཅི ་དགོས་ཞེས་བྱ་བའི་སྒྲུ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་བསྟོད་པའི་བྱ་བྲག་སྣ་ཚོགས་ཀྱིས་བསྟོད་པ་བྱས་ཏེ། བསྟོད་མ་ཐག་ཏུ་གསང་བ ་འདུས་བ་འབྱུང་བའི་དོན་ཆེད་དུ་སྟོན་པ་ལ་གསོལ་བ་བཏབ་ཏེ། གསོལ་བ་བཏབ་མ་ཐག་ཏུ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞུས་པའི་ལན་གྱི་ཟུར་སྟོན་པས་དེ་ནས་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་ཀྱི ་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཞེས་པ་ནི། མདུན་དུ་བཤད་པ་དང་མཐུན་པས་བདེ་སྟེ་བཤད་མི་དགོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་།མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །འདི ་བཀའ་སྩལ་ཏོ་ཞེས་པ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་འཁོར་གྱི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྙན་པའི་ཚིག་གསུངས་པས་ན་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཞེས་པ་ནི་མདུན་དུ་བཤད་པ་དང་མཐུན་ནོ།། ་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་འཁོར་གྱི་ངོ་བོ་ལ་གསུངས་སོ། །ལེགས་ནི་ལེགས་ནི་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམS་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྙན་པའི ་གསུང་གིས་དགའ་བར་མཛད་པའོ། །འདི་ནི་ཞེས་པ་ནི་རྟོག་པའི་ཚིག་ཐེ་ཚོམ་སྐྱེས་པའི་ཕྱིར་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པའི་ཚུལ་གྱི་དེ ་བཞིན་གཤེགས་པ་མ་ལུས་པ་ལ་གསུངས་སོ། །ཐེ་ཚོམ་སྐྱེ་བར་བྱེད་པ་ཞེས་པ་ནི་མདུན་དུ་སྤོས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསང་བ་འདུས་པའི་དོན་ཐེ་ཚམ་ཅན་དུ་གྱུར་པ། མི་ཤེས་པ་མི་རྟོགས་པ་མ་ཐོས་པ་སྣོད་དུ་མ་གྱུར ་པའི་ཕྱིར་གསུངས་སོ། །ཡིན་ན་ཞེས་པ་ནི་ངེས་པའི་དོན་བསྟན་པའོ། །ཚིག་གི་དོན་དེ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་བསམ་པའི་རྟོག་པ་བསྟན་ཏེ། མ་འོངས་པའི་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་དང། གཞན་ཡང་ཐེག་པ ་ཆེན་པོ་གསང་སྔགས་ཀྱི་ཆོས་ལ་དད་པ་ཁྱབ་པར་དུ་བསྐྱེད་པའི་ཚིག་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་དོན་དམ་པར་ཐེ་ཚོམ་སྐྱེ་བ་མ་ཡིན་ཏེ། མདུན་དུ་སྨོས་པ་དེ་བཞིན་གཤེགས་པ་ཐམས་ཅད་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་དང ་མི་ཕྱེད་པ་གཅིག་པའི་ངོ་བོ། ཉིད་ཀྱི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་སྤྲུལ་ཏེ། ཕྱུང་བར་མཛད་པས་མདོར་བསྡུས་ནས་ཡེ་ཤེས་སེམས་དཔའ་ཨི་ངོ་བོར་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་གཞན་རྣམས་ལྟ་ཅི་སྨོས་ཞེས་པ་ནི། མདུན་དུ་སྨོས་པའི ་ཚིག་གི་དོན་ལ་ལ་དོར་གྱི་ཡང་ལ་དོར་བའི་ཁྱད་པར་དུ་བསྟན་ཏེ། སེམས་ཅན་ཐམས་ཅད་གསང་སྔགས་ཀྱི་ཆོས་ཁྱད་པར་གྱི་དད་པ་བསྐྱེད་པའི་ཚིག་གི་དོན་དུ་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར་རྨད་དུ ་གྱུར་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉིད་ཡོན་ཏན་ཁྱད་པར་དུ་གྱུར་པ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ། དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་སྟོན་པར་མི་མཛད་པ་དེ་ཞེས་བྱ་བ་ནི། དེའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི་མདུན་དུ་བཤད་པའི་འོག་ནས་འབྱུང་བའི་དོན་གྱི་ཟུར་སྟོན་པའོ། །དེ་ནས་བཅོམ ་ལྡན་འདས་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་གསུངས་ཏེ། དེ་རྣམས་ལ་བཅོམ་ལྡན་འདས་ཀྱིས་སྒྲ་ནི། སྡུད་པ་པོ་རྡོ་རྗེ་ཆོས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡོན་ཏན་དང་ལྡན་པར་བསྟོད་པའི་ཞེ་སའི་ཚིག་གི་སྒྲའི་དོན་དུ་གསུངས ་སོ། །དེ་ཅིའི་ཕྱིར་ན་བཤད་པར་བྱ་སྟེ། ཡོན་ཏན་ནི་ཇི་ལྟར་དཔལ་རྡོ་རྗེ་སེམས་དཔས་ཕྱི་དང་ནང་དང་གསང་བའི་བྱེ་བྲག་གིས་བདུད་དཔུང་རྣམས་བཅོམ་པར་མཛད་པ་དེ་བཞིན་དུ་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས ་དཔའ་ཐམས་ཅད་ཀྱིས་བདུད་དཔུང་རྣམས་ཕམ་པར་བསྟན་ཏོ། །གཞན་ཡང་ཁྱད་པར་གྱི་དོན་གྱིས་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་རྣམས་གཅིག་ཏུ་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་ལ་མི་བྱེད་པའི་ངོ་བོར་གནས ་པས་སོ། །གཞན་ཡང་དེ་ལས་བྱུང་བས་དེའི་ཕྱིར་ཡོན་ཏན་གྱི་དོན་དུ་གསུངས་སོ། །དེ་ནས་བསྟོད་པའི་སྒྲ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྣ་ཚོགས་ཀྱི་བྱེ་བྲག་གིས་བདུད ་དཔུང་ཐམས་ཅད་བཅོམ་པར་བྱས་པ་དང་བྱེད་བའོ། །ཇི་ལྟར་རྡོ་རྗེ་སེམས་དཔས་མཛད་པ་དང་མཛད་པར་གྱུར་པའོ། །སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ཉོན་མོངས་པའི་རྒྱ་མཚོ་ལས་འབྱུང་བའི་ཕྱིར་གསུངས་ཏེ། དེའི་ཕྱིར་བསྟོད ་པའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་ཞེ་སའི་ཚིག་བྱས་པའི་སྒྲ་ནི་སྡུད་པ་པོ་རྡོ་རྗེ་ཆོས་ཕྱག་ན་རྡོ་རྗེ་འཁོར་གྱི་ངོ་བོ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བཅོམ་ལྡན་འདས་ཀྱི་སྒྲ་བརྗོད་པའོ། །བཅོམ་ལྡན་འདས་ཞེས་པ་ནི་བཀྲ་ཤིས ་པའི་ཚིག་སྟེ་དེ་བརྗོད་པས་བདུད་ཀྱི་བར་ཆད་ཀྱིས་མི་ཚུགས་པ་སྟེ། དེ་ལྟར་ཞེ་སའི་ཚིག་གི་སྒྲའི་དོན་དུ་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་མདུན་དུ་སྨོས་པའི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེཌ ་པ་ལྔ་བྱང་ཆུབ་སེམས་རྡོ་རྗེའི་གསང་བའི་ཐུགས་ཀ་ནས་ཕྱུང་སྟེ། བྱང་ཆུབ་སེམས་རྡོ་རྗེ་ལ་གསང་བ་འདུས་པ་བཤད་པའི་དོན་གྱི་ཕྱིར། གསོལ་བ་བཏབ་མཁན་དུ་གསུངས་སོ། །དེ་ནས་ངོ་མཚར་དུ་གྱུར་རྨད་དུ་གྱུར་ཞེས་པ་ནི། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་བདག་པོའི་ཞལ་ནས་ཟབ་མོའི་ཚིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཐོས་ནས་ཐོས་མ་ཐག་ཏུ་སེམས་ངོ་མཚར་དང་མོས་པའི་ཚུལ་དུ་གྱུར་ཏེ། དེའི་ཕྱིར་ངོ་མཚར་གྱི་དོན་དུ་གསུངས་སོ། །རྨད་དུ་གྱུར་ཏེ ་ཞེས་པ་ནི་དཔལ་གསང་བ་འདུས་པའི་རྒྱུད་གྱི་དོན་སེམས་ཅན་ཐམས་ཅད་གསར་བ་འདུས་པའི་རྒྱུད་ལ་སེམས་བརྟན་པས་དད་པ་ཆེན་པོའི་མོས་པ་བསྐྱེད་པའི་ཟུར་བསྟན་ཏེ་བཤད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར། རྨད ་དུ་གྱུར་པའི་ཚུལ་ནི། དཔལ་རྡོ་རྗེ་སེམས་དཔས་ཡེ་ཤེས་ཀྱིས་བྱིན་གྱིས་བརླབ་པར་མཛད་པས་སོ། །གཞན་ཡང་དོན་དམ་པར་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་སྐུ་ཕྱག་རྒྱ་མི་ཕྱེད་པའི་ངོ་བོར་གསུངས་ཏེ། ་སེམས་ཅན་ཐམས་ཅད་ཀྱིས་མི་ཤེས་པའི་དབང་གི་སེམས་ཀྱི་རྟོག་པའི་ཐེ་ཚོམ་མེད་པར་བྱ་བའི་ཕྱིར་ཆོས་ཟབ་མོ་རྟོགས་པ་དང། གོ་བའི་ཕྱིར་རྡོ་རྗེ་སེམས་དཔས་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང ་ཆུབ་སེམས་དཔའ་ཐམས་ཅད་ངོ་མཚར་དུ་གྱུར་རྨད་དུ་གྱུར་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་ཞེས་པ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཐེ་ཚོམ་གྱི་ཚིག་བསྐུལ་ཏོ།། ་དེ་ཇི་ལྟར་ཡིན་ན། བྱང་ཆུབ་སེམས་རྡོ་རྗེ་ཁྱོད་ཁམས་གསུམ་གྱི་སློབ་དཔོན་བདེན་པ་ངེས་པ། ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ཀྱིས་བདུད་འཇོམས་པ། སྒྲུབ་པ་པོའི་ལུས་ཀྱི་རྒྱུད་ལ་ཉོན་མོངས་པ་རྣམ་པ་ལྔ་གནས་པ་དེ་ཡེ་ཤེས་རྣམ་པ་ལྔས ་བྱིན་གྱིས་རློབ་པས་དེའི་ཕྱིར་ཡེ་ཤེས་ཀྱི་སྐུར་གསུངས་སོ། །གཞན་ཡང་ཁྱོད་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་རྡོ་རྗེ་ལོངས་སྤྱོད་རྣམ་པ་བཞི་དང་ལྡན་ཏེ། དོན་དམ་པའི་ལོངས་སྤྱོད་དང། ཡེ་ཤེས་ཀྱི་ཚུལ་གྱི་ལོངས ་སྤྱོད་དང། ཐུགས་རྗེའི་ངོ་བོའི་ལོངས་སྤྱོད་དང། གསང་བའི་ལོངས་སྤྱོད་དོ། །དེ་ལ་དོན་དམ་པའི་ལོངས་སྤྱོད་ནི། ཆོས་ཀྱི་སྐུའི་ངོ་བོ་ལྷ་མན་ཆད། སེམས་ཅན་ཐམས་ཅད་ཀྱི་ཇི་སྙེད་པའི་ལོངས་སྤྱོད་སྤྱོ་བ། བཟའ་བ་དང་བཏུད་བ་དང་གོས་དང། བཞོན་པ ་དང་རྒོད་པ་དང་སྒེག་པ་དང། གླུ་ལེན་པ་དང་གར་བྱེད་པ་དང། རྔ་བརྡུང་བ་དང། གཞན་ཡང་རྫས་ཡོད་པ་དང། ཡོད་པར་འགྱུར་བའི་འབྱོར་པ་ཕུན་སུམ་ཚོགས་པ་ཇི་སྙེད་པ་དེ་ནི། དོན་དམ་པའི་ལོངས་སྤྱོད་དུ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྐུས ་ཐམས་ཅད་ལ་ཁྱབ་ནས་གནས་པར་གསུངས་སོ། །གཞན་ཡང་འཕགས་པ་རྡོ་རྗེ་རྣོན་པོས་བཤད་པའི་སྒྲ་འདིར་དྲངས་ནས་བཤད་པ། ཁམས་གསུམ་གྱི་འཇིག་རྟེན་གྱི་གནས་ན་བདེ་བའི་ངོ་བོའི་རྫས་འབྱུང་བ་དེ་དག་ཐམས་ཅད་ཆོས ་ཀྱི་སྐུ་ལས་བྱུང། ཆོས་ཀྱི་སྐུས་ཁྱབ་པས་དེའི་ཕྱིར་དོན་དམ་པའི་ལོངས་སྤྱོད་དུ་གསུངས་སོ། །དེ་ནས་ཡེ་ཤེས་ཀྱི་ཚུལ་གྱི་ལོངས་སྤྱོད་བཤད་དེ། ཇི་ལྟར་ཡིན་ན། ཆོས་ཀྱི་སྐུའི་གནས་ནས། སྤྲུལ་པའི་སྐུ་ཡེ་ཤེས་སེམས་དཔའ་ཨི་ངོ་བོ་དེ་བཞིན་གཤེགས་པ ་རྡོ་རྗེ་མི་བསྐྱོད་པས་མདུན་དུ་སྨོས་པའི་ཚུལ་ཉིད་ཀྱི་སྐུ་ལས། ཡེ་ཤེས་ཀྱིས་ཆོ་འཕྲུལ་གྱི་སྤྲུལ་པ་བཀོད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྡུལ་ཕྲ་མོ་དང་མཉམ་པ་སྤྲོ་བར་མཛད་དེ། ནམ་མཁའ་ཨི་དབྱིངས་ཐམས་ཅད་སྤྲོ་བར་མཛད་དེ། དེས་ཁྱབ ་མ་ཐག་ཏུ་སེམས་ཅན་ཐམས་ཅད་ལ་རེག་པས་བྱིན་གྱིས་བརླབ་པར་མཛད་ནས་ཉིད་ཀྱི་སྐུ་ལ་གཉིས་སུ་མེད་པའི་ངོ་བོར་འདུས་པར་མཛད་དོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པས་འདོད་ཆགས་ཆེན་པོའི་ཚུལ་གྱི ་ཏིང་ངེ་འཛིན་གྱི་རོལ་པ་མཛད་དོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཉིད་ཉིད་ཀྱི་རིགས་ཀྱི་ལྷ་མོ་རྣམས་ཕྱུང་ངོ། །དེའི་འོག་ཏུ་རྡོ་རྗེ་མི་བསྐྱོད་པས་གཅིག་གི་ངོ་བོ་རྡོ་རྗེ་རིགས་ཀྱི་ལྷ་མོ་མཱ་མ་ཀཱིའི་སྐུ་ཕྱག་རྒྱ་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་བྱིན་གྱིས་བརླབས་ཏེ་རོལ་པ་མཛད་དོ། །དེའི་འོག་ཏུ་མི་བསྐྱོད་པས་མདུན་དུ་སྨོས་པའི་བྱང་ཆུབ་སེམས་ས་བོན་ཡིག་འབྲུ་ཧཱུཾ་གིས་བྱིན་གྱིས་བརླབས་པར་མཛད་དེ། བྱང་ཆུབ་སེམས་དང་གཉིས་སུ་མེད་པར་ཐིམ་པར་གྱུར ་པའི་ས་བོན་དེ་ལས་བྱང་ཆུབ་སེམས་རྡོ་རྗེ་ཕྱུང་ངོ། །དེ་ལྟར་ཐམས་ཅད་མདོར་བསྡུས་པ་ཡེ་ཤེས་ཀྱི་ལོངས་སྤྱོད་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཐུགས་རྗེའི་ལོངས་སྤྱོད་ཀྱི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། བྱང་ཆུབ་སེམས་རྡོ་རྗེ་མདུན་དུ ་སྨོས་པའི་དམ་ཚིག་གི་དཀྱིལ་འཁོར་གྱི་ངོ་བོ་མཱ་མ་ཀཱིའི་སྐུ་ཕྱག་རྒྱ་རྒྱུད་བཀའ་སྩལ་པའི་གནས་ཡེ་ཤེས་ཀྱི་གཞལ་ཡས་ཁང་གི་ངོ་བོ་བྱིན་གྱིས་བརླབས་དེའི་དབུས་སུ་བདེ་བ་ཆེན་པོའི་གདན་ལ་བཞུགས་ནས་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དེ། ཉིད་ཀྱི་ཐུགས ་ལ་གནས་པའི་ཡེ་ཤེས་སེམས་དཔའ་དེའི་གནས་ནས། ཇི་ལྟར་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྡུལ་ཕྲ་མོའི་ཚད་དང་མཉམ་པ་དེ་བཞིན་དུ། ནམ་མཁའ་ཨི་དབྱིངས་ཐམས་ཅད་དུ་སྤྲོས་ནས་ཁྱབ་སྟེ། ནམ་མཁའ་ཨི ་དབྱིངས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་ལ་རེག་པར་མཛད་ནས་བྱིན་གྱིས་བརླབས་ཏེ་ཉིད་ཀྱི་སྐུ་ལ་གཉིས་སུ་མེད་པའི་ངོ་བོར་ཐིམ་པར་མཛད་པས། རྡོ་རྗེ་སེམས་དཔའ་ཨི་བདེ་བ་དང་ཡིད་བདེ་བ་ཐོབ་པར་མཛད་པ་དག་ཐམས་ཅད་མདོར་བསྡུས ་པ་ཐུགས་རྗེའི་ལོངས་སྤྱོད་ཀྱི་སྒྲའི་དོན་དུ་གསུངས་སོ། །དེ་ནས་གསང་བའི་ལོངས་སྤྱོད་ཀྱི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། བྱང་ཆུབ་སེམས་རྡོ་རྗེའི་སྐུ་ལ་གཉིས་སུ་མེད་པའི་ཚུལ་དུ་དབང་པོ་གཉིས་མཉམ་པར་སྦྱོར་བས་འཁྱུད་པར་གནས་པ ་རིག་པ་ཆེན་མོའི་ལྷ་མོ་མཱ་མ་ཀཱི་སྐུ་ཕྱག་རྒྱའི་གནས་ལྔར་བྱང་ཆུབ་སེམས་རྡོ་རྗེས་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་རྣམ་པ་ལྔའི་ས་བོན་གྱི་ཡིག་འབྲུ་རྣམ་པ་ལྔས་བྱིན་གྱིས་བརླབས་ཏེ། དེའི་འོག་ཏུ་ཐབས་དང་ཤེས་རབ་རོལ་པ་མཛད་པ་དེའི་དུས ་སུ་སྣ་ཚོགས་ཀྱི་བྱེ་བྲག་གི་ཡེ་ཤེས་ཀྱི་སྤྲོ་བར་མཛད་པའོ། །དེ་ལྟར་ཐམས་ཅད་མདོར་བསྡུས་པ་གསང་བའི་སྤྱོད་པའི་ལོངས་སྤྱོད་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ལྟར་ཡོན་ཏན་དང་ལྡན་པའི་བྱང་ཆུབ་སེམས་རྡོ་རྗེ་ཁྱོད། མངོན་པར་ཤེས་པ་ལྔ་དང ་ལྡན་པ། ཕྱི་དང་ནང་གི་ཚུལ་གྱི་རིག་པ་ཐམས་ཅད་མཐར་ཕྱིན་པ། རང་བཞིན་གྱིས་མཁྱེན་པ། བླ་ན་མེད་པའི་ཤེས་རབ་ཀྱི་སྙིང་པོའི་གནས། གཞན་ཡང་ཕ་རོལ་གྱི་སེམས་ཀྱི་རྒྱུད་རབ་ཏུ་མཁྱེན་པ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ། བདག་པོ་ཁྱོད་སེམས་ཅན ་གྱི་ཕྱིན་ཅི་ལོག་གི་སེམས་ཀྱི་མ་རིག་པའི་དྲ་པ་གཅོད་པ། གཞན་ཡང་ཐེག་པ་ཆེན་པོའི་གསང་པའི་ཆོས་རྣམས་མི་ཤེས་པའི་བློ་དང་ལྡན་པ་རྣམས་ཀྱི་མི་ཤེས་པའི་རྟོཌ་པའི་ཐེ་ཚོམ་གཅོད་པ་དང་མེད་པར་མཛད་པ། ཁྱོད་མ་རྟོགས་པ ་གཞན་ཁྱད་པར་གྱི་སྟོན་པ་བཙལ་གྱིས་མི་རྙེད་པའི་ཐེ་ཚོམ་གཅོད་པའོ། །དེ་ལྟར་ཐེ་ཚོམ་ཐམས་ཅད་གཅོད་པ་པོའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཞེས་བ་ནི། མདུན་དུ་བཤད་པ་དང་འདིར་མཐུན་པར་སྦྱར་རོ། །དེ་ནས་དེ་བཞིན་གཤེཌ ་པ་ཐམས་ཅད་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱའོ། །བདག་པོ་ཞེས་པ་ནི་བྱང་ཆུབ་སེམས་རྡོ་རྗེ་ནི། དེ་བཞིན་གཤེགས་པ་ལྔ་ལ་སོགས་པ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པའི་དེ་བཞིན་གཤེགས་པ ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མགོན་པོ་རྒྱལ་པོར་གསུངས་ཏེ་བཤད་པར་བྱའོ། །འབྱུང་བ་དང་བསྡུ་པའི་གནས་ཡིན་པས་དེའི་ཕྱིར་བདག་པོའི་སྒྲའི་དོན་དུ་གསུངས་སོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས ་པ་སྤྲུལ་པའི་སྐུ་ཇི་སྙེད་ཐམས་ཅད་སྤྲུལ་པར་མཛད་མཁན་ཡིན་པས་དེའི་ཕྱིར་བདག་པོའི་སྒྲའི་དོན་དུ་གསུངས་སོ། །གཞན་ཡང་སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་བདུད་དགྲའི་འཇིགས་པ་ཐམས་ཅད་མེད་པར་མཛད་པས་དེའི་ཕྱིར ་མགོན་པོའི་སྒྲའི་དོན་དུ་གསུངས་སོ། །གཞན་ཡང་དཀྱིལ་འཁོར་གྱི་དབུས་ན་བཞུགས་ཏེ། སྤྲོ་བ་དང་བསྡུ་བའི་ཡེ་ཤེས་ཀྱི་སྒྱུ་མའི་ལས་ཐམས་ཅད་སྒྲུབ་པ་པོ་ལ་གྲུབ་པར་མཛད་པས་དེའི་ཕྱིར་རྒྱལ་པོའི་དོན་དུ་གསུངས་སོ། །དེ་ནས་འདི་སྐད་ཅེས་གསོལ ་ཏོ་ཞེས་པ་ནི། མདུན་དུ་སྨོས་པའི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །དེ་ཅིའི་ཕྱིར་ན་མདུན་དུ་སྨོས་པའི་བྱང་ཆུབ་སེམས་རྡོ་རྗེས་ཤིན་ཏུ་ཟབ་པའི་ཚིག་གི་དོན་དེ ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། གསང་བ་འདུས་པའི་དོན་མི་སྟོན་པར་གསུངས་སོ། །དེ་ལྟར་ཚིག་ཟབ་མོའི་ལན་ཐེ་ཚོམ་གཅད་པའི་ཕྱིར་གསུངས?་།བཅོམ་ལྡན་འདས་ཉིད་ཞེས་པ་ནི་བྱང་ཆུབ་སེམས་རྡོ་རྗེ་ལ་གསུངས་སོ།། ་ཡོན་ཏན་ཁྱད་པར་དུ་གྱུར་པ་ཡང་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ་འཁོར་ཕུན་སུམ་ཚོགས་པ་མ་ལུས་པའི་ཆ་ལུགས་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་དོན་དུ་གསུངས་སོ། །ཁྱད་པར་གྱི་དོན་གྱི་ཡོན་ཏན་ནི་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་ཀྱི་སྐུ་ཕྱག་རྒྱའི་གཟུགས་ཀྱི་ངོ་བོ་ལས་ཡེ་ཤེས་ཀྱི་འོད་ཟེར་རྣམས་དང། དེ་བཞིན་དུ་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་སྤྲིན་བཞིན་དུ་སོ་སོར་སྤྲོས་པ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པའི་བྱང་ཆུབ་སེམས་རྡོ་རྗེའི་འཁོར་གྱི་ཚུལ ་དུ་གནས་པར་གསུངས་ཏེ། ཚུལ་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཡོན་ཏན་ཁྱད་པར་གྱི་འཁོར་གྱི་སྒྲའི་དོན་དུ་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ་ཞེས་པ་ནི། མདུན་དུ་སྨོས་པའི་ཡོན་ཏན་དང་ལྡན་པའི་འཁོར ་གྱི་ནང་དུ་མངོན་དུ་བྱང་ཆུབ་སེམས་རྡོ་རྗེས་ཤིན་ཏུ་ཐེ་ཚོམ་སྐྱེས་པའི་ཚིག་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན ་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་སྐུ་དང་གསུང་དང་ཐུགས་ཞེས་པ་ནི། དཔལ་རྡོ་རྗེ་སེམས་པའི་སྐུ་མདོག་ཨིནདཱ་ནཱི་ལ་འདྲ་བ། ཞལ་གསུམ་པ་ཅུང་ཟད་འཛུམ་པར་ཕྱག་དྲུག་པ་ཕྱག་མཚན་དྲུག་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྐུ་བརྒྱན་པ། ཉིད་ཀྱིས ་རིགས་ཀྱི་བྱེ་བྲག་དང་གཉིས་སུ་མེད་པར་ལྡན་པར་གསུངས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་དང། གཞན་ཡང་དཀྱིལ་འཁོར་གྱི་ལྷ་རྣམས་སོ་སོའི་སྐུའི་བྱེ་བྲག་གི་ཆ་ལུགས་ཕུན་སུམ་ཚོགས་པར ་གསུངས་སྟེ། དེ་ལྟར་སྐུའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསུང་ཞེས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ཨི་གསུང་ནི་ཚངས་པའི་དབྱངས་ཏེ། དེ་ནི་སྙན་པ་དང་ཟབ་པ་དང་ཀུན་ལ་ཁྱབ་པ་དང། མ་བརླབས་པར་ཕྱི་ནང་གི་རིག་པ་ཐམས་ཅད་ཀྱི་བྱེ ་བྲག་མཁྱེན་པ། བླ་ན་མེད་པའི་ཤེས་རབ་དང་ལྡན་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་དང། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་དོན་དམ་པ་གསུང་ཕུན་སུམ་ཚོགས་པར་གསུངས་ཏེ། དེའི་ཕྱིར་གསུང་གི་སྒྲའི ་དོན་དུ་ཤེས་པར་བྱའོ། །དེ་ནས་ཐུགས་ཞེས་པ་ནི་སྟོང་པ་དང། དངོས་པོ་མེད་པ་ལས་ཐམས་ཅད་ཀྱི་སྐབས་སུ་ཆོ་འཕྲུལ་གྱི་སྤྲུལ་པ་ལ་སོགས་པ་འབྱུང་བ་དང་བསྡུ་བའི་གནས་སུ་གསུངས་ཏེ། དེའི་ཕྱིར་ཐུགས་ཀྱི་དོན་དུ་གསུངས་སོ། །དེ་ནས་གསང་བ་ཞེས་པ་ནི ་རྣམ་པ་གསུམ་སྟེ། སྐུའི་གསང་བ་དང་གསུང་གི་གསང་བ་ཐུགས་ཀྱི་གསང་བའོ། །སོ་སོར་བཤད་པར་བྱ་སྟེ། སྐུའི་གསང་བ་ཅི་དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུ་ལ་བྱང་ཆུབ་སེམས་?་ན་གནས་པར་གསུངས་ཏེ། དེ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་ཏེ། ་སེམས་ཅན་གང་གིས་ཀྱང་མི་མཐོང་བས་དེའི་ཕྱིར་སྐུའི་གསང་བར་གསུངས་སོ། །དེ་ནས་གསུང་གི་གསང་བར་ནི། དཔལ་རྡོ་རྗེ་སེམས་དཔའ་ཨི་བླ་ན་མེད་པའི་ཤེས་རབ་ཕྱི་དང་ནང། རོལ་པ་ཐམས་ཅད་ཀྱི་སྙིང་པོའི་ངོ་བོ་དེ་ལས་བྱུང་བ། ཐུགས་རྗེ་ཆེན་པོས ་སེམས་ཅན་མ་ལུས་པའི་དོན་དུ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་དེ་གསུངས་པ་མདུན་དུ་སྨོས་པའི་ཚུལ་དུ་གང་གིས་ཀྱང་མི་མཐོད་བས་དེའི་ཕྱིར་གསུང་གི་སྒྲའི་དོན་དུ་གསུངས་སོ། །དེ་ནས་ཐུགས་ཀྱི་གསང་བ་ནི། དཔལ་རྡོ་རྗེ་སེམས་དཔའ་ཨི་སྐུའི ་གསང་བའི་ཐུགས་ཀའི་གནས་སེམས་ཀྱི་ནམ་མཁའ་ཨི་དབྱིངས་ཀྱི་དབུས་ན་མདུན་དུ་སྨོས་པའི་ཚུལ་གྱི་ཡིག་འབྲུ་ཧཱུཾ་གི་ངོ་བོ་ཡེ་ཤེས་སེམས་དཔའ་མེ་མར་ལྟ་བུ་བརྟན་པ་རབ་ཏུ་འབར་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྣ་ཚོགས་ཀྱི་བྱེ་བྲག་གི་ཆོ་འཕྲུལ ་ཀྱི་སྤྲུལ་པ་ཐམས་ཅད་སྤྲོ་བ་དང་བསྡུ་བའི་སྙིང་པོའི་ངོ་བོ་དེ། མདུན་དུ་སྨོས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱིས་མི་མཐོང་བས་གསང་བ་སྟེ། དེའི་ཕྱིར་ཐུགས་ཀྱི་གསང་བའི་དོན་དུ་གསུངས་སོ། །དེ་ལྟར་མངོར་བསྡུས་པ་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའི ་དོན་དུ་ཤེས་པར་བྱའོ། །དེ་ནས་སྟོན་པར་མི་མཛད་པ་ཞེས་པ་ནི། སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐེ་ཚོམ་སྐྱེ་བའི་ཚིག་གི་ལན་བཤད་པར་བསྐུལ་བའི་ཕྱིར་གསུངས་སོ། །དེ་བས་བཅོམ་ལྡན་འདས་ཀྱིས་དེ་བཞིན ་གཤེགས་པ་ཐམས་ཅད་བྱིན་གྱིས་བརླབས་པར་མཛད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་འབྱུང་བའི་ཚིག་གིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་མྱོང་བར་བགྱི་བ་ནས། ཇི་སྙེད་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བགྱི་པའི་བར་དུ་བསྟན་དུ་གསོལ་ཞེས་བྱ་བ་ནི་དེའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་བས་ཞེས་པ་ནི། བྱང་ཆུབ་སེམས་རྡོ་རྗེ་ལ་ཐེ་ཚོམ་གྱི་ལན་གྱི་ཚིག་བསྐུལ་བ་བཤད་པའི་ཕྱིར་ལན་མི ་གསུང་བས་བསྐུལ་བའི་ཚིག་བཀའ་སྩལ་པའི་ཕྱིར། ལན་མི་གསུང་བ་བཤད་པར་མཛད་པའི་དོན་དུ་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་བྱ་སྟེ། མདུན་དུ་བཤད་པའི་དོན་དང་འདིར་སྦྱར་རོ། །དེ་ནས་དེ་བཞིན ་གཤེགས་པ་ཐམས་ཅད་ཞེས་པ་ནི་མདུན་དུ་སྨོས་པའི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་ལ་བྱའོ། །དེ་ནས་བྱིན་གྱིས་བརླབ་པར་མཛད་དེ་ཞེས་པ་ནི། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ལྔ་རྣམས་བྱང་ཆུབ་སེམས་རྡོ་རྗེའི་སྐུ་ལ་གཉིས་སུ ་མེད་པ་ཕུང་པོ་རྣམ་པ་ལྔའི་ངོ་བོར་གནས་སོ། །གཞན་ཡང་བྱང་ཆུབ་སེམས་རྡོ་རྗེའི་གསང་བའི་ཐུགས་ཀའི་གནས་ནས་ཡེ་ཤེས་སེམས་དཔའ་གནས་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་དེ་རྣམས་ཀྱིས། ཡེ་ཤེས ་རྣམ་པ་ལྔས་འཁོར་གྱི་ངོ་བོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བདག་ཅག་ཐམས་ཅད་ལ་བྱིན་གྱིས་བརླབ་པར་མཛད་དེ། ཚུལ་དེ་ལྟར་བྱིན་གྱིས་བརླབ་པར་མཛད་དེ་ཞེས་པའི་དོན་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས ་པ་ནི། མདུན་དུ་སྨོས་པའི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་རྡོ་རྗེ་དམ་ཆོག་ཞེས་པ་ནི། དོན་དམ་པའི་ཚུལ་ཀྱི་བྱང་ཆུབ་སེམས་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པ་སྟོང་པ་དངོས་པོ་མེད་པ། ཐམས་ཅད་ལ་ཁྱབ་པ་མི ་ཟད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བ་དང་བསྡུ་བའི་སྙིང་པོའི་གནས་སུ་གསུངས་སོ། །གཞན་ཡང་བྱེ་བྲག་དུ་རྡོ་རྗེ་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསུམ་མི་ཕྱེད་པ་གོང་བུ་ལྟ་བུའི་ངོ་བོ་ཡེ་ཤེས ་སེམས་དཔའ་ཨི་བདག་ཉིད་དུ་གསུངས་སོ། །ཚུལ་དེ་ལྟར་རྡོ་རྗེའི་དོན་དུ་ཤེས་པར་བྱའོ། །དེ་ནས་དམ་ཚིག་ཞེས་པ་བྱེ་བྲག་རྣམ་པ་གསུམ་དུ་དབྱེ་སྟེ། དོན་དམ་པའི་བྱེ་བྲག་དང། ཡེ་ཤེས་ཀྱི་བྱེ་བྲག་དང། གསང་བའི་བྱེ་བྲག་གོ། དེ་ལ་དོན་དམ་པའི་སྒྲ་ནི ་བྱང་ཆུབ་སེམས་ཆོས་ཀྱི་སྐུའི་ངོ་བོ་དེ་ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པར་གནས་ཏེ། དེ་ལྟར་དོན་དམ་པའི་དམ་ཚིག་དུ་གསུངས་སོ། །དེ་ནས་ཡེ་ཤེས་ཀྱི་བྱེ་བྲག་གི་དམ་ཚིག་ནི། རྡོ་རྗེ་མི་བསྐྱོད་པ་ཉིད་ཀྱི་རིགས་ཀྱི་ལྷ་མོ་མཱ་མ་ཀཱི་གཉིས་སུ་མེད ་པའི་ངོ་བོ་སྤྲུལ་པའི་སྐུ་ཡེ་ཤེས་སེམས་དཔའ་ཨི་གཟུགས་དེ་འཁྱུད་པའི་ཚུལ་དུ་གནས་པའོ། །དེ་ལྟར་ཡེ་ཤེས་ཀྱི་བྱེ་བྲག་གི་དམ་ཚིག་གི་དོན་དུ་གསུངས་སོ། །དེ་ནས་གསང་བའི་དམ་ཚིག་གི་སྒྲ་ནི། མི་བསྐྱོད་པ་རྡོ་རྗེ་འམ། བྱང་ཆུབ་སེམས་རྡོ་རྗེ་ཉིད ་ཀྱི་རིགས་ཀྱི་ལྷ་མོ་མཱ་མ་ཀཱི་གཉིས་སུ་མེད་པའི་ངོ་བོ་དེ་དང་ལྡན་པར་ཐབས་དང་ཤེས་རབ་ཀྱི་རོལ་པའི་དུས་སུ་བདེ་བར་གྱུར་པའི་འོག་ཏུ་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ནས་གནས་པ་སྟེ། དེ་ལྟར་གསང་བའི་བྱེ་བྲག་གི་དམ་ཚིག་གི་སྒྲར ་གསུངས་སོ། །དེ་ནས་འབྱུང་བའི་ཚིག་ཞེས་པ་ནི། བྱུང་བ་དང་འབྱུང་བར་མཛད་པ་དང་འབྱུང་བར་འགྱུར་བའོ། །བཤད་པར་བྱ་སྟེ། བྱུང་ཞེས་པ་ནི་མདུན་དུ་སྨོས་པ་ཐོག་མ་མེད་པའི་དུས་སུ་ཐུགས་རྗེ་ཆེན་པོ་སེམས་ཅན་མ་ལུས་པའི་དོན་དུ་ཐེག་པ་ཆེན་པོ་གསང ་བའི་རྒྱུད་བཀའ་སྩལ་པའི་དུས་སུ་བྱུང་བའི་སྔགས་དང་སྔགས་ཀྱི་སྐུ་རྣམས་ཏེ། ཚུལ་དེ་ལྟར་བྱུང་བའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་འབྱུང་བར་མཛད་པ་ནི། མདུན་དུ་སྨོས་པ་དེའི་དུས་སུ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་བྱུང་བར་མཛད་དེ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ ་བཅད་པའི་ཕྱིར་ཉིད་ཀྱི་འཁོར་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་སྣོད་དུ་རུང་བར་བྱ་བའི་ཕྱིར་བྱུང་བས་འབྱུང་བར་མཛད་པའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་འབྱུང་བར་འགྱུར་བ་ཞེས་པ་ནི། འདས་པ་དང་ད་ལྟའི་དུས་སུ་བྱུང་བའི་དོན་དེ་བཞིན་དུ ་མ་འོངས་པའི་དུས་སུ་ཡང་འབྱུང་བར་གསུངས་སོ། །དེའི་དོན་གསལ་བར་བཤད་པར་བྱ་སྟེ། སྔགས་དང་སྔགས་ཀྱི་སྐུ་རྣམས་འབྱུང་བའི་ཚིག་གི་མིང་དེ་འབྱུང་སྟེ། དེའི་ཕྱིར་སེམས་ཅན་ཐམས་ཅད་གཏི་མུག་ལས་བསྐྱེད་པ་མ་རིག་པའི་དྲ་བ་རྣམ་པར་རྟོག་པ་མ ་ངེས་པའི་སེམས་ཀྱིས་ཐེ་ཚོམ་སྐྱེས་པ་དེ་མེད་པར་བྱ་བའི་ཕྱིར་དང། གཞན་ཡང་ཐེག་པ་ཆེན་པོ་གསང་སྔགས་གི་ཆོས་ལ་དད་པ་བསྐྱེད་པའི་ཕྱིར་བདག་ཅག་འཁོར་གྱི་ངོ་བོ་དེ་བཞིན་གཤེགས་པ་རྣམས་དམ་ཚིག་འབྱུང་བའི་ངོ་བོ། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་སྔགས་དང། གཞན་ཡང་སྔགས་ཀྱི་སྐུ་རྣམས་ཀྱིས་བྱིན་གྱིས་བརླབ་པར་མཛད། དབང་བསྐུར་མཛད། བསོད་ནམས་ཀྱི་སྐལ་བ་དང་ལྡན་པ་སྣོད་དང་ལྡན་པར་མཛད་དོ། །གཞན་ཡང་འབྱུང་བའི་དོན་གསལ་བར་བསྟན་པར་བྱ་སྟེ། དང་པོ་ཆོས་ཀྱི་སྐུ་ཆོས་ཀྱི ་དབྱིངས་དང་གཉིས་སུ་མེད་པའི་ངོ་བོའི་གནས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཐུགས་རྗེ་ཆེན་པོས་ཡེ་ཤེས་སེམས་དཔའ་ཨི་ངོ་བོ་སྤྲུལ་པའི་སྐུ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་སྔགས་དང་གཉིས་སུ་མེད་པའི་ངོ་བོ་སྔགས་རྣམས་དང། དེ་བཞིན ་གཤེགས་པ་རྣམ་པ་ལྔ་དང། ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ས་བོན་ཡིག་འབྲུ་ཧཱུཾ་གཉིས་སུ་མེད་པའི་བདག་ཉིད་ལས་དེ་བཞིན་གཤེགས་པ་ཐམས་ཅད་དང་གཉིས་སུ་མེད་པ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱའི་ངོ་བོ་བྱུང་ངོ། ་དེ་ལྟར་དོན་དམ་པའི་ཚུལ་གྱིས་བྱུང་བའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཚུལ་གྱིས་འབྱུང་བ་ནི། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ལ་མདུན་དུ་སྨོས་པའི་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་འབྱུང་བར་སྤྲུལ་པར་མཛད་པ་མདུན་དུ་སྨོས་པའི་དོན་གྱིས་ཐམས་ཅད་གཅིག་ཏུ་འདུས་པ། སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་ཐུགས་ཀ་གཉིས་སུ་མེད་པའི་ངོ་བོ་ཡེ་ཤེས་རྣམ་པ་ལྔ་དང་གཉིས་སུ་མེད ་པའི་མདུན་དུ་སྨོས་པའི་ཧཱུཾ་དང་གཉིས་སུ་མེད་པ་ཡེ་ཤེས་སེམས་དཔའ་དེའི་གནས་ན་བཞུགས་པ་དེའི་ཕྱིར་འབྱུང་བར་མིང་བཏགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཁྱོད་ཀྱིས་མདུན་དུ་སྨོས་པའི་དོན་གྱི་ཕྱིར ་བདག་ཅག་འཁོར་གྱི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་གྱིས་བརླབས་མཛོད། དབང་བསྐུར་མཛོད་རྒྱུད་ཐོས་པའི་སྣོད་དུ་རུང་བར་མཛོད་ཅིག་པའོ། །དེ་ལྟར་ཡེ་ཤེས་ཀྱི་ཚུལ་གྱི་འབྱུང་བའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་ཚུལ ་གྱི་འབྱུང་བ་ཞེས་པ་ནི། བྱང་ཆུབ་སེམས་རྡོ་རྗེ་མ་མ་ཀཱི་དང་ལྡན་པར་གཉིས་སུ་མེད་པའི་ཐབས་དང་ཤེས་རབ་རོལ་པས་བྱང་ཆུབ་སེམས་འབྱུང་བ་མདུན་དུ་སྨོས་པའི་དོན་དཀར་བཟླ་བའི་དཀྱིལ་འཁོར་ལྟ་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ ་ཤེས་ཀྱི་ས་བོན་ཡིག་འབྲུ?་རྣམས་གཅིག་པའི་ངོ་བོ་ཡིག་འབྲུ་ཧཱུཾ་།དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འབྱུང་བའི་སྙིང་པོའི་གནས་ཏེ། ཟླ་བའི་དཀྱིལ་འཁོར་ལྟ་བུའི་བྱང་ཆུབ་སེམས་ལ་ཐིམ་པར་གྱུར་ནས་གཅིག་པའི་ངོ་བོ་བྷ་ག་ལ་བཞགས་པ། ་དམ་ཚིག་ཆེན་པོ་རྫས་ཀྱི་དམ་ཚིག་ལས་བྱུང་བའི། དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་གཉིས་སུ་མེད་པའི་ངོ་བོ་མདུན་དུ་སྨོས་པ་དོན་གྱི་ཕྱིར་བདག་ཅག་འཁོར་གྱི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་གྱིས་པདམོ? ་པར་མཛོད། དབང་བསྐུར་བར་མཛོད། རྒྱུད་ཐོས་པའི་སྣོད་དུ་རུང་བར་མཛོད་ཞེས་པའོ། །དེ་ལྟར་གསང་བའི་འབྱུང་བའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་མྱོང་བར་བགྱི་བ་ནས་ཞེས་པ་ནི། མདུན་དུ་སྨོས་པ ་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་ཆེད་དུ་སྨོས་པ་དེ་བཞིན་གཤེགས་པ་ལྔ་ལ་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲའི་དོན་དུ་གསུངས་སོ། །ཀྱི་ཞེས་པ་ནི་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྲས་བུ་ཐམ་ཅད ་ཐོབ?་པར་སྟོན་པའོ། །དེ་ནས་བདེ་བ་དང་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་གཅིག་པའི་ངོ་བོར་གྱུར་པ་བདེ་བའི་ངོ་བོར་གསུངས་སོ། །དེ་ནས་ཡིད་བདེ་བ་ཞེས་པ་ནི་དུས་རྟག་ཏུ་སེམས་ཅན་གྱི་དོན་མཛད་པ་མཐར་ཕྱིན་པ་ཡིད་བདེ་བའི་སྒྲར་གསུངས་སོ། །གཞན ་ཡང་བདེ་བ་དང་ཡིད་བདེ་བའི་དོན་རྣམ་པ་གསུམ་དུ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ཆོས་ཀྱི་སྐུའི་བྱེ་བྲག་དང། སྤྲུལ་པའི་སྐུའི་བྱེ་བྲག་དང། ལོངས་སྤྱོད་རྫོགས་པའི་སྐུའི་བྱེ་བྲག་གོ། དེ་ལ་ཆོས་ཀྱི་སྐུ་དངོས་པོ་ཡོད་པ་དང་དངོས་པོ་མེད་པའི་རྣམ་པར་རྟོག ་པ་དང་བྲལ་བ། སྤོང་བ་དངོས་པོ་མེད་པ་རྣམ་པར་དག་པ། ཐོག་མ་མེད་པའི་དུས་ནས་སྡུག་བསྔལ་དང་ཉོན་མོངས་པ་རྣམ་པ་ལྔ་ལ་སོགས་པ་དགྲ་ཐམས་ཅད་མེད་པར་མཛད། ཕམ་པར་མཛད་པའོ། །དེའི་འོག་ཏུ་བདེ་བ་ཐམས་ཅད་ཐོབ་པར་གྱུར་པར ་གསུངས་སོ། །ཚུལ་དེ་ལྟར་བདེ་བར་གྱུར་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཡིད་བདེ་བ་ནི་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་སྦྲུལ་པའི་སྐུ་ཡེ་ཤེས་སེམས་དཔའ་ཨི་གཟུགས། དེ་བཞིན་གཤེགས་པ་རྡོ་རྗེ་མི་ ་བསྐྱོད་པ་བྱུང་སྟེ། བྱུང་མ་ཐག་ཏུ་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པའི་ཚུལ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲུལ་ཏེ་སྤྲོ་བར་མཛད་དོ། །སྤྲོས་མ་ཐག་ཏུ ་སེམས་ཅན་ཐམས་ཅད་བྱིན་གྱིས་རློབ་པར་མཛད་པས་ཡིད་བདེ་བ་ཐོབ་པར་འགྱུར་ཏེ། ཚུལ་དེ་ལྟར་ཡིད་བདེ་བ་སྒྲའི་དོན་ཤེས་པར་བྱའོ། །དེ་ནས་སྤྲུལ་པའི་སྐུའི་ངོ་བོའི་བདེ་བ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། རྡོ་རྗེ་མི་བསྐྱེད་པ་ལ་རྣམ་པར ་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཉེས་པར་བྱ་བའི་ཕྱིར། ཉིད་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གི་ཡེ་ཤེས་ཀྱི་ལྷ་མོ་སངས་རྒྱས་སྤྱན་ལ་སོགས་པ་རྣམས་ཉིད་ཉིད་ཀྱི་སྐུ་ལས་སྤྲུལ་ནས་བྱུང་བར་མཛད་དེ། གྱུར་མ་ཐག་ཏུ ་ལྷ་མོ་ཨཱ་མ་ཀཱིའི་སྐུ་ཕྱག་རྒྱར་གཅིག་པའི་ངོ་བོར་གྱུར་ཏོ། །དེ་གྱུར་མ་ཐག་ཏུ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་ཐུགས་དགྱེས་པ་ཆེན་པོས་ལྷ་མོ་མཱ་མ་ཀཱི་ལེགས་པར་འཁྱུད་ནས་ཙུམ་པ་ན་མཛད་དེ། དེའི་འོག་ཏུ་དགྱེས་པར་ཐབས་དང་ཤེས ་རབ་ཀྱི་རོལ་པ་མཛད་པར་གསུངས་སོ། །ཚུལ་དེ་ལྟར་སྤྲུལ་པའི་སྐུའི་བདེ་བའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་སྤྲུལ་པའི་སྐུའི་ཡིད་བདེ་བ་ནི། མདུན་དུ་སྨོས་པ་སེམས་ཅན་གྱི་དོན་གྱི་ངོ་བོ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས། མདུན་དུ་སྨོས ་པའི་ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་ནས་བྱང་ཆུབ་སེམས་མཱ་མ་ཀཱིའི་བྷ་གའི་དབུས་སུ་འོད་དུ་ཞུ་བར་མཛད་བཟླ་བ་སྟ་བུ་ལ་ཡིག་འབྲུ་ཧཱུཾ་ཐིམ་པར་གྱུར་པའི་ས་བོན་དེ་ལས་སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཕྱུང་བར་མཛད་དོ། སེམས་ཅན་ཐམས ་ཅད་ཀྱི་དོན་དུ་རྒྱུད་བཀའ་སྩལ་པའི་སྟོན་པ་སྤྲུལ་པར་གསུངས་སོ། །ཚུལ་དེ་ལྟར་སྤྲུལ་པའི་སྐུའི་ཡིད་བདེ་བའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་ལོནས་སྤྱོད་རྫོགས་པའི་སྐུའི་བྱེ་བྲག་གི་བདེ་བ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། སྟོན་པ་བྱང་ཆུབ ་སེམས་རྡོ་རྗེ་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྷ་མོ་གཉིས་སུ་མེད་པའི་སྐུའི་གཟུགས་མཱ་མ་ཀཱིའི་བྱིན་གྱིས་བརླབ་པར་མཛད་དེ་བྱིན་གྱིས་བརླབས་མ་ཐག་ཏུ་སྨོས་པའི་རྒྱུད་བཀའ་སྩལ་པའི་གནས་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གྱུར་ཏོ། །དེ ་གྱུར་མ་ཐག་ཏུ་ཡེ་ཤེས་ཀྱི་གཞལ་ཡས་ཁང་གི་དབུས་སུ་ཤེས་རབ་ཀྱི་བྷ་གའི་གདན་ལ་སྐུ་འཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པའི་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པའི་ཚུལ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་པའི་གནས་སུ་གསུངས་སོ། ། ་ཚུལ་དེ་ལྟར་ལོངས་སྤྱོད་རྫོགས་པའི་སྐུའི་བདེ་བའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་ལོངས་སྤྱོད་རྫོགས་པའི་སྐུའི་ཡིད་བདེ་བ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་མདུན་ན་སྨོས་པ་རྡོ་རྗེ་མི་བསྐྱོད་པས་ཇི་ལྟར་བརྗོད་དུ་ཡོད་པ་དང ་བརྗོད་དུ་མེད་པའི་ཚུལ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲོ་བར་མཛད་དེ། སྤྲོས་མ་ཐག་ཏུ་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱིས་བྱིན་གྱིས་བརླབ་པར་མཛད་དེ། ཉིད་ཀྱི་སྐུ་ལ་གཉིས་སུ་མེད་པར་ཐིམ་པར་མཛད་དོ། །འདུས་པར་མཛད་པར་ཡང ་གསུངས་སོ། །དེའི་འོག་ཏུ་མི་བསྐྱོད་པ་ལ་སོགས་པ་ཐམས་ཅད་བྱང་ཆུབ་སེམས་རྡོ་རྗེས་ཉིད་ཀྱི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་ངོ་བོའི་གནས་སུ་འདུས་པར་མཛད་ནས་བཞུགས་པ་ཡིད་བདེ་བའི་སྒྲའི་དོན་དུ་གསུངས་སོ། །གཞན་ཡང་ཡིད་བདེ་བའི་དོན ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། བྱང་ཆུབ་སེམས་རྡོ་རྗེ་ཡིད་བདེ་བ་ཆེན་པོའི་ཐུགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ནམ་མཁའ་ཨི་དབྱིངས་ཐམས་ཅད་དུ་མདུན་དུ་སྨོས་པའི་གྲངས་མེད་པའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་སྤྲུལ ་ནས་ཕྱུང་ངོ། །དེ་ཕྱུང་མ་ཐག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པས་བྱིན་གྱིས་བརླབ་པའི་མཛད་དེ། དེ་བྱིན་གྱིས་བརླབས་མ་ཐག་ཏུ་ཉིད་ཀྱི་སྐུ་ལ་གཉིས་སུ་མེད་པའི་ཚུལ་གྱིས ་བདེ་བ་དང། ཡིད་བདེ་བ་ཐོབ་པར་བྱ་བའི་ཕྱིར། ཐིམ་པར་མཛད་པའམ་འདུས་པར་གསུངས་སོ། །ཚུལ་དེ་ལྟར་ལོངས་སྤྱོད་རྫོགས་པའི་སྐུའི་ཡིད་བདེ་བའི་སྒོའི་དོན་དུ་ཤེས་པར་བྱའོ། །མྱོང་བར་བགྱི་བ་ནས་ཞེས་པ། མདུན་དུ་སྨོས་པ ་རྣམ་པ་གསྨ་གྱི་བདེ་བ་ཡོན་ཏན་གྱི་ངོ་བོ་ཐོབ་པའི་འབྲས་བུ་ལམ་བསྟན་པར་བྱ་བའི་ཕྱིར། བདག་ཅགྱེ་ཤེས་ཀྱི་བྱིན་གྱིས་བརླབ་པར་མཛད་དེ། དེ་བཤད་པར་བྱ་སྟེ། བདག་ཅག་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལུས ་ཀྱི་ཕུང་པོ་འདི་སྣོད་དུ་རུང་བར་བྱ་བའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་དོན་ཀྱི་ཕྱིར་གསུངས་སོ། །དེའི་ཕྱིར་སྨྱོང་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཇི་སྙེད་པ་མི་ལུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་མངོན་པར ་ཤེས་པའི་འབྲས་བུ་ཐོབ་པར་བྱ་བའི་བར་དུ་བསྟན་དུ་གསོལ། ཞེས་པ་ནི། ཇི་སྙེད་ཞེས་པ་ནི་དེ་བཞིན་གཤེགས་པ་མ་ལུས་བ་བསྟན་ཏོ། །གཞན་ཡང་ཇི་སྙེད་མ་ལུས་པའི་དོན་ཇི་ལྟར་ཡིན་ན། མ་ལུས་པ་ནི་ཉིད་ཉིད་ཀྱི་སྐུ་ལས་སྤྲུལ་པ་སྣ་ཚོགས་ཀྱི ་བྱེ་བྲག་རྣམས་མཛད་པར་གསུངས་སོ། །གཞན་ཡང་ཇི་སྙེད་པ་མ་ལུས་པ་ནི་སེམས་ཅན་སྣ་ཚོགས་ཀྱི་རིགས་ཀྱི་བྱེ་བྲག་རྣམས་མདུན་དུ་སྨོས་པའི་ཚུལ་གྱིས་འདུལ་བའི་ཐབས་མཛད་པར་གསུངས་སོ། །གཞན་ཡང་མ་ལུས་པའི་མདུན་དུ་སྨོས ་པའི་ཚུལ་གྱི་བདེ་བ་དང་ཡིད་བདེ་བ་མ་ལུས་པའོ། །དེ་ལྟར་ཇི་སྙེད་མ་ལུས་པ་སྒྲའི་དོན་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་སོགས་པ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་མ་ལུས་པ་རྣམས་ལ་བྱའོ།། ་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཡེ་ཤེས་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམ་པ་ལྔའི་ཡེ་ཤེས་རྣམ་པ་ལྔ་སྟེ། གང་ཞེ་ན། མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་རྣམ་པར ་སྣང་མཛད་ཀྱིའོ།། །།མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རིན་པོ་ཆེ་འབྱུང་ལྡན་གྱིའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་སྣང་བ་མཛའ་ཡས་སོ། བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་དོན་ཡོད་གྲུབ་པའོ། །དེ་ལྟར་མདོར་བསྡུས་པའི་ཡེ་ཤེས་ཀྱི་སྒྲའི་དོན་དུ་གསུངས་སོ་།དེ་ནས་མངོན་པར་ཤེས་པ ་ཞེས་པ་ནི། བྱེ་བྲག་ལྔར་གསུངས་ཏེ། རྒྱས་པར་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ལྷའི་རྣམ་པ་ལྔ་སྟེ་ལྷའི་མིག་དང། ལྷའི་རྣ་བ་དང། ལྷའི་སྣ་དང། ལྷའི་རོ་དང། ལྷའི་རེག་གོ། དེ་སོ་སོར་ཡོན་ཏན་གྱི་བྱེ་བྲག་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ལྷའི་མིག་གང་ཡིན་པ་དེ་ནི་སའི ་སྙིང་པོའི་ངོ་བོར་བསུངས་སོ། །ལྷའི་རྣ་བ་གང་ཡིན་པ་དེ་ནི་ཕྱག་ན་རྡོ་རྗེའི་ངོ་བོར་གསུངས་སོ། །ལྟའི་སྣ་གང་ཡིན་པ་དེ་ནི་འཕགས་པ་ནམ་མཁའ་ཨི་སྙིང་པོའི་ངོ་བོར་གསུངས་སོ། །ལྷའི་རོ་གང་ཡིན་པ་དེ་ནི་འཕགས་པ་སྤྱན་རས་གཟིགS་གྱི་དབང་ཕྱུག་གི་ངོ་བོར་གསུངས་སོ། །ལྷའི་རེག་གང་ཡིན་པ ་དེའི?་སྒྲིལ་པ་ཐམས་ཅད་རྣམ་པར་སེལ་བའི་ངོ་བོར་གསུངས་སོ། །མངོན་པར་ཤེས་པ་རྣམ་པ་ལྔའི་དོན་ཚུལ་དེ་ལྟར་ཤེས་པར་བྱའོ། །དེ་ནས་ཐོབ་པ་ཞེས་པ་ནི། མདུན་དུ་སྨོས་པའི་མངོན་པར་ཤེས་པ་ལྔའི་ངོ་བོ་དེ། འཁོར་གྱི་དེ་བཞིན་གཤེགས་པ་དང། བྱང་ཆུབ་སེམས ་དཔའ་ཐམས་ཅད་དང་གཞན་ཡང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་འགྱུར་བར་གསུངས་སོ། །དེ་ནས་འབྲས་བུ་ཞེས་པ་ནི། གྲུབ་པའི་ངོ་བོ་ཡིན་ཏེ། རྒྱས་པར་བཤད་པར་བྱའོ། །ཇི་ལྟར་ཡིན་ན། འབྲས་བུའི་ངོ་བོ་ལྷའི་མིག་འགྲུབ་པར་འགྱུར་ཏེ། དཔག་ཚད ་སྟོང་ཕྲག་གཅིག་གིས་སའི་ཕྱོགས་ཀྱི་རི་མང་པོ་བརྩེགས་པ་རྣམས་ཀྱིས་དཀྱིལ་འཁོར་ན་ཡུངས་ཀར་གྱི་འབྲུ་ཕྲ་མོ་ཙམ་གྱིས་རྫས་ཀྱི་ངོ་བོ་གང་ཡང་རུང་བ་ཡོད་པ་དེ་ཇི་ལྟར་མདུན་དུ་བཞག་པ་བཞིན་ས་ལེ་མཐོང་བའོ། །ཚུལ་དེ་ལྟར་ལྷའི་མིག་གི་འབྲས་བུར ་ཤིན་པར་བྱའོ། །དེ་ནས་ལྷའི་?་བའི་འབྲས་བུ་ནི་འཇིག་རྟེན་གྱི་ཁམས་གང་ཡང་རུང་བ་གནས་པས། འཇིག་རྟེན་གྱི་ཁམས་གང་ཡང་རུང་བ་ན་སྒྲ་གྲག་པ་སྙན་པ་དང་མི་སྙན་པ་དང། བཟང་པོ་དང་ངན་པ་དང། རིང་པོ་དང། ཐུང་བའི་སྒྲ་དྲུང་ན་གྲག་པ་བཞིན་དུས་ལེ ་བར་ཐསོ་བར་འགྱུར་རོ། །ཚུལ་དེ་ལྟར་ལྟའི་རྣ་བའི་འབྲས་བུར་ཤེས་པར་བྱའོ། །དེ་ནས་ལྷའི་སྣས་ནི་འཇིག་རྟེན་གྱི་ཁམས་གང་ཡང་རུང་བ་ན་གནས་པས་འཇིག་རྟེན་གྱི་ཁམས་གཞན་གང་ཡང་རུང་བའི་དྲི་ཞིམ་པོའི་རྫས་གང་ཡང་རུང་བ་སྨན་དང ་སྤོས་ལ་སོགས་པ་དྲི་ཞིམ་པོ་རྣམས་ཀྱི་དྲི་བདུན་དུ་འདུག་པའི་དྲི་བཞིན་དུ་ཚོར་བར་གྱུར་ཏོ། །ཚུལ་དེ་ལྟར་ལྷའི་དྲིའི་འབྲས་བུ་ཤེས་པར་བྱའོ། །དེ་ནས་ལྷའི་རོའི་འབྲས་བུ་ནི། འཇིག་རྟེན་གྱི་ཁམས་གང་ཡང་རུང་བར་གནས་པས། འཇིག་རྟེན་གྱི་ཁམས་གཞན ་གང་ཡང་རུང་བ་ན་གནས་པའི་ལྷ་དང་མི་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་རོ་དྲུག་དང་ལྡན་པའི་བཟའ་བ་དང། བཏུང་བའི་ངོ་བོ་ཐམས་ཅད་མྱོང་བར་བྱེད་དོ། །གཞན་ཡང་རང་བཞིན་གྱིས་གནས་པའི་བཟའ་བ་དང་བཏུང་བ་རོ་དྲུག་དང་ལྡན་པ་གནས་པ་དེ ་དག་ཐམས་ཅད་ཉིད་ཀྱི་བཟའ་བ་དང་བཏུང་བར་འདྲ་བར་ལྕེའི་དབང་པོས་རོ་མ་ཡོང་བར་བྱེད་པའོ། །ཚུལ་དེ་ལྟར་ལྟའི་རོའི་འབྲས་བུའི་སྒྲཻ་དོན་དུ་ཤེས་པར་བྱའོ། །དེ་ནས་ལྷའི་རེག་གི་འབྲས་བུ་ནི་འཇིག་རྟེན་གྱི་ཁམས་གང་ཡང་རུང་བ་ན། གནས་པས་འཇིག ་རྟེན་གྱི་ཁམས་གཞན་གང་ཡང་རུང་བ་ན་གནས་པའི་ལྷ་དང་མི་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་གོས་རྣམས་གྱོན་པ་དང། གཞན་ཡང་སོ་སོའི་ཆུང་མ་དང་དབང་པོ་གཉིས་ཀྱི་རོལ་པ་བྱ་བའི་དུས་སུ་འཁྱུད་པའི་གཉིས་ཀའི་ལུས་ཀྱི་འཇམ ་པ་དང་རྩུབས་པའི་རེག་གི་ངོ་བོ་དང་ཡང་ན་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ནས། བྱང་ཆུབ་སེམས་ཕབ་པའི་དུས་སུ་དེའི་འཇམ་རྩུབ་དང་གྲང་དྲོ་མྱོང་བར་གྱུར་པའི་རེག་རྣམས་མངོན་པར་ཤེས་པ་ཐོབ་པ་ཉིད་ཀྱིས་མྱོང་བར་འགྱུར་རོ། །ཚུལ ་དེ་ལྟར་ལྷའི་རེག་གི་འབྲས་བུའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཐོབ་པར་བྱ་བའི་བར་དུ་ཞེས་པ་ནི། མདུན་དུ་སྨོས་པའི་མངོན་པར་ཤེས་པའི་འབྲས་བུ་ཐོབ་པར་འགྱུར་བའི་ཕྱིར། སྣོད་དུ་རུང་བར་མཛད་དོ། །དེའི་འོད་ཏུ་མཛད་མ་ཐག་ཏུ་རྒྱུད་ཀྱི་རྒྱལ ་པོ་གསང་བ་འདུས་པའི་གསང་བ་ལས་བྱུང་བའི་དོན་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་མྱུར་བར་བཤད་དུ་གསོལ་ཞེས་ཚུལ་དེ་ལྟར་ཐོབ་པར་བགྱི་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་བསྟན་དུ་གསོལ་ཞེས་པ་ནི། འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོན ་པ་བྱང་ཆུབ་སེམས་རྡོ་རྗེ་ལ་རྒྱུད་བཤད་པར་བསྐུལ་བས་དེ་ལྟར་བསྟན་དུ་གསོལ་ཞེས་པ་ནི་རྒྱུད་བཀའ་སྩལ་པའི་དོན་དུ་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ། དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསོལ་བ་བཏབ་པ་དེ་མཁྱེན་ནས། ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བ་དེའོ་སྒྲ་བཤད་པར་བྱ་བ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞས་པ་ནི་མདུན་དུ་སྨོས་པའི་འོག་ནས་དོན། ་གཞན་སྟོན་པའོ། །བཅོམ་ལྡན་འདས་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་བྱ་སྟེ། དེའི་དོན་ནི་མདུན་དུ་བཤད་པ་དང་མཐུན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། མདུན་དུ་སྨོས་པའི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་ལ་བྱའོ།། ་དེ་ནས་སྐུ་དང་གསུང་དང་ཐུགས་ཞེས་པ་ནི། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་རྣམ་པ་ལྔའི་སྐུ་དང་གསུང་དང་ཐུགས་མི་ཕྱེད་པ་གཅིག་པའི་ངོ་བོར་གསུངས་སོ། །རྡོ་རྗེ་ཞེས་པ་ནི་སོ་སོར་རིམ་པས་རྔ་རྗེའི་དོན་ན་གསུངས་སོ། །རྡོ་རྗེ་ཞེས་པ་ནི་དེ་བཞིན་གཤེགས ་པ་རྣམས་ཀྱི་སྐུ་ལ་རྡོ་རྗེ་ངོ་བོར་གསུངས་སོ།། །།དེ་བཞིན་དུ་གསུང་ལ་རྡོ་རྗེའི་ངོ་བོར་གསུངས་སོ། །དེ་བཞིན་དུ་ཐུགས་ལ་རྡོ་རྗེའི་ཡོན་ཏན་ནི་མདུན་དུ་སྨོས་པ་དེ་བཞིན་དུ་སྦྱར་རོ། །དེ་ནས་དེ་བཞིན་གཤེགས་པ་ཞེས་པ་ནི། སྟོན་པ་བྱང་ཆུབ།། ་སེམས་རྡོ་རྗེ་ལ་བྱའོ། །ཁྱད་པར་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསུམ་ནི་རྡོ་རྗེ་སྟེ། དེའི་ངོ་བོ་སྟོན་བ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་ཕྱག་རྒྱའི་བདག་ཉིད་ནི་བདག་པོའི་ངོ་བོར་གསུངས་སོ། །དེ་ནས་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསོལ་བ་བཏབ་ཞེས་པ་ནི། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །དེ་དག་ཐམས་ཅད་ཀྱིས་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་རྒྱུད་བཀའ་སྩལ་པའི་ཕྱིར་གསོལ་བ་བཏབ་ཏ ་བསྐུལ་བའོ། །ཚུལ་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་དོན་དུ་ཤེས་པར་བྱའོ། །དེ་མཁྱེན་ནས་ཞེས་པ་ནི། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་དོན་སྟོན་པ་བྱང་ཆུབ་སེམས ་རྡོ་རྗེས་གསན་ནས་མཁྱེན་དེ་ཐུགས་ལ་དགོངས་པའོ། །ཚུལ་དེ་ལྟར་མཁྱེན་པའི་དོན་དུ་གསུངས་སོ། །དེ་ནས་ཡེ་ཤེས་སྒྲོན་མ་ཞེས་བྱ་བ་ནི། བྱེ་བྲག་རྣམ་པ་ལྔར་བཤད་དེ། ཇི་ལྟར་ཡིན་ན། རིགས་རྣམ་པ་ལྔའི་ཁ་དོག་གི་ངོ་བོར་གསུངས་ཏེ། བཤད་པར ་བྱ་བའོ། །མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པའི་ངོ་བོ་དེའི་ཁ་དོག་རིན་པོ་ཆེ་ཨིནྡྲ་ནཱི་ལ་ལྟ་བུའི་ཁ་དོག་ལྟར་གསུངས་སོ། །དེ་ནི་རྡོ་རྗེ་རིགས་ཀྱི་ངོ་བོ་ཡིན་ནོ། དེ་ནས་རིམ་པ་བཞིན་དུ་བཤད་པར་བྱ་སྟེ། དང་པོ་ཡེ་ཤེས་ཀྱི་འོད་ཟེར་སྤྲིན་བཞིན་དུ་སྤྲོ་བར ་མཛད་དེ། ངེས་འཁོར་གྱི་ངོ་བོ་མི་བསྐྱོད་པའི་སྐུ་བྱིན་གྱིས་བརླབ་པ་རྨཛད་དེ། དེའི་སྐུ་ལ་ཡེ་ཤེས་ཀྱི་འོད་ཟེར་ཐིམ་པར་འགྱུར་རོ། །དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱི་མེ་སྟག་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེས་འཁོར་གྱི་ངོ་བོ་མི་བསྐྱོད་པ ་སྐུ་བྱིན་གྱིས་བརླབ་པར་མཛད་དེ། དེའི་སྐུ་ལ་ཡེ་ཤེས་ཀྱི་མེ་སྟག་ཐིམ་པར་འགྱུར་རོ། །དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱི་འབར་བ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེས་འཁོར་གྱི་ངོ་བོ་མི་བསྐྱོད་པའི་སྐུ་བྱིན་གྱིས་བརླབ་པར་མཛད་དེ། དེའི་སྐུ་ལ་ཡེ ་ཤེས་ཀྱི་འདར་བ་ཐིམ་པར་འགྱུར། དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱི་འོད་སྤྲིན་བཞིན་དུ་སྤྲོ་བར་མཛད་ཏེ། དེས་འཁོར་གྱི་ངོ་བོ་མི་བསྐྱོད་པའི་སྐུ་བྱིན་གྱིས་བརླབ་པར་མཛད་དེ། དེའི་སྐུ་ལ་ཡེ་ཤེས་ཀྱི་འོད་ཐིམ་པར་འགྱུར་རོ། །དེའི་འོག་ཏུ་དེ་བཞིན་དུ ་ཡེ་ཤེས་ཀྱི་གསལ་བ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེས་འཁོར་གྱི་ངོ་བོ་མི་བསྐྱོད་པ་སྐུ་བྱིན་གྱིས་བརླབ་པར་མཛད་དེ། དེའི་སྐུ་ལ་ཡེ་ཤེས་ཀྱི་གསལ་བ་ཐིམ་པར་འགྱུར་རོ། དེ་ལྟར་རྡོ་རྗེ་རིགས་ཀྱི་ཡེ་ཤེས་ཀྱི་བྱེ་བྲག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྐུའི ་རིགས་ཀྱི་ཁ་དོག་གི་བྱེ་བྲག་གི་ངོ་བོ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། རྣམ་པར་སྣང་མཛད་ཡང་དག་པའི་ཡེ་ཤེས་རྣམ་པར་སྣང་མཛད་ཀྱི་ངོ་བོ་དེའི་ཁ་དོག་གི་ངོ་བོ་ནི། རིན་པོ་ཆེ་ཤེལ་དཀར་པོའི་ཁ་དོག་ལྟ་བུར་གསུངས་སོ། །དེ་ནི་སྐུའི་རིགས་ཀྱི་ཁ་དོག་ཡིན་ནོ།། ་དེ་ནས་རིམ་པ་བཞིན་དུ་བཤད་པར་བྱ་སྟེ། དང་པོ་ཡེ་ཤེས་ཀྱི་འོད་ཟེར་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེས་འཁོར་གྱི་ངོ་བོ་རྣམ་པར་སྣང་མཛད་ཀྱི་སྐུ་བྱིན་གྱིས་བརླབ་པར་མཛད་དེ། དེའི་སྐུ་ལ་ཡེ་ཤེས་ཀྱི་མེ་འོད་ཟེར་ཐིམ་པར་འགྱུར་རོ། །དེའི་འོག་ཏུ་དེ་བཞྣ་དུ ་ཡེ་ཤེས་ཀྱི་མེ་སྟག་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེས་འཁོར་གྱི་ངོ་བོ་རྣམ་པར་སྣང་མཛད་ཀྱི་སྐུ་བྱིན་གྱིས་བརླབ་པར་མཛད་དེ། དེའི་སྐུ་ལྔ་?་ཀྱི་མེ་སྟག་ཐིམ་པར་འགྱུར་རོ། །དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱི་འབར་བ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེས་འཁོར ་གྱི་ངོ་བོ་རྣམ་པར་སྣང་མཛད་ཀྱི་སྐུ་བྱིན་གྱིས་བརླབ་པར་མཛད་དེ། དེའི་སྐུ་ལ་ཡེ་ཤེས་ཀྱི་འབར་བ་ཐིམ་པར་འགྱུར་རོ། །དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱིས་འོད་སྤྲིན་བཞིན་དུ་སྤོ་བར་མཛད་དེ། དེའི་འཁོར་གྱི་ངོ་བོ་རྣམ་པར་སྣང་མཛད་ཀྱི་སྐུ་བྱིན་གྱིས་བརླབ་པར ་མཛད་དེ། དེའི་སྐུ་ལ་ཡེ་ཤེས་ཀྱི་འོད་ཐིམ་པར་འགྱུར་རོ། །དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱི་གསལ་པ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེས་འཁོར་གྱི་ངོ་བོ་རྣམ་པར་སྣང་མཛད་ཀྱི་སྐུ་བྱིན་གྱིས་རླབ་པར་མཛད་དེ། དེའི་སྐུ་ལ་ཡེ་ཤེས་ཀྱི་གསལ་བ་ཐིམ་པར ་འགྱུར་རོ། །དེ་ལྟར་སྐུའི་རིགS་ཀྱི་ཡེ་ཤེས་ཀྱི་བྱེ་བྲག་དུ་ཤེས་པར་བྱའོ། །དེ་ནས་རིན་པོ་ཆེའི་རིགས་ཀྱི་ཁ་དོག་གི་བྱེ་བྲག་གི་ངོ་བོ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་པོ་ཆེ་འབྱུང་ལྡན་གྱི་ཁ་དོག་རིན་པོ་ཆེ་འཛམ་བུ་དཱ་དའི་ཁ་དོག་ལྟ་ ་བུར་གསུངས་སོ། །དེ་ནི་རིན་པོ་ཆེའི་རིགས་ཀྱི་ཁ་དོག་ཡིན་ནོ། །དེ་ནས་རིམ་པ་བཞིན་དུ་བཤད་པར་བྱ་སྟེ། དང་པོར་ཡེ་ཤེས་ཀྱི་འོད་ཟེར་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེས་འཁོར་གྱི་ངོ་བོ་རིན་ཆེན་འབྱུང་ལྡན་གྱི་སྐུར་བྱིན་གྱིས་བརླབ་པར་མཛད་དེ། ་དེའི་སྐུ་ལ་ཡེ་ཤེས་ཀྱི་འོད་ཐིམ་པར་འགྱུར་རོ། །དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱི་མེ་སྟག་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེས་འཁོར་གྱི་ངོ་བོ་རིན་པོ་ཆེ་འབྱུང་ལྡན་གྱི་སྐུ་བྱིན་གྱིས་བརླབ་པ་མཛད་དེ་དེའི་སྐུ་ལ་ཡེ་ཤེས་ཀྱི་མེ་སྟག་ཐིམ་པར་འགྱུར་རོ། །དེའི་འོག ་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱི་འབར་བ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེས་འཁོར་གྱི་ངོ་བོ་རིན་པོ་ཆེ་འབྱུང་ལྡན་གྱི་སྐུ་བྱིན་གྱིས་བརླབ་པར་མཛད་དེ། དེའི་སྐུ་ལ་ཡེ་ཤེས་ཀྱི་འབར་བ་ཐིམ་པར་གྱུར་ཏོ། །དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱི་གསལ་བ་སྤྲིན་བཞིན་དུ་སྤྲོ་བར ་མཛད་དེ། དེས་འཁོར་གྱི་ངོ་བོ་རིན་པོ་ཆེ་འབྱུང་ལྡན་གྱི་སྐུ་ལ་བྱིན་གྱིས་བརླབ་པར་མཛད་དེ། དེའི་སྐུ་ལ་ཡེ་ཤེས་ཀྱི་གསལ་བ་ཐིམ་པར་གྱུར་ཏོ། །དེ་ལྟར་རིན་པོ་ཆེ་རིགས་ཀྱི་བྱེ་བྲག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་པདྨ་རིགས་ཀྱི་ཁ་དོག་གི་ངོ་བོ་བཤད་པར་བྱ་སྟེ། ་ཇི་ལྟར་ཡིན་ན། སོ་སོར་རྟོགས་པའི་ཡེ་ཤེས་སྣང་བ་མཛའ་ཡས་ཀྱི་དེའི་ངོ་བོ་ཁ་དོག་རིན་པོ་ཆེ་པདྨ་རཱ་གའི་ཁ་དོག་ལྟ་བུར་གསུངས་སོ། །དེ་ནི་པདྨ་རིགས་ཀྱི་ཁ་དོག?་ཡིན་ནོ། །དེ་ནས་རིམ་པ་བཞིན་དུ་བཤད་པར་བྱ་སྟེ། དང་པོ་ཡེ་ཤེས་ཀྱི་འོད་ཟེར་སྤྲིན་བཞིན་དུ་སྤྲོ་བར ་མཛད་དེ། དེས་འཁོར་གྱི་ངོ་བོ་སྣང་བ་མཛའ་ཡས་ཀྱི་སྐུ་བྱིན་གྱིས་བརླབ་པར་མཛད་དེ། དེའི་སྐུ་ལ་ཡེ་ཤེས་ཀྱི་འོད་ཟེར་ཐིམ་པར་འགྱུར་རོ། །དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱི་མེ་སྟག་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེས་འཁོར་གྱི་ངོ་བོ་སྣང་བ་མཛའ་ཡས་ཀྱི་སྐུ ་བྱིན་གྱིས་བརླབ་པར་མཛད་དེ། དེའི་སྐུ་ལ་ཡེ་ཤེས་ཀྱི་མེ་སྟག་ཐིམ་པར་གྱུར་ཏོ། །དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱི་འབར་བ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེས་འཁོར་གྱི་ངོ་བོ་སྣང་བ་མཛའ་ཡས་ཀྱི་སྐུ་བྱིན་གྱིས་རླབས་པར་མཛད་དེ། དེའི་སྐུ་ལ་ཡེ་ཤེས་ཀྱི་འབར་བ ་ཐིམ་པར་འགྱུར་རོ། །དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱི་གསལ་བ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེས་འཁོར་གྱི་ངོ་བོ་སྣང་བ་མཛའ་ཡས་ཀྱི་སྐུ་བྱིན་གྱིས་བརླབ་པར་མཛད་དེ། དེའི་སྐུ་ལ་ཡེ་ཤེས་ཀྱི་གསལ་བ་ཐིམ་པར་གྱུར་ཏོ། །དེ་ལྟར་པདྨ་རིགས་ཀྱི་ཡེ་ཤེས་ཀྱི་བྱེ ་བྲག་གི་དོན་དུ་ཤེས་པར་བྱའོ། །དེ་ནས་ལས་ཀྱི་རིགས་ཡེ་ཤེས་ཀྱི་བྱེ་བྲག་གི་ཁ་དོག་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། བྱ་བ་ནན་ཏན་གྱི་ཡེ་ཤེས་དོན་ཡོད་གྲུབ་པའི་ངོ་བོ་དེའི་ཁ་དོག་རིན་པོ་ཆེ་བཻ་ཌཱུརྱ་ལྟ་བུར་གསུངས་སོ། །དེ་ནི་ལས་ཀྱི་རིགས་ཀྱི་ཁ་དོག་ཡིན་ནོ། ། ་དེ་ནས་རིམ་པ་བཞིན་དུ་བཤད་པར་བྱ་སྟེ། དང་པོ་ཡེ་ཤེས་ཀྱི་འོད་ཟེར་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེས་འཁོར་གྱི་ངོ་བོ་དོན་ཡོད་གྲུབ་པའི་སྐུར་བྱིན་གྱིས་བརླབ་པར་མཛད་དེ། དེའི་སྐུ་ལ་ཡེ་ཤེས་ཀྱི་འོད་ཟེར་ཐིམ་པར་འགྱུར་རོ། །དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས ་ཀྱི་མེ་སྟག་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ་།ངེས་འཁོར་གྱི་ངོ་བོ་སྐུ་དོན་ཡོད་གྲུབ་པའི་སྐུ་བྱིན་གྱིས་བརླབ་པར་མཛད་དེ། དེའི་སྐུ་ལ་ཡེ་ཤེས་ཀྱི་མེ་སྟག་ཐིམ་པར་གྱུར་རོ། །དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས་འབར་བ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེས་འཁོར་གྱི་ངོ་བོ ་དོན་ཡོད་གྲུབ་པའི་སྐུ་བྱིན་གྱིས་བརླབ་པར་མཛད་དེ། དེའི་སྐུ་ལ་ཡེ་ཤེས་ཀྱི་འབར་བ་ཐིམ་པར་གྱུར་ཏོ། །དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱི་གསལ་བ་སྤྲིན་བཞིན་དུ་སྤྲོ་བར་མཛད་དོ། དེས་འཁོར་གྱི་ངོ་བོ་དོན་ཡོད་གྲུབ་པའི། སྐུ་བྱིན་གྱིས་བརླབ་པར་མཛད་དེ། དེའི ་སྐུ་ལ་ཡེ་ཤེས་ཀྱི་གསལ་བ་ཐིམ་པར་འགྱུར་རོ། །དེ་ལྟར་ལས་ཀྱིས་རིགས་ཀྱི་བྱེ་བྲག་ཀྱི་སྒྲའི་དོན་དུ་ཤས་པར་བྱའོ། །དེ་དག་ཐམས་ཅད་མདོར་བསྡུས་པ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་མི་བསྐྱོད་པ་ལ་སོགS་བ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་ཉིད་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གིས་རིམ་པ་བཞིན་དུ། མ་འོངས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར། སློབ་དཔོན་དང། སློབ་མའི་ཚུལ་མི་ནོར་བར་བྱ་བ་དང། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་འཕེལ་བའི་དོན་དང། གཞན་ཡང་དེ་དག་གི ་ཕྱིན་ཅི་ལོག་པའི་རྣམ་པར་རྟོག་པ་སྐྱེ་བའི་ཐེ་ཚོམ་གཅད་པའི། བྱིན་གྱིས་བརླབས་ནས་དབང་བསྐུར་བར་མཛད་དོ། །ཚུལ་དེ་ལྟར་སེམS་ཅན་མ་ལུས་པ་ཐམས་ཅད་ཉོན་མོངས་པའི་རྒྱ་མཚོ་ལས་བསྒྲལ་བའི་ཐབས་མདུན་དུ་སྨོས་པའི་མི་བསྐྱོད ་པ་ལ་སོགས་པ་འཁོར་གྱི་ངོ་བོའི་དེ་བཞིན་གཤེགས་པ་དང། བྱང་ཆུབ་སེམས་དཔའ་རྣམས་སྣོད་དུ་རུང་བར་མཛད་པའི་ཆེད་དུ་ཡེ་ཤེས་ཀྱི་དབང་བསྐུར་བར་མཛད་དོ། །ཉིད་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གི་ཡེ་ཤེས་བྱིན་གྱིས་བརླབས་པར་མཛད་པ་དེ་ལྟར་དང་པོ ་དབང་བསྐུར་ཡིན་པར་ཤེས་པར་བྱའོ། །དེ་ནས་སྒྲོན་མ་ཞེས་པ་ནི། མདུན་དུ་སྨོས་པའི་རིགས་རྣམ་པ་ལྔའི་རིམ་པའི་བྱེ་བྲག་གིས་ཡེ་ཤེས་རྣམ་པ་ལྔ། ལྔ་ལྔའི་བྱེ་བྲག་དུ་སྤྲོ་བར་མཛད་དེ། འོད་ཟེར་དང་མེ་སྟག་ལྟ་བུ་དང། འབར་བ་དང། འོད་དང། གསལ ་བའོ། །དེ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ངོ་བོ་རྒྱུད་བཀའ་སྩལ་པའི་གནས་ཡེ་ཤེས་ཀྱི་གཞལ་ཡས་ཁང་གསལ་བར་མཛད་པར་གྱུར་ཏེ་།ཇི་ལྟར་ཡིན་ན་།ཇི་ལྟར་མུན་ནག་གི་དུས་སུ་ཁང་པའི་ནང་མེ་མར་གྱིས་གསལ་བར་གྱུར་པ་དེ་བཞན་དུ་སྟོན་པ་བྱང ་ཆུབ་སེམས་རྡོ་རྗེས་འཁོར་བྱིན་གྱིས་བརླབས་བདག་དབང་བསྐུར་བའི་དུས་སུ་མདུན་དུ་སྨོས་པ་ལྔ་རྣམས་གཅིག་པའི་ངོ་བོས་ཡེ་ཤེས་ཀྱི་གཞལ་ཡས་ཁང་རྣམ་པར་སྣང་མཛད། གསལ་བ་མཛད་པ་དེ་ལྟར་སྒྲོན་མའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་རྡོ་རྗེ ་ཞེས་པ་ནི་རྣམ་པ་གཉིས་སུ་དབེ་སྟེ། ནང་དང་གསང་བའོ། །དེ་ལ་ནང་གི་ནི་མདུན་དུ་སྨོས་པའི་བྱང་ཆུབ་སེམས་རྡོ་རྗེའི་ཐུགས་ཀའི་གནས་ནས་ཡིག་འབྲུ་ཧཱུཾ་གི་ངོ་བོ་མེ་མེད་ལྟར་འབར་བ་བསྟན་པ། ཡེ་ཤེས་རྣམ་པ་སྟའི་རིམ་བ་རྒྱུན་མི་འཆད་པར་སྒྲོ་བར ་བྱ་སྟེ། དེ་ལྟར་གསང་བའི་ཚུལ་གྱི་རྡོ་རྗེའི་དོན་དུ་གསུངས་སོ། །དེ་ནས་གསང་བའི་ནི་ཐབས་དང་ཤེས་རབ་རོལ་པས་བྱུང་བའི་བྱང་ཆུབ་སེམས་མཱ་མ་ཀཱིའི་བྷ་གའི་དབུས་སུ་འོད་དུ་ཞུ་བ་ཟླ་བའི་དཀྱིལ་འཁོར་ལྟ་བུའི་ས་བོན་དུ་གསུངས་ཏེ། དེ་ལྟར་གསང ་བའི་ཚུལ་གྱི་རྡོ་རྗེ་སྒྲའི་དོན་དུ་གསུངས་སོ། །ཞེས་བྱ་བའི་ཏིང་ངེ་འཛིན་ནི། རྡོ་རྗེའི་ཏིང་ངེ་འཛིན་གྱི་མཚན་གྱི་སྒྲའི་དོན་དུ་གསུངས་སོ། །གཞན་ཡང་ཏིང་ངེ་འཛིན་མདུན་དུ་སྨོས་པའི་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཇི ་སྙེད་པ་རྣམས་བྱིན་གྱིས་བརླབས་པ་དང། དབང་བསྐུར་བའི་དོན་དུ་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་རྣམ་པ་ལྔའོ་བྱེ་བྲག་རྣམ་པ་ལྔ་སྤྲུལ་ནས་སྤྲོ་བར་མཛད་དེ། དེ་དག་ཁྱད་པར་དུ་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་ཡེ་ཤེས་སྤྲོས་པ་དང། བྱང་ཆུབ ་སེམས་རྡོ་རྗེས་རྡོ་རྗེར་མིང་བརྟགས་པའི་ནང་དང་གསང་བའི་ས་བོན་གྱི་ངོ་བོའི་གནས་ནས་ཡེ་ཤེས་ཀྱི་སྤྲུལ་པ་སྤྲ་པར་མཛད་པ་ལ་བྱ་སྟེ། ཚུལ་དེ་ལྟར་ཏིང་ངེ་འཛིན་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །གཞན་ཏིང་ངེ་འཛིན་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཏིང་ངེ་འཛིན ་མཛད་པའི་དུས་སུ་སྐུ་དང་གསུང་དང་ཐུགས་གསུམ་གཅིག་པའི་མི་ཕྱེད་པ་རྩེ་གཅིག་པའི་རང་བཞིན་དུ་བསྟན་པ་སྟེ་དེ་ལྟར་ཏིང་ངེ་འཛིན་གྱི་དོན་དུ་གསུངས་སོ། །སྙོམས་བར་ཞུགས་ཏེ་ཞེས་པ་ནི། མདུན་དུ་སྨོས་པའི་དོན་ཡེ་ཤེས་ཀྱིས་སྤྲོ་བ་དེས་འཁོར་གྱི་དེ ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེཾས་དཔའ་ཐམས་ཅད་བྱིན་གྱིས་བརླབ་པར་མཛད། དབང་བསྐུར་བར་མཛད་ནས་སྣོད་དུ་རུང་བར་གྱུར་ཏེ། ཚུལ་དེ་ལྟར་སྙོམས་པར་ཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཞེ་སྡང་གི་རིགས་མཆོག་གི་བརྟན ་པའི་སྙིང་པོ་འདི་ཉིད་ཀྱི་སྐུ?་རང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ནས་བཞུགས་སོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ཞེ་སྡང་ཞེས་པ་ནི། མ་རུངས་པའི་སེམས་ཅན་རྣམས་ཀྱི་གནོད་པ་སྣ་ཚོགས་གྱི་བྲེ་བྲག་མེད་པར་མཛད་པར་གསུངས་སོ།། ་?་ཞེ་ལྡང་གི་སྒྲ་རྣམ་པ་གསུམ་དུ་དབྱེ་སྟེ། ཕྱི་དང་ནང་དང་གསང་པའོ། །དེ་ལ་ཕྱི་ནི་བསྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་གནོད་པ་སྣ་ཚོགས་བྱེད་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་དང་ལྷ་མོ་ཡིན་ལ་སོགས་པ་མ་རུངས་པ་ཐམས་ཅད? ་འདུལ་པ་དང་མེད་པར་མཛད་པ་ཐུགས་རྗེ་ཆེན་པོའི་ཞེ་སྡང་དུ་གསུངས་སོ། །ཚུལ་དེ་ལྟར་ཕྱིའི་ཞེ་སྡང་གི་དོན་ཤེས་པར་བྱའོ། །དེ་ནས་ནང་གི་ཞེ་སྡང་གི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། སྒྲུབ་པ་པོ་ལུས་ལ་གནས་པའི་ཉོན་མོངས་རྣམ་པ་ལྔ་ཡན ་ལག་དང་ཉིད་ལག་མེད་པའི་དགྲའི་ངོ་བོ་དེ་རྣམས་མེད་པར་བྱ་བའི་ཕྱིར་སྒྲུབ་པ་པོས་བརྩོན་འགྲུས་ཆེན་པོས་དུས་རྟག་ཏུ་ཡང་ནས་ཡང་དུ་སྐུ་གསུང་ཐུགས་བརྟན་པར་བསྒོམ་པས་སྤང་བར་བྱ་སྟེ། མེ་ལོང་ལྟ་བུ་ཡེ་ཤེས་ཀྱི་ངོ་བོའི་ཞེ་སྡང་མཛད་པར་གསུངས་སོ། །ཚུལ་དེ་ལྟར ་ནང་གི་ཞ་སྡང་གི་སྒྲའི?་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་ཞེ་སྡང་གི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ནོ། སྒྲུབ་པ་པོས་དམ་རྫས་ཐམས་ཅད་ཟ་བའི་དུས་སུ་ཕྱིན་ཅི་ལོག་པའི་རྣམ་པར་རྟོག་པ་སྐྱེ་བ་རུ་དྲའི་ངོ་བོ་དེ་མེད་པར་བྱ་བའི་ཞེ་སྡང་བརྩོན་འགྲུས་ཆེན ་པོས་ཕྱིན་ཅི་ལོག་པའི་རྣམ་པར་རྟོག་པ་སྤངས་ཏེ། བྱང་ཆུབ་སེམས་ལ་སོགས་པ་དམ་རྫས་ཐམས་ཅད་བཟའ་བར་བྱ་སྟེ། ཚུལ་དེ་ལྟར་གསང་བའི་ཚུལ་གྱི་བླ་ན་མེད་པའི་ཞེ་སྡང་དུ་ཤེས་པར་བྱའོ། །དེ་ནས་རིགས་ཞེས་པ་ནི་རྡོ་རྗེ་རིགས་ཀྱི་ངོ་བོ་མདུན་དུ་སྨོས ་པའི་ཕྱི་དང་ནང་དང་གསང་བའི་ཚུལ་གྱི་གནོད་པ་བྱེད་མཁན་མ་རུངས་པ་ཐམS་ཅད་མེད་པར་མཛད་པའི་ཁྲོ་བོའི་ངོ་བོ། །རྡོ་རྗེའི་རིགས་ཀྱི་ཚུལ་དེ་ལྟར་རིགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་མཆོག་གི་བསྟན་པའི་སྙིང་པོ་ཞེས་པ་ནི་མཆོག་ནི་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་རིགས་རིགས་ཀྱི་ནང་ན། བླ་ན་མེད་པ་རྡོ་རྗེའི་རིགས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཡིན་ཏེ། དེ་ཕྱིའི་མཆོག་གི་སྒྲའི་དོན་དུ་གསུངས་སོ། །བསྟན་ཞེས་པ་ནི། སྟོན་པ་རྡོ་རྗེ་སེམས་དཔའ་ཨི་ཆོ་འཕྲུལ་གྱི་སྟོབས་དང་གཉིས་སུ་མེད་པའི་ངོ་བོ་རུ་དྲ་ལ་སོགས་པ་བདུང་མ་རུངས ་པ་རྣམ་པ་གང་གིས་ཀྱང་མི་ཡོ་སྟེ། གཡོ་བར་མི་ནུས་པས་དེའི་ཕྱིར་བསྟན་པའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་སྙིང་ངོ་ཞེས་པ་ནི། རྡོ་རྗེའི་རིགས་མི་བསྐྱོད་པ་ཁྲོ་བོའི་གཟུགས་ཞེ་སྡང་རྡོ་རྗེའི་ངོ་བོ་དེའི་གསང་བའི་མཚན་ཀྱི་སྔགས་སྙིང་པོ་ཡིན་ཏེ། དེའི་ཕྱིར་སྙིང་པོའི ་སྒྲར་གསུངས་སོ། །དེ་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་པ་ནི། ཉིད་ནི་ཞེ་སྡང་གི་རིགས་དེ་དང་མི་ཕྱེད་པའི་ངོ་བོ་སྐུ་དང་གསུང་དང་ཐུགས་སུ་གསུངས་སོ། །རྡོ་རྗེ་ནི་མདུན་དུ་སྨོས་པ་དང་སྦྱར་རོ། །མདེར་བསྡུས་པ་བཤད་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨི་ཡེ་ཤེས ་ཀྱི་སྐུའི་ཕྱག་རྒྱའི་ངོ་བོ་གནས་པ་དེ་ནི་དོན་དམ་པར་མི་བཟད་པ་སྐུ་དང་གསུང་དང། ཐུགས་གསུམ་ནི་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པའི་ངོ་བོར་གསུངས་སོ། །ཚུལ་དེ་ལྟར་རྡོ་རྗེའི་དོན་དུ་གསུངས་སོ། །གཞན་ཡང་པདྨའི་རྒྱལ་པོའི་བཞེད་ཀྱི་སྐུ་དང་གསུང་དང་ཐུགས ་ཀྱི་དོན་ཁྱད་པར་དུ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། སྐུ་དང་གསུང་དང་ཐུགས་གསུམ་ལ་རྣམ་པ་གཉིས་སུ་དབྱེ་བ་སྟེ། བྱང་ཆུབ་སེམས་རྡོ་རྗེའི་ཉིད་ཀྱི་ཤེས་རབ་ཀྱི་ལྷ་མོ་ཌཱ་མ་ཀཱི་དང་གཉིས་སུ་མེད་པའི་སྐུའི་ཕྱག་ངོ་བོ་དེ་སྐུ་དང་གསུང་དང་ཐུགས་གསུམ་མི་ཕྱེད ་པའི་ཚུལ་གྱི་ཞེ་སྡང་རྡོ་རྗེའི་ལ་སང་བའི་མཚན་གྱི་སྔགས་དང། ཁྲོ་བོའི་སྐུ་ཕྱག་རྒྱའི་ངོ་བོ་ཕྱུང་བར་མཛད་མཁན་གྱི་སྐུ་དང་གསུང་དང་ཐུགས་མི་ཕྱེད་པར་གསུངས་ཏེ། ཚུལ་དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་དོན་དང་པོར་ཤེས་པར་བྱའོ། །གཞན་ཡང་སྐུ་དང ་གསུང་དང་ཐུགས་ཀྱི་དོན་བཤད་པར་བྱ་སྟེ། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཐབས་དང་ཤེས་རབ་ཀྱི་ཕ་རོལ་པས་མཱ་མ་ཀཱ་བྷེ་གའི་དབུས་སུ། བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུ་ལ། ས་བོན་ཡིག་འབྲུ་ཧཱུཾ་ཐིམ་པར་གྱུར་ཏེ། གསང་བའི་ས་བོན་གྱི་ངོ་བོར ་གྱུར་པ་དེ་སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པའི་ངོ་བོར་གསུངས་སོ་།ཚུལ་དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་དོན་གཉིས་པར་ཤེས་པར་བྱའོ། །གཞན་ཡང་སྐུ་དང་གསུང་དང་ཐུགས་ཀྱི་དོན་བཤད་པར་བྱ་སྟེ། ་ཞེ་སྡང་རྡོ་རྗེའི་གསང་བའི་ཆེན་ཀྱི་སྔགས་དང་། གཞན་ཡང་ཞེ་སྡང་རྡོ་རྗེའི་སྐུ་ཕྱག་རྒྱ་ཁྲོ་བོའི་ངོ་བོ་དེའི་སྐུ་དང་གསུང་དང་ཐུགས་མི་ཕྱེད་པ་གཅིག་པའི་ངོ་བོར་གསུངས་ཏེ། ཚུལ་དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་དོན་གསུམ་པར་ཤེས་པར ་བྱའོ། །རྡོ་རྗེ་ཞེས་པ་ནི་མདུན་དུ་བཤད་པ་དང་མཐུན་ནོ། །ཕྱུང་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཉིད་ཀྱི་རིགས་ཀྱི་ཁྲོ་བོའི་སྐུ་གསང་པའི་མཚན་སྔགས་ཕྱུང་བའམ་གསུངས་པར་བསྟན་ཏོ། །བཞུགས་ཞེས་བ་ནི། སྐུ་ཕྱག་རྒྱའི་ཆ ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་བ་མི་གཡོ་མི་བསྐྱོད་ཐུགས་རྩེ་གཅིག་པ་མདུན་དུ་སྨོས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚུལ་གྱིས་བརྟན་པར་བཞུགས་པས་བཞུགས་པའོ། །ཚུལ་དེ་ལྟར་བཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །བཛྲ ་དྷྲིཀ་ཞེས་པའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་གསུངས་མ་ཐག་ཏུ་བཅོམ་ལྡན་འདས་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུའི་ཞེས་པ་ནི། དེའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས ་ཞེས་པ་ནི་མདུན་དུ་སྨོས་པའི་དོན་གྱི་འོག་ཏུ། ཞེ་སྡང་རྡོ་རྗེའི་སྐུ་ཕྱག་རྒྱ་ཕྱུང་བའི་དོན་སྟོན་པའོ། །ཚུལ་དེ་ལྟར་དེ་ནས་ཀྱི་དོན་དུ་ཤེས་པར་བྱའོ། །དེ་ནས་འདི་གསུངས་མ་ཐག་ཏུ་ཞེས་པ་ནི། གསུངས་ཞེས་པ་ནི་མདུན་དུ་སྨོས་པ་ཞེ་སྡང་རྡོ་རྗེའི་གསང ་བའི་མཚན་སྔགས་ཀྱི་ངོ་བོ་ཡིན་པས་དེ་ལྟར་གསུངས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །ཐག་ཏུ་ཞེས་པ་ནི་སྟོན་པ་བྱང་ཆུབ་སེམS་རྡོ་རྗེས?་ཞེ་སྡང་རྡོ་རྗེའི་གསང་བའི་སྔགས་གསུངས་པའི་བརྗོད་པའི་འོག་ཏུ། ཞེ་སྡང་རྡོ་རྗེའི་སྐུ་ཕྱག་རྒྱར་གྱུར་པའི་ཡོན་ཏན་གྱི་ངོ་བོ ་སྟོན་པའོ། །དེ་ལྟར་ཐག་ཏུ་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནི། ཞེ་སྡང་རྡོ་རྗེའི་སྐུའི་ཡོན་ཏན་བཤད་པར་བསྟན་ཏོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་དུ་མདུན་དུ་སྨོས་པའི་བཤད་པ་དང་མཐུན་བར ་འདིར་སྦྱར་རོ། །དེ་ཉིད་ཞེས་པ་ནི་དེ་ཉིད་ཀྱི་དོན་ཇི་ལྟར་མདུན་དུ་སྨོས་པའི་བྱང་ཆུབ་སེམས་རྡོ་རྗེས་གསང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚུལ་དུ་ཉིད་ཀྱི་རིགས་དང་གཉིས་སུ་མེད་པའི་ཚུལ་ཞེ་སྡང་རྡོ་རྗེའི་སྔགས་བྱུང་བར་མཛད་པ ་དེ་བཞིན་དུ་མི་གཡོ་མི་བསྐྱོད་པར་སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པར་རྩེ་གཅིག་པར་བཞག་སྟེ། བཞག་མ་ཐག་ཏུ་གསང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གསུངས་སོ། །བཤད་པར་བྱ་སྟེ། གསང་བ་ནི་ཐབས་དང་ཤེས་རབ་གཉིས་སུ ་མེད་པར་དབང་པོ་གཉིས་མཉམ་པར་སྦྱར་བ་གསང་བར་གསུངས་སོ། །རྡོ་རྗེ་ནི་བྱང་ཆུབ་སེམས་རྡོ་རྗེ་ལ་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནི་མདུན་དུ་སྨོས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས ་སྐུ་དང་གསུང་དང་ཐུགས་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནི་དོན་དམ་པར་སྐུ་དང་གསུང་དང་ཐུགས་མི་ཕྱེད་པ་གཅིག་པའི་ངོ་བོར་གསུངས་སོ། །བཤད་པར་བྱ་སྟེ། དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་གསུམ་ནི་ཞེ་སྡང་རྡོ་རྗེའི་སྐུའི་ཕྱག ་རྒྱའི་གཟུགས་ཀྱི་ངོ་བོར་གསུངས་སོ། །དེ་ནས་རིག་པའི་སྐྱེས་བུ་ཞེས་པ་ནི། རིག་པ་ནི་ལྷ་མོ་མཱ་མ་ཀཱིའི་ཁྲོ་མོའི་ཚུལ་ཞེ་སྡང་དགའ་མ་ལ་རིག་པའི་སྒྲའི་དོན་དུ་གསུངས་སོ། །སྐྱེས་བུ་ནི་ཁྲོ་བོའི་གཟུགས་ཀྱི་ངོ་བོ་ཞེ་སྡང་རྡོ་རྗེ་ལ་སྐྱེས་བུའི་སྒྲའི་དོན་དུ་གསུངས་སོ། ། ་བཤད་པར་བྱ་སྟེ། དེ་གཉིས་ཀྱི་སྐུ་ཕྱག་རྒྱ་གཅིག་ཏུ་ཕྱུང?་བས་སོ་སོར་འཁྱུད་པའི་ཚུལ་དུ་གསང་བའི་དབང་པོ་གཉིས་མཉམ་པར་སྦྱོར་བར་བཞུགས་པས། ཚུལ་དེ་ལྟར་རིག་པའི་སྐྱེས་བུའི་སྒྲའི་དོན་དུ་ཤེས་པར་བྱའོ། །མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོར ་སྦྱོར་བའི་མཆོག་གི་གནས་ཀྱིས། ནག་པོ་དང། དཀར་པོ་དང། དམར་པོའི་ཚུལ་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་ནས་བཞུགས་པའོ། །ཞེས་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ། ་ཇི་ལྟར་ཡིན་ན། མིང་སྦྱོར་བའི་ཕྱག་རྒྱ་ཆེན་པོ་གང་མདུན་དུ་ཞེ་སྡང་རྡོ་རྗེ་ཁྲོ་བོའི་ངོ་བོའི་སྐུ་ཕྱག་རྒྱ་གསུངས་པ་དེ་ཨཉིད། མི་བསྐྱོད་པའི་སྐུ་ཕྱག་རྒྱ་མི་ཕྱེད་པ་གཅིག་པའི་ངོ་བོར་གསུངས་ཏེ། དེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། མ་རུངས་པ་ཐམས་ཅད ་འདུལ་བ་དང་མེད་པར་མཛད་པའི་ཕྱིར། མི་བསྐྱོད་པ་ཁྲོ་བོའི་གཟུགས་ཞེ་སྡང་གི་གཟུགས་ཀྱི་ངོ་བོའི་སྐུ་ཕྱག་རྒྱ་སྤྲུལ་བ་མཛད་པ་གསུངས་སོ། །དེ་ནས་ཕྱག་རྒྱ་ཆེན་པོ་ཞེས་པ་ནི། མདུན་དུ་སྨོས་པའི་ཐབས་དང་ཤེས་རབ་གཉིས་སུ་མེད ་པར་འཁྱུད་པའི་ཚུལ་གྱི་སྐུ་ཕྱག་རྒྱ་ཕུན་སུམ་ཚོགས་པ་ངོ་བོ་ཕྱག་རྒྱ་ཆེན་པོའི་དོན་དུ་གསུངས་སོ། །དེ་ལྟར་སྦྱོར་ཞེས་པ་ནི་ཞེ་སྡང་རྡོ་རྗེ་མི་བསྐྱོད་པའི་ཡེ་ཤེས་ཀྱི་ངོ་བོ་སྐུ་དང་གསུངས་དང་ཐུགས་གསུམ་གཅིག་པའི་གཟུགས་གཅིག་ཏུ་སྦྱོར་བས་དེའི་? ་ཕྱིར་སྦྱོར་བའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་མཆོག་ཞེས་པ་ནི། མཆོག་ནི་ཁྱད་པར་དུ་གཙོ་བོར་གསུངས་སོ། །དེ་ནས་གནས་ཀྱི་སྒྲར་བཤད་པར་བྱ་སྟེ། རྡོ་རྗེའི་རིགས་སུ་གསུངས་སོ། །གཞན་ཡང་གནས་ཀྱི་སྒྲ་ནི་ཞེ་སྡང་རྡོ་རྗེ་ཁྲོ་བོའི་གཟུགས་ཀྱི་ངོ་བོ ་ཡན་ལག་དང་ཉིད་ལག་ཐམས་ཅད་དང་ལྡན་པའི་སྐུ་ཕྱག་རྒྱའི་ངོ་བོར་གསུངས་སོ། །གཞན་ཡང་གནས་ཀྱི་སྒྲ་ནི་བདེ་བ་ཆེན་པོའི་སྤྱོད་པའི་སྤྱོད་ཅིང་རིག་པ་མཚན་དང་ལྡན་པ་ཉིད་ཀྱི་རིགས་དང་ལྷ་མོ་མ་མཱ་ཀཱི་འཁྱུད་པའི་ཚུལ་དུ་གནས་པ་དེ་ཕྱིའི ་གནས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་དེའི་སྐུ་མདོག་དང་ཞལ་དང། ཕྱག་དང་ཕྱག་མཚན་དང། རྒྱན་རྣམས་བཤད་པར་བྱ་སྟེ། དེ་ལ་ནག་པོ་དང། དཀར་པོ་དང། དམར་པོའི་ཚུལ་དུ་ཞེས་པ་ནི། ཞེ་སྡང་རྡོ་རྗེའི་ཞལ་དབུས་མེ་ནི་ནག་པོའོ།། ཞལ ་གཡས་ནི་དཀར་བའོ། །གཡོན་ནི་དམར་བའོ། །སྐུ་ཡན་ལག་དང་ཉིད་ལག་ཐམས་ཅད་ནི་ནག་པོར་གསུངས་སོ། །ཕྱག་དྲུག་གི་ཕྱག་མཚན་དྲུག་ནི། གཡས་དང་པོ་ན་རྡོ་རྗེ་རྩེ་དགུ་འཛིན། བར་མ་ན་འཁོར་ལོ་བརྩིབས་བརྒྱད། ཐ་མ་ན་པདྨ་དམར ་པོ་འདབ་བརྒྱད། གཡོན་དང་པོ་རྡོ་རྗེ་དྲིལ་བུ། བར་མ་ན་རིན་པོ་ཆེ་འཛམ་བུ་ནཱ་དེ། ཐ་མ་ན་རལ་གྲི། ཨུཏཔ་ལ་མཐིང་ཀའི་འདབ་མ་ལྟ་བུའོ། །ཚུལ་དེ་ལྟར་ཕྱག་དང་ཕྱག་མཚན་གྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གཞན་ཡང་རྒྱན་ནི། རིན་པོ་ཆེ་སྣ ་ཚོགས་ཀྱི་བྱེ་བྲག་གི་རྒྱན་གྱིས་བརྒྱན་པའོ། །ཚུལ་དེ་ལྟར་བརྒྱན་གྱི་སྒྲའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་སྐུའི་ཆ་ལུགས་ཁྱད་པར་དུ་བཤད་པར་བྱ་བ་སྟེ། ཇི་ལྟར་ཡིན་ནོ། ཤིན་ཏུ་མི་སྡུག་འཇིགས་པ་སྟེ། འོད་ཀྱི་དཀྱིལ་འཁོར་དམར་པོ་འབར། ཉི་མའི ་དཀྱིལ་འཁོར་གདན་ལ་བཞུགས། །སྨིན་མ་ཡང་ནས་ཡང་དུ་སྐྱོད། །དམར་པོ་ཅན་ནི་ཀུན་ཏུ་གཟིགས། །ཁྲོ་བོའི་ཚོགས་ནི་སྤྲོ་བར་མཛད། །མ་རུངས་སེམས་ཅན་བྱིན་བརླབས་འདུལ། །སྤྲོ་བའི་གནས་སུ་སླར་ཡང་བསྡུ། །ཚུལ་དེ་ལྟར་སྐུའི་ཆ་ལུགས ་ཕུན་སུམ་ཚོགས་པའི་དོན་ཤེས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་རྣམ་པ་ལྔའི་སྐུ་དང་གསུང་དང་ཐུགས་གཅིག་ཏུ་འདུས་པའི་ངོ་བོ་ཞེ་སྡང་རྡོ་རྗེའི་སྐུ་ཕྱག ་རྒྱར་གསུངས་སོ། །དེ་ནས་རྡོ་རྗེ་ཞེས་པ་ནི་མདུན་དུ་སྨོས་པའི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་ཐུགས་ཀ་ནས་ཕྱུང་བ། འཁོར་གྱི་ངོ་བོ་རྡོ་རྗེ་མི་བསྐྱོད་པ། བྱང་ཆུབ་སེམས་རྡོ་རྗེ་ལ་རྒྱུད་བཀའ་སྩལ་པའི་ཕྱིར་བསྐུལ་བ་པོ་དེའི་སྐུ་དང་གསུང་དང་ཐུགས ་གསུམ་གྱི་སྐུ་ཕྱག་རྒྱའི་ངོ་བོར་གསུངས་སོ། །དེ་ནས་ཞུགས་ནས་བཞུགས་སོ། །ཞེས་པ་ནི་མདུན་དུ་སྨོས་པའི་འཁོར་གྱི་ངོ་བོ་མི་བསྐྱོད་པའི་སྐུ་བྱིན་གྱིས་བརླབས་ཏེ། དེ་བྱིན་གྱིས་བརླབས་མ་ཐག་ཏུ། དེ་དང་གཉིས་སུ་མེད་པའི་?་ཐིམ་པར་གྱུར་ནས ་གཅིག་ཏུ་བཞུགས་པར་གསུངས་སོ། །ཚུལ་དེ་ལྟར་ཞུགས་ནས་བཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཁྱད་པར་དུ་བཤད་པར་བྱ་སྟེ། ཞེ་སྡང་རྡོ་རྗེ་ཉིད་ཀྱི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ཉིད་དང་འདྲ་བའི་ཞེ་སྡང་རྡོ་རྗེ ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། རུ་དྲ་ལ་སོགས་པ་སེམས་ཅན་མ་ལུས་པ་དེ་ཞེ་སྣང་ཅན་ཐམས་ཅད་ཀྱི་སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་གནོད་པ་བྱེད་པ་དེ་དག་ཐམས་ཅད་ཐུགས་རྗེའི་ཞེ་སྡང་ཆེན་པོ་ཁྲོས་ཏེ་དགུག་པའི་དོན་དུ ་སྤྲོ་བར་མཛད་དེ། དེ་དག་སྤྲོས་མ་ཐག་ཏུ་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་བཀུག་སྟེ། དེ་དག་བཀུག་ནས་ཞེ་སྡང་རྡོ་རྗེ་ཉིད་ཀྱི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་བསྡུ་བར་མཛད་དོ། །དེའི་འོག་ཏུ་བསྡུས་མ་ཐག ་ཏུ་ཞེ་སྡང་རྡོ་རྗེའི་སྐུ་ཕྱག་རྒྱ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་སྐུའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་ཐིམ་པར་བསྡུ་བར་མཛད་དེ། གཉིས་སུ་མེད་པའི་ངོ་བོར་བཞུགས་སོ། །ཚུལ་དེ་ལྟ་བུ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་ནས་བཞུགS ་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་བ་ཞེས་བྱ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས ་པ་ནི་མདུན་དུ་ཐལ་བའི་འོག་ནས་འབྱུང་བའི་དོན་སྟོན་པའོ། །བཅོམ་ལྡན་འདས་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱ་སྟེ། དེའི་དོན་ནི་མདུན་དུ་སྨོས་པ་བཞིན་དུ་འདིར་སྦྱར་རོ། །དེ་ནས་དེ་བཞིན་གཤེགས་པ་ཞེས་པ་ནི། མདུན ་དུ་སྨོས་པ་མི་བསྐྱོད་པ་ལ་སོགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་དམ་ཚིག་ཞེས་པ་ནི་རྣམ་པ་གསུམ་སྟེ། རོལ་པའི་དམ་ཚིག་དང། གསང་བའི་དམ་ཚིག་དང། ཡེ་ཤེས་ཀྱི་དམ་ཚིག་གོ་།དེ་སོ་སོར་བཤད་པར་བྱ་སྟེ། རོལ་པའི་དམ ་ཚིག་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་དང། དོན་དམ་པར་མི་ཕྱེད་པའི་བདག་ཉིད་ཀྱི་སྐུ་ལྷ་མོ་མཱ་མ་ཀཱི་དང་ལྡན་པར་རོལ་པར་མཛད་པས་ཚུལ་དེ་ལྟར་རོལ་པའི་དམ་ཚིག་གི་སྒྲའི་དོན་དུ་གསུངས་སོ།། ་དེ་ནས་གསང་བའི་དམ་ཚིག་ནི། མདུན་དུ་སྨོས་པའི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཐབས་དང་ཤེས་རབ་ཀྱི་རོལ་བ་བྱང་ཆུབ་སེམས་མཱ་མ་ཀཱི་བྷ་གའི་དབུས་སུ་འོད་དུ་ཞུ་བར་མཛད་པར་ཟླ་བ་ལྟ་བུ་ལ་བྱའོ། །དེ་ལྟར་གསང་བའི་དམ ་ཚིག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་དམ་ཚིག་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིག་འབྲུ་ཨོཾ་བྱང་ཆུབ་སེམས་ལས་ཐིམ་ནས་གཉིས་སུ་མེད་པ་གཅིག་པའི་ངོ་བོར་གྱུར་པ་ཚུལ་དེ་ལྟར་ཡེ་ཤེས་ཀྱི་དམ་ཚིག་གི་སྒྲའི་དོན་དུ་ཤེས་པར་བྱའོ།། ་དེ་ནས་འབྱུང་བ་ཞེས་པ་ནི། དེ་ནས་གཏི་མུག་གི་རིགས་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་བྱུང་ནས་འབྱུང་བར་གསུངས་སོ།། །།དེ་འཕགས་པ་ན་གརྫུ་ནས་རྣམ་པ་གསུམ་གྱི་བྱེ་བྲག་ཏུ་ཕྱེ་སྟེ། ཇི་ལྟར་ཡིན་ན། གསང་བའི་བྱེ་བྲག་དང། ཡེ་ཤེས་ཀྱི ་བྱེ་བྲག་དང། སྐུའི་བྱེ་བྲག་གོ་།དེ་ལ་གསང་བའི་བྱེ་བྲག་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་མཱ་མ་ཀཱི་དང་ལྡན་པར་སྦྱོར་བ་ཐབས་དང་ཤེས་རབ་ཀྱི་རོལ་བས་བྷ་གའི་དབུས་སུ་བྱང་ཆུབ་སེམས་ཟླ་བ་ལྟ་བུ་དེ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་ལ་གནས་པ་བྱང་ཆུབ ་སེམས་རྡོ་རྗེ་ཉིད་ཀྱི་མདུན་དུ་སྨོས་པའི་རོལ་པ་མཛད་པའི་ཐབས་ཀྱིས་བྱུང་བར་མཛད་པས། དེ་ལྟར་གསང་བའི་བྱེ་བྲག་གིས་འབྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཡེ་ཤེས་ཀྱིས་བྱེ་བྲག་གིས་འབྱུང་བ་ནི། བྱང་ཆུབ་སེམས་རྡོ་རྗེའི་གསང་བའི་ཐུགས ་ཁའི་གནས་ན་ཡིག་འབྲུ་ཧཱུཾ་ཡེ་ཤེས་སེམས་དཔའ་མེ་ལྟར་འབར་བ་ཡེ་ཤེས་རྣམ་པ་ལྔ་སོ་སོའི་རིགས་ཀྱི་ཁ་དོག་དང་ལྡན་པ་འོད་ཟེར་འཕྲོ་བ་དེའི་དབུས་ན་གཉིས་སུ་མེད་པའི་ངོ་བོར་གནས་པ་རྣམ་པར་སྣང་མཛད་ཀྱི་སྐུ་འབྱུང་བའི་ས་བོན་ཡིག་འབྲུ་ཨོཾ། ་བྱང་ཆུབ་སེམས་བྱིན་གྱིས་བརླབས་པའི་ཕྱིར་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཉིད་ཀྱིས་འབྱུང་བར་མཛད་པར་གསུངས་སོ། །དེ་ལྟར་ཡེ་ཤེས་ཀྱི་བྱེ་བྲག་གིས་འབྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྐུའི་བྱེ་བྲག་གིས་འབྱུང་བའི་སྒྲ་ནི་སྟོན་པ་བྱང་ཆུབ་སེམས ་རྡོ་རྗེས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིག་འབྲུ་ཨོཾ། བྱང་ཆུབ་སེམས་དང་གཉིས་སུ་མེད་པའི་ས་བོན་གྱི་ངོ་བོ་དེ་ལས་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་འབྱུང་བར་གསུངས་སོ། །དེ་ལྟར་སྐུའི་བྱེ་བྲག་གིས་འབྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །ཞེས ་བྱ་བ་ཞེS་པ་ནི། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་བའི་མདོར་གསུངས་སོ། །དེ་ནས་ཏིང་ངེ་འཛིན་ཞེས་པ་ནི། མདུན་དུ་སྨོས་པའི་དོན་དེ་དག་ཐམས་ཅད་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཐུགས་རྩེ་གཅིག ་པར་ཏིང་ངེ་འཛིན་མཛད་པས་དེའི་ཕྱིར་ཏིང་ངེ་འཛིན་ཞེས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་ཏིང་ངེ་འཛིན་གྱི་སྒྲ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་མཛད་དེ། མཛད་མ་ཐག་ཏུ་བྱང་ཆུབ་སེམས་རྡོ་རྗེ་ཐུགས་དགྱེས ་པར་ཞལ་ཅུང་ཟད་འཛུམ་པ་ཞི་བའི་ཚུལ་དུ་བཞུགས་པར་གསུངས་སོ། །དེའི་ཕྱིར་སྙོམས་པར་ཞུགས་པའི་སྒྲའི་དོན་དུ་གསུངས་སོ། །གཏི་མུག་གི་རིགས་མཆོག་གི་བསྟན་པའི་སྙིང་པོ་འདིས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ནས ་བཞུགས་སོ། །ཞེས་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། གཏི་མུག་ཅེས་པ་ནི་རྣམ་པ་གསུམ་སྟེ། ཕྱི་དང་ནང་དང་གསང་བའོ། །དེ་ལ་ཕྱིའི་གཏི་མུག་ནི་སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་མ་རིག་པའི་གཏི་མུག་སྟུག་པ། ་མུན་ནག་ལྟ་བུ། བྱང་ཆུབ་ཀྱི་ལམ་ལ་གནོད་པར་བྱེད་པ། དམྱལ་བའི་ལམ་དུ་ཁྲིད་པར་བྱེད་པའམ། སྟོན་པར་བྱེད་པ་ཡང་གསུངས་ཏེ། དེ་མེད་པར་བྱེད་པ་གཉེན་པ་བླ་ན་མེད་པའི་གཏི་མུག་སེམས་བརྟན་པར་དགེ་བ་བྱེད་པ་སྟེ། དེ་ལྟར་ཕྱིའི་གཏི ་མུག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་གཏི་མུག་ནི། བསྒྲུབ་པ་པོ་རང་དགའ་བའི་ལྷ་སྒོམ་པ་ལ། གཏི་མུག་གི་ལེ་ལོ་ཕྱིན་ཅི་ལོག་གི་སེམས་བློ་མི་བརྟན་པ། མུན་པ་སྟུག་པོ་དང་འདྲ་བ། བླ་ན་མེད་པའི་འབྲས་བུ་ཐོབ་པ་ལ་གནོད་པ ་བྱེད་པ། འགྲོ?་བ་རིགས་དྲུག་ཏུ་སྐྱེ་བ་དང་འཁོར་བར་བྱེད་པའི་འཁོར་ལོ་ལྟ་བུ་དེ་མེད་པར་བྱ་བའི་གཉེན་པོའི་ངོ་བོ། བརྩོན་འགྲུས་ཆེན་པོའི་སེམས་བརྟན་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་འབྲས་བུ་མ་ཐོབ་ཀྱི་བར་དུ་སེམས་བརྟན་པས་རང་དགའ་བའི་ལྷ ་བསྒོམ་པར་བྱ་བ་ལ་གནས་པར་གསུངས་སོ། །དེ་ལྟར་ནང་གི་གཏི་མུག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་གཏི་མུག་ནི། སྒྲུབ་པ་པོ་དམ་རྫས་བྱིན་གྱིས་བརླབ་ཅིང་བཟའ་བ་ལ་རྣམ་པར་རྟོག་པའི་ངོ་བོ་མ་རིག་པའི་བགེགས་མི་ཟ་བར་སེམས ་བརྟན་པར་སྐྱེད་པར་བྱེད་པ། དམ་རྫས་ནི་ཟ་བས་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་མེད་པར་དུས་རྟག་ཏུ་རྟོག་པའི་སེམས་གཉིས་ཅན་གཏི་མུག་གི་རང་བཞིན་ནོ། །དེ་མེད་པར་བྱེད་པའི་གཉེན་པོ་སེམས་རྣམ་པར་དག་པ་སྟོང་པ་བསྟན་པ། བརྩོན་འགྲུས ་ཀྱི་རྒྱུད་ལས་འབྱུང་བའི་ཆོ་གས་བྱིན་གྱིས་བརླབས་ཀྱི་ཐབས་ཀྱི་བླ་ན་མེད་པའི་འབྲས་བུ་གྲུབ་པར་བྱ་བའི་ཕྱིར་།དེའི་རྒྱུད་མ་རྫས་ཐམས་ཅད་རྣམ་པར་རྟོག་པ་སྤངས་ནས་ཟ་བར་བྱེད་པ་དེ། བླ་ན་མེད་པའི་གཏི་མུག་ཡིན་ཏེ། དེ་ལྟར་གསང་པའི་གཏི་མུག་གི་སྒྲའི་དོན ་དུ་ཤེས་པར་བྱའོ། །དེ་ནས་རིགས་ཞེས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་དེ་ནི། མདུན་དུ་སྨོས་པའི་ཕྱི་དང་ནང་དང་གསང་བའི་ཚུལ་གྱི་ཕྱིན་ཅི་ལོག་པའི་སྡིག་པའི་གཏི་མུག་དེ་གཞོམ་པ་དག་མེད་པར་བྱ་བའི་ཐབས་འདི་ཡིན་ནོ། ། ་ཚུལ་དེ་ལྟར་རིགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་མཆོག་ཞེས་པ་ནི། ཡང་དག་པའི་བླ་ན་མེད་པའི་གཏི་མུག་གི་རིགས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་སྣང་མཛད་སྒྲུབ་པ་པོ་རྣམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་འབྲས་བུ་བསྒྲུབ་པར་བྱ་བའི ་ཉིད་བསྒྲུབ་སྟེ། དེ་ལྟར་མཆོག་གྱི་སྒྲའི་དོན་དུ་ཤེས་པར་བྱའོ། །བསྟན་པ་ཞེས་པ་ནི། གནོད་པ་གང་གིས་ཀྱང་མི་གཡོ་བ་རྡོ་རྗེ་སེམས་དཔའ་ཨི་ཡེ་ཤེས་ཀྱི་གཉིས་སུ་མེད་པའི་སྤྲུལ་པའི་ངོ་བོ་དེ། རུ་དྲ་ལ་སོགས་པ་བདུད་དགྲ་རྣམས་ཀྱིས་སྣ་ཚོགས་ཀྱི་བྱེ་བྲག་ཆོ་འཕྲུལ ་གྱིས་གནོད་བར་མི་ནུས་པ། དེ་ལྟར་བསྟན་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྙིང་པོ་ཞེས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་སྣང་མཛད་ཀྱི་ཡོན་ཏན་ག་ཡི་གསང་བའི་ཚན་གྱི་སྙིང་པོ་ཡིན་ཏེ། དེ་ལྟར་སྙིང་པོ་སྒྲའི་དོན་དུ་ཤེས་པར་བྱའོ།། ་དེ་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི་།ཉིད་ནི་བདག་ཉིད་སྐུ་དང་གསུང་དང་ཐུགས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་དེ་ནི་རྣམ་པར་སྣང་མཛད་ཉིད་ཀྱི་སྐུའི་གཟུགས་ནི་ངོ་བོ་མི་ཕྱེད་པ་གཉིས་སུ་མེད་པར་འགྱུར་རོ། །ཕྱུང་བར ་མཛད་ཅེས་ཀྱང་བྱའོ། །རྡོ་རྗེ་ཞེས་པ་ནི་མདུན་དུ་སྨོས་པའི་སྒྲའི་དོན་དུ་དེ་གཉིས་དུ་འདིར་སྦྱར་རོ།། །།དེ་ལྟར་རྡོ་རྗེའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གཞན་ཡང་པདྨའི་རྒྱལ་པོས་སྐུ་དང་གསུང་དང་ཐུགས་ཀྱི་དོན་བཤད་པ། སྐུ་དང་གསུང་དང་ཐུཌ ་བྱེ་བྲག་གསུམ་དུ་ཕྱེ་སྟེ། བྱང་ཆུབ་སེམས་རྡོ་རྗེ་ཉིད་ཀྱི་ཤེས་རབ་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པའི་སྐུ་ཕྱག་རྒྱའི་ངོ་བོ་དེའི་སྐུ་དང་གསུང་དང་ཐུགས་གསུམ་མི་ཕྱེད་པའི་ཚུལ་གྱིས་རྣམ་པར་སྣང་མཛད་ཀྱི་གསང་བའི་མཚན་གྱི་སྔགས་དང། ་སྐུ་ཕྱག་རྒྱ་ཞི་པའི་ཚུལ་ཕྱུང་བར་མཛད་མཁན་གྱི་སྐུ་དང་གསུང་དང་ཐུགས་མི་ཕྱེད་པ་རྡོ་རྗེར་གསུངས་སོ། །ཚུལ་དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་དོན་དང་པོར་ཤེས་པར་བྱའོ། །གཞན་ཡང་སྐུ་དང་གསུང་དང་ཐུགས་ཀྱི་དོན་བཤད་པར་བྱ་སྟེ། ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཐབས་དང་ཤེས་རབ་རོལ་པའི་བྱང་ཆུབ་སེམས་མཱ་མ་ཀཱའི་བྷ་གའི་དབུས་སུ་འོད་དུ་ཞུ་བར་མཛད་པ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུ་ས་བོན་ཡིག་འབྲུ་ཨའོཾ་གྱིས་བྱིན་གྱིས་བརླབས་ནས་ཐིམ་པར་གྱུར་པའི ་ས་བོན་དེ་ལས་གྱུར་པ་དེ། སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པའི་ངོ་བོར་གསུངས་ཏེ། དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་སྒྲའི་དོན་གཉིས་པར་ཤེས་པར་བྱའོ། །གཞན་ཡང་སྐུ་དང་གསུང་དང་ཐུགས་ཀྱི་དོན་བཤད་པར་བྱ་སྟེ། རྣམ ་པར་སྣང་མཛད་ཀྱི་གསང་བའི་མཚན་ནི་སྔགས་དང། རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་ཞི་པའི་ཚུལ་གྱི་སྐུ་དང་གསུང་དང་ཐུགས་གསུམ་མི་ཕྱེད་པ་སྟེ། དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་དོན་གསུམ་པར་ཤེས་པར་བྱའོ། །རྡོ་རྗེ་ཞེས་པ ་ནི་མདུན་དུ་བཤད་པ་དང། འདིར་མཐུན་པར་སྦྱར་རོ། །ཕྱུང་ནས་ཞེས་པ་ནི། སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེས?་གཏི་མུག་གི་རིགས་རྣམ་པར་སྣང་མཛད་ཞི་བའི་ཚུལ་གྱི་ངོ་བོའི་གསང་བའི་མཚན་གྱི་སྔགས་ཕྱུང་བའམ་གསུངས་པར་བྱའོ། །དེ་ནས་བཞུགས ་ཞེས་པ་ནི། སྐུ་ཕུན་སུམ་ཚོགས་པ་དང་ལྡན་པ་མི་གཡོ་བར་ཐུགས་རྩེ་གཅིག་པར་མདུན་དུ་སྨོས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གསུངས་སོ། །དེ་ལྟར་བཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །ཛིན་ཛི་ཀ་ཅེས་པ་ནི་བདེ་སྟེ་བཤད་མི་དགོས་སོ།། ་དེ་ནས་དེ་བྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ཞེས་པ་ནི་དེའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི་མདུན་དུ་སྨོས ་པའི་དེའི་འོག་ཏུ་གཏི་མུག་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་འབྱུང་བའི་མགོ་འདྲེན་པའོ། །དེ་ནས་གསུངས་མ་ཐག་ཏུ་ཞེས་པ་ནི། གསུངས་པའི་ཚིག་མདུན་དུ་སྨོས་པའི་རྣམ་པར་སྣང་མཛད་ཀྱི་གསང་བའི་མཚན་གྱི་སྔགས་གསུངས་མ་ཐག་ཏུ། གཏི་མུག་གི ་རིགས་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱར་གྱུར་པའི་ཡོན་ཏན་གྱི་ངོ་བོའི་དོན་སྟོན་པར་བྱེད་པ་སྟེ། ཚུལ་དེ་ལྟར་གསུངས་མ་ཐག་ཏུ་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནི། རྣམ་པར་སྣང་མཛད་ཀྱི་ཡོན་ཏན་བསྟན་པའོ། །གཞན་ཡང ་བཅོམ་ལྡན་འདས་ཀྱི་དོན་མདུན་དུ་བཤད་པ་བཞིན་དུ་འདིར་སྦྱར་རོ། །དེ་ནས་དེ་ཉིད་ཞེས་པ་ནི་མདུན་དུ་སྨོས་པ་དེ་བཞིན་བྱང་ཆུབ་སེམས་རྡོ་རྗེས་གསང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚུལ་གྱི་གཏི་མུག་གི་རིགས་ཀྱི་རྣམ་པར་སྣང་མཛད་ཀྱི ་གསང་བའི་མཚན་གྱི་སྔགས་རྒྱུད་བ་དེ་བཞིན་དུ་མི་གཡོ་བར་སྐུ་དང་གསུང་དང་ཐུགས་གསུམ་རྩེ་གཅིག་པར་བཞག་སྟེ། བཞག་མ་ཤག?་ཏུ་གསང་བའི་རྡོ་རྗེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །བཤད་པར་བྱ་སྟེ། ་གསང་བ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དབང་པོ་གཉིས་མཉམ་པར་སྦྱར་ནས་དེ་ལྟར་གསང་བའི་ཏིང་ངེ་འཛིན་དུ་ཤེས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ནི ་མདུན་དུ་སྨོས་པ་མི་བསྐྱོད་པ་ལ་སོགས་པ་རྣམ་པ་ལྔ་ལ་བྱའོ། །སྐུ་དང་གསུང་དང་ཐུགས་ཞེས་པ་ནི། དོན་དམ་པར་མི་ཕྱེད་པ་གཅིག་པའི་ངོ་བོར་གསུངས་སོ། །བཤད་པར་བྱ་སྟེ། དེའི་སྐུ་དང་གསུང་དང་ཐུགས་གསུམ་ནི། རྣམ་པར་སྣང་མཛད་ཀྱི་སྐུ ་ཕྱག་རྒྱའི་ངོ་བོར་ཤེས་པར་བྱའོ། །དེ་ནས་རིག་པའི་སྐྱེས་བུ་ཞེས་པ་ནི། རིག་པ་ནི་གཏི་མུག་དགའ་མས་ལྷ་མོ་སངས་རྒྱས་སྤྱན་ལ་རིག་པར་གསུངས་སོ། །སྐྱེས་བུ་ནི་ཞི་བའི་ཚུལ་གྱི་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་ལ་བྱའོ། །བཤད་པར་བྱ་སྟེ། དེ་གཉིས ་ཀྱི་སྐུ་ཕྱག་རྒྱ་གཅིག་ཏུ་བྱུང་བ་སོ་སོར་འཁྱུད་པའི་ཚུལ་གྱིས་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ནས་གནས་པའོ། །དེ་ལྟར་རིག་པའི་སྐྱེས་བུ་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ཞེས་པ་ནི། རྣམ་པར་སྣང ་མཛད་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་ཕྱག་རྒྱ་ཆེན་པོ་ཞེས་པ་ནི། མདུན་དུ་སྨོས་པའི་ཐབས་དང་ཤེས་རབ་གཉིས་སུ་མེད་པར་འཁྱུད་པའི་ཚུལ་གྱི་སྐུ་ཕུན་སུམ་ཚོགས་པའི་ངོ་བོ་ལ་ཕྱག་རྒྱ་ཆེན་པོ་གསུངས་སོ། །དེ་ནས་སྦྱོར་བའི་མཆོག་གི་གནས ་ཀྱིས་དཀར་པོ་ནག་པོ་དམར་པོའི་ཚུལ་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དན་ཐུགས་རྡོ་རྗེའི་མདུན་དུ་ཞུགས་ནས་བཞུགས་པའོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། སྦྱོར་བ་ཞེས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས ་ཀྱི་ངོ་བོ་རྣམ་པར་སྣང་མཛད་དེ། སྐུ་དང་གསུང་དང་ཐུགས་གསུམ་དན་ལྡན་པ་གཅིག་པའི་ངོ་བོར་འདུས་པ་སྟེ། དེ་ལྟར་སྦྱོར་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་མཆོག་གི་གནས་ཞེས་པ་ནི། མཆོག་ནི་དམ་པར་གསུངས་སོ། །གནས་ཀྱི་སྐུའི ་རིགས་སུ་གསུངས་སོ། །གཞན་ཡང་གནས་ཞེས་པ་ནི། སྐུ་ཞི་བའི་ཚུལ་ཡན་ལག་དང་ཉིད་ལག་ཏུ་ལྡན་པའི་སྐུ་ཕྱག་རྒྱར་གསུངས་སོ། །གཞན་ཡང་གནས་ཞེས་པ་ནི། བདེ་བ་ཆེན་པོའི་སྦྱང་པ་སྤྱོད་ཅིང་རིག་པར་མཚན་བཏགས་པ་ཉིད་ཀྱི་རིགས་ཀྱི་ལྷ་མོ་སངས ་རྒྱས་སྤྱན་དང་འཁྱུད་པའི་ཚུལ་དུ་གནས་པ་ཡིན་ཏེ། ད་ལྟར་གནས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་དེའི་སྐུའི་མདོག་དང། ཞལ་དང་ཕྱག་དང། ཕྱག་མཚན་དང། རྒྱན་རྣམས་བཤད་པར་བྱ་སྟེ། དེ་ལ་དཀར་པོ་ནག་པོ་དམར་པོའི་ཞེས་པ། རྣམ་པར ་སྣང་མཛད་ཀྱི་ཞལ་དབུས་མ་དཀར་པོའོ། །ཞལ་གཡས་ནག་པོའོ། །ཞལ་གཡོན་དམར་པོའོ། །གཞན་ཡང་སྐུ་ལག་པ་དང་ཉིད་ལག་ཐམས་ཅད་ནི་དཀར་པོར་གསུངས་སོ། །ཕྱག་དྲུག་ཕྱག་མཚན་དྲུག་གོ་།དེ་ནས་ཕྱག་མཚན་དྲུག་བསྟན་པར་བྱ་སྟེ། ་གཡས་དང་པོ་ན་འཁོར་ལོ་བརྩིབས་བརྒྱད། གཡས་བར་མ་ན་རྡོ་རྗེ་རྩེ་ལྔ་པ། གཡས་ཐ་མ་ན་པདྨ་དཀར་པོ་འདབ་བརྒྱད། གཡོན་དང་པོ་ན་རྡོ་རྗེ་དྲིལ་བུ། གཡོན་པར་མ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། གཡོན་ཐ་མ་ན་ཨུདམ་ལ་མཐིང་ཀ་ལྟ་བུའི་རྡོ་རྗེ་རལ ་གྲིའོ། །དེའི་འོག་ཏུ་རྣམ་པར་སྣང་མཛད་ཀྱི་སྐུ་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། རྣམ་པར་སྣང་མཛད་གྲུབ་པ་ཡིན། ཞི་བའི་ཚུལ་དང་ལྡན་པ་སྟེ། ཕྱོགས་རྣམས་ཐམས་ཅད་གསལ་བར་མཛད། །སྟོན་ཁའི་འདམ་བུའི་ཁ་དོག་འདྲ། །ཟླ་བ་འབུམ་བརྒྱའི་འོད ་དང་མཉམ། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་སྟེ། །འོད་ཟེར་སྣ་ཚོགས་སྤྲིན་བཞིན་སྤྲོ། །སྐུ་ཡི་རྡོ་རྗེ་སྤྲོ་བསྡུ་མཛད། །ཟླ་བའི་གདན་ལ་བཞུཌ་བ་སྟེ། །ཞི་བའི་སྤྱན་གྱི་སོ་སོར?་གཟིཌ། །བྱིན་བརླབས་ཆོ་འཕྲུལ་སྣ་ཚོཌ་མཛད། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིས། །གཏི་མུག་ལྡན་པའི་སེམས་ཅན ་ཀུན། །མ་ལུས་བྱིན་གྱིས་བརླབས་མཛད་པ། །ཆོས་དབྱིངས་ཡེ་ཤེས་ངོ་བོ་བདག་།གཏི་མུག་རིགས་ནི་གནས་སུ་ཐིམ། །དེ་བྱང་ཆུབ་སེམས་རྡོ་རྗེའི་མདུན་དུ་བཞུགས་སོ། །དེ་ལྟར་མདོར་བསྡུས་པ་རྣམ་པར་སྣང་མཛད་ཀྱི་སྐུའི་ཆ་ལུགས་ཕུན་སུམ་ཚོགས་པའོ། ། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་འབྱུང་ལྡན་རྡོ་རྗེའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི་མདུན་དུ་ཐལ་བའི་འོག་ནས ་འབྱུང་བའི་མགོ་འདྲེན་པའོ། །བཅོམ་ལྡན་འདས་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱ་སྟེ། དེའི་དོན་ནི་མདུན་དུ་བཤད་པ་དང་མཐུན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། མདུན་དུ་སྨོས་པའི་མི་བསྐྱོད་པ་ལ་སོགས་པ་རྣམ་པ ་ལྔ་ལ་བྱའོ། །དེ་ནས་རིན་པོ་ཆེ་ཞེས་པ་ནི་རྣམ་པ་གསུམ་དུ་དབྱེ་སྟེ། ཕྱི་དང་ནང་དང་གསང་བའོ། །དེ་ལ་ཕྱིའི་རིན་པོ་ཆེའི་སྒྲ་བཤད་པར་བྱ་སྟེ། ཕྱིན་ཅི་ལོག་གའི་རྒྱལ་སེམས་ཅན་ཐམས་ཅད་དམྱལ་བར་འགྲོ་བའི་ལམ་སྟོན་པར་བྱེད་པ་དེ་མེད་པར་བྱ་བའི་ཕྱིར། ་བླ་ན་མེད་པའི་ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོར་གསུངས་སོ། །གཞན་ཡང་རིན་པོ་ཆེའི་སྒྲ་ནི་ཇི་ལྟར་རིན་པོ་ཆེའི་ནང་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཁྱདཔར་དུ་གཙོ་བོ་ཡིན་ཏེ། ངེས་རིན་པོ་ཆེ་ཐམས་ཅད་ཀྱི་ཡོན་ཏན་གྱི་ང་རྒྱལ་མེད་པར་བྱེད་དོ། ། ་དེ་བཞིན་དུ་ཕྱིའི་ལྷ་ཐམས་ཅད་ལ་རིག་པའི་ཆོ་འཕྲུལ་ཇི་སྙེད་པའི་ང་རྒྱལ་ཡོད་པ་དེ། བླ་ན་མེད་པའི་ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོས་མེད་པ་དང་འཇོམས་པར་མཛད་དོ། །ཚུལ་དེ་ལྟར་ཕྱིའི་རིན་པོ་ཆེའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་རིན་པོ ་ཆེའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ཕྱིན་ཅི་ལོག་གི་ང་རྒྱལ་འཆད་སྟེ། སྒྲུབ་པ་པོས་ཡེ་ཤེས་རྣམ་པ་ལྔའི་ཡོན་ཏན་སྒྲུབ་པའི་ངོ་བོ་མཉཾ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ང་རྒྱལ་བྱ་ཞིང་བསྒོམ་པའི་ཐབས ་གྱི་སྒྲུབ་པ་བྱ་སྟེ། ཉོན?་མོངས་པ་ལྔའི་ང་རྒྱལ་མེད་པར་བྱའོ། །ཇི་ལྟར་རྒྱན་ཐམས་ཅད་ཀྱི་ཡོན་ཏན་རྣམས། རིན་པོ་ཆེ་འཛམ་བུ་ནཱ་ངའ?་སོཌ་བ་ཡོན་ཏནབྱི་བརྒྱན་པ་ཡོན་ཏན་མེད་པར་བྱེད་པར་གསུངས་པ་བཞིན་ནོ། །ཚུལ་དེ་ལྟར་ནང་གི་རིན་པོ་ཆེའི་སྒྲའི་དོན་དུ་ཤེས་པར་བྱའོ། ། ་དེ་ནས་གསང་བའི་རིན་པོ་ཆེའི་དོན་བཤད་པར་བྱ་སྟ། སྒྲུབ་པ་པོས་བསྒྲུབ་པ་ཆན་པོ་བྱེད་པའི་དུས་སུ། མ་ཏྲཾ་ཀ་རུ་དྲའི་བྱིན་གྱིས་བརླབས་ཀྱིས་དམ་རྫས་ཐམས་ཅད་བྱིན་གྱིས་བརླབས་ཅིང་ཟ་བ་ལ་རྣམ་པར་རྟོག་པའི་ངར་འཛིན་པ་དེ། ཆོས་ཐམས་ཅད་རྣམ་པར་དག་པ ་བདག་མེད་པའི་བསྒོམ་པའི་ངོ་བོ་བྱས་ནས། དམ་རྫས་ཐམས་ཅད་བྱིན་གྱིས་བརླབས་ནས་བཟའ་བའི་ཕྱིར། རྣམ་པར་རྟོག་པ་ཆེན་པོ་སྤངས་ཏེ། རྣམ་པར་རྟོག་པ་ཆེན་པོ་དགྲའི་ངོ་བོ་མ་ཏྲཾ་ཀ་རུ་དྲ་མེད་པར་བྱ་བའི་ཕྱིར། བླ་ན་མེད་པ་རྟོག་པའི་སེམས་དག་པར ་གསུངས་ཏེ། ཇི་ལྟར་ནུབ་མོའི་དུས་སུ་ཁང་པའི་ནང་མུན་པ་ནག་པོའི་ཡོན་ཏན་སྟུག་པ་ལྟ་བུ་ཕྱིན་ཅི་ལོག་གི་ང་རྒྱལ་དེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རང་གི་ཡོན་ཏན་གྱི་འབར་བའི་འོད་ཀྱིས་མུན་པ་ནག་པོ་སྟུག་པོ་ལྟ་བུའི་ང་རྒྱལ་འཇོམས་པ་དང ་མེད་པར་མཛད་པར་གསུངས་སོ། །ཚུལ་དེ་ལྟར་གསང་པའི་རིན་པོ་ཆེའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་བྱུང་བ་ཞེས་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་པོ་ཆེ་འབྱུང་ལྡན་བྱང་ཆུབ་སེམས་རྡོ་རྗེས་ཕྱུང་བའི་དུས་སུ་དང་པོ་ཆོ་འཕྲུལ་གྱི་སྤྲུལ ་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྤྲུལ་པ་ཡིན་ཏེ། ཚུལ་དེ་ལྟར་འབྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་སྤྲུལ་པའི་ངོ་བོར་བསྟན་པའོ། །དེ་ནས་རྡོ་རྗེ་ཞེས་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་པོ་ཆེ་འབྱུང་ལྡན་ལ་བྱའོ། །དེ་ནས་དཔལ ་ཞེས་པ་ནི་རིན་པོ་ཆེ་འབྱུང་ལྡན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྤྲུལ་པར་གསུངས་སོ། །དེ་ཁྱད་པར་དུ་བཤད་པར་བྱ་སྟེ། །དང་པོ་བྱང་ཆུབ་སེམས་རྡོ་རྗེས་ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་ཅིང་ཤེས་རབ་ལྷ་མོ་དང་གཉིས་སུ་མེད་པའི་ཕྱག་རྒྱ་འཁྱུད་པའི་དུས་སུ ་ཡེ་ཤེས་ཀྱི་སྤྲུལ་པ་སྤྲུལ་པར་མཛད་དེ། མཱ་མ་ཀཱིའི་བྷ་གའི?་དབུས་སུ་ས་བོན་བྱང་ཆུབ་སེམས་ལ་ཡིག་འབྲུ་སྭས་བྱིན་གྱིས་རླབས་ནས་ཐིམ་པར་གྱུར་ཏེ། དེ་ཐིམ་མ་ཐག་ཏུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་སེར་པོ ་སྤྲིན་བཞིན་དུ་སྤྲོས་པས་ནམ་མཁའ་ཨི་དབྱིངས་ཐམས་ཅད་ཁྱབ་པར་འགྱུར་རོ། །དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱི་མེ་སྟག་ལྟ་བུ་སྒྲོ་བར་མཛད་ངོ། །དེའི་འོག་ཏུ་ཡེ་ཤེས་ཀྱི་འབར་བ་སྤྲོ་བར་མཛད་དོ། །དེའི་འོག་ཏུ་ཡེ་ཤེས་ཀྱི་འོད་སྤྲོ ་བར་མཛད་དོ། །དེའི་འོག་ཏུ་ཡེ་ཤེས་ཀྱི་གསལ་བ་སྤྲོ་བར་མཛད་དོ། །དེ་དག་ཐམས་ཅད་ཇི་ལྟར་སྤྲོ་བར་མཛད་པ་དེ་བཞིན་དུ་སླར་བསྡུ་བར་མཛད་པར་གསུངས་སོ། །ཚུལ་དེ་ལྟར་དཔལ་གྱི་སྒྲའི་དོན་དུ་གསུངས་སོ། །ཞེས་བྱ་བའི་དོན་ནི། མདུན་དུ ་སྨོས་བའི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེའི་དཔལ་ཡོན་ཏན་གྱི་ངོ་བོ་རིན་ཆེན་འབྱུང་ལྡན་དུ་གསུངས་སོ། །ཏིང་ངེ་འཛིན་གྱི་དོན་ནི་མདུན་དུ་བཤད་པ་བཞིན་དུ། འདིར་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཐུགས་རྩེ་གཅིག་པ་མཛད་བའོ ་དེ་ལྟར་ཏིང་ངེ་འཛིན་གྱི་སྒྲའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་ཏིང་ངེ་འཛིན་གྱི་སྒྲའི་དོན་དུ་བཤད་པར་བྱ་སྟེ། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་རིན་ཆེན་འབྱུང་ལྡན་གྱི་གསང་བའི་མཚན་གྱི་སྔགས་བརྗོད་པའི་དུས་སུ། རིན་པོ་ཆེ་འབྱུང་ལྡན ་གྱི་སྐུ་ཕྱག་རྒྱ་ཕྱུང་བའི་དུས་སུ་སྐུ་དང་གསུང་དང་ཐུགས་རྩེ་གཅིག་པར་ཏིང་ངེ་འཛིན་མཛད་པས། དེ་ལྟར་ཏིང་ངེ་འཛིན་སྒྲའི་དོན་དུ་ཤེས་པར་བྱའོ། །སྙོམས་པར་ཞུགས་ཏེ་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་རིན་པོ་ཆེ་འབྱུང་ལྡན་གྱི ་སྐུ་ཕྱག་རྒྱར་གྱུར་པར་མཛད་དེ། མཛད་མ་ཐག་ཏུ་བྱང་ཆུབ་སེམས་རྡོ་རྗེ་ཐུགས་བདེ་བས་ཞལ་ཅུང་ཟད་འཛུམ་པར་རྒྱས་པའི་ཚུལ་དུ་བཞུགས་པས། དེ་ལྟར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས ་རིན་པོ་ཆེ་འབྱུང་བ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། རིན་པོ་ཆེ་སྒྲ་རྣམ་པ་གསུམ་དུ་དབྱེ་སྟེ། གསང་བའི་བྱེ་བྲག་དང། ཡེ་ཤེས་ཀྱི་བྱེ་བྲག་དང། སྐུའི་བྱེ་བྲག་གོ་།དེ་ལ་གསང་བའི?་བྱེ་བྲག་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་ཐམས་ཅད་ལ ་ཁྱབ་ནས་གནས་པའི་བྱང་ཆུབ་སེམས་ཁུ་བའི་ངོ་བོ་དེ་ཡོན་ཏན་གྲངས་མེད་པའི་བདག་ཉིད་དེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཇི་ལྟ་བ་དེ་ལྟར་རིན་ཐང་དཔག་ཏུ་མེད་པའོ། །དེ་ལྟར་གསང་བའི་རིན་པོ་ཆེའི་སྒྲའི་དོན་དུ་ཤེས་པར་བྱའོ། །ཡེ་ཤེས་ཀྱི་བྱེ་བྲག ་གི་རིན་པོ་ཆེ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་ཐུགས་ཀ་ན་གནས་པ་ཡིག་འབྲུ་ཧཱུཾ་གི་ངོ་བོ་ཡེ་ཤེས་སེམས་དཔའ་ཨི་མེ་མར་བཞིན་དུ་བརྟན་པ་མི་གཡོ་བ། ཡེ་ཤེས་རྣམ་པ་ལྔ་འོད་ཟེར་འཕྲོ་བ། དེའི་དབུས་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིག ་འབྲུ་སྭ་རིན་པོ་ཆེ་འབྱུང་ལྡན་གྱི་སྐུ་འབྱུང་བའི་ས་བོན་ལ་བྱའོ། །དེ་ལྟར་ཡེ་ཤེས་ཀྱི་བྱེ་བྲག་གི་རིན་པོ་ཆེའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྐུའི་བྱེ་བྲག་རིན་པོ་ཆེ་ནི། དེ་བཞིན་གཤེགས་པ་རིན་པོ་ཆེ་འབྱུང་ལྡན་གྱི་སྐུ་ཡན་ལག་དང་ཉིད་ལག་ཐམས ་ཅད་དང་ལྡན་པའི་སྐུ་ཕྱག་རྒྱ་ལ་རིན་པོ་ཆེར་བརྟགས་པར་ཤེས་པར་བྱའོ། །དེ་ནས་འབྱུང་བ་ཞེས་པ། རྣམ་པ་གསུམ་དུ་དབྱེ་སྟེ། གསང་བའི་བྱེ་བྲག་དང་ཡེ་ཤེས་ཀྱི་བྱེ་བྲག་དང་སྐུའི་བྱེ་བྲག་གོ་།དེ་ལ་གསང་བའི་བྱེ་བྲག་གི་འབྱུང་བ་ནི། སྟོན་པ་བྱང་ཆུབ ་སེམས་རྡོ་རྗེ་ཐབས་དང་ཤེས་རབ་རོལ་པའི་ཐབས་ཀྱི་སྐུ་ལ་བྱང་ཆུབ་སེམས་ཁྱབ་ནས་གནས་པ་དེ་མཱ་མ་ཀཱི་བྷ་གའི་དབུས་སུ་ཞུ་བར་མཛད་དོ། །དེ་ལྟར་གསང་བའི་བྱེ་བྲག་གི་འབྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་བྱེ་བྲག་གི ་འབྱུང་བའི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གི་འོད་ཟེར་གྱི་དྲ་བ་སྤྲོ་བར་མཛད་དོ། དེའི་འོག་ཏུ་འོད་ཟེར་སླར་འདུས་པ་གོང་བུ་ལྟ་བུར ་བྱུང་ཏེ། དེ་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིག་འབྲུ་སྭ་བྱུང་ངོ། །དི་ལྟར་ཡེ་ཤེས་ཀྱི་བྱེ་བྲག་གི་འབྱུང་བའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྐུའི་བྱེ་བྲག་གི་འབྱུང་བ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་མདུན་དུ་སྨོས་པའི་ཚུལ་གྱིས ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིག་འབྲུ་སྭ་བྱང་ཆུབ་སེམས་ལ་གཉིས་སུ་མེད་པའི་ངོ་བོ་ཐིམ་པའི་ས་བོན་དེ་ལས་དཔལ་རྡོ་རྗེ་སེམས་དཔའ་ཨི་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱའི་ངོ་བོ་དེ་བཞིན ་གཤེགས་པ་རིན་པོ་ཆེ་འབྱུང་ལྡན་སྐུ་སྤྲུལ་ནས་ཕྱུང་སྟེ། དེ་ལྟར་སྐུའི་བྱེ་བྲག་གི་འབྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་དཔལ?་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བ་ནི་མདུན་དུ་བཤད་པ་བཞིན་དུ་འདིར་སྦྱར་རོ། །ནོར་བུ ་ཡིད་བཞིན་གྱི་རིགས་མཆོག་གི་བསྟན་པའི་སྙིང་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ནས་བཞུགས་ཞེས་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ན། ཡིད་བཞིན་གྱི་ནོར་བུ་ཞེས་པ་རྣམ་པ་གསུམ་དུ་དབྱེ་སྟེ། ཕྱི་དང་ནང་དང་གསང་བའོ། །དེ་ལ ་ཕྱིའི་ཡིད་བཞིན་གྱི་ནོར་བུའི་དོན་ནི། དཔལ་རྡོ་རྗེ་སེམས་དཔས་སེཾས་ཆེན་གྱི་དོན་དུ། མཉམ་པའི་ཐུགས་རྗེ་ཆེན་པོའི་ངོ་བོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདྲ་བ་དེས། སེམས་ཅན་གྱི་རིགས་སྣ་ཚོགས་ཀྱི་རེ་བ་སྣ་ཚོགས་སྐྱེ་བ་དེ་དག་གི་དོན་དུ་དུས་གསུམ་དུ་དེ་བ ་འགྲུབ་པ་ཡིན་ནོ། །བཤད་བར་བྱ་སྟེ། འདས་པའི་སེམས་ཅན་གྱི་གྲུབ་པར་བྱ་བར་གསུངས་སོ། །མ་འོངས་པའི་སེམས་ཅན་གྱིས་འགྲུབ་པར་བྱེད་པར་གསུངས་སོ། །ད་ལྟར་སེམས་ཅན་གྱི་འགྲུབ་པར་གསུངས་སོ། །དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་རེ ་བ་བསྐང་བའི་དོན་ཁྱད་པར་གྱི་བསྟན་པར་བྱ་སྟེ། ཇི་ལྟར་མིའི་རིགས་གང་ཡང་རུང་བ་བསོད་ནམས་ཆེན་པོའི་དབང་གིས་དུས་གཅིག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་ན། དེ་རྙེད་མ་ཐག་ཏུ་རང་གི་སེམས་ལ་ཇི་ལྟར་བསམས་པ་བཞིན་དུ། ཐེ་ཚོམ་མེད ་པར་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་སྒྲུབ་པ་པོས་རྡོ་རྗེ་སེམས་དཔའ་བསྒོམ་པ་ཇི་ལྟར་རྡོ་རྗེ་སེམས་དཔས་སེམས་ཅན་ཐམས་ཅད་ཀྱི་རེ་བ་མདུན་དུ་སྨོས་པའི་ཚུལ་དུ་རེ་བ་བསྐོང་བའི་ཕྱིར། ཐུགས་རྗེ་ཆེན་པོ་མཛད་པ་དེ་བཞིན་དུ་སྒྲུབ་པ་པོས་ཕྱག་རྒྱ་ཆེན ་པོའི་དངོས་གྲུབ་ཀྱི་བར་དུ་སེམས་ཐུགས་རྗེ་ཆེན་པོ་ང་རྒྱལ་གྱིས་སེམས་ཅན་ཐམས་ཅད་རེ་བ་སྐོད་བར་བྱེད་དེ། དེ་ལྟར་བྱས་པས་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསམས་པ་ཙམ་གྱིས་རེ་བ་གྲུབ་པར་བྱེད་པ་དེ་བཞིན་དུ། སྒྲུབ་པ་པོས་ཐུགས་རྗེ་ཆེན་པོ ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདྲ་བ་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཐེ་ཚོམ་མེད་པར་འགྲུབ་པར་བྱེད་དེ། ཚུལ་དེ་ལྟར་ཕྱིའི་ནོར་བུ་ཡིད་བཞིན་དུ་སྒྲའི་དོན་ཤེས་པར་བྱའོ། །དེ་ནས་ནང་གི་ནོར་བུ་ཡིད་བཞིན་གྱི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན་དཔལ་རྡོ་རྗེ ་སེམས་དཔའ་ཨི་ཐུགས་ཀའི་གནས་ན་གནས་པའི་ཡིག་འབྲུ་ཧཱུཾ། ཡེ་ཤེས་སེམས་དཔའ་ཨི་ངོ་བོ་མདུན་དུ་སྨོས་པའི་ཚུལ་གྱི་མེ་མར་བཞིན་དུ་རབ་ཏུ་འབར་བ་རིགས་ཀྱི་རྣམ་པ་ལྔའི་ཡེ་ཤེས་ཀྱི་འོད་ཟེར་གྱི་དྲ་བ་འཕྲོ་བ། བླ་ན་མེད་པའི་ཡོན་ཏན་ཐམས་ཅད་ཀྱི་ངོ་བོ ་ཡིན་ཏེ། དེ་ལྟ་བུའི་ཚུལ་གྱི་ཡེ་ཤེས་སེམས་དཔའ་དེ་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་གསུངས་སོ། །དེ་ཅིའི་ཕྱར་ཞེ་ན། བཤད་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔས་སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་རེ་བ་བསྐོད་བར་མཛད་དེ། རེ་བ་བསྐོད ་བའི་ཐབས་མདུན་དུ་སྨོས་པའི་ཡེ་ཤེས་སེམས་དཔའ་ཨི་གནས་ནས། ཡེ་ཤེས་ཀྱི་སྤྲོ་བ་དང། བསྡུ་བ་སྣ་ཚོགས་ཀྱི་བྱེ་བྲག་གིས་སེམས་ཅན་ཐམས་ཅད་བྱིན་གྱིས་རློབ་པར་མཛད་པའོ། །གཞན་ཡན་སྣ་ཚོགས་ཀྱི་བྱེ་བྲག་གི་ལས་ཐམས་ཅད་ཀྱི་བདག་ཉིད ་ཡེ་ཤེས་སེམས་དཔའ་ཡིད་བཞིན་དུ་ནོར་བུ་རིན་པོ་ཆེ་ལྟ་བུ་ཡིན་ནོ། །གཞན་ཡང་སྒྲུབ་པ་པོས་ཡེ་ཤེས་སེམས་དཔའ་བསྒྲུབ་པར་བྱ་སྟེ། བདག་ཉིད་དགའ་པའི་ཡི་དམ་གྱི་ལྷ་བསྒོམས་ནས་བསྒྲུབ་པར་བྱ་སྟེ། དེ་གྲུབ་པའི་དུས་སུ་ཡིད་བཞིན་གྱི་ནོར་བུ་རིན ་པོ་ཆེ་ཇི་ལྟ་བ་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་ལྟར་ཡེ་ཤེས་ཀྱི་བྱེ་བྲག་གི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་བྱེ་བྲག་གི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཏེ། དོན ་དམ་པའི་བྱེ་བྲག་དང། གསང་བའི་བྱེ་བྲག་གོ་།ས་བོན་དེ་ལས་དཔལ་རྡོ་རྗེ་སེམས་དཔས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་བྱང་ཆུབ་སེམས་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ ་ཅི་བསམས་པ་ཐམས་ཅད་འབྱུང་བ་དང་འདྲ་བར་།བྱང་ཆུབ་སེམས་ལས་དཀྱིལ་འཁོར་ཐམས་ཅད་དང། གཞན་ཡང་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་ཕྱག་རྒྱ་དང། སྤྲོ་བ་དང་བསྡུ་བའི་སྤྲུལ་པ་སྣ་ཚོགས་ཀྱི་བྱེ་བྲག་གིས་སེམས་ཅན་ཐམས་ཅད ་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་ལས་འབྱུང་བར་གསུངས་སོ། །གཞན་ཡང་མདུན་དུ་སྨོས་པའི་ཡོན་ཏན་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ངོ་བོ་བྱང་ཆུབ་སེམས་དེ་བསྒྲུབ་པ་པོས་ཡིད་བཞིན་གྱི་ནོར་བུ་བཞིན་དུ་བསྒྲུབ་པར་བྱའོ། །བཤད་པར་བྱ་སྟེ ་སྒྲུབ་པ་པོས་རང་རྒྱལ་བའི་ལྷའི་ང་རྒྱལ་དུ་བསྒོམས་པས་བྱང་ཆུབ་སེམས་བསྒྲུབ་པར་བྱ་སྟེ། དེ་དུས་གང་གི་ཚེ་གྲུབ་པའི་དུས་སུ་ཡིད་བཞིན་གྱི་ནོར་བུ་འདྲ་བའི་འབྲས་བུ་བྱང་ཆུབ་སེམས་འགྲུབ་པར་འགྱུར་རོ། །དེ་ལྟར་གསང་བའི་བྱེ་བྲག་གི་ཡིད ་བཞིན་གྱི་ནོར་བུའི་སྒྲའི་དན་དུ་ཤེས་པར་བྱའོ། །རིགས་ཞེས་པ་ནི་བྱེ་བྲག་རྣམ་པ་གསུམ་དུ་དབྱེ་བར་བྱ་སྟེ། ཕྱི་དང་ནང་དང་གསང་བའོ། །དེ་ལ་ཕྱིའི་རིགས་ཀྱི་སྒྲ་ནི་སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་རྡོ་རྗེ་སེམས ་དཔས་ཐུགས་རྗེ་ཆེན་པོ་བསྐྱེད་ནས། ཐབས་སྣ་ཚོགས་ཀྱི་བྱེ་བྲག་གིས་རོ་བ་སྐོང་བར་མཛད་པར་གསུངས་སོ། །དེ་ལྟར་ཕྱིའི་རིགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་རིགས་ཀྱི་སྒྲ་ནི། སྒྲུབ་པ་པོས་སྒྲུབ་པ་ཆེན་པོ་བྱེད་པའི་དུས་སུ ་མོས་པའི་ལྷ་གང་ཡང་རུང་བ་བསྒོམས་པའི་ང་རྒྱལ་བྱའོ། །དེའི་དོན་གསལ་བར་བསྟན་པར་བྱ་སྟེ། རིགས་རྣམ་པ་ལྔ་གང་ཡང་རུང་བ་བསྒོམ་པར་བྱའོ། །ཡང་ན་དེ་བཞིན་གཤེགས་པ་རྣམས་ཀྱི་ལྷ་མོའི་ནང་ན་ཡང་རུང་བ་བསྒོམ་པར་བྱའོ། ། ་ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ན་གང་ཡང་རུང་བ་བསྒོམ་པར་བྱའོ། །ཡང་ན་སེམས་མ་རྡོ་རྗེ་རྣམས་གང་ཡང་རུང་བ་བསྒོམ་པར་བྱའོ། །ཡང་ན་ཁྲོ་བོའི་རྒྱལ་པོ་གང་ཡང་རུང་བ་བསྒོམ་པར་བྱའོ། །ཡང་ན་ཁྲོ་མོའི་རྒྱལ་མོ་གང་ཡང་རུང་བ ་བསྒོམ་པར་བྱའོ། །དེ་ལྟར་རང་གི་སེམས་གང་ལ་མོས་པ་བསྒོམ་ཞིང། རྒྱུད་ལས་གསུངས་པའི་སྤྱོད་པ་སྤྱད་པར་བྱེད་པ་དེའི་འོག་ཏུ་དཔལ་རྡོ་རྗེ་སེམས་དཔའ་ཨི་བླ་ན་མེད་པའི་ཡོན་ཏན་གྱི་ངོ་བོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བྱིན་གྱིས་བརླབ་པར ་མཛད་དོ། །དེས་བྱིན་གྱིས་བརླབས་མ་ཐག་ཏུ་སྒྲུབ་པ་པོས་ཕྱག་རྒྱ་ཆེན་པོའི་ངོ་བོ་བླ་ན་མེད་པའི་འབྲས་བུ་ཆོས་ཀྱི་སྐུའི་ངོ་བོ་འགྲུབ་པོ། །དཔེར་ན་གཟུགས་སྣ་ཚོགས་པའི་ནོར་བུ་དང་འདྲ་བར། ཇི་ལྟ་ཇི་ལྟར་སྨོས་པའི་སེམས་ཅན་གྱི་བསམ་པ་སྣ ་ཚོགས་སྐྱེ་བ་དེ་མོས་པའི་ལྷ་གང་ཡང་རུང་བ་བསྒོམས་པས་འགྲུབ་པོ། །དེ་ལྟར་ནང་གི་རིགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་རིགས་ཀྱི་སྒྲས་ནི། དཔལ་རྡོ་རྗེ་སེམས་དཔའ་ཐབས་དང་ཤེས་རབ་ཀྱི་རོལ་པ་མཱ་མ་ཀཱིའི་བྷ་གའི ་དབུས་སུ་བྱང་ཆུབ་སེམས་འོད་དུ་ཞུ་བ་ཟླ་བའི་དཀྱིལ་འཁོར་ལྟ་བུ། ས་བོན་ཡིག་འབྲུ་ཧཱུཾ་གིས་བྱིན་གྱིས་བརླབས་ཏེ། བྱིན་གྱིས་བརླབS་མ་ཐག་ཏུ་གཅིག་ཏུ་གྱུར་པ་བདུད་རྩིའི་ངོ་བོ་དེ། མདུན་དུ་སྨོས་པའི་ཚུལ་དུ་ཡིད་དཾ?་གྱི་ལྷ་གང་ཡང་རུང་བ་བསྒོམ་ཞིང་བྱིན ་གྱིས་བརླབས་ནས་བཟའ་བར་བྱ་སྟེ། དེ་གྲུབ་པའི་དུས་སུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདྲ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་འགྲུབ་པར་འགྱུར་རོ། །དེ་ལྟར་གསང་བ་རིགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་མཆོ་ག་ཞེས ་པ་ནི་ཡང་དག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་སྒྲུབ་པ་པོ་རྣམས་ཀྱིས་གྲུབ་བའི་འདུས་སུ་དངོས་གྲུབ་ཐམས་ཅད་ཀྱི་བདག་ཉིད་མཉམ་པ་ཉིད་ཡེ་ཤེས་ཀྱི་འབྲས་བུ་གྲུབ་པར་འགྱུར་རོ། །དེ་ལྟར་མཆོག་གི་སྒྲའི་དོན་དུ་ཤེས་པར་བྱའོ། ། ་དེ་ནས་བསྟན་པ་ཞེས་པ་ནི། རུ་དྲ་ལ་སོགས་པ་བགེགས་རྣམས་ཀྱི་གནོད་པ་བྱེ་བྲག་སྣ་ཚོགས་ཀྱིས་གཡོ་བར་མི་འགྱུར་བས། དེའི་ཕྱིར་བརྟན་པ་ཡིན་ཏེ། དེ་ལྟར་བརྟན་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྙིང་པོ་ཞེས ་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་པོ་ཆེ་འབྱུང་ལྡན་གྱི་གསང་བའི་མཚན་གྱི་སྔགས་ཀྱི་སྙིང་པོ་གསུངས་པས་དེ་ལྟར་སྙིང་པོའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་པོ་ཆེ་འབྱུང་ལྡན་གྱི་སྐུར་གྱུར་པ་བྱུང་བར་མཛད་པར་གསུངས་སོ། །དེ་ནས་རྡོ་རྗེ་ཞེས་པ་ནི་མདུན་དུ་བཤད་པའི་དོན་དེ་བཞིན་དུ་འདིར་སྦྱར་རོ། །གཞན་ཡང་པདྨའི་རྒྱལ་པོས་སྐུ་དང་གསུང་དང་ཐུགས་ཀྱི་དོན ་ཁྱད་པར་དུ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། སྐུ་དང་གསུང་དང་ཐུགས་གསུམ་བྱེ་བྲག་རྣམ་པ་གསུམ་དུ་དབྱེ་སྟེ། བྱང་ཆུབ་སེམས་རྡོ་རྗེ་ཉིད་ཀྱི་ཤེས་རབ་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པའི་སྐུ་ཕྱག་རྒྱ་ངོ་བོ་དེ་སྐུ་དང་གསུང་དང་ཐུགས ་གསུམ་མི་ཕྱེད་པའི་ཚུལ་གྱིས་རིན་པོ་ཆེ་འབྱུང་ལྡན་གྱི་གསང་བའི་མཚན་གྱི་སྔགས་དང། སྐུ་ཕྱག་རྒྱ་རྒྱས་པའི་ངོ་བོ་ཕྱུང་བར་མཛད་མཁན་གྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་མི་ཕྱེད་པ་གསུངས་སོ། །དེ་ལྟར་སྐུ་དང་གསུང་དང་ཐུགས ་ཀྱི་དོན་དང་པོར་ཤེས་པར་བྱའོ། །གཞན་ཡང་སྐུ་དང་གསུང་དང་ཐུགས་ཀྱི་དོན་བཤད་པར་བྱ་སྟེ། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཐབས་དང་ཤེས་རབ་རོལ་པ་མཛད་ནས་མཱ་མ་ཀཱིའི་བྷ་གའི་དབུས་སུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ ་འཁོར་ངོ་བོ་ལྟ་བུ་འོང་དུ་ཞུ་བར་ལ་ས་བོན་ཡིག་འབྲུ?་སྦ?་ཐིམ་པར་གྱུར་པ་དེ། སྐུ་དང་གསུང་དང་ཐུགས་གསུམ་གཉིས་སུ་མེད་པའི་ངོ་བོར་གསུངས་ཏེ། དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་དོན་གཉིས་པར་ཤེས་པར་བྱའོ། །གཞན་ཡང ་སྐུ་དང་གསུང་དང་ཐུགས་ཀྱི་དོན་བཤད་པར་བྱ་སྟེ། རིན་པོ་ཆེ་འབྱུང་ལྡན་གྱི་གསང་བའི་མཚན་གྱི་སྔགས་དང། རིན་པོ་ཆེ་འབྱུང་ལྡན་གྱི་རྒྱས་པའི་ཚུལ་གྱི་སྐུ་ཕྱག་རྒྱ་དེ་སྐུ་དང་གསུང་དང་ཐུགས་གསུམ་མི་ཕྱེད་པར་གཅིག་པའི་ངོ་བོར་གསུངས་སོ། །དེ་ལྟར་སྐུ ་དང་གསུང་དང་ཐུགས་ཀྱི་དོན་བཤད་པར་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་ཞེས་པ་ནི་མདུན་དུ་བཤད་པ་དང་མཐུན་ནོ། །དེ་ནས་ཕྱུང་ནས་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཡིད་བཞིན་གྱི་ནོར་བུའི་རིགས་རིན་ཆེན་འབྱུང་ལྡན་གྱི་རྒྱས་པའི་ངོ་བོའི་གསར་པ། ་གསུངས་པར་ཤེས་པར་བྱའོ།། །།དེ་ནས་བཞུགས་པ་ནི་།ཕུན་སུམ་ཚོགས་པའི་ཆ་ལུགས་དང་ལྡན་པའི་མི་གཡོ་བ་ཐུགས་རྩེ་གཅིག་པར་མདུན་དུ་སྨོས་པའི་ཏིང་ངེ་འཛིན་ལ་རྩེ་གཅིག་པར་སྙོམས་པ་ཞུགས་པའི་ཚུལ་དུ་བཞུགས་པར ་གསུངས་སོ། །དེ་ལྟར་བཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །རཏན་དྷྲིཀ་དེའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་དེ་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ ་རིན་ཆེན་ཏོག་གི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི་མདུན་དུ་སྨོས་པའི་འོག་ཏུ་ཡིད་བཞིན་གྱི་ནོར་བུའི་རིཌ་རིན་ནེ་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་འབྱིན་པའི་དོན་སྟོན་པའོ། །དེ་ལྟར་དེ་ནས་ཀྱི་སྒྲའི་དོན་དུ་ཤེས་པར ་བྱའོ། །གསུངས་མ་ཐག་ཏུ་ཞེས་པ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་འབྱུང་ལྡན་གྱི་གསང་བའི་མཚན་གྱི་སྔགས་ཀྱི་ངོ་བོར་གསུངས་སོ། །དེ་ལྟར་གསུངས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསུངས་མ་ཐག་ཏུ་ཞེས་པ་ནི། སྟོན་པ་བྱང ་ཆུབ་སེམས་རྡོ་རྗེ་ཡིད་བཞིན་གྱི་ནོར་བུའི་རིགས་རིན་ཆེན་འབྱུང་ལྡན་གྱི་གསང་བའི་མཚན་གྱི་སྔགས་གསུངས་མ་ཐག་ཏུ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རིགས་རིན་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱར་གྱུར་པའི་ཡོན་ཏན་གྱི་ངོ་བོ་བསྟན་པའོ། །དེ་ལྟར ་གསུངས་མ་ཐག་ཏུ་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཞེས་པ་ནི། མདུན་དུ་ཇི་ལྟར་སྨོས་པའི་བྱང་ཆུབ་སེམས་རྡོ་རྗེ་གསང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པའི་ཚུལ་གྱི་ཡིད་བཞིན ་གྱི་ནོར་བུའི་རིགས་རིན་ཆེན་འབྱུང་ལྡན་གསང་བའི་མཚན་གསུངས་པ་དེ་བཞིན་དུ་མི་གཡོ་བ་སྐུ་དང་གསུང་དང་ཐུགས་གསུམ་རྩེ་གཅིག་པར་གསུངས་སོ། །དེ་བཞུགས་མ་ཐག་ཏུ་གསང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པར་གསུངས་སོ། །བཤད ་པར་བྱ་སྟེ། གསང་བ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པར་དབང་པོ་གཉིས་མཉམ་པར་སྦྱར་བར་གསུངས་སོ། །དེ་ལྟར་གསང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །བཅོམ་ལྡན་འདས་དེ་ཉིད་ཞེས་པ་ནི་རིན་པོ་ཆེ་འབྱུང་ལྡན་གྱི་ཡོན་ཏན་གྱི་བཤད་པར་བསྟན་ཏོ། །གཞན ་ཡང་བཅོམ་ལྡན་འདས་ཀྱི་སྒྲ་ནི། མདུན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་རྣམ་པ་ལྔ་ལ་བྱའོ། །སྐུ་དང་གསུང་དང ་ཕུགས་ནི། དེ་བཞིན་གཤེགས་པ་ཐམས་ཅད་དོན་དམ་པར་སྐུ་དང་གསུང་དང་ཐུགས་གསུམ་མི་ཕྱེད་པའི་ངོ་བོར་གསུངས་སོ། །བཤད་པར་བྱ་སྟེ། སྐུ་དང་གསུང་དང་ཐུགས་གསུམ་རིན་པོ་ཆེ་འབྱུང་ལྡན་གྱི་སྐུ་ཕྱག་རྒྱའི་ངོ་བོར་ཤེས་པར་བྱའོ། །དེ་ནས ་རིགས་པའི་སྐྱེས་བུ་ཞེས་པ་ནི། རིག་པ་ནི་རྡོ་རྗེ་དགའ་མ་ལྷ་མོ་མཱ་མ་ཀཱིའི་ལ་རིག་པར་གསུངས་སོ། །དེ་ནས་སྐྱེས་བུ་ནི་རྒྱས་པའི་ཚུལ་གྱི་རིན་པོ་ཆེ་འབྱུང་ལྡན་ལ་སྐྱེས་བུའི་ཞེས་བྱའོ། །བཤད་པར་བྱ་སྟེ། དེ་གཉིས་ཀྱི་སྐུ་ཕྱག་རྒྱ་གཅིག་ཏུ་འཁྱུད་ནས་གསང ་བའི་དབང་པོ་མཉམ་པར་སྦྱར་ནས་གནས་པར་གསུངས་སོ། །ཚུལ་དེ་ལྟར་རིག་པའི་སྐྱེས་བུའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་རིན་ཆེན་ཏོག་གི་ཕྱག་རྒྱ་ཆེན་པོ་ཞེས་པ་ནི། རིན་ཆེན་ཏོག་གི་དོན་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་ཕྱག་རྒྱ་ཆེན་པོ་ཞེས ་པ་ནི། མདུན་དུ་སྨོས་པའི་ཐབས་དང་ཤེས་རབ་གཉིས་སུ་མེད་པར་འཁྱུད་པའི་ཚུལ་གྱི་སྐུ་ཕུན་སུམ་ཚོགས་པ་ལ། ཕྱག་རྒྱ་ཆེན་པོའི་སྒྲའི་དོན་དུ་གསུངས་སོ། །ནམ་མཁའ་ཨི་རང་བཞིན་དུ་སྦྱོར་བ་གནས་ཀྱིས་སེར་པོ་དཀར་པོ་ནག་པོའི་ཚུལ་དུ། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གཡས་ཕྱོགས་སུ་ཞུགས་ནས་བཞུགས་སོ། །ཞེས་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ནམ་མཁའ་ཨི་རང་བཞིན་ཞེས་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་ཏོག་གི་སྐུ་ཕྱག་རྒྱ་གསུངས་སོ། ། ་གཞན་ཡང་ནམ་མཁའ་ཨི་རང་བཞིན་ཞེས་པ་ནི་གསང་བའི་ཚུལ་རྡོ་རྗེ་དགའ་མཱ་ལྷ་མོ་མཱ་མ་ཀཱི་ལ་བྱའོ། །དེ་ལྟར་ནམ་མཁའ་ཨི་རང་བཞིན་གྱི་སྒྲའི་དོན་དུ་ཤེས་པར་བྱའོ། །སྦྱོར་བ་ཞེས་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་ཏོག་གི་སྐུ་དང་གསུང་དང་ཐུགས ་དང་ལྡན་པ་ཞེས་གཅིག་པའི་ངོ་བོར་གྱུར་པས། སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གནས་ཞེས་པ་ནི། རིན་པོ་ཆེ་ཏོག་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པའི་ཚུལ་དུ་འཁྱུད་ནས་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་བའི་ཚལ་གྱི་སྐུ་ཕྱག་རྒྱའི ་ངོ་བོར་གནས་པར་གསུངས་སོ། །དེ་ལྟར་གནས་ཞེས་བྱ་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང། རྒྱན་རྣམ་པར་བསྟན་པར་བྱ་སྟེ། སེར་པོ་དང་དཀར་པོ་དང་ནག་པོའི་ཚུལ་དུ་ཞེས་པ་ནི། རིན་པོ་ཆེ ་འབྱུང་ལྡན་གྱི་ཞལ་དབུས་ཁ་དོག་སེར་པོའོ། །ཞལ་གཡས་དཀར་པོ། ཞལ་གཡོན་ནག་པོ། ཡན་ལག་དང་ཉིད་ལག་ཐམས་ཅད་ཁ་དོག་སེར་པོའོ། །ཕྱག་དྲུག་ཕྱག་མཚན་དྲུག་གོ་།ཕྱག་གཡས་དང་པོ་ན་རིན་པོ་ཆེ་འཛམ་བུ་ནཱ་ང?་ཟུར་བརྒྱད་བསྣམས ་པ་བར་མ་ན་རྡོ་རྗེ་རྩེ་ལྔ་པ། ཐ་མ་ནི་འཁོར་ལོ་བརྩིབས་བརྒྱད་དོ། །ཕྱག་གཡོན་དང་པོ་ན་རྡོ་རྗེ་དྲིལ་བུ་ཤེས་རབ་འཁྱུད་པར་ལྡན་པ། གཡོན་པར་མ་པདྨ་དཀར་པོ་འདབ་བརྒྱད་པ། ཐ་མ་རལ་གྲིའོ། །ཚུལ་དེ་ལྟར་ཕྱག་མཚན་དྲུག་ཏུ་ཤེས་པར་བྱའོ།། ་དེའི་འོག་ཏུ་རིན་པོ་ཆེ་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། རཏན་དྷྲི་ཀ་ས་བོན་ལས་ཤེས་པར་བྱའོ། །རིན་ཆེན་ཏོག་གི་ཕྱག་རྒྱ་བྱུང། །རྒྱས་པའི་ཐབས་དང་ལྡན་པ་སྟེ། །ཕྱོགས་རྣམས་ཐམས་ཅད་གསལ ་བར་མཛད། །མར་ག་ཏའི་ཁ་དོག་འདྲ། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་སྟེ། །འོད་ཟེར་སྣ་ཚོགས་སྤྲིན་བཞིན་དུ། །རིན་ཆེན་རྡོ་རྗེ་སྤྲོ་བར་མཛད། །རྒྱས་པ་ཞི་བ་ཁྲོ་ཚུལ་བཤད། །སྐུ་ནི་ལྡེམ་བག་མཛེས་པའི་ཚུལ། །ང་རྒྱལ་ཅན་གྱི་སེམས་ཅན ་ཀུན། །མ་ལུས་པ་ནི་བྱིན་རླབས་ནས། །རིན་ཆེན་རིགས་དང་གཉིས་མེད་པའི། །བྱིན་གྱིས་བརླབས་ནས་གྲུབ་པར་མཛད། །མ་ར་ཀ་ཏའི་གདན་སྟེང་ན། །བདེ་བའི་ཚུལ་དུ་བཞུགས་པའོ། །དེ་ང་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས ་རྡོ་རྗེ་སྟོན་པ། བྱང་ཆུབ་སེམས་རྡོ་རྗེའི་གཡས་ཕྱོགས་སུ་བཞུགས་སོ། །དེ་ལྟར་མདོར་བསྡུས་རིན་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད ་ཆགས་ཆེན་པོ་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི། མདུན་དུ་ཐལ་བའི་འོག་ནས་འབྱུང་བའི་མགོ་འདྲེན་པའོ། །བཅོམ་ལྡན་འདས་ཞེས་པ་ནི། ་དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱའོ། །དེའི་དོན་དུ་མདུན་དུ་བཤད་པ་དེ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། མདུན་དུ་སྨོས་པའི་མི་བསྐྱད་པ་ལ་སོགས་པའི་རྣམ་པ་ལྔ་ལ་བྱའོ། །དེ་ནས་འདོད་ཆགས་ཆེན་པོ་ཞེས ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཐུགས་རྗེ་ཆེན་པོའི་ཁྱད་པར་གྱིས་འགྲོ་བའི་དོན་ཆེད་དུ་གསང་བའི་སྤྱྡ་པ་སྤྱད་པ་གྲུབ་པར་མཛད་དེ། དེ་ལྟར་འདོད་ཆགས་ཆེན་པོའི་སྒྲའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་འདོད་ཆགས་རྣམ་པ ་གསུམ་དུ་དབྱེ་སྟེ། ཕྱི་དང་ནང་དང་གསང་བའོ། །དེ་ལ་ཕྱིའི་འདོད་ཆགས་ཀྱི་སྒྲ་བཤད་པར་བྱ་སྟེ། སྒྲུབ་བ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སྣ་ཚོགས་ཀྱི་བྱེ་བྲག་གི་ཕྱིན་ཅི་ལོག་པའི་སྤྱོད་པ་དུས་གང་ཡང་རུང་བ་སྤྱོད་པའི་དུས་སུ། དེ་མེད་པར་བྱེད ་བའི་གཉེན་བོའི་ངོ་བོ་ཐུགས་རྗེ་ཆེན་པོའི་རང་བཞིན་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ། མདུན་དུ་སྨོས་པ་སེམས་ཅན་ཐམས་ཅད་ཀྱི་ཕྱིན་ཅི་ལོག་གི་འདོད་ཆགས་ཀྱི་སྤྱོད་པ་སྤྱོད་པའི་དེ་མེད་པར་བྱ་བའི་ཐབས ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སྣང་བ་མཛའ་ཡས་ཀྱིས་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་པར་མཛད་དེ། མཛད་མ་ཐག་ཏུ་ཉོན་མོངས་པའི་འདོད་ཆགས་ཐམས་ཅད་མེད་པར་འགྱུར་རོ། །དེ་ལྟར་ཕྱིའི་འདོད་ཆགས་ཀྱི་སྒྲའི་དོན་དུ་ཤེས ་པར་བྱའོ། །དེ་ནས་ནང་གི་འདོད་ཆགས་ཀྱི་སྒྲ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དེ། ཉིད་ཀྱི་ཐུགས་ཀ་ན་གནས་པ། ཡིག་འབྲུ་ཧཱུཾ་གི་ངོ་བོ་ཡེ་ཤེས་སེམས་དཔའ་མེ་མར་ལྟ་བུ་བརྟན་པ་རབ་ཏུ་འབར་བ། ཡེ་ཤེས་ཀྱི་འོད ་ཟེར་སྣ་ཚོགས་ཀྱི་བྱེ་བྲག་རབ་ཏུ་འཕྲོ་བ་།དེའི་གནས་ནས་མདུན་དུ་སྨོས་བའི་ཚུལ་དུ་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་པའི་ཕྱིར། སྤྲོ་བ་དང་བསྡུ་བ་སྣ་ཚོགས་མཛད་དེ། སྤྲོ་བ་དང་བསྡུ་བའི་འཕྲིན་ལས་དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ། ། ་སེམས་ཅན་ཐམས་ཅད་ཀྱི་དོན་གྲུབ་པར་མཛད་མཁན་དུས་རྟག་ཏུ་སེམས་ཅན་གྱི་དོན་ཁྱད་པར་དུ་མཛད་པ་ཡིན་ཏེ། དེ་ལྟར་ནང་གི་འདོད་ཆགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་འདོད་ཆགས་ཀྱི་སྒྲ་ནི། སྒྲུབ་པ་པོ་ལ་སོགས་པ ་སེམས་ཅན་ཐམས་ཅད་ཀྱིས་རྟག་ཏུ་ཉོན་མོངས་པའི་འདོད་ཆགས་ཀྱི་སྤྱོད་པ་ཆགས་པའི་སེམས་ཀྱི་སྤྱོད་དེ། དེ་སྦྱང་པས་བདེ་བར་གྱུར་པ་དེ་དག་ཉོན་མོངས་པའི་རྒྱ་མཚོ་ལས་དབྱུང་བའི་ཕྱིར། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་ཐུགས ་རྗེ་ཆེན་པོའི་ཐབས་ཀྱིས། འདོད་ཆགས་ཀྱི་སྤྱོད་པ་སེམས་ཅན་སྤྱོད་པ་དེ་དང་མཐུན་པའི་ཚུལ་གྱི་བླ་ན་མེད་པའི་འདོད་ཆགས་ཀྱི་སྤྱོད་པ་།བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཐབས་དང་ཤེས་རབ་ཀྱི་རོལ་པའི་སྤྱོད་པ ་བསྟན་པར་མཛད་དོ། །དེ་ནས་ཁྱད་པར་གྱིས་བཤད་པར་བྱ་སྟེ་།འདོད་ཆགས་སྤྱོད་པའི་སེམས་ཅན་རྣམས་ཐབས་དང་ཤེས་རབ་ཀྱི་རོལ་པ་བྱང་ཆུབ་སེམས་ཕབ་པར་གྱུར་ཏེ། ཕབ་མ་ཐག་ཏུ་ས་བོན་དེ་ལས་གསང་བའི་དཀྱིལ་འཁོར་འབྱུང་བའི ་ཐབས་ནི་བླ་ན་མེད་པ་འདོད་ཆགས་ཀྱི་ངོ་བོ་སོ་སོར་རྟོག་པའི་ཡེ་ཤེས་དང་གཉིས་སུ་མེད་པར་གྲུབ་པ་ཡིན་ནོ། །དེ་ལྟར་གསང་བའི་འདོད་ཆགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་འབྱུང་བ་ཞེས་པ་ནི། བྱང་ཆུབ་སེམས་རྡོ་རྗེས་སོ་སོར ་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སྣང་བ་མཛའ་ཡས་ཕྱུང་བའི་དུས་སུ། དང་པོ་ཆོ་འཕྲུལ་གྱི་སྤྲུལ་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྤྲུལ་པ་སྤྲུལ་པར་མཛད་པ་གསུངས་སོ། །དེ་ལྟར་འབྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་ཞེས་པ་ནི་སོ ་སོར་རྟོག་པའི་ངོ་བོ་སྣང་བ་མཛའ་ཡས་ལ་བྱའོ།། །།གཞན་ཡང་འཕགས་པ་ཡེ་ཤེས་ཞབས་ཀྱི་འབྱུང་བ་རྡོ་རྗེའི་སྒྲ་ཀྱི་བཤད་བཤད་པ་འདིར་དྲངས་པ་།དང་པོ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཐབས་དང་ཤེས་རབ་རོལ་པ་མཛད་ཅིང། ་ཤེས་རབ་མ་དང་གཉིས་སུ་མེད་པའི་སྐུ་ཕྱག་རྒྱ་དུས་མཉམ་པ་ལས་ཡེ་ཤེས་ཀྱི་སྤྲུལ་པ་སྤྲུལ་པར་མཛད་པར་གསུངས་སོ། །དེའི་དོན་ཁྱད་པར་ཕྱ་སྟེ་།སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་དང་བོ་ཐབས་དང་ཤེས་རབ་ཀྱི་ངོ་བོ་ལས། ཡེ་ཤེས་ཀྱི་འོད ་ཟེར་ཁ་དོག་དམར་པོ་སྤྲིན་བཞིན་དུ་སྤྲོ་བར་མཛད་དོ། །དེས་ནམ་མཁའ་ཨི་དབྱིངས་ཐམས་ཅད་ཁྱབ་པར་གྱུར་ཏོ། །དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱི་མེ་སྟག་འཕྲོ་བར་མཛད་དོ། །དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱི་འབར་བ་འཕྲོ་བར་མཛད་དོ། །དེའི ་འོག་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱི་འོད་འཕྲོ་བར་མཛད་དོ། །དེའི་འོག་ཏུ་དེ་བཞིན་དུ་ཡེ་ཤེས་ཀྱི་གསལ་བ་སྤྲོ་བར་མཛད་དོ། །ཚུལ་དེ་ལྟར་སྤྲོ་བར་མཛད་པ་ཐམས་ཅད་ཇི་ལྟ་བ་དེ་ལྟར་སླར་བསྡུ་བར་མཛད་དེ། བསྡུས་མ་ཐག་ཏུ་ཡེ་ཤེས་ཀྱི་སྒྲུབ་པ་སྤྲོས་པ་རྣམས ་གོང་བུ་ལྟ་བུའི་ངོ་བོར་གྱུར་ཏོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་སྣང་བ་མཛའ་ཡས་འབྱུང་བའི་ས་བོན་ཡིག་འབྲུ་ཨར་གྱུར་པ་གསུངས་སོ། །དེ་ལྟར་འབྱུང་བ་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་ཞེས་པ་ནི་།སོ་སོར་རྟོག་པའི་ངོ་བོ་སྣང་བ ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་དེ་ནི། དོན་དམ་པ་།མི་ཟད་པ། བརྟན་པ་།ངེས་པ་།དངོས་པོ་མེད་པ་།ཐམས་ཅད་ལ་ཁྱབ་པ། ཆོས་ཀྱི་སྐུའི་ངོ་བོ་ཡིན་ཏེ་།དེ་ལྟར་རྡོ་རྗེའི་སྒྲའི་དོན་དུ་ཤེས་པར་བྱའོ། །ཞེས་བྱ་བའི་སྒྲ་ནི་མདུན་དུ་སྨོས་པའི་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་འབྱུང་བའི་དོན་བརྟན་པའོ། །དེ་ནས་ཏིང་ངེ་འཛིན་ཞེས་པ་ནི་མདུན་དུ་བཤད་པའི་དོན་གྱི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་སྣ་ཚོགས་ཀྱི་བྱེ་བྲག་གི་སྤྲོ་བསྡུ་མཛད་པ་ཐམས་ཅད་ཏིང་ངེ་འཛིན་གྱི་སྒྲའི་དོན་དུ་ཤེས་པར ་བྱའོ། །གཞན་ཡང་ཏིང་ངེ་འཛིན་གྱི་སྒྲའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན་།སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་སྣང་བ་མཛའ་ཡས་ཀྱི་གསང་བའི་མཚན་གྱི་སྔགས་གསུངས་པའི་དུས་དང། གཞན་ཡང་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་ཕྱུང ་བའི་དུས་སུ་།སྐུ་དང་གསུང་དང་ཐུགས་གསུམ་རྩེ་གཅིག་པར་མཛད་པའོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྙོམས་པར་ཞུགས་ཏེ་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ ་?་པར་མཛད་དེ། གྱུར་མ་ཐག་ཏུ་བྱང་ཆུབ་སེམས་རྡོ་རྗེས་ཐུགས་བདེ་བར་འགྱིང་བག་དུ་ཅུང་ཟད་དུ་བཞད་པ་སྐུའི་ཆ་ལུགས་ཞི་བ་དང་རྒྱས་པའི་ཚུལ་དུ་བཞུགས་སོ། །དེ་ལྟར་སྙོམས་པར་བཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །གཞན་ཡང ་འདོད་ཆགས་འབྱུང་བའི་སྐྲའི་བྱེ་བྲག་ཏུ་བཤད་བར་བྱ་སྟེ། འདོད་ཆགས་ཀྱི་སྒྲ་རྣམ་པ་གསུམ་དུ་དབྱེ་སྟེ། གསང་བའི་བྱེ་བྲག་དང་ཡེ་ཤེས་ཀྱི་བྱེ་བྲག་དང་སྐུའི་བྱེ་བྲག་གོ་།ད་ལ་གསང་བའི་བྱེ་བྲག་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་དགྱེས ་པ་ཆེན་པོའི་ཐུགས་ཀྱིས་ཐབས་དང་ཤེས་རབ་རོལ་པ་མཛད་ནས། བྱང་ཆུབ་སེམས་མཱ་མ་ཀཱིའི་བྷ་གའི་དབུས་སུ་འོད་དུ་ཞུ་སྟེ། ས་བོན་གྱི་ངོ་བོ་དེ་ལས་གསང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་དོ། །དེ་ལྟར་འདོད་ཆགས་ཀྱི་རོལ་པས་རོལ་པ་དེ ་ལྟར་གསང་བའི་བྱེ་བྲག་གི་འདོད་ཆགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་བྱེ་བྲག་གི་འདོད་ཆགས་ཀྱི་སྒྲ་ནི། སོ་སོར་རྟོག་བའི་ཡེ་ཤེས་ཀྱི་སྟོབས་ནི་སྤྲུལ་པ་ཐུགས་རྗེའི་ལྕགས་ཀྱུས་ཐུགས་བསྐུལ་བར་གྱུར་ཏེ། སྒྲུབ་བ་པོ་ལ་སོཌ ་པ་སེམས་ཅན་ཐམས་ཅད་འདོད་ཆགས་ཆེན་པོའི་ཐུགས་ཀྱིས་སྣ་ཚོགས་ཀྱི་བྱེ་བྲག་གི་རེ་བ་སྐྱེ་བ་དང། སྣ་ཚོགས་ཀྱི་བྱེ་བྲག་གིས་རེ་བ་སྐོར?་བར་མཛད་དེ། དེ་ལྟར་ཡེ་ཤེས་ཀྱི་འདོད་ཆགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ།། །།དེ ་ནས་སྐུའི་བྱེ་བྲག་གི་འདོད་ཆགས་ཀྱི་སྒྲ་ནི། བླ་ན་མེད་པའི་འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སྣང་བ་མཛའ་ཡས་རིག་པའི་སྐྱེས་བུའི་ཚུལ་གྱིས་སྐུ་ཕྱག་རྒྱ་ལ་བྱ་སྟེ། དེ་ནི་སྒྲུབ་པ་པོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་ཕྱིན་ཅི་ལོག་པའི་འདོད ་ཆགས་ཀྱི་སྐྱོང་བ་དེ་མེད་པར་བྱ་བའི་ཕྱིར། བླ་ན་མེད་པའི་འདོད་ཆགས་ཀྱི་ངོ་བོ་སྣང་བ་མཛའ་ཡས་ཡིན་ཏེ། དེ་བསྒོམ་ཞིང་འདོད་ཆགས་ཀྱི་སེམས་ཀྱིས་འདོད་ཆགས་ཀྱི་སྤྱོད་པ་ཐབས་དང་ཤེས་རབ་ཀྱི་རོལ་པ་བྱ་སྟེ། དེ་བྱས་པས་འདོད་ཆགས་རྡོ་རྗེ་འགྲུབ ་པར་འགྱུར་རོ། །དེ་ལྟར་སྐུའི་བྱེ་བྲག་གི་འདོད་ཆགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་འབྱུང་བ་ཞེས་པ། བྱེ་བྲག་གསུམ་དུ་དབྱེ་སྟེ། གསང་བའི་བྱེ་བྲག་དང། ཡེ་ཤེས་ཀྱི་བྱེ་བྲག་དང། སྐུའི་བྱེ་བྲག་གོ་།དེ་ལ་གསང་བའི་བྱེ་བྲག་གི་འབྱུང་བ་ནི། སྟོན ་པ་བྱང་ཆུབ་སེམས་རྡོ་རྗེས་ཐབས་དང་ཤེས་རབ་རོལ་པའི་ཐབས་ཀྱིས་སྐུ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་མཱ་མ་ཀཱིའི་བྷ་གའི་དབུས་སུ་འོང་དུ་ཞུ་བ་བྱུང་བར་མཛད་དོ། །དེ་ལྟར་གསང་བའི་བྱེ་བྲག་གི་འབྱུང་བའི་སྒྲའི་དོན་དུ་ཤེས་བར་བྱའོ། །དེ་ནས་ཡེ་ཤེས་ཀྱི་བྱེ་བྲག ་གི་འབྱུང་བ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཉིད་ཀྱི་ཐུགས་ཀ་ན་གནས་ནས་མདུན་དུ་སྨོས་པའི་ཚུལ་གྱི་ཡེ་ཤེས་སེམས་དཔའ་ཨི་དེའི་དབུས་སུ་གནས་ནས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་དེ་ཉིད་ཀྱི་རིགས་ཀྱི་ཁ་དོག་གི་འོད་ཟེར་གྱི་དྲ་བ་སྒྲོ་བར་མཛད་དེ། དེའི་འོག་ཏུ ་སླར་གོང་བུ་ལྟ་བུ་བསྡུ་བར་མཛད་ནས། འོད་ཟེར་གྱི་གོང་བུ་ལས་སོ་སོར་རྟོག་པའི་ཡེ་ཤེS་ཀྱི་ངོ་བོ་ཡིག་འབྲུ་ཨཱ་སྤྲུལ་ནས་ཕྱུང་བའོ་།དེ་ལྟར་ཡེ་ཤེས་ཀྱི་བྱེ་བྲག་གི་འབྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྐུའི་བྱེ་བྲག་འབྱུང་བའི་སྒྲ་ནི། སྟོན་པ་བྱང ་ཆུབ་ཀྱི་སེམས་རྡོ་རྗེས་མདུན་དུ་སྨོས་པའི་ཚུལ་གྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡིག་འབྲུ་ཨཱ་དེ། བྱང་ཆུབ་སེམས་ལ་གཉིས་སུ་མེད་པའི་ངོ་བོར་ཐིམ་ཏེ། ས་བོན་གྱི་ངོ་བོ་དེ་ལས་དཔལ་རྡོ་རྗེ་སེམས་དཔས་སེམས་ཅན་ཐམས་ཅད་ཀྱི་རང་བཞིན། འདོད ་ཆགས་ཀྱི་ངོ་བོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱའི་བདག་ཉིད། དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱར་སྤྲུལ་ནས་བྱུང་བ་ཡིན་ཏེ། དེ་ལྟར་སྐུའི་བྱེ་བྲག་གི་འབྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ནས། ཞེས་བྱ་བའི་སྒྲ་ནི་མདུན་དུ་བཤད་པ་དང་མཐུན་པར་སྦྱར་རོ། །རྡོ་རྗེ་འདོད་ཆགས་ཀྱི་རིགས་མཆོག་གི་བསྟན་པའི་སྙིང་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ནས་བཞུགས་སོ། །ཞེས་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ། ་ཇི་ལྟར་ཡིན་ན་།རྡོ་རྗེ་འདོད་ཆགས་ཞེས་པ་ནི་།རྣམ་པ་གསུམ་གྱི་བྱེ་བྲག་དུ་དབྱེ་སྟེ་།མདུན་དུ་སྨོས་པའི་ཕྱི་དང་ནང་དང་གསང་བའི་ཚུལ་དུ་གསུངས་སོ།། །།དེ་ནས་རྡོ་རྗེ་འདོད་ཆགས་ཀྱི་དོན་ཁྱད་པར་དུ་བཤད་པར་བྱ་སྟེ། རྡོ་རྗེ་ནི་བརྟན་པ་ངེས་པ ་ཐམས་ཅད་ལ་ཁྱབ་པ། དཔལ་རྡོ་རྗེ་སེམས་དཔའ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱིས་དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་སྣ་ཚོགས་ཀྱི་ཚུལ་གྱིས་དོན་མཛད་པའོ། །དེ་ལྟར་དེ་བཞིན་དུ་སྒྲུབ་པ་པོས་སེམས་དང་སྤྱོད་པས ་བསྟན་པས་མ་གྲུབ་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་གྲུབ་པར་བྱའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་དེས་སེམས་ཅན་གྱི་དོན་རྣམ་པའི་བྱེ་བྲག་གསུམ་དུ་བྱའོ། །དེ་ལྟར་རྡོ་རྗེ་འདོད་ཆགས་ཀྱི་སྒྲའི་དོན་དུ་ཤེས་པར་གསུངས་སོ། །དེ་ནས་རིཌ ་ཞེས་པ་ནི་རྣམ་པ་གསུམ་དུ་དབྱེ་སྟེ། ཕྱི་དང་ནང་དང་གསང་བའོ། །དེ་ལ་ཕྱིའི་རིགས་ཀྱི་སྒྲ་ནི་དཔལ་རྡོ་རྗེ་སེམས་དཔས་སྒྲུབ་པ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་སྤྱོད་པ་ལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པར་མཛད ་དེའི་ཡོན་ཏན་གྱིས་པདྨའི་རིགས་སྣང་བ་མཛའ་ཡས་གྲུབ་པའི་ཕྱིར་།སེམས་དད་པ་བསྐྱེད་པར་འགྱུར་རོ། །དེ་ལྟར་ཕྱིའི་རིགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནང་གི་རིགས་ཀྱི་སྒྲ་ནི། ཡིག་འབྲུ་ཨཱ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་ཏེ། ་དེ་ལྟར་ནང་གི་རིགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ།?་།དེ་ནས་གསང་བའི་རིགས་ཀྱི་སྒྲ་ནི། སྒྲུབ་པ་པོ་མ་གྲུབ་ཀྱི་བར་དུ་སྣང་བ་མཛའ་ཡས་ཡང་ཡུམ་དང་གཉིས་སུ་མེད་པའི་ཆེ་བའི་ང་རྒྱལ་དུ་དུས་རྟག་ཏུ་བསྒོམ་ཞིང་བསྒྲུབ་པར་བྱ་སྟེ། དེ་ལྟར་གསང་བའི ་རིགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་མཚོ་གཅེས་པ་ནི་བླ་ན་མེད་པའི་འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སྣང་བ་མཛའ་ཡས་ཏེ། སྒྲུབ་པ་པོ་རྣམས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་འབྲས་བུ་གྲུབ་པར་འགྱུར་རོ། །དེ་ལྟར་མཆོག་གི་སྒྲའི ་དོན་དུ་ཤེས་པར་བྱའོ། །དེ་ནས་བརྟན་པ་ཞེས་པ་ནི། བདུད་ཀྱི་ཆོ་འཕྲུལ་གྱིས་མི་གཡོ་བ། རྡོ་རྗེ་སེམས་དཔའ་ཨི་སྤྲུལ་པའི་ངོ་བོ། །སེམས་ཅན་གྱི་དོན་དུ་ཡོན་ཏན་གྲུབ་པ་གཉིས་སུ་མེད་པའི་ངོ་བོ་དེས་མདུན་དུ་སྨོས་པའི་དུ?་དྲ་ལ་སོགས་པ་བདུད་རྣམས་ཕམ ་པར་མཛད་པས་།དེ་ལྟར་བསྟན་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྙིང་པོ་ཞེས་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་སྣང་བ་མཛའ་ཡས་ཀྱི་གསང་བའི་མཚན་གྱི་སྔགས་སྙིང་པོ་ཡིན་ཏེ། དེ་ལྟར་སྙིང་པོའི་སྒྲའི་དོན་ནོ། །དེ་ནས་འདི་ཉིད་ཀྱི་སྐུ་དང་གསུང་དང ་ཐུགས་ཞེས་པ་ནི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སྣང་བ་མཛའ་ཡས་ཀྱི་སྐུའི་བདག་ཉིད་དུ་གྱུར་པར་ཕྱུང་བ་ཡིན་ཏེ་།དེ་ལྟར་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་ཞེས་པ་ནི་མདུན ་དུ་བཤད་པ་དང་འདིར་སྦྱར་རོ།། །།དེ་ནས་པདྨའི་རྒྱལ་པོ་སྐུ་དང་གསུང་དང་ཐུགས་ཀྱི་དོན་ཁྱད་པར་དུ་བཤད་པར་དེའི་སྒྲ་འདིར་དྲངས་པ། སྐུ་དང་གསུང་དང་ཐུགས་གསུམ་རྣམ་པ་གསུམ་དུ་བྱེ་བྲག་དབྱེ་སྟེ། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཉིད ་ཀྱི་ཤེས་རབ་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པའི་སྐུ་ཕྱག་རྒྱའི་ངོ་བོ་དེའི་སྐུ་དང་གསུང་དང་ཐུགས་གསུམ་མི་ཕྱེད་པའི་ཚུལ་གྱི་སྣང་བ་མཛའ་ཡས་གསང་བའི་མཚན་གྱི་སྔགས་དང། སྐུ་ཕྱག་རྒྱ་དབང་གི་ངོ་བོ་འབྱུང་བར་མཛད་མཁན་གྱི་སྐུ་དང་གསུང་དང་ཐུགས ་མི་ཕྱེད་པ་ཡིན་ནོ། །ཚུལ་དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་དོན་དང་པོར་ཤེས་པར་བྱའོ། །གཞན་ཡང་སྐུ་དང་གསུང་དང་ཐུགས་ཀྱི་དོན་བཤད་པར་བྱ་སྟེ། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཐབས་དང་ཤེས་རབ་ཀྱི་རོལ་པས་མཱ་མ་ཀཱིའི་བྷ་གའི་དབུས་སུ་བྱང་ཆུབ ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུ་འོད་དུ་ཞུ་བ་དེ་ལས་ས་བོན་ཡིག་འབྲུ་ཨཱ་ཐིམ་པར་གྱུར་བའི་ས་བོན་གྱི་ངོ་བོ་དེ་ལས་སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པ་ཡིན་ནོ། །ཚུལ་དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་དོན་གཉིས་པར་ཤེས་བར་བྱའོ།། །། ་གཞན་དང?་སུ་ནང?་གསུང་དང་ཐུགས་ཀྱི་དོན་བཤད་པར་བྱ་སྟེ། སྣང་བ་མཛའ་ཡས་ཀྱི་གསང་བའི་མཚན་གྱི་སྔགས་དང། སྣང་བ་མཛའ་ཡས་ཀྱི་དབང་གི་ཚུལ་གྱི་སྐུ་ཕྱག་རྒྱ་དེ་སྐུ་དང་གསུང་དང་ཐུགས་གསུམ་མི་ཕྱེད་པ་གཅིག་པའི་ངོ་བོ་ཡིན་ཏེ། དེ་ལྟར ་སྐུ་དང་གསུང་དང་ཐུགས་ཀྱི་དོན་གསུམ་པར་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་ཞེས་པ་ནི་མདུན་དུ་བཤད་པའི་དོན་དང་འདིར་སྦྱར་རོ། །དེ་ནས་ཕྱུང་དེས་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་འདོད་ཆགས་ཀྱི་རིགས་སྣང་བ་མཛའ་ ་ཡས་ཀྱི་སྐུ་དབང་གི་ཚུལ་གྱི་གཟུགས་ཀྱི་ངོ་བོ་དེ་གསང་བའི་མཚན་གྱི་སྔགས་གསུངས་པ་ཡིན་ནོ། །བཞུགས་ཞེས་པ་ནི། སྐུའི་ཆ་ལུགས་ཕུན་སུམ་ཚོགས་པ་མི་གཡོ་བ་ཐུགས་རྩེ་གཅིག་པས་མདུན་དུ་སྨས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས ་པའི་ཚུལ་དུ་བཞུགས་པའོ། །དེ་ལྟར་བཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །ཱ་རོ་ལིག་དེའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་དེ་གསུངས་མ་ཐག་ཏུ་བཅོམ་ལྡན་འདས་དེ་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུཌ ་རྡོ་རྗེའི་རིག་པའི་སྐྱེས་བུ་འཇིག་རྟེན་དབང་ཕྱུག་རིག་པ་ཆེན་པོའི་བདག་པོ། །ཞེས་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ་།ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི། མདུན་དུ་སྨོས་པའི་འོག་ཏུ། འཇིག་རྟེན་དབང་ཕྱུག་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་འབྱུང་བའི་དོན ་སྟོན་ཏེ་།དེ་ལྟར་དེ་ནས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསུངས་མ་ཐག་ཏུ་ཞེས་པ་ནི། གསུང་རྡོ་རྗེ་སྣང་བ་མཛའ་ཡས་ཀྱི་གསང་བའི་མཚན་གྱི་སྔགས་ཀྱི་ངོ་བོ་ཡིན་ནོ། །གཞན་ཡང་གསུངས་མ་ཐག་ཏུ་ཞེས་པ་ནི་།སྟོན་པ་བྱང་ཆུབ་སེམས་རྡོ་རྗེ ་གསང་བའི་མཚན་གྱི་སྔགས་གསུངས་མ་ཐག་ཏུ་གསུང་རྡོ་རྗེ་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱར་གྱུར་བའི་ཡོན་ཏན་གྱི་ངོ་བོ་བསྟན་པའོ། །དེ་ལྟར་གསུངས་མ་ཐག་ཏུ་སྒྲའི་དོན་དུ་ཤེས་བར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཞེས་པ་ནི། བཅོམ ་ལྡན་འདས་ནི་སྣང་བ་མཛའ་ཡས་ཀྱི་ཡོན་ཏན་བརྗོད་པར་བསྟན་ཏོ། །གཞན་ཡང་བཅོམ་ལྡན་འདས་ཀྱི་སྒྲ་ནི་མདུན་དུ་ཚིག་གི་དོན་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་ནས་དེ་ཉིད་ཀྱི་ཚིག་གི་དོན་ནི་མདུན་དུ་ཅི་ལྟར་བྱང་ཆུབ་སེམས་དཔའ་རྡོ་རྗེས ་གསང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚུལ་གྱི་གསུང་རྡོ་རྗེ་སྣང་བ་མཛའ་ཡས་ཀྱི་གསང་བའི་མཚན་གྱི་སྔགས་གསུངས་པ་དེ་བཞིན་དུ་མི་གཡོ་བར་སྐུ་དང་གསུང་དང་ཐུགས་གསུམ་རྩེ་གཅིག་པ་ཞུགས་ཏེ། བཞུགས་མ་ཐག་ཏུ་ཉིད ་གསང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་གསུངས་སོ། །བཤད་པར་བྱ་སྟེ། གསང་བ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པར་དབང་པོ་གཉིས་མཉམ་པར་སྦྱར་བ་གསང་བ་ཡིན་ནོ། །དེ་ལྟར་གསང་བའི་སྒྲའི་དོན་དུ་གསུངས་སོ།། །། ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང། ཐུགས་ཞེས་པ་ནི་།དེ་བཞིན་གཤེགས་པ་ཐམས་ཅད་ནི་མདུན་དུ་སྨོས་པའི་དེ་བཞིན་གཤེཌ་རྣམ་པ་ལྔ་ལ་བྱའོ། །སྐུ་དང་གསུང་དང་ཐུགས་ནི་དེ་བཞིན་གཤེགས་པ་ཐམས ་ཅད་དོན་དམ་པ་སྐུ་དང་གསུང་དང་ཐུགས་མི་ཕྱེད་པ་གཅིག་པའི་ངོ་བོར་གསུངས་སོ། །བཤད་པར་བྱ་སྟེ། དེ་ནི་དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་གསུམ་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱའི་ངོ་བོར་ཤེས་པར་བྱའོ། །དེ་ནས་རིག་པའི་སྐྱེས་བུ ་ཞེས་པ། རིག་པ་ནི་འདོད་ཆགས་དགའ་མ་ལྷ་མོ་ན་བཟའ་དཀར་མོ་ལ་རིག་པ་ཞེས་གསུངས་སོ། །དེ་ནས་སྐྱེས་བུ་ནི། དབང་གི་ཚུལ་སྣང་བ་མཛའ་ཡས་ལ་བྱའོ། །དེ་ལྟར་སྐྱེས་བུའི་སྒྲའི་དོན་དུ་ཤེས་པར་བྱའོ། །བཤད་པར་བྱ་སྟེ། དེ་གཉིས ་ཀྱི་སྐུ་ཕྱག་རྒྱ་གཅིག་པར་བྱུང་ནས་སོ་སོར་འཁྱུད་པའི་ཚུལ་དུ་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ནས་གནས་པར་གསུངས་སོ། །ཚུལ་དེ་ལྟར་རིག་པའི་སྐྱེས་བུའི་སྒྲའི་དོན་དུ་ཤེས་པར་བྱའོ། །འཇིག་རྟེན་དབང་ཕྱུག་གི་སྒྲ་ནི་བདེ་སྟེ ་བཤད་མི་དགོས་སོ། །དེ་ལས་རིག་པ་ཆེན་པོ་ཞེས་པ་ནི། བྱེ་བྲག་རྣམ་པ་གསུམ་དུ་དབྱེ་སྟེ་།ཕྱི་དང་ནང་དང་གསང་བའོ། །དེ་ལ་གཕྱི་ནི་རིག་བྱེད་ཐམས་ཅད་མ་ལུས་པར་མཁས་པ་ལ་བྱའོ། །ནང་གི་ནི་སངས་རྒྱས་ཀྱི་བསྟན་པའི་རིམ་པ་ཐེག་ ་པ་དྲུག་གི་ཆོས་ཀྱི་ཕྱི་ནང་ཐམས་ཅད་ལ་མཁས་པའོ། །དེ་ནས་གསང་བ་ནི་འདོད་ཆགས་དགའ་མ་ལྷ་མོ་ན་བཟའ་དཀར་མོ་ལ་སོགས་པ་ལྷ་མོ་ཐཾས་ཅད་ལ་འདོད་ཆགས་ཆེན་པོ་བདེ་བའི་རོལ་པ་དུས་རྟག་ཏུ་རོལ་པར་གསུངས་སོ། ། ་དེ་ལྟར་རིག་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཆེན་པོ་ཞེས་པ་ནི། མདུན་དུ་བཤད་པའི་ཕྱི་དང་ནང་དང་གསང་བ་གསུམ་གྱི་དོན་མ་ལུས་པར་མཐར་ཕྱིན་པས་ཆེན་པོ་ཞེས་བྱའོ། །དེ་ནས་བདག་པོ་ཞེས་བ་ནི་མདུན་དུ་སྨོས་བའི་ཕྱི་དང་ནང ་དང་གསང་བ་གསུམ་གྱི་ཚུལ་གྱི་རིག་པ་ཆེན་པོའི་གནས་ཀྱི་ངོ་བོ་གསུང་རྡོ་རྗེ་འཇིག་རྟེན་དབང་ཕྱུག་བདག་པོ་ཡིན་པར་ཤེས་པར་བྱའོ། །སྣང་བ་མཛའ་ཡས་ཀྱི་ཕྱག་རྒྱ་ཆེན་པོར་སྦྱོར་བའི་མཆོག་གི་གནས་ཀྱིས། དམར་པོ་དཀར་པོ་ནག་པོའི་ཚུལ་དུ ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེའི་རྒྱབ་ཀྱི་ཕྱོགས་སུ་བཞུགས་སོ། །ཞེས་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན་སྣང་བ་མཛའ་ཡས་ཀྱི་སྒྲ་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་ཕྱག་རྒྱ་ཆེན་པོ ་ཞེས་པ་ནི། མདུན་དུ་སྨོས་པའི་ཐབས་དང་ཤེས་རབ་གཉིས་ཀས་འཁྱུང་པའི་ཚུལ་གྱི་སྐུ་ཕུན་སུམ་ཚོགས་པ་ཆ་ལུགས་ཀྱི་ངོ་བོ་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་ནས་སྦྱོར་བའི་ཞེས་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སྣང་བ་མཛའ་ ་ཡས་ཀྱི་སྐུ་དང་གསུང་དང་ཐུགས་གསུམ་རྩེ་གཅིག་ཏུ་སྦྱོར་བའི་བདག་ཉིད་དོ། །ཚུལ་དེ་ལྟར་སྦྱོར་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་མཆོག་གི་གནས་ཞེས་པ་ན་དམ་པ་གཙོར་གསུངས་སོ། །གཞན་ཡང་གནས་ཀྱི་སྒྲ་བཤད་པར་བྱ་སྟེ ་པདྨའི་རིགས་སུ་བསྟན་ཏོ། །གཞན་ནས་ཞེས་པ་ནི་སྣང་བ་མཛའ་ཡས་དབང་གི་ཚུལ་ཡན་ལག་དང་ཉིད་ལག་ཐམས་ཅད་དང་ལྡན་པའི་སྐུ་ཕྱག་རྒྱ་ལ་བྱའོ།། །།གཞན་ཡང་གནས་ཞེས་པ་ནི་བདེ་བ་ཆེན་པོའི་སྤྱོད་པ་སྤྱོད་ཅིང་རིག་པར་མཚན ་བཏགས་པའི་པདྨའི་རིགས་ལྷ་མོན་བཟའ་དཀར་མོ་དང་འཁྱུད་པའི་ཚུལ་དུ་གནས་པའོ། །དེ་ལྟར་གནས་ཞེས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེའི་སྐུ་མདོག་དང་ཞལ་དང་ཕྱག་མཚན་དང། རྒྱན་རྣམས་བསྟན་པར་བྱ་སྟེ། དམར་པོ་དཀར་པོ་ནག་པོ་ཞེས་པ་ནི་།སྣང ་བ་མཛའ་ཡས་ཀྱི་ཞལ་དབུས་མ་དམར་པོའོ། །ཞལ་གཡས་དཀར་པོའོ། །ཞལ་གཡོན་ནག་པོའོ། །གཞན་ཡང་སྐུའི་ཡན་ལག་དང་ཉིང་ལག་ཐམས་ཅད་ནི་དམར་པོའོ། །ཕྱག་དྲུག་ཕྱག་མཚན་དྲུག་གེ་།དེ་ནས་ཕྱག་མཚན་དྲུག་བསྟན་པར་བྱ་སྟེ། ་ཕྱག་གཡས་དང་པོ་ན་པདྨ་དམར་པོ་འདབ་བརྒྱད་པ་བསྣམས་པ། བར་མ་ན་རྡོ་རྗེ་རྩེ་ལྔ་པ། ཐ་མན་འཁོར་ལོ་རྩིབས་བརྒྱད། གཡོན་དང་པོ་ན་རྡོ་རྗེ་དང་དྲིལ་བུ་དང་ལྡན་པར་ཤེས་རབ་འཁྱུད། བར་མན་རིན་པོ་ཆེ་འཛམ་བུ་ནཱ་ད་ཟུར་བརྒྱད་།ཐ་མ་ན་རལ ་གྲིའོ། །ཚུལ་དེ་ལྟར་ཕྱག་མཚན་དྲུག་དུ་ཤེས་པར་བྱའོ། །གཞན་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པའོ། །དེའི་འོག་ཏུ་སྣང་བ་མཛའ་ཡས་ཀྱི་ཆ་ལུགས་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། ཨཱ་རོ་ལིཀ་གི་ས་བོན་ལས། རྡོ་རྗེ་སྣང་བ ་མཛའ་ཡས་བསྐྱེད། །དབང་གི་ཚུལ་དང་ལྡན་པ་སྟེ། །ཕྱོགས་ཀུན་ཏུ་ནི་གསལ་བར་མཛད། །པདྨ་རཱ་གའི་ཁ་དོག་འདྲ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །འོད་ཟེར་སྣ་ཚོགས་སྤྲིན་བཞིན་དུ། །གསུང་གི་རྡོ་རྗེ་སྤྲོ་བར་མཛད། །དེ་ནི་དབང་དང་ཞི་ཁྲོ ་ཚུལ། །ཞལ་གསུམ་པོ་ནི་ཅུང་ཟད་བཞད། །འདོད་ཆགས་ཅན་གྱི་སེམས་ཅན་ཀུན། །མ་ལུས་པར་ནི་བྱིན་བརླབས་ནས། །བྱིན་གྱིས་བརླབས་ཏེ་པདྨའི་རིགས། །སོ་སོར་རྟོག་པའི་ཡེ་ཤེས་འགྲུབ། །མཛེས་པའི་སྐུ་དང་ལྡེམ་བག་ཅན། །པདྨ་དམར ་པོའི་གདན་ལ་བཞུགས། །བཅོམ་ལྡན་འདས་བྱང་ཆུབ་སེམས་རྡོ་རྗེའི་རྒྱབ་ཕྱོགས་སུ་བཞུགས་སོ། །དེ་ལྟར་མདོར་བསྡུས་པ་སྣང་བ་མཛའ་ཡས་ཀྱི་སྐུའི་ཆ་ལུགS་ཕུན་སུཾ་ཚོགས་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་གདོན་མི་ཟ་བའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་།ཞེས་བྱ་བའི་དེའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན་།དེ་ནས་ཞེས་པ་ནི་།མདུན་དུ་ཐལ་བའི་འོག་ནས་འབྱུང་བའི་མགོ་འདྲེན་པར་བསྟན ་པའོ། །བཅོམ་ལྡན་འདས་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱའོ། །དེའི་དོན་མདུན་དུ་བཤད་པའི་དེ་བཞིན་དུ་འི་?་སྦྱར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། མདུན་དུ་སྨོས་པའི་མི་བསྐྱོད་པ་ལ་སོགས་པ་རྣམས ་ལྔ་ལ་བྱའོ། །དེ་ནི་གདོན་མི་ཟ་བ་ཞེས་པ་ནི། སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་ལམ་ངེས་པ། ཐེ་ཚོམ་མེད་པ། གདོན་མི་ཟ་བར་གྲུབ་པར་བྱེད་པའ?། །དེ་ལྟར་གདོན་མི་ཟ་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས ་དམ་ཚིག་ཞེས་པ་ནི་།རྣམ་པ་གསུམ་དུ་དབྱེ་སྟེ་།ཐུགས་རྗེ་ཆེན་པོའི་དམ་ཚིག་དང། དམ་རྫས་བཅུ་བྱིན་གྱིས་བརླབས་ཅིང་བཟའ་བའི་དམ་ཚིག་དང་།བདེ་བ་ཆེན་པོ་རོལ་བའི་དམ་ཚིག་གོ་།དེའི་དོན་གསལ་བར་བཤད་པར་བྱ་སྟེ། ཕྱི་དང་ནང་དང ་གསང་བའི་ཚུལ་དུའོ། །དེ་ལ་ཕྱི་ནི་སེམས་ཅན་གྱི་དོན་སྣ་ཚོགས་ཀྱིས་བྱེ་བྲག་དུ་མཛད་པའོ། །དེ་ནི་ཐུགS་རྗེ་ཆེན་པོའི་དམ་ཚིག་སྟེ་ཕྱིར་ཤེས་པར་བྱའོ། །དེ་ནས་ནང་གི་ནི། པཉྩ་ཨ་མྲི་ཏ་དང་ཤ་རྣམ་པ་ལྔ་ཚོགས་བྱིན་གྱིས་བརླབས་ནས་ཟབ་སྟེ་།དེ ་ལྟར་ནང་གི་དམ་ཚིག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བ་ནི་།གསང་བའི་དཀྱིལ་འཁོར་འབྱུང་བའི་དུས་སུ་ཉིད་ཀྱི་?་གྱི་ཤེS་རབ་ཀྱི་ལྷ་མོ་དང་ལྡན་པར་།གཉིས་སུ་མེད་པའི་ཚུལ་གྱིས་དབང་པོ་གཉིས་མཉམ་པར་སྦྱར་ཏེ་།བདེ་བ ་ཆེན་པོ་ཐབས་དང་ཤེས་རབ་ཀྱི་རོལ་པ་བྱང་ཆུབ་སེམས་འབྱུང་བའི་ཐབས་ནི་བདེ་བ་ཆེན་པོ་རོལ་པའི་དམ་ཚིག་གསང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་ཞེས་པ་ནི་།བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་གདོན་མི་ཟ་བར་གྲུབ་པ་ལ་བྱའོ ་གཞན་ཡང་རྡོ་རྗེ་ཞེས་པ་ནི། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་བྱིན་གྱིས་རླབས་ཀྱི་ངོ་བོ་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་དེ་ནི་།དོན་དམ་པ་མི་ཟད་པ། བསྟན་པ་ངེས་པ་།དངོས་པོ་མེད་པ། ཐམས་ཅད་ལ་ཁྱབ་པ། ཆོས་ཀྱི་སྐུའོ། །ཚུལ་དེ་ལྟར་རྡོ་རྗེའི་སྒྲའི་དོན ་དུ་ཤེས་པར་བྱའོ། །ཞེས་བྱ་བ་ཞེས་པ་ནི་།མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་གདོན་མི་ཟ་བར་བསྟན་པའི་དམ་ཚིག་གི་ངོ་བོར་བསྟན་ཏོ། །དེ་ནས་ཏིང་ངེ་འཛིན་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་དོན་ཡོད་གྲུབ་པའི་གསང ་བའི་མཚན་གྱི་སྔགས་གསུངས་པའི་དུས་དང། དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་ཕྱུང་བའི་དུས་སུ་དོན་དེའི་སྐུ་དང་གསུང་དང་ཐུགས་གསུམ་རྩེ་གཅིག་པར་མཛད་པ་ཡིན་ཏེ་།དེ་ལྟར་ཏིང་ངེ་འཛིན་ལ་དོན་དུ་ཤེས་པར་བྱའོ། །དེ་ནས་སྙོམས་པར་ཞུགས་ཏེ། ་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱར་གྱུར་པ་སྟེ། གྱུར་པར་མཛད་མ་ཐག་ཏུ་།སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཅུང་ཟད་འགྱིང་བའི་ཚུལ་དུ་བཞེད་ཅིང་དབང་དང་ཁྲོ་བོའི་ཚུལ་དུ་བཞུགས་སོ། །དེ་ལྟར་སྙོམས་པར ་ཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་གདོན་མི་ཟ་བའི་དམ་ཚིག་གི་དོན་བྱེ་བྲག་དུ་བཤད་པར་བྱ་སྟེ། རྣམ་པ་གསུམ་དུ་དབྱེ་སྟེ། གསང་བའི་བྱེ་བྲག་དང། ཡེ་ཤེས་ཀྱི་བྱེ་བྲག་དང། སྐུའི་བྱེ་བྲག་གོ་།དེ་ལ་གསང་བའི་བྱེ་བྲག་གི ་སྒྲ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བས་རྡོ་རྗེའི་མཆོད་པ་བྱིན་གྱིས་བརླབ་པར་མཛད་དེ། མཱ་མ་ཀཱིའི་བྷ་གའི་དབུས་སུ་བྱང་ཆུབ་སེམས་འོད་དུ་ཞུ་སྟེ་།དེ་ཞུམ་ཐག་ཏུ་ཟླ་བའི་དཀྱིལ་འཁོར་ལྟ་བུར ་བྱིན་གྱིས་བརླབས་པ་དེ། གསང་བའི་བྱེ་བྲག་གི་དམ་ཚིག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་བྱེ་བྲག་གི་དམ་ཚིག་གི་སྒྲ་ནི་།བ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྟོབས་ཀྱི་སྤྲུལ་པ་ཐུགས་རྗེ་ཆེན་པོའི་དམ་ཚིག་གི་ལྕགས་ཀྱུས་ཐུགས ་བསྐུལ་ཏེ། དེ་བསྐུལ་བའི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱའི་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། ནམ་མཁའ་ཨི་དབྱིངས་དང་མཉམ་པ་སེམས་ཅན་ཐམས་ཅད་བྱིན ་གྱིས་རླབ་པར་མཛད་དོ། །དེ་ལྟར་ཡེ་ཤེས་ཀྱི་བྱེ་བྲག་གི་དམ་ཚིག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྐུའི་བྱེ་བྲག་གི་དམ་ཚིག་གི་སྒྲ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཐབས་དང་ཤེས་རབ་རོལ་པ་མཛད་པའི་བསྐྱོད་པ་དང། གཞན་ཡང་གསང ་བའི་ཐུགས་ཀ་དང། བ་སྤུའི་བུ་ག་ཐམས་ཅད་ནས། དེ་བཞིན་གཤེགས་པ་རྡུལ་ཕྲ་མོ་དང་མཉམ་པ་སྤྲིན་བཞིན་དུ་སྤྲོ་བ་དང། བསྡུ་བ་མཛད་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་སེམས་ཅན་ཐམས་ཅད་ཉོན་མོངས་པའི་འདམ་ལས་དབྱུང ་བའི་ཐབས་ཐུགས་རྗེ་ཆེན་པོའི་འབྱུང་བའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་སྐུའི་རོལ་མོའི་འཕྲིན་ལས་དམ་ཚིག་ཡིན་ནོ། །དེ་ལྟར་སྐུའི་བྱེ་བྲག་གི་དམ་ཚིག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གདོན་མི་ཟ་བར་དོན་མདོར་བསྡུས་ནས་བསྟན་པར་བྱའོ།། ་མདུན་དུ་སྨོས་པའི་དམ་ཚིག་གསུམ་གྱི་བྱེ་བྲག་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་ཇི་ལྟར་མཛད་པ་དེ་བཞིན་དུ་བསྒྲུབ་པ་པོས་འཕྲིན་ལས་བྱས་ན་ཚེ་འདི་ལ་བླ་ན་མེད་པའི་འབྲས་བུ་ངེས་པ་ཐེ་ཚོམ་མེད་པ། ་གདོན་མི་ཟ་བར་གྲུབ་པར་འགྱུར་།དེ་ནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཞེས་བྱ་བ་ནི། མདུན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་བར་ཤེས་པར་བྱའོ། །དམ་ཚིག་འགུགས་པའི་རིག་པའི་མཆོག་གི་བསྟན་པའི་སྙིང་པོ་འདི ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ནས་བཞུགས་སོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དམ་ཚིག་ཞེས་པ་ནི་གསུམ་དུ་དབྱེ་སྟེ། ཕྱི་དང་ནང་དང་གསང་བའོ། །དེ་ལ་ཕྱིའི་དམ་ཚིག་གི་ནི་དོན་བཤད་པར་བྱ་སྟེ། ཐུགས ་རྗེའི་དམ་ཚིག་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཐབས་སྣ་ཚོགས་ཀྱི་བྱེ་བྲག་གི་སེམས་ཅན་སྣ་ཚོགས་ཀྱི་བྱེ་བྲག་གི་རེ་བ་སྣ་ཚོགས་བསྐོར་བར་མཛད་དེ་།དེ་ལྟར་ཕྱིའི་དམ་ཚིག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་ཡེ་ཤེས་ཀྱི་དམ་ཚིག་གི་དོན་བཤད ་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨི་ཐུགས་ཀ་ན་གནས་པའི་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ཉིད་ཉིད་ཀྱི་ས་བོན་གྱི་ཡིག་འབྲུ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱ་ཉིད་ཉིད་ཀྱི་ཁ་དོག་དང། རྒྱན་དང་ཕྱག་མཚན་དང ་ཡུམ་དང་སྦྱོར་བྱ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། ཏིལ་གྱི་འབྲུ་དང་མཉམ་པ་ནམ་མཁའ་ཨི་དབྱིངས་ཐམས་ཅད་ཁྱབ་ནས། འཇིག་རྟེན་གྱི་ཁམས་མ་ལུས་པའི་སེམས་ཅན་ཐམས་ཅད་གཉིས་སུ་མེད་པའི་ངོ་བོར་བྱིན་གྱིས་རླབས་སོ། །དེ་ལྟར་ནང་གི་ཡེ་ཤེས་ཀྱི ་དམ་ཚིག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་མཆོད་པའི་དམ་ཚིག་གི་སྒྲ་བཤད་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔས་གསང་བའི་དཀྱིལ་འཁོར་འབྱུང་བའི་ཕྱིར། སྐུ་གར་གྱི་ཚུལ་སྣ་ཚོགས་ཀྱི་བྱེ་བྲག་ཏུ་བསྐྱོད་ནས། མཱ་མ་ཀཱི་དང ་དབང་པོ་གཉིས་མཉམ་པར་སྦྱར་ནས། ཐུགས་བསྐྱེད་པ་ཆེན་པོས་རྡོ་རྗེའི་མཆོད་པ་མཛད་པ་ཡིན་ནོ། །དེ་ལྟར་གསང་བའི་མཆོད་པའི་དམ་ཚིག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་འགུགས་ཞེས་པའི་སྒྲ་རྣམ་པ་གསུམ་དུ་དབྱེ་སྟེ་། ཕྱི་དང ་ནང་དང་གསང་བའོ། །དེ་ལ་ཕྱི་ནི་འགུགས་པ་ཡིན་ཏེ་བཤད་པར་བྱའོ། །མདུན་དུ་སྨོས་པའི་ཚུལ་དུ་དཔལ་རྡོ་རྗེ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སྣ་ཚོགས་ཀྱི་བྱེ་བྲག་གིས་ཐུགས་རྗེའི་དམ་ཚིག་ཆེན་པོ་སྦྱིན་པ་ཕུན་སུམ?་ཚོགས་པ་བསྒྲུབ ་པའི་ཕྱིར་།དམ་བཅས་ནས་བརྩོན་འགྲུས་ཀྱི་ལྕགས་ཀྱུས་སེམས་ཅན་ཐམས་ཅད་འགུགས་པར་མཛད་དེ་།དེ་ལྟར་ཕྱིའི་ཐུགས་རྗེས་འགུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་ཡེ་ཤེས་ཀྱིས་འགུགས་པའི་སྒྲ་བཤད་པར་བྱ་སྟེ། ་ཇི་ལྟར་ཡིན་ན། དཔལ་རྡོ་རྗེ་སེམས་དཔས་མདུན་དུ་སྨོས་པའི་ཉིད་ཀྱི་ཐུགས་ཀ་ན་གནས་པའི་ཡེ་ཤེས་སེམས་དཔའ་ཨི་དེའི་དབུས་ནས། དེ་བཞིན་གཤེགས་པ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། སེམས་ཅན་ཐམས་ཅད་གཉིས་སུ་མེད་པའི་ངོ་བོར ་བྱིན་གྱིས་བརླབས་ཏེ། བྱིན་གྱིས་བརླབས་མ་ཐག་ཏུ་ཡེ་ཤེས་ཀྱི་ལྕགས་ཀྱུས་ཡེ་ཤེས་སེམས་དཔའ་ཨི་གནས་ནས་བཀུག་ནས་བསྡུ་བར་མཛད་དོ། །དེ་ལྟར་ནང་གི་ཡེ་ཤེས་ཀྱི་འགུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་མཆོད་པའི་འགུགས ་པའི་དོན་བཤད་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔས་མདུན་དུ་སྨོས་པའི་ཚུལ་གྱི་གསང་བའི་དཀྱིལ་འཁོར་དབྱུང་བའི་ཕྱིར་རྡོ་རྗེ་མཆོད་པ་མཛད་པའི་དུས་སུ་པདྨའི་ལྕགས་ཀྱུ་ཐབས་ཀྱི་སྐུ་ལ་གནས་པའི་བྱང་ཆུབ་སེམས་བྷ་གའི་དབུས་སུ་འགུགས་པར་མཛད ་པ་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པའོ། །དེ་བཞིན་དུ་རྡོ་རྗེའི་ལྕགས་ཀྱུས་ཤེས་རབ་མཱ་མ་ཀཱིའི་སྐུ་ལ་གནས་པའི་འདོད་ཆགས་གྱི་གསང་བའི་ཁུ་བ་ཉིད་ཀྱི་པདྨའི་དབུས་སུ་འགུགས་པར་མཛད་དེ། བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུ་དང་གཉིས ་སུ་མེད་པར་གྱུར་པའོ། །དེ་ལྟར་གསང་བའི་མཆོད་པའི་འགུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་རིགས་ཞེས་པ་ནི་བྱེ་བྲག་རྣམ་པ་གསུམ་དུ་དབྱེ་སྟེ། ཕྱི་དང་ནང་དང་གསང་བའོ། །དེ་ལ་ཕྱི་ནི་རྡོ་རྗེ་སེམས་དཔའ་མདུན་དུ་སྨོས་པའི་ཚུལ་དུ ་སེམས་ཅན་ཐམས་ཅད་བྱིན་གྱིས་རླབས་པའི་ཕྱིར་སྤྲོ་བ་དང་བསྡུ་བའི་འཕྲིན་ལས་ཀྱི་ངོ་བོ་གྲུབ་པར་མཛད་པ་དེ། དེ་ལྟར་ཕྱིའི་རིགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་རིགས་ཀྱི་སྒྲ་ནི། ས་བོན་ཡིག་འབྲུ་ཧ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ ་ཡིན་ཏེ་།དེ་ལྟར་ནང་གི་རིགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་རིགས་ཀྱི་སྒྲ་ནི་།དཔལ་རྡོ་རྗེ་སེམས་དཔས་གསང་བའི་དཀྱིལ་འཁོར་དབྱུང་བའི་དུས་སུ་།རྡོ་རྗེ་མཆོད་པ་མཛད་པའི་འཕྲིན་ལས་རིགས་ཀྱི་ངོ་བོ་ཡིན་ཏེ་།དེ་ལྟར་གསང ་བའི་རིགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་མཆོག་ཞེས་པ་ནི་དམ་པ་སྟེ་།དམ་ཚིག་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་དོན་ཡོད་གྲུབ་པ་སྟེ། སྒྲུབ་པ་པོ་རྣམས་ལ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་འབྲས་བུ་གྲུབ་པར་བྱེད་པ་ཡིན་ཏེ་།དེ་ལྟར་མཆོག་གི་སྒྲའི ་དོན་དུ་ཤེས་པར་བྱའོ། །དེ་ནས་བསྟན་པ་ཞེས་པ་ནི། རྡོ་རྗེ་སེམས་དཔའ་ཨི་ཡེ་ཤེས་ཀྱི་སྤྲུལ་པའི་སྐུ་རྣམས་སེམས་ཅན་གྱི་དོན་དུ་ཡོན་ཏན་གྲུབ་པ་གཉིས་སུ་མེད་པའི་ངོ་བོ་དེ་།རུ་དྲ་ལ་སོགས་པ་བདུད་རྣམས་ཀྱི་གནོད་པ་གང་གིས་ཀྱང་གཡོ་བར་མི་འགྱུར་བས ་དེའི་ཕྱིར་བསྟན་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྙིང་པོ་ཞེས་པ་ནི། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་དོན་ཡོད་གྲུབ་པའི་གསང་བའི་མཚན་གྱི་སྔགས་ཀྱི་སྙིང་པོ་ཡིན་པས། དེ་ལྟར་སྙིང་པོའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཉིད་ཀྱི་སྐུ་དང ་གསུང་དང་ཐུགས་ཞེས་པ་ནི་ཉིད་བདག་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནན་ཏན་གྱི་ངོ་བོ་དོན་ཡོད་གྲུབ་པའི་ཉིད་ཀྱི་སྐུ་ཕྱག་རྒྱ་དང་མི་ཕྱེད་པར་གྱུར་ནས་ཕྱུང་བ་དེ། དེ་ལྟར་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ ་ནས་རྡོ་རྗེ་ཞེས་པ་ནི་མདུན་དུ་བཤད་བའི་དོན་དང་འདིར་སྦྱར་རོ། །དེ་ལྟར་རྡོ་རྗེ་སྒྲའི་དོན་དུ་ཤེས་པར་བྱའོ།། །།དེ་ནས་པདྨའི་རྒྱལ་པོས་སྐུ་དང་གསུང་དང་ཐུགས་ཀྱི་དོན་ཁྱད་པར་དུ་བཤད་པ་།ཇི་ལྟར་ཡིན་ན་།སྐུ་དང་གསུང་དང་ཐུགས ་ཀྱི་དོན?་རྣམ་པ་གསུམ་དུ་དབྱེ་སྟེ། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཉིད་ཀྱི་ཤེས་རབ་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པའི་སྐུ་དང་གསུང་དང་ཐུགས་གསུམ་མི་ཕྱེད་པའི་ཚུལ་གྱིས་དོན་ཡོད་གྲུབ་པའི་གསང་བའི་མཚན་གྱི་སྔགས་དང་།གཞན་ཡང་དོན་ཡོད ་གྲུབ?་པའི་སྐུ་ཕྱག་རྒྱ་ཅུང་དྲང?་ངོ་བོ་འབྱུང་པར་མཛད་མཁན་གྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་མི་ཕྱེད་པ་ཡིན་ཏེ། ཚུལ་དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་དོན་དང་པོར་ཤེས་པར་བྱའོ། །གཞན་ཡང་སྐུ་དང་གསུང་དང་ཐུགས་ཀྱི་དོན་བཤད་པར་བྱ་སྟེ་།སྟོན་ ་པ་བྱང་ཆུབ་སེམས་རྡོ་རྗེ་ཐབས་དང་ཤེས་རབ་ཀྱི་རོལ་པས་མཱ་མ་ཀཱིའི་བྷ་གའི་དབུས་དུ་བྱང་ཆུབ་སེམས་འོད་དུ་ཞུ་བར་མཛད་པ་ཟླ་བའི་དཀྱིལ་འཁོར་ལྟ་བུ་ལ། ས་བོན་ཡིག་འབྲུ་ཧ་ཐིམ་བར་གྱུར་པའི་ས་བོན་གྱི་ངོ་བོ་དེ་སྐུ་དང ་གསུང་དང་ཐུགས་གསུམ་མི་ཕྱེད་པའི་ངོ་བོ་ཡིན་ཏེ། དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་དོན་གཉིས་པར་ཤེས་པར་བྱའོ། །གཞན་ཡང་སྐུ་དང་གསུང་དང་ཐུགས་ཀྱི་དོན་བཤད་པར་བྱ་སྟེ། དོན་ཡོད་གྲུབ་པའི་གསང་བའི་མཚན་གྱི་སྔགས་དང། ་དོན་ཡོད་གྲུབ་བའི་དབང་དང་ཁྲོ་བོའི་ཚུལ་གྱི་སྐུ་ཕྱག་རྒྱའི་སྐུ་དང་གསུང་དང་ཐུགས་མི་ཕྱེད་པ་གཅིག་པའི་ངོ་བོ་ཡིན་ཏེ། དེ་ལྟར་སྐུ་དང་གསུང་དང་ཐུགས་ཀྱི་དོན་གསུམ་བར་ཤེས་བར་བྱའོ། །དེ་ནས་རྡོ་རྗེ་ཞེས་པ་ནི། མདུན་དུ་བཤད་པའི་དོན ་དེ་བཞིན་དུ་འདིར་སྦྱར་རོ། །དེ་ནས་ཕྱུང་ནས་བཞུགས་སོ། །ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་དམ་ཚིག་གི་རིགས་དོན་ཡོད་གྲུབ་པའི་དབང་དང་ཁྲོ་བོའི་ཚུལ་གྱི་སྔགས་གསུང་པར་ཤེས་པར་བྱའོ། །གཞན་ཡང་བཞུགས་པ་ནི་སྐུའི་ཆ ་ལུགས་ཕུན་སུམ་ཚོགས་པ་མི་གཡོ་བ་ཐུགས་རྩེ་གཅིག་པས་མདུན་དུ་སྨོས་པའི་ཚུལ་གྱིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཞུགས་པའི་ཡིན་ནོ། །དེ་ལྟར་བཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །པྲཛྙཱ་དྷྲིཀ་དེའི་དོན་ནི་བདེ ་སྟེ་བཤད་མི་དགོས་སོ། །དེ་ནས་དེ་གསུངས་མ་ཐག་ཏུ་བཅོམ་ལྡན་འདས་དེ་ཉིད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་གྲུབ་པར་གདོན་མི་ཟ་བའི། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན ་དེ་ནས་ཞེས་བྱ་བ་ནི་མདུན་དུ་བཤད་པའི་འོག་ནས་དོན་ཡོད་གྲུབ་པའི་ལས་ཀྱི་སྐུ་ཕྱག་རྒྱ་འབྱུང་བར་སྟོན་པའོ། །དེ་ལྟར་དེ་ནས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །གསུངས་མ་ཐག་ཏུ་ཞེས་པ་ནི་།དམ་ཚིག?་རྡོ་རྗེ་དོན་ཡོད་གྲུབ་པའི་གསང ་བའི་མཚན་གྱི་སྔགས་ཀྱི་ངོ་བོ་ཡིན་ནོ། །གཞན་ཡང་གསུངས་མ་ཐག་ཏུ་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་དཾ་ཚིག་དོན་ཡོད་གྲུབ་པའི་གསང་བའི་གསང་བའི་མཚན་གྱི་ལྡགས་གསུངས་པའི་འོག་ཏུ་དམ་ཚིག་རྡོ་རྗེས་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱར་གྱུར ་པའི་ཡོན་ཏན་གྱི་ངོ་བོ་བསྟན་པའོ། །དེ་ལྟར་གསུངས་མ་ཐག་སྒྲའི་དོན་དུ་ཤེས་པར་བྱའོ། །བཅོམ་ལྡན་འདས་དེ་ཉིད་ཞེས་པ་ནི་བཅོམ་ལྡན་འདས་ཞེས་པ་ནི་དོན་ཡོད་གྲུབ་པའི་ཡོན་ཏན་བརྗོད་པ་བསྟན་པའོ། །གཞན་ཡང་བཅོམ་ལྡན་འདས་ཀྱི ་དོན་ནི་མདུན་དུ་བཤད་པ་བཞིན་དུ་འདིར་སྦྱར་རོ། །དེ་ཉིད་ཞེས་པ་ནི་ཇི་ལྟར་མདུན་དུ་སྨོས་བའི་བྱང་ཆུབ་སེམས་རྡོ་རྗེས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚུལ་གྱིས་དམ་ཚིག་རྡོ་རྗེ་དོན་ཡོད་གྲུབ་པའི་གསུང་བའི་མཚན་གྱི་སྔགས་གསུངས ་པ་བཞིན་དུ་མི་གཡོ་བར་སྐུ་དང་གསུང་དང་ཐུགས་གསུམ་རྩེ་གཅིག་ཏུ་བཞུགས་པའོ། །བཞུགས་མ་ཐག་ཏུ་གསང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པ་ཡིན་ནོ། །བཤད་པར་བྱ་སྟེ། གསང་བ་ནི་ཐབས་དང་ཤེས་རབ་གཉིས ་སུ་མེད་པར་དབང་པོ་གཉིས་མཉམ་པར་སྦྱར་བ་ལ་གསང་བ་ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་སྐུ་དང་གསུང་དང ་ཞུགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་དམ་པར་སྐུ་དང་གསུང་དང་ཐུགས་གསུམ་ནི་མི་ཕྱེད་པ་གཅིག་པའི་ངོ་བོར་གསུངས་སོ། །བཤད་པར་བྱ་སྟེ། སྐུ་དང་གསུང་དང་ཐུགས་དེ་ནི་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱར་ཤེས་པར་བྱའོ། །དེ་ནས ་?་པའི་སྐྱེས་བུ་ཞེས་པ་ནི་།རིག་པ་ནི་དམ་ཚིག་དཀའ་མ་ལྷ་མོ་དམ་ཚིག་སྒྲོལ་མ་ལ་རིག་པའི་དོན་དུ་གསུངས་སོ། །སྐྱེས་བུ་ནི་དབང་ཁྲོ་བོའི་ཚུལ་གྱི་དོན་ཡོད་གྲུབ་པ་ལ་སྐྱེས་བུའི་དོན་དུ་གསུངས་སོ། །བཤད་པར་བྱ་སྟེ། དེ་གཉིས་ཀྱི ་སྐུའི་ཕྱག་རྒྱ་གཅིག་ཏུ་བྱུང་ནས་སོ་སོར་འཁྱུང་པའི་ཚུལ་དུ་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ནས། གནས་པ་ཡིན་ནོ། །ཚུལ་དེ་ལྟར་རིག་པའི་སྐྱེས་བུའི་སྒྲའི་དོན་དུ་ཤེས་པར་བྱའོ། །དོན་ཡོད་གྲུབ་པ་ཞེས་བྱ་བའི ་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །ཕྱག་རྒྱ་ཆེན་པོར་སྦྱོར་བའི་མཆོག་གི་གནས་ཀྱིས་ལྗང་ཁུ་དཀར་པོ་ནག་པོའི་ཚུལ་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གཡོན་ཕྱོགས་སུ་ཞུགས་ནས་བཞུགས་སོ། །ཞེས? ་བྱ་བ་དེའི་སྒྲ་བཤད་པར་བྱའོ། །ཕྱག་རྒྱ་ཆེན་པོའི་ཞེས་པ་ནི། མདུན་དུ་སྨོས་པའི་ཚུལ་དུ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་འཁྱུད་པའི་ཚུལ་གྱི་སྐུའི་ཆ་ལུགས་ཕུན་སུམ་ཚོགས་པ་ངོ་བོ་ལ་ཕྱག་རྒྱ་ཆེན་པོར་ཤེས་པར་བྱའོ། །དེ་ནས ་སྦྱོར་བ་ཞེས་པ་ནི། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་དོན་ཡོད་གྲུབ་པའི་སྐུ་དང་གསུང་དང་ཐུགས་གསུམ་གཅིག་པའི་ངོ་བོར་གནས་པ་སྟེ། དེ་ལྟར་སྦྱོར་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་མཆོག་གི་གནས་ཞེས་པ་ནི་མཆོག་ནི་དམ་པ ་སྟེ། ལས་ཀྱི་རིགས་ཀྱི་གཙོ་བོར་གསུངས་སོ། །དེ་ནས་གནས་ནི་ལས་ཀྱི་རིགས་ལ་བྱའོ། །གཞན་ཡང་གནས་ཀྱི་སྒྲ་ནི་བཤད་པར་བྱ་སྟེ། དོན་ཡོད་གྲུབ་པའི་དབང་དང་ཁྲོ་བོའི་ཡན་ལག་དང་ཉིད་ལག་ཐམས་ཅད་དང་ལྡན་པའི་སྐུ་ཕྱག་རྒྱལ ་བྱའོ། །གཞན་ཡང་གནས་ཀྱི་སྒྲ་གཤད་བར་བྱ་སྟེ། བདེ་བ་ཆེན་པོའི་སྤྱད་པ་སྤྱོད་ཅིང་རིག་པར་མཚན་བཏགས་པ་ལས་ཀྱི་རིགས་ཀྱི་ལྷ་མོ་དམ་ཚིག་སྒྲོལ་མ་དང་འཁྱུད་པའི་ཆུལ་དུ་གནས་པ་ཡིན་ནོ། །ཚུལ་དེ་ལྟར་གནས་ཀྱི་སྒྲའི་དོན ་དུ་ཤེས་པར་བྱའོ། །དེ་ནས་སྐུའི་མདོག་དང་ཞལ་དང་ཕྱག་མཚན་དང། རྒྱན་རྣམས་བསྟན་པར་བྱ་སྟེ། ལྗང་ཁུ་དང་དཀར་པོ་དང་ནག་པོའི་ཚུལ་དུ་ཞེས་པ་ནི། དོན་ཡོད་གྲུབ་པའི་སྐུ་ཡན་ལག་ཐམས་ཅད་དང། ཞལ་དབུ་མའི་ཁ་དོག་ལྗང་ཁུར ་གསུངས་སོ། །ཞལ་གཡས་པའི་ཁ་དོག་དཀར་པོ་གསུངས་སོ། །ཞལ་གཡོན་པའི་ཁ་དོག་ནག་པོའོ། །ཕྱག་དྲུག་ཕྱག་མཚན་དྲུག་ཏེ། ཕྱག་གཡས་དང་པོ་ན་རལ་གྲི་ཨུཏཔ་ལ་སྔོན་པོའི་ཁ་དོག་ལྟ་བུའོ། །གཡས་བར་མ་ན་རྡོ་རྗེ་རྩེ་ལྔ་པ། ཐ་མ་ན་འཁོར ་ལོ་རྩིབས་བརྒྱད་པ། གཡོན་དང་པོ་ན་རྡོ་རྗེ་དྲིལ་བུ་ཤེས་རབ་མ་དང་འཁྱུད་པ་ལྡན་པ། གཡོན་བར་མ་ན་རིན་པོ་ཆེ་འཛམ་བུ་ནཱ་ད་ཟུར་བརྒྱད་པ། ཐ་མན་པདྨ་དམར་པོ་འདབ་བརྒྱད་དོ། །དེ་ལྟར་ཕྱག་མཚན་དྲུག་ཏུ་ཤེས་པར་བྱའོ། །གཞན་ཡང་རིན་པོ ་ཆེ་བཻ་ཌཱུརྱ་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པའོ། །དེའི་འོག་ཏུ་དོན་ཡོད་གྲུབ་པའི་སྐུའི་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། པྲཛྙཱ་དྷྲི་ཀ་གི་ས་བོན་ལས། །རྡོ་རྗེ་དོན་ཡོད་བདག་པོ་བསྐྱེད། །ཞི་དང ་ཁྲོ་ཚུལ་ལྡན་པ་སྟེ། །ཕྱོགས་ཀུན་ཐམས་ཅད་གསལ་བར་མཛད། །སྐུ་མདོག་བཻ་ཌཱུརྱ་དང་འདྲ། །རིན་ཆེན་བཻ་ཌཱུར་ལ་སོགས་བརྒྱན། །འོད་ཟེར་སྣ་ཚོགས་སྤྲིན་བཞིན་དུ། །ལས་ཀྱི་རྡོ་རྗེ་སྤྲོ་བར་མཛད། །དབང་དང་ཁྲོ་བོའི་ཚུལ་གྱིས་གཟིགས། །ཞལ ་གསུམ་ཅུང་ཟད་བཞད་པ་སྟེ། །ཕྲག་དོག་ཅན་གྱི་སེམས་ཅན་ཀུན། །མ་ལུས་པར་ནི་བྱིན་རླབས་མཛད། །ལས་ཀྱི་རིགས་དང་གཉིས་མེད་པའི། །བྱ་བ་ནན་ཏན་ཡེ་ཤེས་གྲུབ། །སྐུ་ནི་ཁྲོ་ཚུལ་འགྱིད་བག་ཅན། །རྡོ་རྗེ་རྒྱ་གྲམ་གདན་ལ་བཞུགས། །དེ ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་གཡོན་ཕྱོགས་སུ་བཞུགས་སོ། །དེ་ལྟར་མདོར་བསྡུས་པའི་དོན་གྲུབ་པའི་ཆ་ལུགས་ཕུན་སུམ་ཚོགས་པ་ཤེས་པར་བྱའོ། །ཞེ་སྡང་གཏི་མུག་འདོད་ཆགས་དང། །ཡིད་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ལྔར་གཏོགས ་པ་འདི་རྣམས་ཀྱིས། །འདོད་དང་གྲོལ་བར་རབ་བསྒྲུབས་པའོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ཞེ་སྡང་ཞེས་པ་ནི་བླ་ན་མེད་པའི་ཐུགས་རྗེ་ཆེན་པོའི་ཞེ་སྡང་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་མི་བསྐྱོད་པའི་སྐུ་ཕྱག་རྒྱའི ་བདག་ཉིད་དོ། །གཞན་ཡང་དེས་ཕྱིའི་ཞེ་སྡང་གི་ངོ་བོ་རུ་དྲ་ལ་སོགS་པ་མ་རུངས་པ་ཐམས་ཅད་འདུལ་བ་དང་མེད་པར་མཛད་པའོ། །དེ་ལྟར་ཞེ་སྡང་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གཏི་མུག་གི་བླ་ན་མེད་པའི་གཏི་མུག་གི ་སེམས་ཅན་མ་ལུས་བ་དོན་མཐར་མ་ཕྱིན་གྱི་བར་དུ་མི་གཏོང་བར་མཛད་དེ། དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱའི་བདག་ཉིད་དོ། །གཞན་ཡང་དེས་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དེ། ཕྱིའི་གཏི་མུག ་གི་ངོ་བོ་ཚངས་པ་ལ་སོགས་པ་ལྷ་རྣམས་ལ་བྱིན་གྱིས་བརླབ་པ་དང། འདུལ་བར་མཛད་པའོ། །དེ་ལྟར་གཏི་མུག་གི་སྐྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་འདོད་ཆགས་ཞེས་པ་ནི་བླ་ན་མེད་པའི་འདོད་ཆགས་སེམས་ཅན་མ་ལུས་པར་སྲིད་པའི་རྒྱ་མཚོར ་ལྷུང་བ་ལས་འབྱུང་བའི་ཕྱིར་རྟག་ཏུ་ཐུགས་བརྟན་པར་མཛད་པས་འདོད་ཆགས་ཞེས་བྱའོ། །གཞན་ཡང་འདོད་ཆགས་ཀྱི་དོན་ནི། གསང་བའི་འདོད་ཆགས་སྟེ། ཐབས་དང་ཤེས་རབ་ཀྱི་རལ་པ་མཛད་པས། བདེ་བ་ཆེན་པོ་ཐོབ་པ་དེ་ནི་སོ་སོར ་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱའི་བདག་ཉིད་དོ། །གཞན་ཡང་དེས་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དེ། ཕྱིའི་འདོད་ཆགས་ཀྱི་ངོ་བོ་ལྷའི་བུ་ཀ་མ་དེ་བ་ཉོན་མོངས་པའི་འདོད་ཆགས་གཞོམ་པའི་ཕྱིར་བྱིན་གྱིས་རློབ་པ ་འདུལ་བར་མཛད་པའོ། །དེ་ལྟར་འདོད་ཆགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཡིད་བཞིན་ནོ་བུ་ཞེས་པ་ནི། བླ་ན་མེད་པའི་རིན་པོ་ཆེ་རིན་ཐང་དཔག་ཏུ་མེད་པའི་ཨེཡེ་ཤེས་ཀྱི་རིན་པོ་ཆེ་ནི་ཐམས་ཅད་ཀྱི་གཙོ་བོ་ཡིན་ཏེ། ང་རྒྱལ་ཆེན་པོ་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྲུབ་བའི་ངོ་བོ་ཡིན་ཏེ། ད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་པོ་ཆེ་འབྱུང་ལྡན་གྱི་སྐུ་ཕྱག་རྒྱའི་བདག་ཉིད་དོ། །གཞན་ཡང་དེས་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དོ། །ཕྱིའི་ང་རྒྱལ་གྱི་ངོ་བོ་ལྷའི ་དབང་པོ་བརྒྱ་བྱིན་ལ་སོགས་པ་ང་རྒྱལ་ཅན་རྣམས་ཉོན་མོངས་བའི་ང་རྒྱལ་གཞོམ་པའི་ཕྱིར། བྱིན་གྱིས་བརླབ་པ་དང་འདུལ་བར་མཛད་དོ། །གཞན་ཡང་ཡིད་བཞིན་གྱི་ནོར་བུའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱལ་པོ་ཡིད་བཞིན་གྱི ་ནོར་བུ་དེ་རྙེད་པའི་དུས་སུ། །སེམས་ལ་ཅི་བསམས་པའི་དོན་འགྲུབ་པར་འགྱུར་རོ། །ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རིན་པོ་ཚ་ཐམས་ཅད་རྒྱལ་པོ་དང་འདྲ་བར་དེ་བཞིན་དུ། ཡེ་ཤེས་ཐམས་ཅད་ཀྱི་གཙོ་བོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ཏེ། དེ་གྲུབ་པའི་དུས་སུ ་སྒྲུབ་པ་བོ་སེམས་ལ་ཇི་ལྟར་བསམས་པ་བཞིན་དུ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་དམ་ཚིག་ཞེས་པ་ནི། བླ་ན་མེད་པ་ཐུགས་རྗེ་ཆེན་པོའི་དམ་ཚིག་ཡིན་ནོ། །གཞན་ཡང ་སེམས་ཅན་ཐམས་ཅད་ཉོན་མོངས་བའི་འདམ་ལས་དབྱུང་བའི་ཐབས་ལ་དམ་ཚིག་ཞེས་གསུངས་སོ། །གཞན་ཡང་དམ་ཚིག་ཞེས་བྱ་བ་ནི་།དེ་བཞིན་གཤེགS་པ་ཐམས་ཅད་ཀྱིས་ཉིད་ཀྱི་ཤེས་རབ་ལྷ་མོ་དང་རོལ་པ་མཛད་དེ། གསང་བའི་དཀྱིལ་འཁོར ་བསྐྱེད་པའི་དུས་སུ་ཐུགས་བདེ་བ་ཆེན་པོར་གྱུར་པ་ལ་དམ་ཚིག་ཅེས་བྱ་སྟེ། དེ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་དོན་ཡོད་གྲུབ་བའི་སྐུའི་ཕྱག་རྒྱ་བདག་ཉིད་དོ། །དེ་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དེ། ཕྲག་དོག་གི་ངོ་བོ་ལྷ་མ་ཡིན་དང་ཀླུ་ལ་སོགས ་?་མ་རུངས་ལ་ཐམས་ཅད་ཀྱི་ཕྲག་དོག་གཞོམ་པའི་ཕྱིར་བྱིན་གྱིས་བརླབས་པ་དང་འདུལ་བར་མཛད་པའོ། །དེ་ལྟར་དམ་ཚིག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་རིགས་ལྔར་གཏོགས་པ་འདི་རྣམས་ཀྱི་ཞེས་པ་ནི། མདུན་དུ་སྨོས་པའི་མི་བསྐྱོང ་བ་ལ་སོགས་པ་རྣམ་པ་ལྔ་ལ་བྱའོ། །དེ་རྣམས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། སྒྲུབ་པ་པོས་རིགས་ལྔ་བསྒྲུབ་པར་བྱ་སྟེ། དེ་གྲུབ་པའི་དུས་སུ་འབྲས་བུ་སྦྱིན་ཏེ་བཤད་པར་བྱའོ། །འདོད་དང་གྲོལ་བར་ཞེས་པ་སྒྲུབ་པ་པོ་སེམས ་ལ་དངོས་གྲུབ་ཅི་འདོད་པ་གྲུབ་བར་བྱ་བ་སྟེ། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་ཐུགས་རྗེ་ཆེན་པོ་རྟག་ཏུ་མཛད་པ་ནི་འདོད་པའི་དོན་ཡིན་ནོ། །གཞན་ཡང་བཤད་པར་བྱ་སྟེ། འདོད་པ་དམ་ཚིག་ཏུ་གསུངས་ཏེ། །ཆོས ་ཀྱི་འདོད་པའི་ཡིད་དུ་འོང། །དེ་ཡི་ཆོས་སུ་བསྒྲུབ་པ་ནི། །རྗེས་སུ་ཆགས་པར་འདི་གསུངས་སོ། །ད་ལྟར་འདོད་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གྲོལ་བ་ནི་སེམས་ཅན་ཉོན་མོངས་པ་ལྔའི་བཅིངས་བ་བཅིངས་པ་མ་ལུས་པ་ཀུན། །བསྐལ་པ་གྲངས ་མེད་པའི་བར་དུ་འཁོར་བར་འཁོར་ཞིང། ཉམ་ཐག་པ་དང་དུབ་པ་རྣམས་ཀྱིས་རིགས་རྣམ་པ་ལྔ་གྲུབ་པའི་དུས་སུ་ཉོན་མོངས་པའི་ཆིང་པས་བཅིངས་པ་ལ་གྲོལ་བར་འགྱུར་ཏེ། དེའི་འོག་ཏུ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཀྱི་འབྲས་བུ་ཆོས་ཀྱི་དབྱིངས་ཀྱི་ངོ་བོའི ་བདག་ཉིད་དུ་འགྲུབ་པར་འགྱུར་རོ། །བཤད་པར་བྱ་སྟེ། ཕྱིར་མི་འོད་བ་བདེ་བ་ཆེན་པོ་ལ་གྲོལ་བ་ཞེས་བྱའོ། །བཤད་པར་བྱ་སྟེ། དངོས་གྲུབ་ཐམས་ཅད་ཀྱི་བདག་ཉིད་ནི་བདེ་བའོ། །ཐུགས་རྗེ་ཆེན་པོ་འགྲོ་བའི་དོན་རྟག་ཏུ་མཛད་པས་ཆེན་པོའོ། །དེ ་ལྟར་མདོར་བསྡུས་པ་གྲུབ་པའི་ཕྱིར་གྲོལ་བ་ཡིན་ཏེ། དེ་ལྟར་གྲོལ་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཛིན་རྗེས་སུ་ཆགས་པར་བྱེད་པའི་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་ཞུགས་ཏེ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ་།ཇི་ལྟར་ཡིན་ན། དེ་ནས་ཞེས་པ་མདུན་དུ་ཐལ་བའི་འོག་ནས་འབྱུང་བའི་དོན་སྟོན་པའོ། །བཅོམ་ལྡན་འདས་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱའོ། །དེའི་དོན་ནི་མདུན་དུ ་བཤད་པ་དང་མཐུན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་རྡོ་རྗེ་འཛིན་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམ་པ་ལྔའི་ཡེ་ཤེས་རྣམ་པ་ལྔའི་རྡོ་རྗེའི་ངོ་བོ་རྣམས་དབྱེར་མེད ་པ་གཅིག་པའི་བདག་ཉིད་སྐུ་ཕྱག་རྒྱ་འཛིན་པས་དེའི་ཕྱིར་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པར་གསུངས་སོ། །དེ་ནས་རྗེས་སུ་ཆགས་པའི་ཞེས་པ་ནི། ལྷ་མོ་མཱ་མ་ཀཱི་ཉིད་ཀྱི་གསང་བའི་རོལ་པ་ཆེན་པོ་འདོད་ཆགས་ཆེན་པོ་ཞེས་བྱ་བའི་འདོད་ཆགས་ཀྱིས་།རྡོ་རྗེ ་མི་བསྐྱོད་པ་ཉིད་རྡོ་རྗེའི་མཆོད་པ་མཛད་པས་མཉེས་པར་འགྱུར་བས་།དེའི་ཕྱིར་རྗེས་སུ་ཆགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་དམ་ཚིག་ཞེས་པ་ནི། དམ་ཚིག་ངོ་བོ་མཱ་མ་ཀཱི་མི་བསྐྱོད་པ་རྡོ་རྗེ་འཛིན་རྡོ་རྗེ་མཆོད་བའི་སྤྱོད་པས་མཉེས་པར་བྱེད་མཁན ་དེ་དམ་ཚིག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཏིང་ངེ་འཛིན་ཞེས་པ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཏིང་ངེ་འཛིན་མཛད་པ་དེའི་དུས་སུ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་འོད་ཟེར་གྱི་དྲང་གྲངས་མེད་པར་སྤྲོ་བར ་མཛད་དེ་།ནམ་མཁའ་ཨི་དབྱིངས་ཇི་སྙེད་མ་ལུས་པ་ན་གནས་པའི་སེམས་ཅན་མ་ལུས་པ་ཐམས་ཅད་བྱིན་གྱིས་བརླབ་པར་མཛད་དེ། བྱིན་གྱིས་རླབས་མ་ཐབ། ཏུ་སྤྲོ་བའི་གནས་ནས་བསླར་འདུ་བར་མཛད་དོ། །དེའི་འོག་ཏུ་གོང་བུ་ལྟ་བུར་གྱུར་པར་མཛད་དེ། ཡེ ་ཤེས་ཀྱི་གོང་དུ་དེ་ལས་ཡིག་འབྲུ་མི་གྱི་ངོ་བོར་གྱུར་ཏེ། ཡེ་ཤེས་ཀྱི་ཡིག་འབྲུ་དེ་ལས་མདུན་དུ་སྨོས་པའི་ཚུལ་དུ་མཱ་མ་ཀཱིའི་ཕྱག་རྒྱ་གྲངས་མེད་པ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། འཇིག་རྟེན་གྱི་ཁམས་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་པར ་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ་བསླར་བསྡུ་བར་མཛད་དོ། །དེ་ལྟར་ཏིང་ངེ་འཛིན་སྒྲའི་དོན་དུ་ཤེས་པར་བྱའོ། །སྙོམས་པར་ཞུགས་ཏེ་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཐུགས་རྩེ་གཅིག་ཏུ་ཞུགས་པར་གྱུར་ཏོ། །དེ་ལྟར་སྙོམས་པར་ཞུགས ་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །རྡོ་རྗེ་འཛིན་ཐམས་ཅད་ཀྱི་བཙུན་མོའི་མཆོག་ནི། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། རྡོ་རྗེ་འཛིན་ཐམས་ཅད་ཞེས་པ་ནི། མི་བསྐྱོད་པ་ལ་སོགས་པ ་རྣམ་པ་ལྔའི་ཡེ་ཤེས་རྣམ་པ་ལྔ་གཅིག་པ་མི་ཕྱེད་པའི་ངོ་བོ་རྡོ་རྗེ་མི་བསྐྱོད་པ་ལ་བྱའོ། །གཞན་ཡང་བཤད་པར་བྱ་སྟེ། རྡོ་རྗེའི་རིགས་ཇི་སྙེད་ཕྱུང་བ། ཕྱག་ན་རྡོ་རྗེ་དང། ཁྲོ་བོའི་རྒྱལ་པོ་གཞན་གྱིས་མི་ཐུབ་པ་ལ་སོགས་པ་ལ ་རྡོ་རྗེ་འཛིན་ཐམས་ཅད་ཞེས་བྱའོ། །དེ་ནས་བཙུན་མོའི་མཆོག་ཞེས་པ་ནི?། མདུན་དུ་སྨོས་པའི་རྡོ་རྗེ་འཛིན་ཐམས་ཅད་ནི་བཙུན་མོའི་མཆོག་གཙོར་སྨོས་པའི་ཤེས་རབ་ལྷ་མོ་ཡིན་ནོ། །གཞན་ཡང་བཤད་པར་བྱ་སྟེ། སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི ་བཙུན་མོ་དེ་ནི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བསྐྱེད་པའི་ཡུམ་དུ་གསུངས་སོ།། །།གཞན་ཡང་འཕགས་པ་ཡེ་ཤེས་ཞབས་ཀྱིས་བཤད་པའི་སྒྲ་འདིར་དྲངས་པ། ཕྱག་ན་རྡོ་རྗེ་དང་ཁྲོ་བོའི་རྒྱལ་པོ་གཞན་གྱིས་མི་ཐུབ་པ་ལ་སོགས ་པ་རྡོ་རྗེའི་རིགས་ཐམས་ཅད་ཀྱི་ཤེས་རབ་ལྷ་མོ་རྣམས་དོན་དམ་པར་མཱ་མ་ཀཱིའི་ངོ་བོར་དབྱེར་མི་ཕྱེད་པར་གསུངས་སོ། །དེ་ལྟར་རྡོ་རྗེ་འཛིན་ཐམས་ཅད་ཀྱི་བཙུན་མོའི་མཆོག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས ་པ་ནི། མདུན་དུ་སྨོས་པའི་ཚུལ་དུ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་གསུམ་རྡོ་རྗེར་གཅིག་པའི་ངོ་བོར་གསུངས་སོ། །དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་གསུམ་ནི་མཱ་མ་ཀཱིའི་སྐུ་ཕྱག་རྒྱའི་ངོ་བོ་ཡིན་ནོ། །རྡོ་རྗེ་ཞེས་བྱ་བ་ནི་ནདེ ་སྟེ་བཤད་མི་དགོས་སོ། །དེ་ནས་ཕྱུང་ངོ་ཞེས་བྱ་བ་ནི་མདུན་དུ་སྨོས་པའི་སྐུ་དང་གསུང་དང་ཐུགས་གསུམ་གྱི་ངོ་བོ་མཱ་མ་ཀཱིའི་སྐུ་ཕྱག་རྒྱ་དང། གཞན་ཡང་ནཱ་མ་ཀཱིའི་གསང་བའི་མཚན་ཕྱུང་ནས། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཐུགས་བདེ་བར་ཞུགས ་པ་ཡིན་ནོ། །དེ་ལྟར་ཕྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །ཧྭེ?་ཥ་ར་ཏི་དེའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་དེ་གསུངས་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རིག་པའི་སྐྱེས་བུ་དེ་ཉིད། ཞེས ་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི། མདུན་དུ་བཤད་བའི་འོག་ནས་འབྱུང་བའི་མགོ་འདྲེན་པའོ། །དེ་ནས་གསུངས་མ་ཐག་ཏུ་ཞེས་པ་ནི། མཱ་མ་ཀཱིའི་སྐུ་ཕྱག་རྒྱར་གསུངས་སོ། །བཅོམ་ལྡན་འདས་ཞེས་པ་ནི། མདུན་དུ་བཤད་པ་དེ ་བཞིན་དུ་འདིར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། མདུན་དུ་སྤོས་པ་མི་བསྐྱོད་པ་ལ་སོགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་སྐུ་དང་གསུང་དང་ཐུགས་རིག་པའི་སྐྱེས་བུ་དེ་ཉིད་ཞེས་པ་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་མཱ་མ ་ཀཱིའི་སྐུ་ཕྱག་རྒྱ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་དང་གཉིས་སུ་མེད་པའི་བདག་ཉིད་དུ་གསུངས་སོ། །བཤད་པར་བྱ་སྟེ། རིག་པའི་སྐྱེས་བུ་ནི། རིག་པ་ནི་ལྷ་མོ་མཱ་མ་ཀཱི་ལ་བྱའོ། །སྐྱེས་བུ་ནི་རྡོ་རྗེ་མི་བསྐྱོད་པ་ལ་བྱའོ། །དེ་ཉིད་སོ་སོར་འཁྱུད་པའི་ཚུལ ་དུ་གསང་བའི་རོལ་པ་མཛད་ཅིང་གནས་པའོ། །དེ་ལྟར་རིག་པའི་སྐྱེས་བུའི་སྒྲའི་དོན་དུ་ཤེས་པར་བྱའོ། །བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ། ཤར་གྱི་ཕྱོགས་ཀྱི་གྲར་བཞུགས་སོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། བུད་མེད་ཀྱི ་གཟུགས་འཛིན་པར་གྱུར་ཏེ་ཞེས་པ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་བུད་མེད་ཀྱི་གཟུགས་ནུ་མ་དང་བྷ་ག་དང་ལྡན་པ་མཱ་མ་ཀཱི་ལ་བྱ་སྟེ། དེ་ལྟར་བུད་མེད་ཀྱི་གཟུགས་ཀྱི་ཚུལ་གྱི་མཱ་མ་ཀཱི་གཙོ་བོའི་ངོ་བོའི་བདག་ཉིད་ངེས་རྡོ་རྗེ་མི་བསྐྱོད་པ་ཡང་པར་འཁྱུད་པའི ་ཚུལ་དུ་དབང་པོ་གཉིས་གཉམ་པར་སྦྱར་ཏེ། སོ་སོར་འདོད་ཆགས་བསྐྱེད་པའི་ཕྱིར་སྒྲོས་ཙུམ་པ་ན་མཛད་པའོ། །ཚུལ་དེ་ལྟར་བུད་མེད་ཀྱི་གཟུགས་འཛིན་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཤར་ཕྱོགས་ཀྱི་གྲཝར་བཞུགས་སོ། །ཞེས་པ་ནི། བདེ་སྟེ ་བཤད་མི་དགོས་སོ། །དེ་ནས་གཞན་ཡང་ཞེ་སྡང་དགའ་མའི་སྐུ་མདོག་དང་ཞལ་དང། ཕྱག་མཚན་དང་རྒྱན་རྣམས་བསྟན་པར་བྱ་སྟེ་།གཡས་དང་པོ་རྡོ་རྗེ་རྩེ་ལྔ་པ་འཛིན། ཡང་ན་ཨུཏཔ་ལ་མཐིང་ཀ་ཡང་མི་འགལ་ལོ། །ཕྱག་གཡོན་དང་པོས་རྡོ་རྗེ་མི་བསྐྱོད ་?་བྱུང་ངོ། །ཕྱི་?་སྐུ་མདོག་དང་ཞལ་དང། ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་ནི། མི་བསྐྱོད་པ་ཇི་བཞིན་དུ་མཐུན་པར་ཤེས་པར་བའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བའི་སྒྲའི་དོན་དུ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི་མདུན་དུ་ཐལ་བའི་འོག་ནས་འབྱུང་བའི་མགོ་འདྲེན་པའོ། །བཅོམ་ལྡན་འདས་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱའོ། །དེའི་དོན་མདུན་དུ ་བཤད་པ་དང་མཐུན་བར་སྦྱར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་མདུན་དུ་སྨོས་བའི་མི་བསྐྱོད་པ་ལ་སོགས་པ་ལ་རྣམ་པ་ལྔ་ལ་བྱའོ། །གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། སྐུ་རྡོ་རྗེ་རྣམ་པར་སྣ་བ་མཛད་ཀྱི་རིགས་ཅི་སྙེད་ཡོད ་པ་རྣམས། དོན་དམ་པར་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱའི་ངོ་བོར་གཅིག་པར་གནས་པར་གསུངས་སོ། །དེ་ནས་རྗེས་སུ་ཆགས་པ་ཞེས་པ་ནི། ལྷ་མོ་ཅན་ནི་ཉིད་ཀྱི་གསང་བའི་རོལ་པ་འདོད་ཆགས་ཆེན་པོ་དེས་།དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ ་འདོད་ཆགས་ཀྱི་མཆོད་པ་བྱས་པས་མཉེས་པར་མཛད་དེ་།དེའི་ཕྱིར་རྗེས་སུ་ཆགས་པ་ཞེས་བྱའོ། །དེ་ནས་རྡོ་རྗེ་ཞེས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་སྤྱན་གྱི་ལྷ་མོ་ལ་བྱའོ། །ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དོན་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཏིང་ངེ་འཛིན ་མཛད་པའི་དུས་སུ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་གྱི་དྲ་བ་གྲངས་མེད་པར་སྤྲོ་བར་མཛད་པས། ནམ་མཁའ་ཨི་དབྱིངས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་བྱིན་གྱི་རླབས་པར་མཛད་དེ། བྱིན་གྱིས་བརླབས་མ ་ཐག་ཏུ་སྤྲོས་པའི་གནས་སུ་སླར་བསྡུ་པར་མཛད་དེ། གོང་བུ་ལྟ་བུར་གྱུར་པར་མཛད་དོ། །དེའི་འོག་ཏུ་ཡེ་ཤེས་ཀྱི་གོང་བུ་ལས་ཡིག་འབྲུལ་མ་གྱི་ངོ་བོར་གྱུར་པར་མཛད་དེ། ཡེ་ཤེས་ཀྱི་ཡིག་འབྲུ་དེ་ལས་མདུན་དུ་སྨོས་པའི་ཚུལ་དུ་སངས་རྒྱས་སྤྱན་ཀྱི་སྐུ་གྲངས ་མེད་པ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་བིན་གྱིས་བརླབ་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ་སྤྲོ་བའི་གནས་སུ་སླར་བསྡུ་བར་མཛད་དོ། །ཚུལ་དེ་ལྟར་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒྲའི་དོན་དུ ་ཤེས་པར་བྱའོ། །དེ་ནས་སྙོམས་པར་ཞུགས་ནས། །ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཐུགས་རྩེ་གཅིག་པར་བཞུགས་པར་གྱུར་པས། དེ་ལྟར་སྙོམས་པར་ཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་འདི ་ཉིད་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། མདུན་དུ་སྨོས་པའི་རྣམ་པ་ལྔའི་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་རྣམ་པར་སྣང་མཛད་ལ་བྱའོ། །དེ་ནས་བཙུན་མོའི་མཆོག ་ཞེས་པ་ནི། མདུན་དུ་སྨྲོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་སྐུའི་རིགས་རྣམ་པར་སྣང་མཛད་ཀྱི་བཙུན་མོའི་མཆོག་གཙོ་མོ་ཤེས་རབ་ལྷ་མོ་སངས་རྒྱས་སྤྱན་ལ་བྱའོ། །གཞན་ཡང་འཕགས་པ་ཡེ་ཤེས་ཞབས་ཀྱིས་བཤད་བའི་སྒྲ་འདིར་དྲངས་པ། ་སའི་སྙིང་པོ་དང་ཁྲོ་བོའི་རྒྱལ་པོ་ཡན་ནྟ?་ཀ་ལ་སོགས་པ་སྐུའི་རིགས་ཐམས་ཅད་ཀྱི་ཤེས་རབ་ལྷ་མོ་རྣམས་དོན་དམ་པར་སངས་རྒྱས་སྤྱན་གྱི་ངོ་བོ་ཡིན་པར་གསུངས་སོ། །ཚུལ་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་གི་སྒྲའི་དོན ་དུ་ཤེས་པར་བྱའོ། །དེ་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི། མདུན་དུ་སྨོས་པའི་ཚུལ་དུ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་གསུམ་གཅིག་པའི་ངོ་བོ་ཡིན་ཏེ། དེ་ལྟར་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་གསུམ་ནི། སྐུ་དང་གསུང་དང ་ཐུགས་གསུམ་གྱི་ངོ་བོ་སངས་རྒྱས་སྤྱན་གྱི་སྐུ་ཕྱག་རྒྱར་གསུངས་སོ། །དེ་ནས་རྡོ་རྗེ་ཞེས་བྱ་བའི་དོན་ནི་བདེ་སྡེ་བཤད་མི་དགོས་སོ། །ལས་ཕུང་ངོ་ཞེས་པ་ནི་མདུན་དུ་སྨོས་པའི་སྐུ་དང་གསུང་དང་ཐུགས་གསུམ་གྱི་ངོ་བོ་སངས་རྒྱས་སྤྱན་གྱི་གསང་བའི་མཚན་གྱི་སྔགས ་དང་སྐུ་ཕྱག་རྒྱ་ཕྱུང་སྟེ། དེའི་འོག་ཏུ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཐུགས་བདེ་བས་བཞུགས་པ་ཡིན་ཏེ། དེ་ལྟར་ཕྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །མོ་ཧ་ར་ཏི་དའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་དེ་ཕྱུང་མ་ཐག་ཏུ་བཅོམ་ལྡན ་འདས་དེ་བཞིན་གཤེགས?་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི་མདུན་དུ་ཐལ་བའི་འོག་ནས་འབྱུང་བའི་མགོ་འདྲེན་པའོ། །དེ་ཕྱུང་མ་ཐག་ཏུ་ཞེས་པ་ནི་སངས ་རྒྱས་སྤྱན་གྱི་སྐུ་ཕྱག་རྒྱར་གསུངས་སོ། །བཅོམ་ལྡན་འདས་ཞེས་པ་ནི་མདུན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི ་སྐྱེས་བུ་དེ་ཉིད་ཞེས་པ་ནི། སྐུ་དང་གསུང་དང་ཐུགས་གསུམ་གྱི་ངོ་བོ་སངས་རྒྱས་སྤྱན་གྱི་སྐུ་ཕྱག་རྒྱ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་གཉིས་སུ་མེད་པར་གསུངས་སོ། །བཤད་པར་བྱ་སྟེ། རིག་པའི་སྐྱེས་བུ་ནི་རིག་པ་ནི་ལྷ་མོ་སངས་རྒྱས ་སྤྱན་ནོ། །སྐྱེས་བུ་ནི་རྣམ་པར་སྣང་མཛད་ལ་བྱའོ། །དེ་གཉིས་སོ་སོར་འཁྱུད་པའི་ཚུལ་དུ་གསང་བའི་རོལ་པ་མཛད་ཅིང་གནས་པས་སོ། །དེ་ལྟར་རིག་པའི་སྐྱེས་བུའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་བར་གྱུར་ཏེ། ལྷོ་ཕྱོགས ་ཀྱི་གར་བཞུགས་སོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ན་།དུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ་ཞེས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནུ་མ་དང་བྷ་གར་ལྡན་པའི་བུད་མེད་ཀྱི་གཟུགས་སངས་རྒྱས་སྤྱན་གྱི་ངོ་བོར་གསུངས་སོ། །དེ་ལྟར ་བུད་མེད་ཀྱི་གཟུགས་སངས་རྒྱས་སྤྱན་གྱི་གཙོ་མོའི་ངོ་བོས་རྣམ་པར་སྣང་མཛད་པ་དབར་འཁྱུད་པའི་ཐབས་ཀྱི་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་ནས་སོ་སོར་འདོད་ཆགས་བསྐྱེད་པའི་ཕྱིར། སྒྲོས་ཀྱི་ཙུམ་པ་ན་མཛད་དོ། །ཚུལ་དེ་ལྟར་བུད་མེད་ཀྱི ་གཟུགས་འཛིན་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ལྷོ་ཕྱོགས་ཀྱི་བྲར་བཞུགས་སོ་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་གཞན་ཡང་གཏི་མུག་དགའ་མའི་སྐུ་མདོག་དང་ཞལ་དང། ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་བསྟན་བར་བྱ་སྟེ། ཕྱག ་གཡས་དང་བོས་འཁོར་ལོ་རྩིབས་བརྒྱད་བསྣམས། ཡང་ན་མེ་ཏོག་ཀུ་མུ་ཏ་ཡང་མི་འགལ་ལོ། །ཕྱག་གཡིན་དང་པོས་རྣམ་པར་སྣང་མཛད་འཁྱུད། ཕྱི་མ་ཁ་དོག་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་རྣམ་པར་སྣང་མཛད་ཇི་ལྟ་བ་དེ་བཞིན་དུ་འདིར་སྦྱར་རོ།།། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཛིན་ཐམས་ཅད་རྗེས་སུ་ཆགས་པར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་ཏེ། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། ད་ནས་ཞེས་པ་ནི། ་མདུན་དུ་ཐལ་བའི་འོག་ནས་འབྱུང་བའི་མགོ་འདྲེན་བའོ། །བཅོམ་ལྡན་འདས་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །གཞན་ཡང་དེའི་དོན་མདུན་དུ་བཤད་པ་བཞིན་འདིར་སྦྱར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་མི་བསྐྱོད་པ ་ལ་སོགས་པ་རྣམ་པ་ལྔ་ལ་བྱའོ། །གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། གསུངས་མ་ཐག་ཏུ་སྣང་བ་མཛའ་ཡས་ཀྱི་རིགས་ཇི་སྙེད་ཡོད་པའི་དེ་བཞིན་གཤེགས་པ་རྣམས་དོན་དམ་པར་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱའི་བདག་ཉིད ་དུ་གཅིག་པའི་ངོ་བོར་གསུངས་སོ།། །།དེ་ནས་འདོད་ཆགས་འཛིན་ཞེས་པ་ནི། འདོད་ཆགས་ཀྱི་བྱེ་བྲག་རྣམ་པ་གཉིས་སུ་དབྱེ་སྟེ། བཤད་བར་བྱ་སྟེ། སེན་མ་ལུས་པ་ཐམས་ཅད་ཀྱི་དོན་དུ་དུས་རྟག་ཏུ་ཐུགས་རྗེ་ཆེན་པོ་མཛད་པའི་ངོ ་བོར་གསུངས་སོ། །གཞན་ཡང་བླ་ན་མེད་པའི་འདོད་ཆགས་གསང་བའི་རོལ་པ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་མཛད་པ་ཐུགས་བདེ་བ་ཆེན་པོར་གྱུར་པའི་ངོ་བོས་སེམས་ཅན་གྱི་དོན་མཛད་བར་ཐབས་དེ་འདོད་ཆགས་ཀྱི་ངོ་བོར་གསུངས་སོ། །དེ་ལྟར ་འདོད་ཆགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །འཛིན་པ་ནི་མདུན་དུ་སྨོས་པའི་འདོད་ཆགས་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཡིན་ནོ་།བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཇི་སྙེད་པ་ཐམས་ཅད་ཀྱི་འདོད ་ཆགས་ནི། པདྨའི་རིགས་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱའི་ངོ་བོས་འཛིན་པ་ཡིན་ནོ། །དེ་ལྟར་འདོད་ཆགས་འཛིན་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་རྗེས་སུ་ཆགས་པ་ཞེས་པ་ནི་ལྷ་མོ་ན་བཟའ་དཀར་མོས་གསང་བའི་རོལ་པ་མཛད་པའི་འདོད་ཆགས ་ཆེན་པོས་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་འདོད་ཆགས་ཀྱི་རྡོ་རྗེ་མཆོད་པ་མཛད་པས་མཉེས་པར་འགྱུར་རོ། །དེ་ལྟར་རྗེས་སུ་ཆགས་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་རྡོ་རྗེ་ཞེས་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ན་བཟའ་དཀར ་མོ་ལ་བྱའོ། །ད་ནས་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཏིང་ངེ་འཛིན་མཛད་པའི་དུས་སུ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ཡེ་ཤེས་ཀྱི་འོད་ཟེར་གྱི་དྲ་བ་གྲངས་མེད་པ་སྤྲོ་བར ་མཛད་དེ། ནམ་མཁའ་ཨི་དབྱིངས་ན་གནས་པའི་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་པར་མཛད་དེ། བྱིན་གྱིས་བརླབ་མ་ཐག་ཏུ་སྤྲོ་བའི་གནས་སུ་བསླར་བསྡུ་བར་མཛད་དོ། །དེའི་འོག་ཏུ་གོང་བུ་ལྟ་བུར་གྱུར་པར་མཛད་དོ། །ཡེ་ཤེས་ཀྱི་གོང་བུ་ལས ་ཡིག་འབྲུ་བཾ་གི་ངོ་བོར་གྱུར་ཏེ། ཡེ་ཤེས་ཀྱི་ཡིག་འབྲུ་དེ་ལས་མདུན་དུ་སྨོས་པའི་ཚུལ་དུ་ན་བཟའ་དཀར་མོའི་སྐུ་གྲངས་མེད་པ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་བྱིན་གྱིས ་རླབས་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ་སྤྲོ་བའི་གནས་སུ་སླར་ཡང་བསྡུ་བར་མཛད་པ། །ཚུལ་དེ་ལྟར་ཏིང་ངེ་འཛིན་གྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྙོམས་པར་ཞུགས་ཏེ་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཐུགས་རྩེ ་གཅིག་པས་སྙོམས་པར་ཞུགས་པར་གྱུར་པས། །དེ་ལྟར་སྙོམས་པར་ཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་འཛིན་པ་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ། །ཞེས་བྱ་བའི་སྒྲ་བཤད ་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་བཞིན་གཤེགས་པ་ཐམས་ཅད་ནི། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་རྣམ་པར་ལྔའི་ཡེ་ཤེས་ངོ་བོས་སྣང་བ་མཛའ་ཡས་ལ་བྱའོ། །འདོད་ཆགས་འཛིན་པ་ནི་མདུན་དུསྨོས་པའི་ཚུལ་གྱི་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་འདོད་ཆགས་ནི། སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་འཛིན་པར་གསུངས་སོ། །དེ་ལྟར་འདོད་ཆགས་འཛིན་པ་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་བཙུན་མོའི་མཆོག་ཞེས་པ་ནི་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་པདྨའི་རིགས ་སྣང་བ་མཛའ་ཡས་ཀྱི་ངོ་བོ་བཙུན་མོ་མཆོག་གཙོ་མོ་ཤེས་རབ་ལྷ་མོན་བཟའ་དཀར་མོར་གསུངས་སོ།། །།གཞན་ཡང་འཕགས་པ་ཡེ་ཤེས་ཞབས་ཀྱིས་བཤད་པའི་སྒྲ་འདིར་དྲངས་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། ་ཁྲོ་བོའི་རྒྱལ་པོ་པདམཱནྟཱ་ཀ་ལ་སོགས་པ་པདྨའི་རིགས་ཐམས་ཅད་ཀྱི་ཤེས་རབ་ལྷ་མོ་ཇི་སྙེད་ཡོད་པ་རྣམས་དོན་དམ་པར་གཅིག་པའི་ངོ་བོར་ན་བཟའ་དཀར་མོར་གསུངས་སོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་མཆོག་གི་སྒྲའི་དོན་དུ ་ཤེས་པར་བྱའོ། །དེ་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི། མདུན་དུ་སྨོས་པའི་ཚུལ་བྱི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་གསུམ་གཅིག་པའི་ངོ་བོ་ཡིན་ཏེ། དེ་ལྟར་སྐུ་དང་གསུང་དང་ཐུགས་གསུམ་ནི་སྐུ་དང་གསུང ་དང་ཐུགས་གསུམ་མི་ཕྱེད་པའི་ངོ་བོ་ནི་བཟའ་དཀར་མོའི་སྐུ་ཕྱག་རྒྱར་གསུངས་སོ། །དེ་ནས་རྡོ་རྗེ་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་ཕྱུང་ཞེས་པ་ནི་མདུན་དུ་སྨོས་པའི་སྐུ་དང་གསུང་དང་ཐུགས་གསུམ་གྱི་ངོ་བོ་ན་བཟའ་དཀར་མོའི་སྐུ་ཕྱག་རྒྱ་དང ་གསང་བའི་འཚན་ཕྱུང་ནས། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཐུགས་བདེ་བར་བཞུགས་པའོ། །དེ་ལྟར་ཕྱུང་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །རཱ་ག་ར་ཏི། དེའི་དོན་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་ཕྱུད་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རིགས་པའི་སྐྱེས་བུ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི་མདུན་དུ་སྨོས་པའི་འོག་ནས་འབྱུང་བའི་དོན་སྟོན་པའོ། །དེ་ཕྱུང་མ་ཐག་ཏུ་ཞེས་པ་ནི་ན་བཟའ་དཀར་མོའི་སྐུ་ཕྱག་རྒྱར ་གསུངས་སོ། །བཅོམ་ལྡན་འདས་ཞེས་པ་ནི་མདུན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་ཞེས་པ་ནི། སྐུ ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་ན་བཟའ་དཀར་མོའི་སྐུའི་ཕྱག་རྒྱ། སྣང་བ་མཛའ་ཡས་དང་གཉིས་སུ་མེད་པའི་བདག་ཉིད་དུ་གསུངས་སོ། །བཤད་པར་བྱ་སྟེ། རིག་པ་ནི་ནི་བཟའ་དཀར་མོའོ། །སྐྱེས་བུ་ནི་སྣང་བ་མཛའ་ཡས་ལ་བྱའོ། །དེ་གཉིས་སོ་སོར་འཁྱུང ་པའི་ཚུལ་དུ་གསང་བའི་རོལ་པ་མཛད་ཅིང་གནས་སོ། །ཚུལ་དེ་ལྟར་རིག་པའི་སྐྱེས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་བར་གྱུར་ཏེ། ནུབ་ཕྱོགས་ཀྱི་གྲཝར་བཞུགས་སོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ་ཇི་ལྟར་ཡིན་ནཾ། ་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ་ཞེས་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་ནུ་མ་དང་བྷ་གར་ལྡན་པའི་བུད་མེད་ཀྱི་གཟུགས་ན་བཟའ་དཀར་མོ་ཡིན་ནོ། །དེ་ལྟར་བུད་མེད་ཀྱི་ཆུལ་ན་བཟའ་དཀར་མོ་གཙོ་མོའི་ཚུལ་གྱིས་སྣང་བ་མཛའ་ཡས་པང? ་པར་འཁྱུད་པའི་ཚུལ་གྱི་དབང་པོ་གཉིས་མཉམ་པར་སྦྱར་ནས་སོ་སོར་ཙུམ་པ་ན་མཛད་པའོ། །ཚུལ་དེ་ལྟར་བུད་མེད་ཀྱི་གཟུགས་འཛིན་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ནུབ་ཕྱོགས་ཀྱི་གྲཝར་བཞུགས་སོ། །ཞེས་པའི་སྒྲ་ནི་བདེ་སྟེ་བཤད ་མི་དགོས་སོ། །དེ་ནས་གཞན་ཡང་འདོད་ཆགས་དགའ་མན་བཟའ་དཀར་མོའི་སྐུ་མདོག་དང་ཞལ་དང། ཕྱག་དང་ཕྱག་མཚན་དང། རྒྱན་རྣམས་བསྟན་པར་བྱ་སྟེ། ཕྱག་གཡས་དང་པོས་པདྨ་དམར་པོ་འདབ་བརྒྱད་འཛིན། ཕྱག་གཡོན་དང་པོས་སྣང་བ་མཛའ་ ་ཡས་འཁྱུད་དོ། །ཕྱི་མ་ཞལ་དང་ཕྱག་མཚན་དང་རྒྱན་རྣམས་སྣང་བ་མཛའ་ཡས་དང་ཇི་ལྟ་བ་དེ་བཞིན་དུ་འདིར་སྦྱར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་བསླུ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བ་ལ་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན་།དེ་ནས་ཞེས་པ་ནི་མདུན་དུ་ཐལ་བའི་འོག་ནས་འབྱུང་བའི་མགོ་འདྲེན་པའོ། །བཅོམ་ལྡན་འདས་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱའོ། །དེའི་དོན་དུ་མདུན ་དུ་བཤད་པ་བཞིན་དུ་སྦྱར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་མི་བསྐྱོད་པ་ལ་སོགས་པ་རྣམ་པ་ལྔ་ལ་བྱའོ། །གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ལས་ཀྱི་རྡོ་རྗེ་དོན་ཡོད་གྲུབ་པའི་རིགས་ཇི་སྙེད་ཅིག་ཡོད ་པའི་དེ་བཞིན་གཤེགས་པ་རྣམས་དོན་དམ་པར་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་གཅིག་པའི་ངོ་བོར་གནས་པར་གསུངས་སོ། །དེ་ནས་སྐུ་དང་གསུང་དང་ཐུགས་བསླུ་བ་ཞེས་པ་ནི། སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པའི་ངོ་བོ་དོན་ཡོད་གྲུབ་པ ་དེ་ནི་དུས་རྟག་ཏུ་བསླུ་བར་མཛད་པ་ཡིན་ན། བསླུ་བ་བྱེ་བྲག་གཉིས་སུ་དབྱེ་སྟེ། ཕྱི་དང་ནང་དང་ངོ། །བཤད་པར་བྱ་སྟེ་།ཕྱི་ནི་སེམས་ཅན་ཐམས་ཅད་ཕྱིན་ཅི་ལོག་པའི་ལས་སྣ་ཚོགས་ཀྱི་བྱེ་བྲག་གིས་འཁོར་བར་སྐྱེ་བར་བྱེད་པའི་ཕྱིན་ཅི་ལོག ་པའི་ལས་ངེས་སངས་རྒྱས་ཀྱི་ཆོས་རྣམས་མི་སྤྱོད་པར་བསླུ་བར་བྱེད་པར་གསུངས་སོ། །དེ་མེད་པར་བྱེད་པའི་མཉེན་པོ་བཤད་པར་བྱ་སྟེ་།བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་ཀྱི་མདུན་དུ་སྨོས་པ་ཕྱིན་ཅི་ལོག་པའི་ཕྱིར་ཆོས་རྣམས་ལས་མི་བསླུ་བ་དང ་བྲིད་པར་མཛད་མཁན་དོན་ཡོད་གྲུབ་པས་བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། སྣ་ཚོགས་ཀྱི་བྱེ་བྲག་གི་ཆོས་བསྟན་པས་འགྲུབ་པར་འགྱུར་བར་གསུངས་སོ། །ཚུལ་དེ་ལྟར་བསླུ་བའི་དོན་དུ་ཤེས་པར་བྱའོ། །རྡོ་རྗེ ་ཞེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་དམ་ཚིག་སྒྲོལ་མ་ལ་བྱའོ། །ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཏིང་ངེ་འཛིན་མཛད་པའི་དུས་སུ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ཡེ་ཤེས་སེམས་དཔའ་ཨི ་གནས་ནས་འོད་ཟེར་གྱི་དྲ་བ་གྲངས་མེད་པར་སྤྲོ་བར་མཛད་དེ། ནམ་མཁའ་ཨི་དབྱིངས་ཐམས་ཅད་ན་གནས་པའི་སེམས་ཅན་ཇི་སྙེད་པ་བྱིན་གྱིས་བརླབ་པར་མཛད་དེ། སྤྲོ་བའི་གནས་སུ་སླར་ཡང་བསྡུ་བར་མཛད་དོ། །དེའི་འོག་ཏུ་གོང་བུར་གྱུར་པར་མཛད་དེ ་ཡེ་ཤེས་ཀྱི་གོང་དུ་དེ་ལས་ཡིག་འབྲུ་ཏྲཾ་དུ་གྱུར་པར་མཛད་དོ། །ཡེ་ཤེས་ཀྱི་ཡིག་འབྲུ་དེ་ལས་མདུན་དུ་སྨོས་པའི་ཚུལ་གྱི་དམ་ཚིག་སྒྲོལ་མའི་སྐུ་ཕྱག་རྒྱ་གྲངས་མེད་པ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། དེས་འཇིག་རྟེན་གྱི་ཁམས་ཐམས་ཅད ་ན་གནས་པའི་སེམས་ཅན་རྣམས་བྱིན་གྱིས་བརླབ་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ་སྤྲོ་བའི་གནས་སུ་སླར་བསྡུ་བར་མཛད་དོ། །ཚུལ་དེ་ལྟར་ཏིང་ངེ་འཛིན་གྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྙོམས་པར་ཞུགས་ཏེ་ཞེས་པ་ནི། ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཐུགས་རྩེ་གཅིག་ཏུ་གནས་པར་གྱུར་པའོ། །དེ་ལྟར་སྙོམས་པར་ཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་འཛིན་པ་བཙུན་མོའི་མཆོག་འདི་ཉིད་ཀྱི་སྐུ་དང་གསུང་དང ་ཐུགས་རྡོ་རྗེ་ལས་ཕྱུང་ངོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། གང་ཡིན་ན། དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། མདུན་དུ་སྨོས་པའི་ཚུལ་གྱི་དེ་བཞིན་གཤེགས་པ་རྣམ་པ་ལྔའི་ཡེ་ཤེས་རྣམ་པ་ལྔ་གཅིག་པའི་ངོ་བོ་དེ་བཞིན ་གཤེགས་པ་དོན་ཡོད་གྲུབ་བ་པ་བྱའོ། །དེ་ནས་ཤེས་རབ་འཛིན་པ་ཞེས་པ་ནི། ཤེས་རབ་ནི་དམ་ཚིག་སྒྲོལ་མར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུངས་སོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་ཞེ་ན། དམ་ཚིག་གི་རིགས ་ཀྱི་ཤེས་རབ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཏུ་གསུངས་པ་ནི། དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་གཅིག་པའི་ངོ་བོ་ཡིན་པས། དེའི་ཕྱིར་ཤེས་རབ་དམ་ཚིག་སྒྲོལ་མ་འཛིན་པར་གསུངས་སོ། །དེ་ནས་བཙུན་མོའི་མཆོག་ཞེས་པ་ནི། ་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ལས་ཀྱི་རིགས་ཀྱི་དོན་ཡོད་གྲུབ་པའི་མཆོག་གཙོ་མོར་གྱུར་པའི་ཤེས་རབ་ལྷ་མོ་ཡིན་ནོ། །གཞན་ཡང་འཕགས་པ་ཡེ་ཤེས་ཞབས་ཀྱིས་བཤད་པའི་སྒྲ་འདིར་དྲངས་པ། སྒྲིབ་པ ་ཐམས་ཅད་རྣམ་པར་སེལ་བ་དང་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་པ་ལ་སོགས་པ་རྡོ་རྗེ་ལས་ཀྱི་རིགས་ཐམས་ཅད་ཀྱི་ཤེས་རབ་ལྷ་མོ་རྣམས་དོན་དམ་པར་དམ་ཚིག་སྒྲོལ་མའི་ངོ་བོར་གསུངས་སོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་བཙུན་མོ་མཆོག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི་མདུན་དུ་སྨོས་པའི་ཚུལ་དུ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་གསུམ་ནི་རྡོ་རྗེའི་?་གཅིག་པར་གསུངས་སོ། །དེ་ལྟར་ཉིད་ཀྱི་སྐུ་དང ་གསུང་དང་ཐུགས་གསུམ་གྱི་ངོ་བོ་དམ་ཚིག་སྒྲོལ་མའི་སྐུ་ཕྱག་རྒྱར་གསུངས་སོ། །དེ་ནས་རྡོ་རྗེ་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་ཕྱུང་ངོ་ཞེས་པ་ནི་མདུན་དུ་སྨོད་པའི་སྐུ་དང་གསུང་དང་ཐུགས་གསུམ་གྱི་ངོ་བོ་དམ་ཚིག་སྒྲོལ་མའི་སྐུ་ཕྱག་རྒྱ ་དང། གཞན་ཡང་དམ་ཚིག་སྒྲོལ་མའི་གསང་བའི་མཚན་ཕྱུང་བའི་འོག་ཏུ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཐུགས་བདེ་བར་ཞུགས་པ་ཡིན་ནོ། །དེ་ལྟར་བྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །བཛྲ་ར་ཏེ་དེའི་དོན་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་ད ་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི་མདུན་དུ་བཤད་པའི་འོག་ནས་འབྱུང་བའི ་མགོ་འདྲན་པའོ། །ཕྱུང་མ་ཐག་ཏུ་ཞེས་པ་ནི། དམ་ཚིག་སྒྲོལ་མའི་སྐུ་ཕྱག་རྒྱར་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནི་མདུན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཞེས་པ་ནི་མི་བསྐྱོད་པ་ལ་སོགས ་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་ཞེས་པ་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོ་དམ་ཚིག་སྒྲོལ་མའི་སྐུ་ཕྱག་རྒྱ་དོན་ཡོད་གྲུབ་པ་དང་གཉིས་སུ་མེད་པའི་བདག་ཉིད་དུ་གསུངས་སོ། །བཤད་པར ་བྱ་སྟེ། རིག་པའི་སྐྱེས་བུ་ཞེས་པ་རིག་པ་ནི་དམ་ཚིག་སྒྲོལ་མའོ། །སྐྱེས་བུ་ནི་དོན་ཡོད་གྲུབ་པའོ། །དེ་གཉིས་སོ་སོར་འཁྱུད་པའི་ཚུལ་དུ་གསང་བའི་རོལ་པ་མཛད་ཅིང་གནས་པའོ། །དེ་ཉིད་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ། བྱང ་ཕྱོགས་ཀྱི་གྲཝར་བཞུགས་སོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། བུད་མེད་ཀྱི་གཟུགས་འཛིན་པར་གྱུར་ཏེ་ཞེས་པ་ནི། བྱ་བ་ལ་ནན་ཏན་གྱི་ཡེ་ཤེས་ནུ་མ་དང་བྷ་ག་དང། ལྡན་པའི་བུད་མེད་ཀྱི་གཟུགས་དམ་ཚིག་སྒྲོལ ་མ་ལ་བྱའོ། །དེ་ལྟར་བུད་མེད་ཀྱི་གཟུགས་ཀྱི་ཚུལ་དམ་ཚིག་སྒྲོལ་མ་གཙོ་མོའི་བདག་པོའི་ངོ་བོས་དོན་ཡོད་གྲུབ་པ་པང་པར་འཁྱུད་པའི་ཚུལ་གྱིས་དབང་པོས་གཉིས?་མཉམ་པར་སྦྱར་ནས་སོ་སོ་སྒྲོས་ཙུམ་པ་ན་མཛད་དོ། །ཚུལ་དེ ་ལྟར་བུད་མེད་ཀྱི་གཟུགས་འཛིན་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་གྲཝར་བཞུགས་པའི་ཞེས་པའི་སྒྲ་ནི་བདེ་སྟེ་བཤད་མི་དགོས་སོ། །གཞན་ཡང་རྡོ་རྗེ་དགའ་མའི་ཁ་དོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང། རྒྱན ་རྣམས་བསྟན་པར་བྱ་སྟེ། ཕྱག་གཡས་དང་པོས་ཨུཏཔ་ལ་སེར་པོ་འཛིན། ཕྱག་གཡོན་དང་པོས་དོན་ཡོད་གྲུབ་པ་འཁྱུད་པའོ། །གཞན་མ་སྐུ་མདོག་ནི་སེར་པོའོ། །ཞལ་དང་ཕྱག་དང་ཕྱག་མཆན་དང་རྒྱན་རྣམས་དོན་ཡོད་གྲུབ་པ་ཇི་ལྟ་བ་བཞིན་དུ ་འདིར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་ཕུན་སུམ་ཚོགས་པའོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ་།ཇི་ལྟར་ཡིན་ན། དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་མདུན་དུ་སྨོས་པའི་མི་བསྐྱོད་བ་ལ་སོགས་པ ་རྣམ་པ་ལྔ་ལ་བྱའོ། །དེ་ནS་བཙུན་མོ་ཞེས་པ་ནི་ཤེས་རབ་ལྷ་མོ་བཙུན་མོའི་སྤྱོད་པས་མཉེས་པར་བྱེད་པས་དགའ་མར་གསུངས་སོ། །མཆོག་ཞེས་པ་ནི་དམ་པར་གསུངས་སོ། །དེ་ནས་ཕུན་སུམ་ཚོགས་ཞེས་པ་ནི། མཱ་མ་ཀཱི་ལ་སོགས་པ་ལྷ་མོ་བཞིན་ཤེས ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་བྱ་བ་ནི་མདུན་དུ་ཐལ་པའི་འོག་ནས་འབྱུང་བའི་མགོ་འདྲེན་པར།། ་བསྟན་པའོ། །བཅོམ་ལྡན་འདས་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱའོ། །དེའི་དོན་མདུན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །རྣམ་པར་སྣང་མཛད་རྡོ་རྗེ་ཞེས་པ་ནི། ཁྱད་པར་དུ་རྣམ་པར་མཛེས་པའི་སྐུ་གཟི་བརྗིད་ཀྱི་ཕུང་པོར ་གསུངས་སོ། །བཤད་པར་བྱ་སྟེ། ཏིང་ངེ་འཛིན་དེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཁྲོ་བོ་རྒྱལ་པོ་ཆེན་པོ་གཤིན་རྗེ་གཤེད་དབྱུང་བའི་ཕྱིར་གསུངས་སོ། །གཞན་རྡོ་རྗེ་ཞེས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་གཤིན་རྗེ་གཤེད་དུ ་གསུངས་སོ། །དེ་ནས་ཏིང་ངེ་འཛིན་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཏིང་ངེ་འཛིན་མཛད་པའི་དུས་སུ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡེ་ཤེས་སེམས་དཔའ་ཨི་གནས་ནས། ཡེ་ཤེས་ཀྱི་འོད་ཟེར་གྲངས་མེད་པ་སྤྲོ་བར་མཛད་དེ། མཱ་མ་ཀཱིའི་ ་དབྱིངས་ཇི་སྙེད་ན་གནས་པའི་སེམས་ཅན་ཐམས་ཅད་བྱིན་གྱིས་རླབ་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ་སྤྲོ་བའི་གནས་སུ་སླར་བསྡུ་བར་མཛད་དེ། །དེའི་འོག་ཏུ་གོང་བུར?་གྱུར་པར་མཛད་དོ། །ཡེ་ཤེས་ཀྱི་གོང་བུ་དེ་ལས་ཡི་གེ ་ཧཱུཾ་དུ་གྱུར་པར་མཛད་དོ། །ཡེ་ཤེས་ཀྱི་ཡིག་འབྲུ་དེ་ལས་མདུན་དུ་སྨོས་པའི་ཚུལ་དུ་གཤིན་རྗེ་གཤེད་ཀྱི་སྐུ་ཕྱག་རྒྱ་གྲངས་མེད་པ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས? ་པར་མཛད་དེ། བྱིན་གྱི་བརླབས་?་མ་ཐག་ཏུ་སྤྲོ་བའི་གནས་སུ་བསླར་བསྡུ་བར་མཛད་དོ། །ཚུལ་དེ་ལྟར་ཏིང་ངེ་འཛིན་གྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྙོམས་པར་ཞུགས་ཏེ་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཐུགས་རྩེ་གཅིག་ཏུ་གནས་པར ་གྱུར་པའོ། །དེ་ལྟར་སྙོམས་པར་ཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི? ་ལྟར་ཡིན་ན། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམ་པ་ལྔའི་ཡེ་ཤེས་རྣམ་པ་ལྔ་གཅིག་པའི་ངོ་བོ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དུ་གསུངས་སོ། །དེ་ནས་དཀྱིལ་འཁོར་བྱིན་གྱིས་བརླབ་པར་ཞེས་པ་ནི ་དཀྱིལ་འཁོར་རྣམ་པ་གསུམ་གྱི་བྱེ་བྲག་ཏུ་དབྱེ་སྟེ། གསང་བ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང། འཇིག་བྱེད་ཀྱི་དཀྱིལ་འཁོར་དང། གཞན་ཡང་འགྲོ་བ་རིས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་དང། དེ་ལྟར་དཀྱིལ་འཁོར་གསུམ་སོ་སོར་ཕྱེ་སྟེ ་བཤད་པར་བྱ་སྟེ། དེ་ལ་གསང་བ་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་འཁོར་ཕུན་སུམ་ཚོགས་པ་མདུན་དུ་སྨོས་པ་ཡིན་ཏེ། དཀྱིལ་འཁོར་གྱི་ངོ་བོ་དེའི་སྒོ་ན་འཕགས་པ་གཤིན་རྗེ་གཤེད་བཞུགས་པའི་སྐུ་ཕྱག་རྒྱ་ཆོས་ཀྱི ་དབྱིངས་ཀྱི་བདག་ཉིད་འབར་བའི་ཕྲེང་བ་འཁྲིགས་པའི་འོད་ཀྱིས་གསལ་བར་མཛད་དེ། སྤྲོ་བར་མཛད་པའི་གཟི་བརྗིད་ཀྱིས་མདུན་དུ་སྨོས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་འཇིགས་བྱེད་ཀྱི་དཀྱིལ་འཁོར་གྱི་དོན ་བཤད་པར་བྱ་སྟེ། སེམས་ཅན་ཐམས་ཅད་འཆི་བདག་གཤིན་རྗེ་ཚེ་ཟད་པར་བྱེད་པ་ད་འཁོར་དང་བཅས་པ། འཕགས་པ་གཤིན་རྗེ་གཤེད་ཀྱི་ཤིན་ཏུ་ཁྲོ་བོ་ཆེན་པོ་ཉིད་ཀྱི་ཐུགས་ཁ་ཡེ་ཤེས་སེམས་དཔའ་ཨི་གནས་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཁྲོ་བོ ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། གཟི་བརྗིད་ཀྱི་ཕུང་པོ་འབར་བར་གསལ་བར་མཛད་ཅིང་དེ་དག་གི་འཇིགས་པ་མེད་པར་བྱ་བའི་ཕྱིར། མདུན་དུ་སྨོས་པའི་འཇིགས་བྱེད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཤེས་པར་བྱའོ། །དེ་ནས་འགྲོ་བ་རིགས་དྲུག་གི་སེམས ་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་སྒྲ་བཤད་པར་བྱ་སྟེ། འཕགས་པ་གཤིན་རྗེ་གཤེད་ཀྱི་ཐུགས་རྗེ་ཆེན་པོས་ཉིད་ཀྱི་ཐུགས་ཀྱི་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་མདུན་དུ་སྨོས་པའི་ཚུལ་གྱི་ཉིད་དང་འདྲ་བའི ་ཁྲོ་བོ་སྦྲིན་བཞིན་དུ་སྔོ་བར་མཛད་དེ། འབར་བའི་གསལ་བས་དེ་དག་གི་ཉོན་མོངས་པ་ཐམས་ཅད་དང། གཞན་ཡང་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་སྡུག་བསྔལ་གྱི་བྱེ་བྲག་སྣ་ཚོགས་བཅོམ་ནས་བྱིན་གྱིས་བརླབ་པར ་ཤེས་པར་བྱའོ། །དེ་ནས་ཁྲོ་བོ་ཆེན་པོ་ཞེས་པ་ནི། གཤིན་རྗེ་གཤེད་ལ་བྱའོ། །དེ་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི། མདུན་དུ་སྨོས་པའི་ཚུལ་དུ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་ནི་གཅིག་པའི་ངོ ་བོར་གསུངས་ཏེ། དེ་ལྟར་སྐུ་དང་གསུང་དང་ཐུགས་གསུམ་ནི། སྒྲ་དང་གསུང་དང་ཐུགས་གསུམ་གྱི་ངོ་བོ་གཤིན་རྗེ་གཤེད་ཀྱི་སྐུ་ཕྱག་རྒྱར་གསུངས་སོ། །རྡོ་རྗེ་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །ཕྱུང་པོ་ཞེས་པ་ནི་མདུན་དུ་སྨོས་པའི་སྐུ་དང ་གསུང་དང་ཐུགས་གསུམ་གྱི་བདག་ཉིད་ཀྱི་ངོ་བོ་གཤིན་རྗེ་གཤེད་ཀྱི་སྐུ་ཕྱག་རྒྱ་དང་གསང་བའི་མཚན་ཕྱུང་ནས། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཐུགས་བདེ་བར་བཞུགས་པའོ། །དེ་ལྟར་ཕྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། ་ཡ་མཱནྟ་ཀྲིཏ་དེའི་དོན་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་དེ་གསུངས་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རིག་པའི་སྐྱེས་བུ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས ་ཞེས་པ་ནི་མདུན་དུ་ཐལ་བའི་འོག?་ནས་འབྱུང་བའི་མགོ་འདྲེན་པའོ། །གསུངས་མ་ཐག་ཏུ་ཞེས་པ་ནི་གཤིན་རྗེ་གཤེད་ཀྱི་སྐུ་ཕྱག་རྒྱར་ཤེས་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་ནི་མདུན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་ནས་དེ་བཞིན ་གཤེགས་པ་ཐམས་ཅད་ཞེས་པ་ནི། མི་བསྐྱོད་པ་ལ་སོགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་སྐུ་དང་གསུང་དང་ཐུགS་ཀྱི་རིག་པའི་སྐྱེས་བུ་ཞེས་པ་ན། སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོ་གཤིན་རྗེ་གཤེད་ཀྱི་སྐུ་ཕྱག་རྒྱ་ཁྲོ་མོའི་རྒྱལ ་མོ་རོ་ལངས་མ་དང་གཉིས་སུ་མེད་པའི་བདག་ཉིད་ལ་བྱ་སྟེ་།བཤད་པར་བྱའོ། །རིག་པ་ནི་རོ་ལངས་མ་ལ་བྱའོ། །སྐྱེས་བུ་ནི་གཤིན་རྗེ་གཤེད་ལ་བྱ་སྟེ། །དེ་གཉིས་སོ་སོར་འཁྱུད་པའི་ཚུལ་དུ་གསང་བའི་རོལ་པ་མཛད་ཅིང་གནས་པའོ། །དེ་ལྟར ་རིག་པའི་སྐྱེས་བུའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་བརྙེངས་པར་བྱེད་པའི་ཚུལ་དུ་ཤར་གྱི་སྒོར་བཞུགས་སོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་བཞིན་གཤེགས་པ་ཐམས་ཅད ་ཞེས་པ་ནི། མདུན་དུ་སྨོས་པའི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་བསྙེངས་པར་བྱེད་པའི་ཚུལ་དུ་ཞེས་པ་ནི། རྣམ་པ་གཉིས་ཀྱི་བྱེ་བྲག་ཏུ་དབྱེ་སྟེ། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་གཤིན་རྗེ་གཤེད་ཀྱི་སྐུ་ཕྱག་རྒྱ་འཇིགས་པའི་ཆ་ལུགས་དང་ལྡན་པ་འབར་བ་གསལ་བའི་ངོ་བོ་ལ་དོར་བའི་ཚིག་དཔེར་བསྟན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་བསྙེངས་པར་བྱེད་ན། སེམས་ཅན་ལྔ་ཅི ་སྨོས་པར་གསུངས་སོ། །བཞན?་ཡང་བསྙེངས?་པར་བྱེད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཀྱི་དབྱངས་ཀྱི་ཡེ་ཤེས་ཀྱི་ངོ་བོར་གཅིག་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་གཤིན་རྗེ་གཤེད་ཀྱི་སྐུ་ཕྱག་རྒྱའི་བདག་ཉིད་དུ་གནས་པ་ངེས་ནི། མདུན ་དུ་སྨོས་པའི་འཇིག་རྟེན་པའི་དཀྱིལ་འཁོར་འཆི་བདག་གི་དཀྱིལ་འཁོར་དེ་འཇིགས་པར་བྱེད་པ། བསྙེངས?་པར་བྱེད། འདུལ་བའི་ལས་ཁྲོ་བོ་ཆེན་པོས་མཛད་དོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་སྒྲའི་དོན་དུ་ཤེས ་པར་བྱའོ། །དེ་ནས་ཤར་གྱི་སྒོར་བཞུགས་པའོ་ཞེས་པ་ནི། ཡེ་ཤེས་ཀྱི་གཞལ་ཡས་ཁང་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ། དཔལ་གསང་བ་འདུས་པ་བཀའ་སྩལ་པའི་གནས་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་མདུན ་ཕྱོགས་སུ་བཞུགས་སོ། །དེ་ལྟར་ཤར་གྱི་སྒོར་བཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གཞན་ཡང་གཤིན་རྗེ་གཤེད་ཀྱི་སྐུ་མདོག་དང་ཞལ་དང། ཕྱག་དང་ཕྱག་མཚན་དང། རྒྱན་རྣམས་བསྟན་པར་བྱ་སྟེ་སྐུ་མདོག་ནག་པོ་ཞལ་གསུམ་པ། ་སྤྱན་གསུམ་རབ་ཏུ་བསྐྱོད་པ་སྟེ། འཇིགས་པའི་སྐྲ་ནི་གྱེན་དུ་བརྗེས། །འབར་བའི་མེ་སྟག་ལྟ་བུ་འཕྲོ་།འཇིགས་པའི་དཀྱིལ་འཁོར་འཇིགས་པར་བྱེད། །སྤྱན་དམར་མཆེ་བའི་ཕྲེང་བ་གཙིགས?། །སྐུ་ཆེན་ཞབས་ནི་དྲུག་པ་སྟེ། །སྨད་གཡོགས ་སྟག་གི?་པགས་པ་བསྣམས། །གཡས་པ་བརྐྱང་བའི་ཐབས་ཀྱིས་བཞུགས། །ཁྲོ་བོའི་སྤྲིན་ཕུང་སྤྲོ་བར་མཛད། །རྒྱན་རྣམས་ཀུན་གྱི་བརྒྱན་པ་སྟེ། །གཤིན་རྗེ་གཤེད་ཅེས་འཇིག་རྟེན་གྲགས། །ཕྱག་གཡས་དང་པོ་རྡོ་རྗེ་ཐོབ་འཛིན། །བར་མ་ན ་རལ་གྲི་ཐ་མན་འཁོར་ལོ། །གཡོན་དང་པོ་ན་གཏུན་ཤིང། བར་མ་ན་ཞགས་པ། ཐ་མས་ཁྲོ་མོའི་རྒྱལ་མོ་རོ་ལངས་མའི་ནུ་མ་འཛིན་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན ་པར་བྱང་ཆུབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི་མདུན་དུ་ཐལ་བའི་འོག་ནས་འབྱུང་བའི་མགོ་འདྲེན་པ་པོར་བསྟན་པའོ། །བཅོམ ་ལྡན་འདས་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱའོ། །དེའི་དོན་ནཾ་མདུན་དུ་བཤད་པ་དང་མཐུན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ ་བྱའོ། །དེ་ནས་མངོན་པར་བྱང་ཆུབ་པ་ཞེས་པ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་དཔལ་རྡོ་རྗེ་སེམས་དཔས་སེམས་ཅན་མ་རུངས་པ་ཐམས་ཅད་འདུལ་བ་དང། ཕམ་པར་བྱ་བའི་ཕྱིར་ཁྲོ་བོའི་རྒྱལ་པོ་ཆེན་པོ་གཞན་གྱིས་མི་གྲུབ་པའི་ངོ་བོ་ལ ་མངོན་པར་བྱང་ཆུབ་པའི་ཚུལ་དུ་གསུངས་སོ། །དེ་ནས་རྡོ་རྗེ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཞན་གྱིས་མི་ཐུབ་པ་ལ་བྱའོ། །ཞེས་བྱ་བའི་ཏིང་ངེ་འཛིན་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཏིང་ངེ་འཛིན་མཛད་པའི་དུས་སུ་མེ་ལོང་ལྟ ་བུའི་ཡེ་ཤེས་ཀྱི་ངོ་བོ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་འོད་ཟེར་གྱི་དྲ་བ་གྲངས་མེད་པ་སྤྲོ་པར་མཛད་དེ། ནམ་མཁའ་ཨི་དབྱིངས་ཇི་སྙེད་པ་ན་གནས་པའི་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ ་སྤྲོ་བའི་གནས་སུ་སླར་བསྡུ་བར་མཛད་དོ། །དེའི་འོག་ཏུ་གོང་བུ་ལྟ་བུར་གྱུར་པར་མཛད་དོ། །ཡེ་ཤེས་སེམས་དཔའ་ཨི་གོང་བུ་དེ་ཡིག་འབྲུ་ཧཱུཾ་གི་ངོ་བོར་གྱུར་པར་མཛད་དེ། ཡེ་ཤེས་ཀྱི་ཡིག་འབྲུ་དེ་ལས་མདུན་དུ་སྨོས་པའི་ཚུལ་གྱི་གཞན ་གྱིས་མི་ཐུབ་པའི་སྐུ་ཕྱག་རྒྱ་གྲངས་མེད་པའི་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ་།འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་པར་མཛད་དོ། །བྱིན་གྱིས་བརླབས་མ་ཐག་ཏུ་སྤྲོ་པའི་གནས་སུ་བསླར་བསྡུ་པར་མཛད་དོ། །དེ་ལྟར ་ཏིང་ངེ་འཛིན་གྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྙོམས་པར་ཞུགས་ཏེ་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཐུགས་རྩེ་གཅིག་ཏུ་གནས་པར་གྱུར་པའོ། །ད་ལྟར་སྙོམས་པར་ཞུགས་པའི་དོན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། མདུན་དུ་སྨོས་པའི་དེ་བཞིན་གཤེཌ ་པ་རྣམ་པ་ལྔའི་ཡེ་ཤེས་རྣམ་པ་གཅིག་པའི་ངོ་བོ་དེ་བཞིན་གཤེགས་པ་མི་བསྐྱོད་བ་ལ་བྱའོ། །དེ་ནས་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་པ་ནི། དཀྱིལ་འཁོར་བྱེ་བྲག་རྣམ་པ་གསུམ་དུ་དབྱེ་སྟེ། གསང་བ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང། གཞན ་ཡང་གཏི་མུག་བསྐྱེད་པར་བྱེད་པ། སངས་རྒྱས་ཀྱི་བསྟན་པ་ལ་གནས་པའི་སྒྲུབ་པ་པོ་རྣམས་ལ་གནོད་པར་བྱེད་པ། ཚངས་པའི་དཀྱིལ་འཁོར་དང། གཞན་ཡང་འགྲོ་བ་རིས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར ་གསུམ་སོ་སོར་ཕྱེ་སྟེ། བཤད་པར་བྱའོ། །དེ་ལ་གསང་བ་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་མདུན་དུ་སྨོས་པའི་འཁོར་ཕུན་སུམ་ཚོགས་པ་ལ་བྱའོ། །དཀྱིལ་འཁོར་གྱི་ངོ་བོ་དེའི་སྒོ་བསྲུང་བའི་ཚུལ་དུ་གཞན་གྱིས་མི་ཐུབ ་པའི་སྐུ་ཕྱག་རྒྱ་གནས་པ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་འབར་བའི་ཕྲེང་བ་འཁྲུགས་པའི་འོད་སྤྲོ་པར་མཛད་དེ། དེའི་གཟི་བརྗིད་ཀྱི་མདུན་དུ་སྨོས་པའི་གསང་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་ཤེས་པར་བྱའོ། །གཞན ་ཡང་གཏི་མུག་སྐྱེད་པར་བྱེད་པ། སངས་རྒྱས་ཀྱི་བསྟན་པ་ལ་གནས་པའི་བསྒྲུབ་པ་པོ་རྣམས་ལ་གནོད་པ་བྱེད་པའི་ཚངས་པའི་དཀྱིལ་འཁོར་བཤད་པར་བྱ་སྟེ། སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་ནས་གཏི་མུག་གི་དབང་དུ་བྱས ་ནས། གཏི་མུག་གི་དབང་གི་སྡིག་པའི་དམྱལ་བར་འགྲོ་བར་བྱེད་པ་མེས་པོ་ཚངས་པ་འཁོར་དང་བཅས་པ། ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་བ་ཉིད་ཀྱི་ཐུགས་ཁ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་འདྲ་བའི་ཁྲོ་བོ་སྤྲིན ་བཞིན་དུ་སྤྲོ་བར་མཛད་དེ། འབར་བའི་འོད་ཅན་དེ་ཀུན་གྱིས་གནོད་པར་བྱེད་པ་མེད་པར་བྱ་བའི་ཕྱིར། མདུན་དུ་སྨོས་པའི་གཏི་མུག་སྐྱེད་པར་བྱེད་པ་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་པའི་ཚངས་པའི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་ཤེས་པར ་བྱའོ། །དེ་ནས་འགྲོ་བ་རིས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་བཤད་པར་བྱ་སྟེ། གཞན་གྱིས་མི་ཐུབ་པ་ཐུགས་རྗེ་ཆེན་པོས་ཉིད་ཀྱི་ཐུགས་ཁ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་མདུན་དུ་སྨོས་པའི ་ཚུལ་གྱི། ཉིད་དང་འདྲ་བའི་ཁྲོ་བོ་སྤྲིན་ཕུང་བཞིན་སྤྲོ་བར་མཛད་དེ་འབར་བའི་འོད་ཅན་དེ་དག་གིས་གཏི་མུག་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་དང། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པའི་བྱེ་བྲག་སྣ་ཚོགས་མེད་པར་མཛད་པ་འགྲོ་བ་རིས ་དྲུག་གི་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་པར་ཤེས་པར་བྱའོ། །དེ་ནས་ཁྲོ་བོ་ཆེན་པོ་ཞེས་པ་ནི། གཞན་གྱིས་མི་ཐུབ་པར་ཤེས་པར་བྱའོ། །དེ་ནས་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི། མདུན་དུ་སྨོས་པའི་ཚུལ་དུ་སྟོན་པ་བྱང་ཆུབ ་སེམས་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་གསུམ་རྡོ་རྗེའི་ངོ་བོར་གཅིག་པར་གསུངས་ཏེ། དེ་ལྟར་ཉིད་ཀྱིས་སྐུ་དང་གསུང་དང་ཐུགས་གསུམ་གྱི་ངོ་བོ་གཞན་གྱིས་མི་ཐུབ་པའི་སྐུ་ཕྱག་རྒྱ་ཡིན་ནོ། །དེ་ནས་རྡོ་རྗེ་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས ་ཕྱུང་ཞེས་པ་ནི། སྐུ་དང་གསུང་དང་ཐུགS་གསུཾ་གྱི་ངོ་བོ?་གཞན་གྱིས་མི་ཐུབ་པའི་སྐུ་ཕྱག་རྒྱ་དང། གསང་བའི་མཆེན་ཕྱུང་ནས་དེའི་འོག་ཏུ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཐུགས་བདེ་བར་བཞུགས་པའོ། །དེ་ལྟར་ཕྱུང་བའི་དོན་དུ་ཤེས་པར་བྱའོ། །པྲཛྙཱནྟ་ཀྲིཏ་དེའི་དོན་ནི་བདེ ་སྟེ་བཤད་མི་དགོས་སོ། །དེ་ནས་དེ་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུའི་དེ་ཉིད་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི། མདུན་དུ་བཤད་པའི ་འོག་ནས་འབྱུང་བའི་དོན་སྟོན་པའོ། །དེ་ནས་ཕྱུང་མ་ཐག་ཏུ་ཞེས་པ་ནི་གཞན་གྱིས་མི་ཐུབ་པའི་སྐུ་ཕྱག་རྒྱའོ། །བཅོམ་ལྡན་འདས་ཞེས་པ་ནི། མདུན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། མི ་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་སྐུ་དང་གསུང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་ཞེས་པ་ནི། སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་གཞན་གྱིས་མི་ཐུབ་པའི་སྐུ་ཕྱག་རྒྱ་དང། ཁྲོ་མོའི་རྒྱལ་མོ་གཞན་གྱི་མི ་ཐུབ་པའི་སྐུ་ཕྱག་རྒྱར་གསུངས་སོ། །བཤད་པར་བྱ་སྟེ། རིག་པའི་སྐྱེས་བུ་ནི་རིག་པ་ནི་གཞན་གྱིས་མི་ཐུབ་མའོ། །སྐྱེས་བུ་ནི་གཞན་གྱིས་མི་ཐུབ་པ་སྟེ། དེ་གཉིས་སོ་སོར་འཁྱུད་པའི་ཚུལ་གྱིས་གསང་བའི་རོལ་པ་མཛད་ཅིང་གནས་པའོ། །དེ་ལྟར་རིག ་པའི་སྐྱེས་བུའི་དོན་དུ་གསུངས་སོ། །རྡོ་རྗེ་དམ་ཚིག་བསྙེངས་པར་བྱེད་པའི་ཚུལ་དུ། ལྷོ་ཕྱོགས་ཀྱི་སྒོར་བཞུགས་སོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། རྡོ་རྗེ་ཞེས་པ་ནི་ཡེ་ཤེས་རྣམ་པ་ལྔའི་བདག་ཉིད་དཔལ་རྡོ་རྗེ་སེཾས་དཔའ་?་ལ་བྱའོ། །དེ་ནས ་དམ་ཚིག་ཞེས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་གཞན་གྱིས་མི་ཐུབ་པའི་སྐུ་ཕྱག་རྒྱ་མི་སྡུག་པ་འཇིགས་པའི་ཆ་ལུགས་ཅན་འབར་བའི་འོད་དང་ལྡན་པ་ལ་དོར་བའི་ཚིག་དཔེར་བསྟན་པ། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱང་བསྙེངས་པར་བྱེད་པར་བཞུགས་སོ། །གཞན་ཡང་བསྙེངས་པར་བྱེད་པའི་ཚུལ་ཞེས་པ་ནི། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོར་གཅིག་པ་གཞན་གྱིས་མི་ཐུབ་པའི ་སྐུ་ཕྱག་རྒྱའི་ངོ་བོར་གནས་པ་དེས་མདུན་དུ་སྨོས་པའི་གཏི་མུག་སྐྱེད་པར་བྱེད་པའི་སངས་རྒྱས་ཀྱི་བསྟན་པ་ལ་གནས་པའི་སྒྲུབ་པ་པོ་རྣམས་ལ་གནོད་པར་བྱེད་པ་ཚངས་པའི་དཀྱིལ་འཁོར་དང་བཅས་པ་དེ་བསྙེངས་པར་མཛད་པ་གདུལ་བའི ་ལས་ཁྲོ་བོ་ཆེན་པོ་མཛད་དོ། །དེ་ལྟར་བསྙེངས་པར་བྱེད་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ལྷོ་ཕྱོགས་ཀྱི་སྒོར་བཞུགས་སོ། །ཞེས་པ་ནི། ཡེ་ཤེས་ཀྱི་གཞལ་ཡས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར ་དཔལ་གསང་བ་འདུས་པའི་བཀའ་སྩལ་པའི་གནས། སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་གཡས་ཕྱོགས་ཀྱི་སྐོར་བཞུགས་སོ། །དེ་ལྟར་ལྷོ་ཕྱོགས་ཀྱི་སྒོར་བཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གཞན་ཡང་གཞན་གྱིས་མི་ཐུབ ་པའི་སྐུ་མདོག་དང། ཞལ་དང། ཕྱག་དང་ཕྱག་མཚན་དང། རྒྱན་རྣམས་བསྟན་པར་བྱ་སྟེ། ཁ་དོག་དཀར་པོ་ཞལ་གསུམ་པ། སྤྱན་གསུམ་རབ་ཏུ་འཇིགས་པ་ཆེ། །སྐུ་ཆེན་གྱེན་དུ་སྐྲ་བརྫེས་པ། །མེ་སྟག་ལྟ་བུ་འབར་ཞིང་འཕྲོ།། ་ཚངས་པའི་དཀྱིལ་འཁོར་འཁྲུག་པར་མཛད། །སྐེ་རགས་སྤྲུལ་གྱིས་བཅིངས་པ་སྟེ། །ཞལ་ཀུན་མཆེ་བ་གདེངས་པའོ། །གཡོན་པའི་ཞབས་ནི་བསྐུམ་པས་བཞུགས། །ཁྲོ་བོའི་སྤྲིན་རྣམས་སྤྲོ་བར་མཛད། །ཡན་ལག་རྒྱན་རྣམས་ཀུན་གྱིས ་བརྒྱན། །འབར་བའི་དཀྱིལ་འཁོར་གསལ་བར་བྱེད། །གཞན་གྱིས་མི་ཐུབ་པ་ཞེས་གྲགས། །དེའི་ཕྱག་གཡས་དང་པོ་དབྱུག་པ་འཛིན། །བར་མ་ན་རྡོ་རྗེ། ཐ་མ་ན་འཁོར་ལོ། །གཡོན་དང་པོ་ན་ལྕགས་ཀྱུ། བར་མ་ནི་སྔགས་འཛུབ་ཞགས ་པ་དང་བཅས་པ་སྙིང་ཁར་བཞག་པ། ཐ་མས་ཁྲོ་མོ་གཞན་གྱིས་མི་ཐུབ་མའི་ནུ་མ་འཛིན་པའོ། །དེ་ནས་བཅོམ་ལྡན་འདས་ཆོས་རིན་པོ་ཆེ་བྱེད་པ་འབྱུང་བའི་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། ་དེ་ནས་ཞེས་པ་ནི་མདུན་དུ་བཤད་པའི་འོག་ནས་འབྱུང་བའི་དོན་སྟོན་པའོ། །བཅོམ་ལྡན་འདས་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱའོ། །དེའི་དོན་ནི་མདུན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་ནས་ཆོས་རིན་པོ་ཆེ་འབྱུང་ལྡན་ཞེས་པ་ནི་སྣང ་བ་མཛའ་ཡས་ལ་བྱའོ། །རིན་པོ་ཆེ་འབྱུང་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་པདྨའི་རིགས་མ་རུངས་པའི་སེམས་ཅན་ཐམས་ཅད་འདུལ་བའི་ཕྱིར་དང། སྒྲུབ་པ་པོ་རྣམས་རེ་བ་སྐྱེ་བ་བསྐོངས་པར་མཛད་པ་ཁྲོ་བོའི་རྒྱལ་པོ་པདྨའི་གཤད་སྦྲུལ་པ ་མཛད་པ་ལ་བྱའོ། །དེ་ནས་ཏིང་ངེ་འཛིན་ཅེས་པ་ནི། སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཏིང་ངེ་འཛིན་མཛད་པའི་དུས་སུ་སོ་སོར་རྟོག་པའི་ཡེ་ཤེས་ཡེ་ཤེས་ཀྱི་ངོ་བོ་ཡེ་ཤེས་སེམས་དཔའ་ཨི་གནས་འོད་ཟེར་གྱི་དྲ་བ་གྲངས་མེད་པར་སྤྲོ་བར་མཛད་དེ། ནམ་མཁའ་ཨི ་དབྱིངས་ཇི་སྙེད་པའི་སེམས་ཅན་བྱིན་གྱིས་བརླབ་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ་སྤྲོ་བའི་གནས་སུ་སླར་བསྡུ་བར་མཛད་དེ། དེ་གོང་བུ་ལྟ་བུ་གྱུར་བར་མཛད་དེ། ཡེ་ཤེས་ཀྱི་གོང་བུ་ཡིག་འབྲུ་ཧཱུཾ་དུ་གྱུར་པར་མཛད། ཡེ་ཤེས་ཀྱི་ཡིག ་འདྲུ་དེ་ལས་མདུན་དུ་སྨོས་པའི་ཚུལ་དུ་པདྨའི་གཤེད་ཀྱི་སྐུ་ཕྱག་རྒྱ་གྲངས་མེད་པ་སྤྲོ་བར་མཛད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་རྣམས་བྱིན་གྱིས་བརླབས་མ་ཐག་ཏུ་སྤྲོ་བའི་གནས་སུ་བསླར་བསྡུ་བར་མཛད་དོ། །དེ་ལྟར་ཞེས ་བྱ་བའི་ཏིང་ངེ་འཛིན་གྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྙོམས་པར་ཞུགས་ཏེ་ཞེས་པ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཐུགས་རྩེ་གཅིག་ཏུ་གནས་པར་གྱུར་ཏོ། །དེ་ལྟར་སྙོམས་བར་ཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །འདོད་ཆགས་འཆད་ཐད ་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། འདོད་ཆགས་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད ་ཆགས་སོ། །དེ་བྱེ་བྲག་གཉིས་སུ་དབྱེ་སྟེ། ཕྱི་དང་གསང་བའོ། །བཤད་པར་བྱ་སྟེ། ཕྱི་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རབ་སྣ་ཚོགས་སྐྱེ་བ་བསྐོང་བའི་དོན་དུ་མཛད་པའོ། །དེ་ལྟར་ཕྱིའི་འདོད་ཆགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། ། ་གསང་བའི་འདོད་ཆགས་ནི་སྒྲུབ་པ་པོ་རྣམས་ཀྱི་བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། ཐབས་དང་ཤེས་རབ་དབང་པོ་གཉིས་མཉམ་པར་སྦྱར་ནས་རྡོ་རྗེ་པདྨ་བསྐྱོད་པའི་ཚུལ་དུ་བདེ་བ་ཆེན་པོ་ཐོབ་པ་རྡོ་རྗེ་ཐོབ་པ་རྡོ་རྗེ་མཆོད་པ་མཛད་པའོ། །དེ ་ལྟར་གསང་བའི་འདོད་ཆགས་ཀྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་འཆང་ཞེས་པ་ནི་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་གསུང་རྡོ་རྗེ་སྣང་བ་མཛའ་ཡས་ཀྱིས་འཛིན ་པར་གསུངས་སོ། །དེ་ལྟར་འཆང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ཞེས་པ་ནི། དཀྱིལ་འཁོར་རྣམ་པ་གསུམ་དུ་དབྱེ་སྟེ། བཤད་པར་བྱའོ། །གསང་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང། གཞན་ཡང ་འདོད་ཆགས་བསྐྱེད་པར་བྱེད་པ་སངས་རྒྱས་ཀྱི་བསྟན་པ་ལ་གནས་པའི་བསྒྲུབ་པ་པོ་རྣམས་ལ་གནོད་པ་བྱེད་པ་ལྷའི་བུ་ཀ་མ་དེ་བའི་དཀྱིལ་འཁོར་དང། འགྲོ་བ་རིས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར ་གསུམ་སོ་སོར་བྱེ་བྲག་ཏུ་བཤད་པར་བྱ་སྟེ། དེ་ལ་གསང་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི། མདུན་དུ་སྨོས་པའི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་འཁོར་ཕུན་སུམ་ཚོགས་པ་ལ་བྱ་སྟེ། དཀྱིལ་འཁོར་གྱི་ངོ་བོ་དེའི་སྒོ་བསྲུངས་ཀྱི་ཚུལ་དུ་པདྨའི་གཤེད ་ཀྱི་སྐུ་ཕྱག་རྒྱར་གནས་པ་སོ་སོར་རྟོག་པ་ཡེ་ཤེས་ཀྱི་བདག་ཉིད་འབར་བའི་ཕྲེང་བ་འོད་སྤྲོ་བར་མཛད་དེ། དེ་གཟི་བརྗིད་ཀྱི་མདུན་དུ་སྨོས་པའི་གསང་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་ཤེས་པར་བྱའོ། །དེ་ནས་འདོད་ཆགས་བསྐྱེད་པར་མཛད་པ ་སངས་རྒྱས་ཀྱི་བསྟན་པ་ལ་གནས་པའི་སྒྲུབ་པ་པོ་རྣམས་ལ་གནོད་པར་བྱེད་པ་ལྷའི་བུ་ཀ་མ་དེ་བ་འཁོར་དང་བཅས་པའི་དཀྱིལ་འཁོར་བཤད་པར་བྱ་སྟེ། སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་ནས་ཕྱིན་ཅི་ལོག་པའི་འདོད་ཆགས་ཀྱི་དབང་དུ་བྱས ་ཏེ། འདོད་ཆགས་ཀྱི་སྒྲིབ་པས་དམྱལ་བའི་ལམ་དུ་འགྲོ་བར་བྱེད་པ་ལྷའི་བུ་ཀ་མ་དེ་བ་འཁོར་དང་བཅས་པ་ཁྲོ་བོ་ཆེན་པོ་པདྨའི་གཤེད་ཀྱིས་ཉིད་ཀྱི་ཐུགས་ཁ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་འདྲ་བའི ་ཁྲོ་བོ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། འབར་བ་འོད་འབར་བ་དེ་དག་གི་མདུན་དུ་སྨོས་པའི་གནོད་པ་མེད་པར་བྱ་བའི་ཕྱིར་འདོད་ཆགས་སྐྱེད་པར་བྱེད་པ་སངས་རྒྱས་ཀྱི་བསྟན་པ་ལ་གནས་པའི་སྒྲུབ་པ་པོ་རྣམས་ལ་གནོད་པ་བྱེད་མཁན་ལྷའི་བུ་ཀ་མ་དེ ་བ་འཁོར་དང་བཅས་པའི་དཀྱིལ་འཁོར་བྱིན་གྱིས་བརློབ་པར་ཤེས་པར་བྱའོ། །དེ་ནས་འགྲོ་བ་རིས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་བཤད་པར་བྱ་སྟེ། པདྨ་གཤེད་ཀྱི་ཐུགས་རྗེ་ཆེན་པོས་ཉིད་ཀྱི་ཐུགས་ཁ་ཡེ་ཤེས་སེམས་དཔའ་ཨི་གནS ་ནས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཁྲོ་བོ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། འབར་བའི་འོད་གསལ་བ་དེ་དག་གིས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་དང། གཞན་ཡང་འཁོར་བའི་སྡུག་བསྔལ་གྱི་བྱེ་བྲག་སྣ་ཚོགས་མེད་པར་མཛད ་དེ། དེ་ལྟར་འགྲོ་བ་རིས་དྲུག་གི་སེམས་ཅན་རྣམས་བྱིན་གྱིས་བརླབ་པར་ཤེས་པར་བྱའོ། །དེ་ནས་ཁྲོ་བོ་ཆེན་པོ་ཞེས་པ་ནི་པདྨ་གཤེད་ལ་བྱའོ། །དེ་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི་མདུན་དུ་སྨོས་པའི་ཚུལ་དུ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི ་སྐུ་གསུམ་ཐུགས་གསུམ་རྡོ་རྗེའི་ངོ་བོར་གཅིག་པ་གསུངས་སོ། །དེ་ལྟར་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་གསུམ་ནི་སྐུ་དང་གསུང་དང་ཐུགས་གསུམ་གྱི་ངོ་བོ་པདྨ་གཤེད་ཀྱི་སྐུ་ཕྱག་རྒྱར་གསུངས་སོ། །དེ་ནས་རྡོ་རྗེ ་ཞེས་བ་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་ཕྱུང་ངོ་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་གསུམ་གྱི་ངོ་བོ་པདྨའི་གཤེད་ཀྱི་སྐུ་ཕྱག་རྒྱ་དང། གསང་བའི་མཚན་ཕྱུང་ནས། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཐུགས་བདེ་བར་བཞུགས་པ་ཡིན་ནོ། །དེ་ལྟར ་ཕྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །པདམཱནྟ་ཀྲི་ཏ་དེའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་ཕྱུང་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད། ཅེས་བྱ་བའི་སྒྲ་བཤད ་བར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི་མདུན་དུ་བཤད་པའི་འོག་ནས་འབྱུང་བའི་དོན་སྟོན་པའོ། །དེ་ནས་ཕྱུང་མ་ཐག་ཏུ་ཞེས་པ་ནི་པདྨ་གཤེད་ཀྱི་སྐུ་ཕྱག་རྒྱ་ལ་བྱའོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནི་མདུན་དུ་བཤད་པ་དེ་བཞིན་དུ་འདིར ་སྦྱར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་སྐུ་དང་གསུང་དང་ཐུགས་ཀྱི་རིག་པའི་སྐྱེས་བུ་དེ་ཉིད་ཞེས་པ་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ ་གྱི་ངོ་བོ་པདྨ་གཤེད་ཀྱི་སྐུ་ཕྱག་རྒྱ་དང། ཁྲོ་མོའི་རྒྱལ་མོ་ཁྲོ་གཉེར་མ་དང་གཉིས་སུ་མེད་བའི་བདག་ཉིད་དུ་གསུངས་སོ། །བཤད་བར་བྱ་སྟེ། རིག་བའི་སྐྱེས་བུ་ནི་རིག་པ་ནི་ཁྲོ་གཉེར་མ་ལ་བྱའོ། །སྐྱེས་བུ་ནི་པདྨའི་གཤེད་ལ་བྱ་སྟེ། དེ་གཉིས་སོ་སོར ་འཁྱུད་པའི་ཚུལ་གྱིས་གསང་བའི་རོལ་པ་མཛད་ཅིང་གནས་སོ། །དེ་ལྟར་རིག་པའི་སྐྱེས་བུའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཚུལ་དུ་ནུབ་ཕྱོགས་ཀྱི་སྒོར་བཞུགས་སོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ་ཇི་ལྟར་ཡིན་ན། དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། མདུན་དུ་སྨོས་པའི་རྣམ་པ་ལྔ་ལ་བྱའོ། །དེ་ནས་གསུང་པའི་ཚུལ་དུ་ཞེས་པ་ནི། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་དོན་དམ་པར་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་པདྨ ་གཤེད་ཀྱི་སྐུ་ཕྱག་རྒྱ་མི་བསྡུག་པ། འཇིགས་པ། འབར་བས་གསལ་བའི་འོད་ཅན་དུ་གསུངས་སོ། །དེ་ནས་ནུབ་ཕྱོགས་ཀྱི་སྒོར་བཞུགས་སོ། །ཞེས་པ་ནི་ཡེ་ཤེས་ཀྱི་གཞལ་ཡས་ཁང་ཆེན་པོའི་གསང་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ། དཔལ ་གསང་བ་འདུས་པ་བཀའ་སྩལ་པའི་གནས་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་རྒྱབ་ཕྱོགས་ཀྱི་སྒོར་བཞུགས་པའོ། །དེ་ལྟར་ནུབ་ཕྱོགས་ཀྱི་སྒོར་བཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གཞན་ཡང་པདྨའི་གཤེད་ཀྱི་སྐུ་མདོག་དང། ཞལ ་དང། ཕྱག་རྒྱ་དང། ཕྱག་མཚན་དང། རྒྱན་རྣམས་བསྟན་པར་བྱ་སྟེ། སྐུ་མདོག་དམར་བོ་ཞལ་གསུམ་པ། །སྤྱན་གསུམ་རབ་ཏུ་བསྐྱོད་པ་སྟེ། །གྱེན་དུ་སྒྲ་བརྫེས་འཇིགས་པ་ཆེ། །མེ་སྟག་ལྟ་བུ་འཕྲོ་ཞིང་འབར། །འདོད་ཆགས་ལྷ་ཡི་དཀྱིལ ་འཁོར་འཁྲུག་།སྤྲུལ་གྱིས་རལ་ཁ་དཀྲིས་པ། །དཔའ་བོ་ཆེན་པོ་མཆེ་བ་ཅན། །གཡས་བརྐྱང་པར་ནི་བཞུགས་པ་སྟེ། །ཁྲོ་བོའི་སྤྲིན་དཔུང་སྦྲོ་བར་མཛད། །ཡན་ལག་རྒྱན་རྣམས་ཀུན་གྱིས་བརྒྱན། །ཧཱུཾ་ཞེས་སྔགས་ཀྱི་སྒྲ་སྒྲོགས་པ། །པདྨའི ་གཤེད་ཅེས་བྱ་བར་གྲགས། །དེའི་ཕྱག་གཡས་དང་པོ་ན་པདྨ་དམར་པོ་འདབ་མ་མཛའ་ཡས་འཛིན། གཡས་བར་མ་ན་རྡོ་རྗེ། ཐ་མ་ན་དབྱུག་པ། གཡོན་དང་པོ་ན་ལྕགས་ཀྱུ་བར་མ་ན་སྡིགས་མཛུབ་ཞགས་པ་ཅན་ཐུགས་ཁར་འཛིན། ཐ་མ ་ན་ཁྲོ་མོའི་རྒྱལ་མོ་ཁྲོ་གཉེར་མའི་ནུ་མ་འཛིན་པའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ་ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི་མདུན་དུ་བཤད་པའི་འོག་ནས་འབྱུང་བའི་དོན་སྟོན་པའོ། །བཅོམ་ལྡན་འདས་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱའོ། །དེའི་དོན་མདུན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་སྐུ་དང་གསུང་དང་ཐུགས་ཞེས་པ་ནི། བྱང་ཆུབ་སེམས་རྡོ་རྗེ་ལ་བྱའོ། །དེ་ནས་རྡོ་རྗེ་ཞེས་པ་ནི། མེ་ལོང་ལྟ་བུའི ་ཡེ་ཤེས་ཀྱི་རྡོ་རྗེ་རིགས་མ་རུངས་པ་ཐམས་ཅད་ཕམ་པར་བྱ་བའི་ཕྱིར། ཁྲོ་བོའི་རྒྱལ་པོ་བགེགས་ཀྱི་བཤེད་དུ་སྤྲུལ་པར་མཛད་པའོ། །དེ་ནས་ཏིང་ངེ་འཛིན་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཏིང་ངེ་འཛིན་པའི་དུས་སུ་མེ་ལོང་ལྟ ་བུའི་ཡེ་ཤེས་ཀྱི་ངོ་བོ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་འོད་ཟེར་གྱི་དྲ་བ་གྲངས་མེད་པ་སྤྲོ་བར་མཛད་དེ། ནམ་མཁའ་ཨི་དབྱིངས་ཇི་སྙེད་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱིས་བྱིན་གྱིས་རླབ་པར་མཛད་དེ། བྱིན་གྱིས་བརླབས་པ ་མཛད་མ་ཐག་ཏུ་སྤྲོ་བའི་གནས་སླར་བསྡུ་བར་མཛད་དོ། །དེའི་འོག་ཏུ་གོང་བུ་ལྟ་བུར་གྱུར་པར་མཛད་དེ། ཡེ་ཤེས་ཀྱི་གོང་བུ་དེ་ལས་ཡིག་འབྲུ་ཧཱུཾ་གི་ངོ་བོར་གྱུར་པར་མཛད་དེ། ཡེ་ཤེས་ཀྱི་ཡིག་འབྲུ་དེ་ལས་མདུན་དུ་སྨོས་པའི་ཚུལ ་གྱིས་བགེགས་ཀྱི་གཤེད་ཀྱི་སྐུ་ཕྱག་རྒྱ་གྲངས་མེད་པར་སྤྲོ་བར་མཛད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་པར་མཛད་དེ། བྱིན་ཀྱིས་བརླབས་མ་ཐག་ཏུ་སྤྲོ་བའི་གནས་སུ་སླར་བསྡུ ་བར་མཛད་དོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་སྙོམས་པར་ཞུགས་ཏེ་ཞེས་པ་ནི། སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཐུགས་རྩེ་གཅིག་ཏུ་བཞུགས་པར་གྱུར་པའོ། །དེ་ལྟར་སྙོམས་པར་ཞུགས་པའི་སྒྲའི ་དོན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་སྐུ་དང་གསུང་དང་ཐུཌ་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ་གསུང་དང་ཐུགས་གསུམ་གཅིག་པའི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་བྱང་ཆུབ་སེམས་རྡོ་རྗེར་གསུངས་སོ། །དེ་ནས་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ཞེས་པ་ནི་བྱེ་བྲག་རྣམ་པ་གསུམ་དུ་ཕྱེ་སྟེ་བཤད་པར་བྱའོ། །གསང་བའི་ཡེ་ཤེས་ཀྱི་དཀྱིལ ་འཁོར་དང། གཞན་ཡང་ཕྲག་དོག་སྐེད་པར་བྱེད་པ། སངས་རྒྱས་ཀྱི་བསྟན་པ་ལ་གནས་པའི་སྒྲུབ་པ་པོ་རྣམས་ལ་གནོད་པར་བྱེད་མཁན་བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ཀའི་དཀྱིལ་འཁོར་དང། འགྲོ་བ་རིས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི ་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར་གསུམ་སོ་སོར་ཕྱེ་སྟེ་བཤད་པར་བྱ་སྟེ། གསང་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་འཁོར་ཕུན་སུམ་ཚོགས་པ་མདུན་དུ་སྨོས་པ་ལ་བྱའོ། །དཀྱིལ་འཁོར་གྱི་ངོ་བོ་དེའི ་སྒོ་བསྲུངས་ཀྱི་ཚུལ་བགེགས་ཀྱི་གཤེད་སྐུ་ཕྱག་རྒྱ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་འབར་བའི་ཕྲེང་བའི་འོད་གསལ་བ་སྤྲོ་བར་མཛད་དེ། དེའི་གཟི་བརྗིད་ཀྱི་མདུན་དུ་སྨོས་པའི་གསང་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་ཤེས་པར ་བྱའོ། །དེ་ནས་ཕྲག་དོག་སྐྱེད་པར་བྱེད་པ་སངས་རྒྱས་ཀྱི་བསྟན་པ་ལ་གནས་པའི་སྒྲུབ་པ་པོ་རྣམས་ལ་གནོད་པ་བྱེད་མཁན་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀའི་དཀྱིལ་འཁོར་བཤད་པར་བྱ་སྟེ། སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་ཕྲག ་དོག་ཅན་དུ་བྱེད་དེ། ཕྲག་དོག་གིས་སྡིག་པ་དེས་དམྱལ་བའི་ལམ་དུ་ཁྲིད་མཁན་གྱི་བགེགས་ཀྱི་བདག་པོ་བི་ན་ཡ་ཀ་འཁོར་དང་བཅས་པ་དེ་བགེགས་ཀྱི་གཤེད་ཀྱིས་ཤིན་ཏུ་ཁྲོ་བོ་ཆེན་པོས། ཉིད་ཀྱི་ཐུགས་ཀ་ཡེ་ཤེས ་སེམས་དཔའ་ཨི་གནས་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ལྟ་བུ་ཁྲོ་བོ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། འབར་བའི་འོད་ཅན་དེ་དག་གིས། གནོད་པ་མེད་པར་བྱ་བའི་ཕྱིར་མདུན་དུ་སྨོས་པའི་ཕྲག་དོག་སྐྱེད་པར་བྱེད་པས་སངས་རྒྱས་ཀྱི་བསྟན ་པ་ལ་གནས་པའི་སྒྲུབ་པ་པོ་རྣམས་ལ་གནོད་པ་བྱེད་མཁན་བགེགས་ཀྱི་བདག་པོ་བི་ན་ཡ་ཀའི་དཀྱིལ་འཁོར་བྱིན་གྱིས་བརླབ?་པར་ཤེས་པར་བྱའོ། །དེ་ནས་འགྲོ་བ་རིS་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་སྒྲ་བཤད་པར་བྱ་སྟེ། ་བགེགས་ཀྱི་གཤེད་ཀྱི་ཐུགས་རྗེ་ཆེན་པོ་ཉིད་ཀྱི་ཐུགས་ཁ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་མདུན་དུ་སྨོས་པའི་ཚུལ་ཉིད་དང་འདྲ་བའི་ཁྲོ་བོ་སྦྲིན་བཞིན་སྤྲོ་བར་མཛད་དེ། འབར་བའི་འོད་ཅན་དེ་དག་གི་།ཕྲུག ་དོག་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་དང། གཞན་ཡང་འཁོར་བའི་སྡུག་བསྔལ་མེད་པར་མཛད་པས། འགྲོ་བ་རིས་དྲུག་གི་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་པར་ཤེས་པར་བྱའོ། དེ་ནས་གྲོ་བོ་ཆེན་པོ་ཞེས་པ་ནི་བགེགས་ཀྱི ་གཤེད་པ་བྱའོ། །དེ་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི། མདུན་དུ་སྨོས་པའི་ཚུལ་དུ་སྟེན་པ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་གསུམ་རྡོ་རྗེའི་ངོ་བོར་གཅིག་པར་གསུངས་སོ། །དེ་ལྟར་སྐུ་གསུང་ཐུགས་གསུམ ་ནི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་བགེགས་ཀྱི་གཤེད་ཀྱི་སྐུ་ཕྱག་རྒྱར་གསུངས་སོ། །དེ་ནས་རྡོ་རྗེ་ཞེས་པ་ནི། བདེ་སྟེ་བཤད་མི་དགོས་སོ། །དེ་ནས་ཕྱུང?་ངོ་ཞེས་པ་ནི་མདུན་དུ་སྨོས་པའི་སྐུ་དང་གསུང་དང་ཐུགས་གསུམ་གྱི་ངོ་བོ་དགེཌ ་ཀྱི་གཤེད་ཀྱི་སྐུ་ཕྱག་རྒྱ་དང། གསང་བའི་མཚན་ཕྱུང་བ། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཐུགས་བདེ་བར་བཞུགས་པ་ལ་བྱའོ། །དེ་ལྟར་ཕྱུང་བའི་སྒྲའི་དོན་དུ་ཤེས་པར་བྱའོ། །བིགྷྣཾ?་ཏ་ཀྲིཏ་དེའི་དོན་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་ཕྱུང་མ་ཐག་ཏུ་བཅོཾ ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རིག་པའི་སྐྱེས་བུ་དེ་ཉིད། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི་མདུན་དུ་བཤད་པའི་འོག་ནས་འབྱུང་བའི་མགོ་འདྲེན་པར་སྟོན་པའོ། །དེ ་ཕྱུང་མ་ཐག་ཏུ་ཞེས་པ་ནི་བགེགས་ཀྱི་གཤེད་ཀྱི་སྐུ་ཕྱག་རྒྱ་ལ་བྱའོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་ནི། མདུན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན ་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་སྐུ་དང་གསུང་དང་ཐུགས་རིག་པའི་སྐྱེས་བུ་དེ་ཉིད་ཞེས་པ་ནི་སྐུ་དང་གསུང་དན་ཐུགས་གསུམ་གྱི་ངོ་བོ་བགེགས་ཀྱི་གཤེད་ཀྱི་སྐུ་ཕྱག་རྒྱ་དང། ཁྲོ་མོའི་རྒྱལ་མོ་རལ་པ་གཅིག་མ་གཉིས་སུ་མེད་པའི་བདག ་ཉིད་ལ་བྱའོ། །བཤད་པར་བྱ་སྟེ། རིག་པའི་བུ་ནི་རིག་པ་འདི་རལ་གཅིག་མ་ལ་བྱའོ། །སྐྱེས་བུ་ནི་བགེགས་ཀྱི་གཤེད་ལ་བྱའོ། །དེ་གཉིས་སོ་སོར་འཁྱུད་པའི་ཆུལ་གྱིས་གསང་བའི་རོལ་པ་མཛད་ཅིང་གནས་སོ་དེ་ལྟར་རིག་པའི་སྐྱེས་བུའི་སྒྲའི་དོན་དུ ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཚུལ་དུ་བྱང་ཕྱོགས་ཀྱི་སྒོ་བཞུགས་སོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་མི་བསྐྱོད་པ་ལ་སོགས ་པ?་རྣམ་པ་ལྔ་ལ་བྱའོ། །དེ་ནས་སྐུ་དང་གསུང་དང་ཐུགས་ཀྱི་ཚུལ་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཚུལ་བགེགས་ཀྱི་གཤེད་ཀྱི་སྐུ་ཕྱག་རྒྱ་མི་སྡུག་ཧཔ། འཇིགས་པ་འབར་བའི་འོད་ཅན་དུ་གསུངས་སོ། །དེ་ནས་ ་བྱང་ཕྱོགས་ཀྱི་སྒོར་བཞུགས་སོ་ཞེས་པ་ནི། ཡེ་ཤེས་ཀྱི་གཞལ་ཡས་ཁང་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དཔལ་གསང་བ་འདུས་པ་བཀའ་སྩལ་པ་གནས་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་གཡོན་ཕྱོགས་སུ ་བཞུགས་སོ། །དེ་ལྟར་བྱང་ཕྱོགས་ཀྱི་སྒོར་བཞུགས་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གཞན་ཡང་བགེགས་ཀྱི་གཤེད་ཀྱི་སྐུ་མདོག་དང། ཞལ་དང། ཕྱག་དང་ཕྱག་མཚན་དང། རྒྱན་རྣམས་བསྟན་པར་བྱ་སྟེ། སྐུ་མདོག་མཐིང་ཀ་ཞལ་གསུམ་པ། ། ་སྤྱན་གསུམ་རབ་ཏུ་བསྐྱོད་པ་སྟེ། །འཇིགས་ཆེན་སྒྲ་ནི་གྱེན་དུ་བརྫེས། །མེ་སྟག་ལྟ་བུར་འཕྲོ་ཞིང་འབར། །བགེགས་ཀྱི་དཀྱིལ་འཁོར་འཁྲུག་པར་མཛད། །ཁྲོས་ཏེ་སྟངས་ཐབས་གར་བྱེད་པ། །མཆེ་བའི་ཕྲེང་བས་ཞལ་གདེངས་ཚུལ། །གཡོན་སྐུམ་ནས་ནི ་བཞུགས་པའོ། །ཁྲོ་བོ་སྤྲིན་ཕུང་སྤྲོ་བར་མཛད། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །ཧཱུཾ་གི་སྒྲ་ནི་ཕྱོགས་བཅུར་བསྒྲོགས། །བགེགས་ཀྱི་གཤེད་ཅེས་གྲགས་པའོ། །དེ་ཕྱག་གཡས་དང་པོ་ནི་རྡོ་རྗེ་རྒྱ་གྲམ་འཛིན། །གཡས་བར་མ་ན་རལ་གྲི་།ཐ་མན་གཏུན ་ཤིང། གཡོན་དང་པོ་ན་རྡོ་རྗེ་ལྕགས་ཀྱུ། བར་མ་ན་དགྲ་སྟ། ཐ་མ་ན་སྡིགས་མཛུབ་ཞགས་པ་དང་ལྡན་པས་ཁྲོ་མོའི་རྒྱལ་མོ་རོ་ལངས་མའི་ནུ་མ་འཛིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་མཉེས་པར་བྱེད་པ་དཀྱིལ་འཁོར ་གྱི་དམ་ཚིག་ཞེས་པ་ནི། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་ནི། བྱེ་བྲག་རྣམ་པ་གཉིས་སུ་དབྱེ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་པར་ཐུགས་གཅིག་པའི་ངོ་བོའི་གཟུགས ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་བྱའོ། །གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་ཕུན་སུམ་ཚོགས་པ་གསུངས་པ་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོའི་གཟུགས་ཀྱི་སྐུའི ་ཕྱག་རྒྱའི་མི་ཕྱེད་པར་གསུངས་སོ།། །།དེ་ནས་བརྙེད་པར་བྱེད་པ་ཞེས་པ་ནི། བྱེ་བྲག་རྣམ་པ་གཉིས་སུ་དབྱེ་སྟེ། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་མདུན་དུ་སྨོས་པའི་རྣམ་པར་སྣང་མཛད་ལ་སོགས་པ་གསང་བའི་མཆོད་པ་བྱས་པས། ་ཁྱད་པར་དུ་མཉེས་པར་འགྱུར་བར་གསུངས་སོ། །གཞན་ཡང་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་ཐམས་ཅད་ཀྱིས་ཉིད་ཉིད་ཀྱི་ཤེས་རབ་མ་དང་ལྡན་པར་དབང་པོ་གཉིས་མཉམ་པར་སྦྱར་ནས་ཐབས་དང་ཤེས་རབ་ཀྱི་རོལ་པ་གསང་བའི་མཆོད ་པས་ཉིད་ཉིད་ཀྱི་གསང་བའི་ཐུགས་ཁ་ན་གནས་པའི་ཡེ་ཤེས་སེམས་དཔའ་མཉེས་པར་མཛད་པར་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་ཞེས་པ་ནི། མདུན་དུ་སྨོས་པའི་རྣམ་པར་སྣང་མཛད་ལ་སོགས་པ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་འཁོར ་ཕུན་སུམ་ཚོགས་པ་ལ་དཀྱིལ་འཁོར་གྱི་དོན་གསུངས་སོ། །དེ་ནས་དམ་ཚིག་སེམས་དཔའ་ཞེས་པ་ནི་རྣཾ་པ་གཉིས་སུ་དབྱེ་སྟེ། ཕྱི་དང་གསང་བའི་ཚུལ་ལོ། །དེ་ནས་ཕྱིའི་དམ་ཚིག་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་རྣམ་པར་སྣང་མཛད་ལ་སོཌ ་པ་འཁོར་ཐམས་ཅད་དང་ལྡན་པས་ཐུགས་རྗེ་ཆེན་པོའི་སྣ་ཚོགས་ཀྱི་བྱེ་བྲག་གིS་སེམས་ཅན་ཐམས་ཅད་ཀྱི་དོན་གྲུབ་པར་མཛད་པའོ། །དེ་ལྟར་ཕྱིའི་དམ་ཚིག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་དམ་ཚིག་གི་དོན་བཤད་པར་བྱ་སྟེ། ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་འཁོར་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་ཐམས་ཅད་དང་ལྡན་པ། ཉིད་ཉིད་ཀྱི་ཤེས་རབ་ལྷ་མོ་དང་གཉིས་སུ་མེད་པར་ལྡན་པས། གསང་བའི་མཆོད་པ་བྱིན་གྱིས་བརླབ་པ་མཛད་དོ། །དེ་ལྟར་གསང་བའི་དམ ་ཆིག་གི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་སེམས་དཔའ་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་མདུན་དུ་སྨོས་པའི་འཁོར་ཕུན་སུམ་ཚོགས་པ་དང་ལྡན་པ་ལ་སོགས་པ་སྐྱེས་བུ་གཟུགས་ཀྱི་ངོ་བོས་ཉིད་ཉིད་ཀྱི་ཤེས་རབ་ལྷ་མོ་དང་རོལ་པ ་མཛད་ཅིང་གནས་པའོ། །དེ་ལྟར་སེམས་དཔའ་ཨི་སྒྲའི་དོན་དུ་ཤེས་པར་བྱའོ།། །།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གསང་བ་འདུས་བའི་རྒྱ་ཆེར་འགྲེལ་པ། མཁས་པ་ཆེན་པོ་རྡོ་རྗེ་སློབ་དཔོན་འཕགས ་པ་ཀུན་དགའ་ཨི་སྙིང་པོས་མཛད་པའི།། །།ལེའུ་དང་པོ་རྫོགས་སོ། །དེ་ནས་ལེའུ་དང་པོའི་འོག་ཏུ། དེ་ནི་ལེའུ་གཉིས་པ་བྱང་ཆུབ་སེམས་ཀྱི་ལེའུ་བཤད་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་ཐམས་ཅད ་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་བྱས་ཏེ། ཕྱག་འཚལ་ནས། འདི་སྐད་ཅེས་གསོལ་ཏོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། དེ་ནས་ཞེས་པ ་ནི་ལེའུ་དང་པོ་བཤད་པའི་དོན་ཐོས་ནས་རྟོགས་པར་གྱུར་ནས་དགའ་བ་སྐྱེས་པའོ། །བཅོམ་ལྡན་འདས་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། མདུན་དུ་སྨོས་པའི་རྣམ་པར་སྣང་མཛད་ལ ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་སྐུ་དང་གསུང་དང་ཐུགས་ཞེས་པ་ནི་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་མི་ཕྱེད་པར་ཁྱད་པར་གནས་པའོ། །བདག་པོ་ཞེས་པ་ནི་མདུན ་དུ་སྨོས་པའི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོའི་གཟུགས་རྣམས་ཀྱི་བདག་པོར་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་གསུངས་སོ། །བཅོམ་ལྡན་འདས་ཞེས་པ་ནི་བདེ་སྟེ་བཤད་མི ་དགོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །མཆོད་པ་བྱས་ཏེ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔས་སྟོན ་པ་བྱང་ཆུབ་སེམས་རྡོ་རྗེ་ལ་མཆོད་པ་བྱས་པ་སྟེ། མཆོད་པའི་བྱེ་བྲག་རྣམ་པ་གསུམ་སྟེ་ཕྱི་དང་ནང་དང་གསང་བའོ། །དེ་ལ་ཕྱིའི་མེ་ཏོག་དང་སྤོས་ལ་སོགས་པ་ལྷ་དང་མིའི་འཇིག་རྟེན་ན་ཡོད་པའི་མཆོད་པའི་རྫས་དམ་པ་ཇི་སྙེད་ཐམས་ཅད་ཀྱིས་མཆོད ་པའོ། །དེ་ནས་ནང་གི་མཆོད་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལས་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་མཆོད་པ་བྱ་བའི་ཕྱིར། ཉིད་ཀྱི་ཐུགས་ཁའི་ཡེ་ཤེས་སེམས་དཔའ་ཨི་གནས་ནས་གཟུགས་དང་སྒྲ་ལ་སོཌ ་བ་འདོད་པའི་ཡོན་ཏན་ལྔའི་ངོ་བོ་རྣམས་ཀྱི་སྐུ་ཕྱག་རྒྱ་རྣམས་སྤྲིན་བཞིན་དུ་སྤྲུལ་པ་ལ་བྱའོ། །དེ་ནས་གསང་བའི་མཆོད་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔས། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་མཆོད་པཱི ་ཕྱིར་ཐབས་དང་ཤེས་རབ་མཉམ་པར་སྦྱར་ནས། འདོད་ཆགས་ཆེན་པོའི་རོལ་པ་བྱས་ཏེ། བདེ་བར་གྱུར་པའི་དུས་སུ་སོ་སོའི་ལྷ་མོའི་བྷ་གའི་དབུས་སུ་བྱང་ཆུབ་སེམས་འོ་མའི་རྒྱུན་བཞིན་དུ་འོད་དུ་ཞུ་བར་བྱས་ཏེ། བྱང་ཆུབ་སེམས་གསང ་བའི་རྫས་ཀྱི་ས་བོན་ལས་རིགས་སོ་སོའི་ཡེ་ཤེས་ཀྱི་ཁ་དོག་དང་ལྡན་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་བྱེ་བྲག་སྤྲིན་བཞིན་དུ་སྤྲུལ་པ་ལ་བྱའོ། །གཞན་ཡང་གཟུགས་དང་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔའི་ངོ་བོའི་སྐུ་ཕྱག་རྒྱ་རྣམས་སོ་སོའི ་རྟགས་འཛིན་པར་སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་མཆོད་པའི་སྤྲིན་བཞིན་དུ་སྤྲུལ་ཏེ། དེ་ལྟར་མདོར་བསྡུས་པ་མཆོད་པའི་སྒྲའི་དོན་དུ་ཤེས་པར་བྱའོ། །དེ་ནས་ཕྱག་འཚལ་ནས་ཞེས་སེལ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེཌ ་པ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་པུས་མེ་གཡས་པ་ས་ལ་གཙུགས་ལག་པ་གཉིས་ཐལ་མོ་སྦྱར་ནས་སྤྱི་བོ་ས་ལ་བཏུགས་ཏེ། སྟོན་པ་བྱང་ཆུབ་རྡོ་རྗེ་ལ་ཕྱག་འཚལ་བའོ། །དེ་ནས་འདི་སྐད་ཅེས་གསོལ་ཏོ་ཞེས ་བ་ནི། མདུན་དུ་སྨོས་པའི་རྣམ་པར་སྣང་མཛད་ལ་སོགས་པས་ཕྱག་འཚལ་པའི་འོག་ཏུ་བླ་ན་མེད་པའི་བྱང་ཆུབ་སེམས་བཤད་པར་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་གསོལ་བ་བཏབ་པའོ། །དེ་ནས་སྐུ་དང་གསུང་དང ་ཐུགས་ཀྱི་མཆོག་ཞེས་པ་ནི། དོན་དམ་པ་སྐུ་དང་གསུང་དང་ཐུགས་རྣམས་གཅིག་པ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཆོས་ཀྱི་སྐུ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་ནི། ཡེ་ཤེས་ཀྱི་ཆོ་འཕྲུལ་ཐམས་ཅད་དང། སྔགས་དང་ཕྱག་རྒྱ་དང། ་དཀྱིལ་འཁོར་རྣམས་དང། ཡེ་ཤེས་ཀྱི་སྐུ་ཕྱག་རྒྱ་ཇི་སྙེད་རྣམས་འབྱུང་བ་དང། འདུ་བའི་སྙིང་པོ་ངོ་བོ་སྟེ། དེའི་ཕྱིར་སྐུ་དང་གསུང་དང་ཐུགས་ཀྱི་མཆོག་ཅེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཀུན་གྱི་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ ་སོགས་པ་རྣམ་པ་ལྔ་ལ་བྱའོ། །གསང་ཞེས་པ་ནི་ལེའུ་དང་པོ་བཤད་པ་འདིར་སྦྱར་རོ། །དེ་ན་མེད་པའི་བྱང་ཆུབ་སེམས་ཞེས་པ་ནི་རྣམ་པ་གསུམ་དུ་དབྱེ་སྟེ། ཕྱི་དང་དོན་དམ་པ་དང་གསང་བའོ། །དེ་ལ་ཕྱི་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་ཐུགས་ཐུགས ་རྗེ་ཆེན་པོའི་ལྕགས་ཀྱུས་བསྐུལ་ནས་སེམས་ཅན་ཐམས་ཅད་ཀྱི་རེ་བ་སྣ་ཚོགས་སྐོང་པར་མཛད་དོ། །དོན་དམ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་དངོས་གྲུབ་ཀྱི་འབྲས་བུའི་ངོ་བོར་གསུངས་སོ། །གསང་བ་ནི་དཔལ་རྡོ་རྗེ ་སེམས་དཔས་ཤེས་རབ་ལྷ་མོ་མཱ་མ་ཀཱི་དང་དབང་པོ་གཉིས་མཉམ་པར་སྦྱར་ནས་ཐུགས་རྗེ་ཆེན་པོའི་འདོད་ཆགས་ཀྱི་གསང་བའི་རོལ་པ་མཛད་ནས་བདེ་བར་གྱུར་ཏེ། དབང་པོ་གཉིས་ཀྱི་ལམ་ནས་མཱ་མ་ཀཱིའི་བྷ་གའི་དབུས་སུ་རྡོ་རྗེ་ཁུ་བའི་ངོ་བོ ་བྱང་ཆུབ་སེམས་དག་པ་གསལ་བ་ཟླ་བའི་དཀྱིལ་འཁོར་ལྟ་བུ་དེ་ནི་གསང་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བསྐྱེད་པའི་ས་བོན་གྱི་ངོ་བོའོ། །གཞན་ཡང་བསྒྲུབ་པ་པོ་རྣམས་ཀྱི་བྱིན་གྱིས་བརླབས་ནས་ཟླ་བའི་དངོས་གྲུབ་ཀྱི་ངོ་བོར་གསུངས་ཏེ། དེ་ལྟར ་མདོར་བསྡུས་པ་བླ་ན་མེད་པའི་བྱང་ཆུབ་སེམས་ཀྱི་དོན་དུ་ཤེས་པར་བྱའོ། །བཅོམ་ལྡན་འདས་ཞེས་པ་ནི་ལེགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་དང། གཞན་ཡང་ཐུགས་རྗེ་ཆེན་པོའི་ཞེ་སྡང་གིས་ཁྲོ་བོའི་སྤྲུལ་པའི་ཡེ་ཤེས་ཀྱི་བྱིན་གྱི་རླབས་སྣ་ཚོགས ་ཀྱི་བྱེ་བྲག་གི་སྟོབས་ཀྱིས་ཕྱི་ནང་གི་བདུད་ཀྱི་དཔུང་འཇོམས་པར་མཛད་པས་དེའི་ཕྱིར་བཅོམ་ལྡན་འདས་ཀྱི་དོན་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་བྱའོ། །སྙིང་པོ་ནི་བདུད་ཀྱི་གནོད་པ་གང་གིས་ཀྱང་མི་གཡོ་བ་མི་འཇིགས་པ་སྟོང་པ་ནམ་མཁའ་ལྟ་བུ་དོན ་དམ་པ་ཆོས་ཀྱི་སྐུའི་ངོ་བོའོ། །སྙིང་པོའི་སྒྲའི་དོན་དུ་ཤེས་པར་བྱའོ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ ་པ་ཡང་མཁྱེན། ཞེས་བྱ་བའི་སྒྲ་བཤད་བར་བྱ་སྟེ་ཅི་ལྟར་ཡིན་ན། དེ་ནས་ཞེས་པ་ནི་མདུན་དུ་སྨོས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔས་མཆོད་པ་དང་ཕྱག་འཚལ་བས་དོན་དམ་པ་བ་བྱང་ཆུབ་སེམས་ཉན་པར ་གསོལ་བ་བཏབ་པ་དང། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་བྱང་ཆུབ་སེམས་བཤད་པའི་ཕྱིར་ལན་བཀའ་སྩལ་པའོ། །བཅོམ་ལྡན་འདས་ཞེས་པ་ནི་མདུན་དུ་བཤད་པ་དང་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། རྣམ་པར་སྣང་མཛད ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །སྐུ་དང་གསུང་དང་ཐུགས་ཞེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསུམ་ནི་ཁྱབ་ནས་གནས་པ་ལ་བྱའོ། །རྡོ་རྗེ་ནི་སྟོན་པ ་བྱང་ཆུབ་སེམས་རྡོ་རྗེའི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་དེ་ནི་མདུན་དུ་སྨོས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསུམ་སྟོན་པ་ཉིད་དང་མི་ཕྱེད་པར ་ཁྱབ་ནས་གནས་པར་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཞེས་པ་ནི་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་དོན་གྱི་འཁོར་ལོ་བསྐོར་བའི་ཕྱིར་གཤེགས་ཏེ། དེ་ནས་ཡེ་ཤེས ་སེམས་པ་མི་བསྐྱོད་པའི་སྐུ་ཕྱག་རྒྱལ་ཐིམ་པར་གྱུར་པ་ལས་གཤེགས་ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་པ་ནི། མདུན་དུ་སྨོས?་པའི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །གསོལ་བ ་གཏབ་པ་ཡང་མཁྱེན?་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཅིའི་ཕྱིར་གསོལ་བ་གཏབ་པའི་དོན་ཐུགས་ཀྱིས་མཁྱེན་པའོ། །བྱང་ཆུབ་སེམས་དཔལ་ཐམས་ཅད་ཀྱི་ཡོངས་སུ ་རྟོག་པ་ཡང་ཐུགས་ཀྱིས་མཁྱེན་ནས། བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ་ཅི་ལྟར་ཡིན་ན། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་བྱམས་པ་དང། ཕྱག་ན་རྡོ་རྗེ་ལ་སོགས་པ་བརྗོད་དུ་ཡོད ་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བྱའོ། །སེམས་ཀྱི་ཞེས་པ་ནི་མདུན་དུ་སྨོས་པའི་བྱམས་པ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས། དོན་དམ་པ་བྱང་ཆུབ་ཀྱི་སེམས་རྟོགས་པར་བྱ་བའི་ཕྱིར་ཐེ་རྩོམ་སྐྱེས་པ ་ལ་བྱའོ?། །དེ་ནས་ཡོངས་སུ་རྟོག་པ་ཡང་ཐུགས་ཀྱིས་མཁྱེན་ནས་ཞེས་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔས་གསོལ་བ་བཏབ་པའི་འོག་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོག ་པ་སྐྱེས་པར་སྟོན་པ་ཉིད་ཀྱིས་རབ་ཏུ་མཁྱེན་པའོ། །བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་ཏོ། །ཞེས་བྱ་བ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་མདུན་དུ་སྨོས་པའི་བྱམས་པ་དང་ཕྱག་ན་རྡོ་རྗེ་ལ་སོགས་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས ་ཀྱི་རྟོག་པ་དེ་བསལ་བའི་ཕྱིར་བཀའ་སྩལ་པའོ། །ཁྱེད་ཀྱི་སེམས་ཞེས་པའི་སྒྲ་བཤད་པར་བྱ་སྟེ་ཅི་ལྟར་ཡིན་ན། མདུན་དུ་སྨོས་པའི་བྱམས་པ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོག་པ་སྐྱེས་པ། སྟོན་པ་བྱང་ཆུབ་སེམས ་རྡོ་རྗེས་རྟོགས་པར་བྱ་བའི་འབྲས་བུ་བསྟན་པར་གསུངས་ཏེ། ཁྱེད་ཀྱི་ཤེས་པ་བདེ་སྟེ། བཤད་མི་དགོས་སོ། །སེམས་ཞེས་པ་ནི་མདུན་དུ་སྨོས་པའི་རང་གི་སེམས་སྒྲིབ་པ་སྤངས་ནས་དོན་དམ་པ་བྱང་ཆུབ་སེམས་གཉིས་སུ་མེད་པའི་ངོ་བོར་སྐྱེད་ཅིག་པའོ། ། ་ལུས་སྐུ་ལྟ་བུ་དང། ངག་གསུང་ལྟ་བུ་དང། སེམས་ཐུགས་ལྟ་བུར་ཞེས་པའི་སྒྲ་བཤད་པར་བྱ་སྟེ་ཅི་ལྟར་ཡིན་ན། ལུས་སྐུ་ལྟ་བུ་ནི། ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཕྱག་རྒྱ་མི་ཕྱེད་པ་རྡོ་རྗེའི་ངོ་བོར་གྱུར་པ་དེ་བཞིན་དུ། སེམས་ཅན ་གྱི་ལུས་མི་བརྟན་པ་འཇིགས་པ་དེ་རྣམ་པར་དག་ནས། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཕྱག་རྒྱ་མི་ཕྱེད་པ་རྡོ་རྗེའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་འགྱུར་བར་གསུངས་སོ། །ངག་གསུང་ལྟ་བུ་ཞེས་པ་ནི། ཅི་ལྟར ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཕྱག་རྒྱ་མི་ཕྱེད་པ་རྡོ་རྗེའི་ངོ་བོར་གྱུར་པ་དེ་བཞིན་དུ་སེམས་ཅན་གྱི་ངག་གཏི་མུག་ལས་སྐྱེས་པ་མ་རིག་པའི་དྲ་བས་གཡོགས་པ་དེ་རྣམ་པར་དག་ནས། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་གསུང་གི་ཕྱག་རྒྱ་མི་ཕྱེད་པ་རྡོ་རྗེའི་ངོ་བོ་སོ་སོར་རྟོག་པའི་ཡེ་ཤེས་སུ་འགྱུར་བར་གསུངས་སོ། །སེམས་ཐུགས་ལྟ་བུར་ཞེས་པ་ནི། ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཕྱག་རྒྱ་མི་ཕྱེད་པ་རྡོ་རྗེའི་ངོ་བོར་གྱུར་པ ་དེ་བཞིན་དུ། སེམས་ཅན་གྱི་སེམས་ཉོན་མོངས་པའི་སྒྲིབ་པའི་དྲི་མ་སྣ་ཚོགས་ཀྱིས་སྒྲིབ་པ་དེ་རྣམ་པར་དག་ནས། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཕྱག་རྒྱ་མི་ཕྱེད་པའི་རྡོ་རྗེའི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འགྱུར་བར་ ་གསུངས་སོ། །སྐྱེད་ཅིག་ཞེས་པ་རང་གི་སེམས་སྐྱེད་གཅིག་པ་ཏེ། ཇི་ལྟར་ཡིན་ན། སྒྲིབ་བ་སྣ་ཚོགས་ཀྱི་བྱེ་བྲག་གི་སེམས་ཅན་སྒྲིབས་པ་དེ་སྒྲིབ་པ་སྤང་བར་སྐྱེད་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག ་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ལྟ་བུར་སྦྱར་ནས་ཆེད་དུ་གླེང་བ་འདི་སྨྲས་ས་ཞེས་བྱ་བའི་སྒྲ་བཤད་པར་བྱ་ཏེ་ཇི་ལྟར་ཡིན་ན། དེ་ནས་ནི་མདུན་དུ་སྨོས་པའི་འོག་ཏུ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་བྱམས་པ་དང ་ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡོན་ཏན་གྱི་བསྟོད་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞེས་བ་ནི་བཤད་མི་དགོས་ཏེ་ལེའུ་དང་པོར་བཤད་པའི་དོན་དང་སྦྱར་རོ། །ཆེན་པོའི་དོན་ནི་ཐུགས་རྗེའི་མཚན་ཉིད་དེ་སེམས ་ཅན་ཐམས་ཅད་ཀྱི་རེ་བ་ཐམས་ཅད་སྣ་ཚོགས་སྐོང་བས་དེའི་ཕྱིར་ཆེན་པོ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །སྐུ་དང་གསུང་དང་ཐུགས་དང་ཞེས་པ ་ནི་དེ་གསུམ་མེ་ཕྱེད་པ་གཅིག་པའི་ངོ་བོར་ཁྱབ་ནས་གནས་བའོ། །ངོ་བོ་ལྟ་བུར་སྦྱར་ནས་ཞེས་པ་ནི་མདུན་དུ་སྨོས་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་སྐུ་དང་གསུང ་དང་ཐུགས་གསུམ་མི་ཕྱེད་པ་གཅིག་གི་ངོ་བོར་གྱུར་བ་སྦྱར་བར་མཛད་དེ། ཇི་ལྟར་རྣམ་པར་སྣང་མཛད་ལ་སོགས་བ་དེ་བཞིན་གཤེགས་པ་ལྔའི་སྐུ་དང་གསུང་དང་ཐུགས་གཅིག་པ་མི་ཕྱེད་པའི་ངོ་བོར་ལྡན་པ་དེ་བཞིན་དུ་མདུན་དུ་སྨོས་པའི་བྱང ་ཆུབ་སེམས་དཔའ་ཆེན་པོ་རྣམས་སྦྱར་བར་གསུངས་སོ། །ཆེད་དུ་གླང་བ་འདི་སྨྲས་སོ་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །ེ་མའོ་ཀུན་ཏུ་བཟང་པོ་ནི། །རྡོ་རྗེ་སྐུ་དང་གསུང་དང་ཐུགས། །སྐྱེ་བ་མེད་པའི་ཚུལ་གྱིས་སུ། །སྐྱེ་བ་འདི་ནི་རབ་ཏུ་བསྒྲགས། ་ཞེས་པའི་སྒྲ་བཤད་པར་བྱ་སྟེ། ཨེ་མའོ་འདི་མདུན་དུ་སྨོས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་ལ་ངོ་མཚར་སྐྱེས་པའོ། །ཀུན་ཏུ་བཟང་པོ་ནི་རྣམ་པ་ལྔར་བཤད་ཏེ། གང་ཡིན་ན། དོན་དམ་པའི་ཚུལ་དང། ཡེ་ཤེས་ཀྱི་ཚུལ་དང། ་ས་བོན་ཡིག་འབྲུའི་ཚུལ་དང། གསང་བའི་ཚུལ་དང། དངོས་གྲུབ་ཐམས་ཅད་ཀྱི་ངོ་བོའི་ཚུལ་ལོ། །དེ་ལ་དོན་དམ་པའི་ཚུལ་བཤད་པར་བྱ་སྟེ། དངོས་པོ་དང་བྲལ་བ་སྟོང་པ་ནམ་མཁའ་ལྟ་བུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་ནས་གནས་པ ་ཏེ། དེ་ནི་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་འབྲས་བུ་འབྱུང་བའི་སྙིང་པོ་ངོ་བོ་ཆོས་ཀྱི་སྐུའོ། །དེ་ལྟར་དོན་དམ་པའི་ཚུལ་གྱི་ཀུན་ཏུ་བཟང་པོའི་སྒྲའི་དོན་དུ་གསུངས་སོ། །དེ་ནས་ཡེ་ཤེས་ཀྱི་ཚུལ་བཤད་པར་བྱ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས ་ལ་སོགས་པ་ཡེ་ཤེས་རྣམ་པ་ལྔ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་ཕྱག་རྒྱའི་གཟུགས་ཀུན་རྫོབ་དུ་སོ་སོའི་རིགས་ཀྱི་བྱེ་བྲག་དུ་སྣང་བ་དེ་དག་དོན་དམ་པར་ཡེ་ཤེས་རྣམ་པ་ལྔ་མི་ཕྱེད་པར་གཅིག་པའི་ངོ་བོ་དེ་རྣམས་སྒྲུབ་པ་པོ་གྲུབ་པའི་དུས ་སུ་དངོས་གྲུབ་ཀྱི་ངོ་བོ་ཡིན་ཏེ། དེ་ལྟར་ཡེ་ཤེས་ཀྱི་ཚུལ་གྱི་ཀུན་ཏུ་བཟང་པོའི་སྒྲའི་དོན་ཏུ་གསུངས་སོ། །དེ་ནས་ས་བོན་གྱི་ཡིག་འབྲུའི་ཚུལ་དུ་བཤད་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའ་བསྐྱེད་པའི་ས་བོན་ཡིག་འབྲུ་ཧཱུཾ་མེ་ལོང་ལྟ་བུ་ཡེ་ཤེས ་ཀྱི་ངོ་བོ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བསྐྱེད་པའི་ས་བོན་རྣམས་སོ་སོར་རིགས་ཀྱི་བྱེ་བྲག་གི་ཡེ་ཤེས་ཀྱི་ངོ་བོ་ཀུན་རྫོབ་དུ་ཡིན་པ་དེ་དོན་དམ་པར་ས་བོན་གྱི་ཡིག་འབྲུ་ཐམས་ཅད་ཡེ་ཤེས་ལྔ་དང་མི་བྱེད་པའི་གཅིག་པའི་ངོ་བོར་ཁྱབ ་ནས་གནས་པ་ཏེ། དེ་ལྟར་ས་བོན་གྱི་ཚུལ་གྱི་ཀུན་ཏུ་བཟང་པོའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་ཚུལ་བཤད་པར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་རྣམས་སོ་སོའི?་ཤེས་རབ་ལྷ་མོ་དང་ལྡན་པར ་གཉིས་སུ་མེད་པར་སྦྱོར་བས་འདོད་ཆགས་ཆེན་པོའི་ཐུགས་དགའ་བས་དབང་པོ་གཉིས་མཉམ་པར་སྦྱར་ནས་རོལ་པ་མཛད་ནས་དེ་བདེ་བར་གྱུར་པའི་དུས་སུ་རྡོ་རྗེའི་ལམ་ནས་ཤེས་རབ་ལྷ་མོ་རྣམས་ཀྱི་བྷ་གའི་དབུས་སུ ་བྱང་ཆུབ་སེམས་དཔའ་འོད་དུ་འབར་བར་ཞུ་བར་མཛད་དེ། འོད་ཏུ་ཞུ་མ་ཐག་ཏུ་གསལ་བ་ཡེ་ཤེས་ཀྱི་འོད་ཟེར་དང་ལྡན་པ་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པའི་ས་བོན་དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཐམས ་ཅད་ཀྱི་སོ་སོའི་ཡི་གེ་འབྲུའི་ས་བོན་གྱི་བྱིན་གྱིས་རླབས་པར་མཛད་དེ། གཅིག་པའི་ངོ་བོར་ཐིམ་པར་གྱུར་པའི་ས་བོན་དེ་ལས་གསང་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྐུ་ཕྱག་རྒྱ་བསྐྱེད་པ་དེ། གསང་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད ་ཀུན་རྫོབ་ཏུ་སོ་སོའི་རིགས་ཀྱི་སྐུ་ཕྱ་ལུགས་ཕུན་སུམ་ཚོགས་པར་འཐོད་བ་དེ་དག་དོན་དམ་པར་ཡེ་ཤེས་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ་ཡིན་ཏེ། དེ་ལྟར་གསང་བའི་ཚུལ་གྱི་ཀུན་ཏུ་བཟང་པོའི་ཚུལ་གྱི་ཤེས་པར་བྱའོ། །དེ་ནས་དངོས ་གྲུབ་ཐམས་ཅད་ཀྱི་ངོ་བོའི་ཚུལ་བཤད་པར་བྱ་ཏེ། དོན་དམ་བ་བྱང་ཆུབ་སེམས་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་འབྲས་བུའི་ངོ་བོ་དེ་ནི་སྒྲུབ་པ་པོ་རྣམས་ཀྱི་བླ་ན་མེད་པའི་འབྲས་བུ་ཕྱག་རྒྱ་ཆེན་པོ ་བསྒྲུབ་པ་ཡི་དུས་སུ་ཐབས་དང་ཤེས་རབ་རོལ་པ་བྱ་ཞིང་བདུད་རྩི་རྣཾ་པ་ལྔ་དང་ཤ་རྣམ་པ་ལྔ་བྱིན་གྱིས་རླབ་ཅིང་བཟའ་བས་བསྒྲུབ་པའི་དུས་སུ་མདུན་དུ་སྨོས་པའི་དོན་དམ་པའི་བྱང་ཆུབ་སེམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི ་འབྲས་བུའི་ངོ་བོ་ཕྱག་རྒྱ་ཆེན་པོ་བསྒྲུབ་ཏེ། དེ་ལྟར་དངོས་གྲུབ་ཐམས་ཅད་ཀྱི་ངོ་བོའི་ཚུལ་གྱི་ཀུན་ཏུ་བཟང་པོའི་དོན་དུ་ཤེས་པར་བྱའོ། །དེ་ལྟར་ཀུན་ཏུ་བཟང་པོའི་དོན་རྣམ་པ་ལྔའི་བྱེ་བྲག་དེ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཉིད་ལ་སྦྱར་རོ། །དེ་ནས ་རྡོ་རྗེ་སྐུ་དང་གསུང་དང་ཐུགས་ཞེས་པ་ནི་མདུན་དུ་སྨོས་པའི་ཀུན་ཏུ་བཟང་པོའི་ངོ་བོ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་དེ་ནི་སྐུ་དང་གསུང་དང་ཐུགས་གསུམ་རྡོ་རྗེའི་སྐུ་ཕྱག་རྒྱའི་ངོ་བོ་དང་ལྡན་པར་གནས་པས་རྡོ་རྗེ་སྐུ་དང་གསུང་དང་ཐུགས་ཞེས་བྱའོ། །སྐྱེ་བ་མེད་པའི ་ཚུལ་གྱིས་སུ་ཞེས་པ་ནི་མདུན་དུ་སྨོས་པའི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གསུམ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཕྱག་རྒྱ་ལ་ཁྱབ་ནས་གནས། དོན་དམ་པར་སྟོང་པ་ནམ་མཁའ་ལྟ་བུ། ཐོག ་མ་མེད་པ་མ་སྐྱེས་པ་བྱང་ཆུབ་སེམས་ཆོས་ཀྱི་སྐུ་གཉིས་སུ་མེད་འཇིག་རྟེན་གྱི་ཁམས་མ་ལུས་ཐམས་ཅད་དུ་སྟོང་པའི་ངོ་བོར་ཁྱབ་ནས་གནས་པ། སྐྱེ་བ་མེད་པའི་ཚུལ་གྱིས་ཞེས་བྱའོ། །སྐྱེ་བ་འདི་ནི་རབ་ཏུ་བསྒྲགས་ཞེས་པ་ནི། མདུན་དུ་སྨོས ་པ་དོན་དམ་པར་བྱང་ཆུབ་སེམས་མ་སྐྱེས་པ་ཆོས་ཀྱི་སྐུ་གཉིས་སུ་མེད་པའི་ངོ་བོ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་སོགས་པ་བརྗོད་དུ ་ཡོད་པ་དང། བརྗོད་དུ་མེད་པའི་ཚུལ་གྱིས་འཁོར་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལོངས་སྤྱོད་རྫོགས་པའི་སྐུ་ཕྱག་རྒྱ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་ལྡན་པ་སོ་སོའི་རིགས་ཀྱི་བྱེ་བྲག་གི་སྐུའི་ཆ་ལུགས་ཕུན་སུམ ་ཚོགས་པའི་ངོ་བོར་སྐྱེ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ། ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ་ཇི་ལྟར་ཡིན་ན། དེ་ནས་ནི་མདུན་དུ་སྨོས་པའི་བྱམས་པ་དང། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆེད་དུ་གླེང་བ་སྨྲས་པའི ་འོག་ཏུ་དོན་གཞན་སྟོན་པའོ། །བཅོམ་ལྡན་འདས་ནི་མདུན་དུ་བཤད་པ་བཞིན་དུ་འདིར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །སྐུ་དང ་གསུང་དང་ཐུགས་རྡོ་རྗེ་ཞེས་པ་ནི་མདུན་དུ་སྨོས་པའི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔའི་སྐུ་རྡོ་རྗེ་དང་ཐུགས་རྡོ་རྗེ་མི་ཕྱེད་པ་གཅིག་པའི་ངོ་བོར་སྐུ་ཕྱག་རྒྱ་ལ་ཁྱབ་ནས་གནས་པའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཉིད་ཡིན་པར་གསུངས་སོ། །དེ་བཞིན་གཤེགས་པ་ཞེས་པ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཚུལ་དུ་ཤེས་རབ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པའི་ངོ་བོར་བརྒྱན་པ། ལོངས་སྤྱོད་རྫོགས་པའི་སྐུ་ཕྱག་རྒྱའི་གཟུགས་དེ་སྟོན་པ་བྱ་བའི་ཕིར་བྱོན་ནས་སེམས་ཅན་གྱི་དོན་གྲུབ་ནས་དགྱེས་ཤིང་བདེ་བའི་ཐུགས་ཀྱིས་བྱོན་པའི་གནས་སུ་སླར་གཤེགས་པས་དེའི་ཕྱིར་ན་སྟོན་པ་བྱང་ཆུབ ་སེམས་རྡོ་རྗེ་ལ་དེ་བཞིན་གཤེགས་པ་ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །མངོན་པར་རྫོགས་པར་བྱང་ཆུབ་པའི་ཞེས་པ་ནི་སྟོན་པ་བྱང་ཆུབ ་སེམས་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོ་སོའི་ཡེ་ཤེས་ཀྱི་ཡིག་འབྲུའི་ས་བོན་ལས་ཡེ་ཤེས་ཀྱི་ཆོ་འཕྲུལ་ནམ་མཁའ་ཨི་ཁམས་ཐམས་ཅད་དུ་འཕྲོ་བར་མཛད་པའོ། །ཚུལ་ཞེས་པ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བས་མདུན་དུ་སྨོས་པའི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རིམ་པར་སྤྲོ?་བ་དང། བྱིན་གྱིས་བརླབ་པར་མཛད་པ་སྟེ་བཤད་པར་བྱའོ། །དང་པོ་མེ་ལོང་ལྟ་བུའི་ངོ་བོ་ཡེ་ཤེས་ཀྱི་ངོ་བོ་ཡེ་ཤེས་ཀྱི ་འོད་ཟེར་གྱི་དྲ་བ་ཁ་དོག་མཐིང་ཀ་སྤྲོ་བར་མཛད་དེ། སྒྲས?་མ་ཐག་ཏུ་ནམ་མཁའ་ཁམས་ཀྱི་སེམས་ཅན་ཐམས་ཅད་བྱིན་གྱི་བརླབས་ནས། ཕྱིན་ཅི་ལོག་གི་ཉོན་མོངས་པ་ཞེ་སྡང་འཇོམས་པར་མཛད་ནས། འོད་ཟེར་གྱི་དྲ་བ་རྣམས་གསང་བའི་ཐུགས་ཀ་ཡེ་ཤེས ་སེམས་དཔའ་ཨི་གནས་སུ་འདུས་པ་ལས་གོང་བུ་ལྟ་བུར་གྱུར་ནས། གོང་བུ་ལྟ་བུར་དེ་ལས་ས་བོན་ཡེ་ཤེས་ཀྱི་ཡིག་འབྲུ་ཧཱུཾ་མཐིང་ཀར་གྱུར་ནས། ཡེ་ཤེས་ཀྱི་ཡིག་འབྲུ་དེ་ལས་དེ་བཞིན་གཤེགས་པ་མི་བསྐྱོད་པ་བསྐྱེད་དེ། ཉིད་ཀྱི་ལྷ་མོ་དང་གཉིས་སུ ་མེད་པར་ལྡན་པ་ཞལ་གསུམ་ཕྱག་དྲུག་ཕྱག་མཚན་དྲུག་ཉིད་ཀྱི་སྐུ་མདོག་དང་རྒྱན་རྣམས་ཀྱིས་བརྒྱན་བའི་ཆུ་ལ་དེ་ལྟ་བུ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། སྤྲོས་མ་ཐེག་ཏུ་ནམ་མཁའ་ཨི་ཁམས་མ་ལུས་པར་ཐམས་ཅད་ན་གནས་པའི་སེམས་ཅན ་བྱིན་གྱིས་བརླབ་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ་སེམས་ཅན་ཞེ་སྡང་ཅན་ཐམས་ཅད་ཉིད་ཀྱི་བསྐུལ་ཐིམ་པར་མཛད་དེ། གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་གཉིས་སུ་མེད་པའི་ཚུལ་དུ་འདྲུ་བར་མཛད་དོ།། ་ཅིའི་ཕྱིར་དེ་བཞིན་གཤེགས་པ་མི་བསྐྱོད་པའི་ཚུལ་གྱི་སྤྲོ་ཞིང་བྱིན་གྱིས་བརླབ་པ་དང་འདུས་ནས་ཡེ་ཤེས་སེམས་དཔའ་ལ་གཉིས་སུ་མེད་པར་ཐིམ་པར་མཛད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་གཞན་གྱི་རིམ་པ་ལ་ཡང་སོ་སོའི་ཡེ་ཤེས ་བསྐྱེད་པ་དང། སྤྲོ་བ་དང་བྱིན་གྱིས་བརླབ་དང། འདུས་ན་ཡེ་ཤེས་སེམས་པ་ལ་ཐིམ་པར་མཛད་པར་གསུངས་སོ། །ད་ལྟར་མདོར་བསྡུས་པ་ཆུལ་ཞེས་པའི་དོན་དུ་གསུངས་སོ། །རྡོ་རྗེ་ཞེས་པ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཉིད་ཀྱི ་ཐུགས་ཀར་གནས་པའི་རྡོ་རྗེ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ས་བོན་ཧཱུཾ་ཡེ་ཤེས་སེམས་དཔའ་མི་གཡོ་བ་མེ་མར་བཞིན་དུ་རབ་ཏུ་འབར་བར་གྱུར་པ་ལ་རྡོ་རྗེ་ཞེས་གསུངས་སོ། །རྡོ་རྗེའི་དོན་གཞན་ཡང་བཤད་པར་བྱ་སྟེ་མདུན་དུ་སྨོས?་པའི ་སྒྲོ་བ་དང་བསྡུ་བ་དང་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱིས། སེམས་ཅན་གྱིས་བརླབས་པའི་ཚུལ་དེ་ནི་དོན་དམ་པར་སྟོང་པ་ཡེ་ཤེས་ཀྱི་ངོ་བོར་གསུངས་སོ། །ཏིང་ངེ་འཛིན་ནི་མདུན་དུ་སྨེས་པའི་སྤྲོ་བ་དང་བསྡུ་བའི་ཚུལ་གྱི ་རིམ་པ་ཐུགས་རྩེ་གཅིག་བར་མཛད་པའོ། །དེ་ནས་སྙོམས་པར་ཞུགས་ཏེ་ཞེས་པ་ནི། ཏིང་ངེ་འཛིན་གྱི་འོག་ཏུ་ཐུགས་རྩེ་གཅིག་པར་མཛད་པ་ནི་དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོར་གནས་པ་ཏེ། དེ་ལྟར་སྙོམས་པར་ཞུགས ་པར་གསུངས་སོ། །བྱང་ཆུབ་སེམས་འདི་ནི་གསུངས་སོ། །ཞེས་བྱ་བ་ནི་བདེ་སྟེ་བཤད་མི་དགོས་སོ། །དངོས་པོ་མེད་པར་བསྒོམ་པའི་དངོས། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ ་དམིགས་སུ་མེད་པའོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་ཏེ་ཇི་ལྟར་ཡིན་ན། རྣམ་པ་གཉིས་ཏེ་ཕྱི་དང་ནང་ངོ། །དེ་ལ་ཕྱི་བཤད་པར་བྱ་སྟེ། འཁོར་བ་ནས་སྐྱེས་པའི་སེམས་ཅན་ནད་སྣ་ཚོགས་ཀྱིས་ཉམ་ཐག་པར་གྱུར་པ་ཉོན་མོངས ་པའི་བཅིངས་པ་ཤིན་ཏུ་སེམས་བཅིངས་པ། བློ་དམན་པ་དེ་དག་གིས་ཤེས་པའི་དབང་གིས་འཁོར་བའི་ཆོས་མི་བརྟག་པ་ལ་བརྟག་པ་དང་མ་ངེས་པ་ལ་ངེས་པ་དང། མི་གཙང་བ་ལ་བཅོད?་པ་དང། སྡུག་བསྔལ་པ་ལ་བདེ་བར ་འདུ་ཤེས་པ་ལ་སོགས་པ་ཕྱིན་ཅི་ལོག?་གི་ང་རྒྱལ་སྣ་ཚོགས་འཇིག་པར་བྱེད་པ་བཤད་པར་བྱ་སྟེ། རིགས་ཀྱི་ང་རྒྱལ་དང། གཞོན་དར་ཀྱི་ང་རྒྱལ་དང། རིག་བྱེད་རྣམས་ཤེས་པའི་ང་རྒྱལ་དང། ཕ་དང་མ་དང་ཕུ་ནུ་དང། ཆུང་མ ་དང། བུ་དང་བུ་མོ་དང་བྲན་བོ?་མོ?་དང་འཁོར་དང་ནོར་དང། འབྱོར་པ་ཐམས་ཅད་དང། བདག་དང་ལྡན་པའི་ང་རྒྱལ་བྱེད་པའི་ཕྱིན་ཅི་ལོག་གི་འཁོར་བའི་ཆོས?་ཐམས་ཅད་ནི། མི་རྟག་པ་འཇིག་པར་འགྱུར་བས་དེའི་ཕྱིར་དངོས་པོ་མེད ་པར་ཞེས་གསུངས་སོ། །བསྒོམ་པའི་དངོས་ཞེས་པ་ནི་མདུན་དུ་སྨོས་པའི་འཁོར་བའི་ཆོས་ཐམས་ཅད་མ་ཤེས་པ་དང། མ་རྟོགས་པའི་དབང་གིས་བདེན་པ་དང་ཡིན་པའི་དངོས་པོར་བསྒོམ་པའོ། །བསྒོམ་པར་བྱ་བ་སྒོམ་པ་མིན་ཞེས་པ་ནི ་མདུན་དུ་སྨོས་པའི་འཁོར་བའི་ཆོས་ཐམས་ཅད་མ་རྟོགས་མི་ཤེས་པའི་དབང་གིས་བདེན་པ་དང་ཡིན་པར་སྒོམ་པར་བྱེད་པ་དེ་ནི་བསྒོམ་པ་མ་ཡིན་ཏེ། ཅིའི་ཕྱིར་ན་འཇིག་རྟེན་འདི་དང་ཕ་རོལ་གཉི་གའི་དོན་མ་ཡིན་ཏེ་འབྲས་བུ་མེད་པས ་དེའི་ཕྱིར་བསྒོམ་པར་བྱ་བ་བསྒོམ་པ་མིན་ཞེས་བྱའོ། །དེ་ལྟར་དངོས་པོ་དངོས་མེད་པས་ཞེས་པ་ནི་མདུན་དུ་སྨོས་པའི་ཕྱིའི་འཁོར་བའི་ཆོས་ཐམས་ཅད་ནི་དོན་མ་ཡིན་ཏེ་འབྲས་བུ་མེད་པ་ལ་ཡིན་པར་སྒོམ་པར་བྱེད་པའི་ཕྱིན་ཅི་ལེག་པར ་འཛིན་པའི་དངོས་པོ་དེ་ནི་དངོས་པོ་མ་ཡིན་པར་གསུངས་སོ། །བསྒོམ་པ་དམིགས་སུ་མེད་པའོ་ཞེས་པ་ནི། མདུན་དུ་སྨོས་པའི་ཕྱིའི་དཀྱིལ་འཁོར་ཐམས་ཅད། ཕྱིན་ཅི་ལོག་པར་བསྒོམ་པ་འཇིག་རྟེན་འདིའི་ཉོན་མོངས་པའི་ཡུལ་ལ ་སོགས་པ་འཁོར་བའི་ཆོས་ཐམས་ཅད་བདེན་པ་མ་ཡིན་པས་དེའི་ཕྱིར་དམིགས་སུ་མེད་པའོ། །གཞན་ཡང་ཕྱིན་ཅི་ལོག་ཏུ་བསྒོམས་པས་ཤི་བའི་འོག་ཏུ་འཇིག་རྟེན་ཕ་རོལ་ཏུ། དམྱལ་བ་སྣ་ཚོགས་སུ་སྡུག་བསྔལ་གྱི་འབྲས་བུ་མྱོང ་བར?་གྱུར་པས་དེའི་ཕྱིར་ཡང་བསྒོམ་པ་དེ་དམིགས་སུ་མེད་པའོ། །ཞེས་གསུངས་སོ་དེ་ནས་ནང་གི་ཚུལ་དུ་བཤད་པར་བྱ་ཏེ། མདུན་དུ་སྨོས་པའི་ཕྱིའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྟོགས་ནས་སྤང་བར་བྱ་སྟེ། ཐེག་པ་ཆེན་པོ་གསང ་སྔགས་ཀྱི་ཆོས་ལེན་དུ་འཇུག་པར་བྱ་ཏེ། ལས་དང་པོ་པས་གཟུགས་བརྙན་གྱི་དཀྱིལ་འཁོར་བསྒོམ་པར་བྱ་སྟེ། ཀུན་རྫོབ་དུ་དཀྱིལ་འཁོར་གྱི་ལྷ་རྣམས་སོ་སོའི་རིགས་ཀྱི་བྱེ་བྲག་གི་སྐུ་མདོག་དང་ཞལ་དང་ཕྱག་དང། ཕྱག་མཚན་དང? ་རྒྱན་རྣམས་དང་ལྡན་པར་བ་སྤྲོ་བ་དང་བསྡུ་བའི་ཚུལ་དུ་བསྒོམ་པར་བྱའོ། །དེ་བསྒོམ་པའི་དོན་བཤད་པར་བྱ་ཏེ། མདུན་དུ་སྨོས་པའི་དཀྱིལ་འཁོར་བསྒོམ་པ་དེ་ནི་དངོས་པོ་མ་ཡིན་ཏེ། ཅིའི་ཕྱིར་ན་སེམས་མི་བརྟན ་པ་བརྟན་པའི་ཕྱིར་བསྒོམས་ཏེ་བྱེད་པ་སྟེ། ཀུན་རྫོབ་དངོས་པོ་ཅན་གྱི་བསྒོམ་པ་སེམས་ཀྱི་སྤྲུལ་པ་ཙམ་པ་དེ་ནི་དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ། །དངོས་པོ་མེད་པའི་སྟོང་པ་ནམ་མཁའ་ལྟ་བུ་ཐམས་ཅད་ལ་ཁྱབ་ནས་གནས་ལ་ཆོས ་ཀྱི་སྐུ་གཉིས་སུ་མེད་པ་ཡིན་པས། དེའི་ཕྱིར་དངོས་པོ་མེད་པ་ཅེས་གསུངས་སོ། །བསྒོམ་པའི་དངོས་ནི་མདུན་དུ་སྨོས་པའི་ལས་དང་པོ་པ་དཀྱིལ་འཁོར་བསྒོམ་པས་དོན་དམ་པ་བྱང་ཆུབ་སེམས་ཀྱི་མཚན་ཉིད་མ་རྟོགས་མི་ཤེས་པའི ་དབང་གིས་བདག་དང་དཀྱིལ་འཁོར་གྱི་ལྷ་གཉིས་སུ་མེད་པར་བསྒོམ་པར་བྱ་བའི་དངོས་པོར་གསུངས་སོ། །བསྒོམ་པར་བྱ་བ་བསྒོམ་པ་མིན་པ་ནི་མདུན་དུ་སྨོས་པའི་ཀུན་རྫོབ་ཏུ་དཀྱིལ་འཁོར་བསྒོམ་པ་ནི་དོན་དམ་པར་ངོ་བོ་མེད་པར ་གསུངས་སོ། །དེ་ལྟར་དངོས་པོ་དངོས་མེད་པས་ཞེས་པ་ནི་མདུན་དུ་སྨོས་པའི་ཀུན་རྫོབ་ཏུ་ལས་དང་པོ་བས་དཀྱིལ་འཁོར་བསྒོམ་པ་དེ་ནི་མི་བརྟན་པར་ངོ་བོ་མེད་པ་དོན་དམ་པ་བྱང་ཆུབ་སེམས་ཀྱི་མཚན་ཉིད་མ་བརྟོགས་མི་ཤེས་པས ་བསྒོམ་པ་དངོས་པོར་འཛིན་པ་དེ་ནི་དངོས་པོ་མེད་པར་གསུངས་སོ། །ཁ་སྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་ནི་མདུན་དུ་སྨོས་པའི་ཀུན་རྫོབ་ཀྱི་དཀྱིལ་འཁོར་བསྒོམས་པས་དོན་དམ་པའི་འབྲས་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ངོ་བོ་ཆོས་ཀྱི་སྐུ་དམིགས་སུ་མེད་པ་དེ་ཐོབ་པར་འགྱུར་རོ། །བཤད་པར་བྱ་སྟེ། མདུན་དུ་སྨོས་པའི་ནང་གི་ཀུན་རྫོབ་ཀྱི་དཀྱིལ་འཁོར་བསྒོམ་པ་དེ་དངོས་པོ་མེད་པའི་མཚན་ཉིད་རྟོགས་ནས་སྤང་བར་བྱ་སྟེ། དེའི་འོག ་ཏུ་ཕྱིན་ཅི་ལོག་གི་རྣམ་པར་བརྟོག་པ་ཐམས་ཅད་མེད་པ་དོན་དམ་པ་བྱང་ཆུབ་སེམས་བསྟེན་ནས་གཉིས་སུ་མེད་པའི་ངོ་བོར་འཇུག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན ་གཤེགས་པས་གསུངས་སོ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ནི་མདུན་དུ་བཤད་པ་དང་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །སྐུ ་དང་གསུང་དང་ཐུགས་རྡོ་རྗེ་ནི་མདུན་དུ་སྨོས་པ་རྣམ་པར་སྣང་མཛད་ལ་སོགས་པ་རྣཾ་པ་ལྔའི་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་མི་ཕྱེད་པ་གཅིག་པའི་ངོ་བོ་སྐུ་ཕྱག་རྒྱ་ལ་ཁྱབ་ནས་གནས་པ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ནི་སྟོན་པ་བྱང ་ཆུབ་སེམས་རྡོ་རྗེ་ཉིད་དོ། །དེ་བཞིན་གཤེགS་པ་ནི་མདུན་དུ་བཤད་པ་དང་སྦྱར་རོ། །གསུངས་སོ་ཞེས་པ་ནི་མདུན་དུ་བྱང་ཆུབ་སེམས་ཀྱི་དོན་བཤད་པའོ། །དེ་ལྟར་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཉིད་ཀྱི་རིགས་ཀྱི་བྱང་ཆུབ་སེམས་ཀྱི་དོན་གསུངས་སོ།། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། མངོན་པར་རྟོགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བའི་དེའི་སྒྲ་བཤད་བར་བྱ་སྟེ། དེ ་ནས་ཞེས་པ་ནི་མདུན་དུ་སྨོས་པ་རྡོ་རྗེ་རིགས་ཀྱི་བྱང་ཆུབ་སེམས་བཤད་པའི་འོག་ཏུ་སྐུའི་རིགས་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་སེམས་བཤད་པར་བསྟན་པའོ། །བཅོམ་ལྡན་འདས་ཞེས་པ་ནི་མདུན་དུ་བཤད་པ་བཞིན་དུ་འདིར་སྦྱར་རོ། །དེ་བཞིན་གཤེགས ་པ་ནི་བདེ་སྟེ་བཤད་མི?་རིགས?་སོ། །རྣམ་པར་སྣང་མཛད་ཞེས་པ་ནི་སྐུ་རྡོ་རྗེ་རིགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །མངོན་པར་རྟོགས་པ་ཞེས་པ་ནི ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཡི་གེ་འབྲུ་ཨོཾ་ལས་ཤེས་རབ་ལྷ་མོ་སྤྱན་དང་གཉིས་སུ་མེད་པར་སྦྱོར ་པས་ཐབས་དང་ཤེས་རབ་རོལ་པ་མཛད་པས། ཞལ་གསུམ་ཕྱག་དྲུག་ཕྱག་མཚན་དྲུག་པ་ཉིད་ཀྱི་ཁ་དོག་དང་ལྡན་པ་རྒྱན་རྣམས་ཀྱིས་བརྒྱན་པ་སྤྲུལ་ཏེ། དེས་དེའི་འོག་དུ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས ་ནས་སྤྲོ་བ་དང་བྱིན་གྱིས་བརླབ་པའི་ཕྱིར། དང་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་གྱི་དྲ་བ་ཁ་དོག་དཀར་པོ་སྤྲོ་བར་མཛད་པས་ནམ་མཁའ་ཨི་ཁམས་ཐམས་ཅད་ཀྱི་སེམས་ཅན་མ་ལུས་ཐམས་ཅད་བྱིན་གྱིས་རླབས་ཏེ་ཕྱིན་ཅི་ལོག་གི་ཉོན་མོངས་པ ་གཏི་མུག་བཅོམ་ནས་དེའི་འོག་ཏུ་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་ཡེ་ཤེས་ཀྱི་འོད་ཟེར་གྱི་དྲ་བ་རྣམས་འདུས་པ་ནས་གོང་བུ་ལྟ་བུར་གྱུར་ཏེ། འོད་ཟེར་གྱི་གོང་བུ་དེ་ལས་ས་བོན་ཡེ་ཤེས་ཀྱི་ཡི་གེ་ཨོཾ་དཀར་པོར་གྱུར་པའི ་ས་བོན་དེ་ལས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་བསྐྱེད་དེ། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་མི་ཕྱེད་པར་སྐུ་རྡོ་རྗེ་གཅིག་པའི་ངོ་བོར་གནས་པ་མདུན་དུ་སྨོས་པའི་ཚུལ་དུ་ཉིད་ཀྱི་སྐུ་ལྷ་མོ་སྤྱན་དང་གཉིས་སུ ་མེད་པའི་ཚུལ་དུ་ཞལ་གསུམ་ཕྱག་དྲུག་ཕྱག་མཚན་དྲུག་པ་ཉིད་ཀྱི་ཁོ་དོག་དང་ལྡན་པ་བརྒྱན་རྣམས་ཀྱིས་བརྒྱན་པ། སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། ནམ་མཁའ་ཨི་ཁམས་ཐམས་ཅད་ཀྱི་སེམས་ཅན་མ་ལུས་པ་བྱིན་གྱིས་བརླབས་ཏེ། གཏི་མུག ་གིས་བསྒྲིབས་པའི་སེམས་ཅན་ཐམས་ཅད་ཉིད་ཀྱི་སྐུ་ལ་བསྡུས་ཏེ་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་གཉིས་སུ་མེད་པར་ཐིམ་པར་མཛད་དོ། །རྡོ་རྗེ་ཞེས་པ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཉིད་ཀྱི་གསང་བའི་ཐུགས་ཀའི ་གནས་ན་རྡོ་རྗེ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཡི་གེ་ཧཱུཾ་ཡེ་ཤེས་སེམས་དཔའ་མི་གཡོ་བ་མེ་མར་བཞིན་དུ་རབ་ཏུ་འབར་བ་དེ་ལ་རྡོ་རྗེར་གསུངས་སོ། །གཞན་ཡང་རྡོ་རྗེའི་དོན་བཤད་པར་བྱ་སྟེ། མདུན་དུ་སྨེས་པའི་སྤྲོ་བ་དང་བསྡུ་བའི་ཡེ་ཤེས་ཀྱི་ཆོ་འཕྲུལ་སེམས་ཅན ་བྱིན་གྱིས་བརླབ་པའི་ངོ་བོ་དེ་ནི་དོན་དམ་པར་སྟོན་པ་ཡེ་ཤེས་ཀྱི་ངོ་བོར་གསུངས་སོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞེས་པ་ནི་མདུན་དུ་བཤད་པ་དང་མཐུན་ནོ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། ། ་དངོས་པོ་ཐམས་ཅད་དང་བྲལ་བ་དང། །ཕུང་པོ་ཁམས་དང་སྐྱེ་མཆེད་དང། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོང་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བྱ་བའི་སྒྲ་བཤད ་པར་བྱ་སྟེ། ཇི་ལྟར་ཡིན་ན། རྣམ་པ་གཉིས་སུ་དབྱེ་སྟེ་ཕྱི་དང་ནང་ངོ། །དེ་ལ་ཕྱི་བཤད་པར་བྱ་སྟེ། དངོས་པོ་ཐམས་ཅད་དང་བྲལ་བ་ནི། ཤིང་དང་རྡོ་ལ་སོགས་པ་སྲོག་མེད་པའི་གཟུགས་ཀྱི་དངོས་པོ་ཐམས་ཅད་དོན་དམ་པར་མ་སྐྱེས་པ་ཐ་མར་འཇིག ་པར་གྱུར་བར་གསུངས་སོ། །གཞན་ཡང་སེམས་ཅན་ཐམས་ཅད་སོ་སོར་ལས་ཀྱི་འཁོར་བར་སྐྱེ་བར་གྱུར་པའི་ལམ་གྱིས་སྐྱེས་པ་རྣམས་ཐ་མར་འཇིག་པར་གྱུར་པར་གསུངས་སོ། །གཞན་ཡང་དངོས་པོ་མེད་པའི་དོན་གསལ་བར་བཤད ་པར་བྱ་ཏེ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་ཞེས་པ་ཕུང་པོ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམ་པ་ལྔའོ། །ཁམས་ནི་མིག་གི་ཁམས་དང། གཟུགས་ཀྱི་ཁམས་དང། མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པ་བཅོ་བརྒྱད་དོ། ། ་སྐྱེ་མཚད་ཀྱི་ནི་མིག་གི་སྐྱེ་མཆེད་དང་གཟུགས་ཀྱི་བསྐྱེ་མཆེད་ལ་སོགས་པ་བཅུ་གཉིས་སོ། །གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ནི། མདུན་དུ་སྨོས་པའི་ཕུང་པོ་དང་ཁམས་དང་སེམས་སྐྱེས་མཆེད་རྣམས་མ་སྐྱེས་པ་དངོས་པོ་མེད་པས ་དེའི་ཕྱིར་གཟུང་དང་འཛིན་པ་རྣམ་པར་སྤངས་པ་ཞེས་བྱའོ། །ཆོས་བདག་མེད་པས་མཉམ་ཉིད་པ་ཞེས་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་སོང་གཅིག་པ་དངོས་པོ་མེད་པས་བདག་མེད་པར་གསུངས་སོ། ། ་རང་སེམས་གདོང་ནས་མ་སྐྱེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཐོག་མ་མེད་པ་ནས་མ་སྐྱེས་པ་ཐམས་ཅད་དུ་ཁྱབ་པ། གཞན་ཡང་བྱ་བ་དང་བྱེད་པ་དང་འབྱུང་བའི་སྙིང་པོ་དེའི་རང་བཞིན་ནམ་མཚན་ཉིད་བསྟན་པར་བྱ་ཏེ། སྟོང་པ ་ཉིད་ཀྱི་རང་བཞིན་ནོ་ཞེས་བྱ་བ་བདུན་དུ་སྨོས་པ་སེམས་ཐོག་མ་ནས་མ་སྐྱེས་པ་ངོ་བོ་མེད་པ་སྟོང་པ་སྟེ། དེ་ལྟར་མདོར་བསྡུས་པའི་ཕྱིར་གསུངས་པ། །དེ་ནས་ནང་གི་བཤད་པར་བྱ་ཏེ། དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་པ། དང་པོ་ཡེ་ཤེས ་ཀྱི་གཞལ་ཡས་ཁང་དཀྱིལ་འཁོར་གྱི་ངོ་བོ་ཁ་དོག་དང་རྒྱན་དང་ལྡན་པ་དང། གཞན་ཡང་དཀྱིལ་འཁོར་རྣམས་ཀྱི་ལྷ་ཐམས་ཅད་འབྱུང་བའི་ས་བོན་ཡེ་ཤེས་ཀྱི་ཡིག་འབྲུ་རྣམས་དང། རིགས་སོ་སོའི་དེ་བཞིན་གཤེགས་པའི་ཡེ་ཤེས ་ཀྱི་འོད་ཟེར་དང། མེ་སྟག་དང་འབར་བ་དང་འོད་དང་གསལ་བ་རྣཾས་དང། གཞན་ཡང་ལྷ་རྣམས་ཀྱི་ཕྱག་མཚན་དང། སྐུའི་རྒྱན་ཐམས་ཅད་མདོར་བསྡུས་པའི་ནང་གི་དངོས་པོ་ཐམས་ཅད་ནི་སྲོག་མེད་པ། དོན་དམ་པར་མ་སྐྱེས་ཏེ་དངོས་པོ ་མེད་པས་བསྒོམ་པའི་སྤྲུལ་པ་བྱེད་པ་དེ་ཐ་མར་མཐོང་བར་མི་ནུས་པར་གསུངས་སོ། །གཞན་ཡང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རིགས་སོ་སོ་བྱེ་བྲག་དུ་སྒྲུབ་པ་པོ་རྣམས་ཀྱི་སེམས་བརྟན་པར་བྱ་བའི་ཕྱིར་སྐུ་ཕྱག་རྒྱའི་ངོ་བོར་བསྟན་པ་དེ ་ཀྱང་དངོས་པོ་མེད་པས་བསྒོམ་པའི་སྤྲུལ་པ་དེ་ཐ་མར་མཐོང་བར་མི་འགྱུར་བར་གསུངས་སོ། །གཞན་ཡང་དོན་གསལ་བར་ངོ་བོ་མེད་པའི་དོན་དུ་བསྟན་པར་བྱ་ཏེ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་བྱ་བ་ནི་མདུན་དུ་སྨོས་པ་དང་མཐུན་།གཟུང ་དང་འཛིན་པ་རྣམས་སྤངས་པ་ནི་གོང་དུ་སྨོས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་ཕྱག་རྒྱའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ངོ་བོ་དོན་དམ་པར་མ་སྐྱེས་པར་དངོས་པོ་མེད་པར་གཟུང་བའི་དངོས་པོ་བསྒོམ་པ་དང། མདུན་དུ་སྨོས་པའི་ཚུལ་གྱི་བསྒོམ ་པ་པོ་ནི་འཛིན་པར་བྱེད་པ་གཉིས་དོན་དམ་པར་མ་སྐྱེས་པ་ངོ་བོ་མེད་པས་དེའི་ཕྱིར་གཟུང་དང་འཛིན་པ་རྣམ་པ་སྤང་བ་ཞེས་བྱའོ། །ཆོས་བདག་མེད་པ་མཉམ་ཉིད་པ་ནི་མདུན་དུ་བཤད་པ་དང་མདུན་དུ། རང་སེམས་གདོད་ནས་མ་སྐྱེས་པ་ཡང་མདུན་དུ་བཤད ་པ་དང་མཐུན་ནོ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཉོན་མོངས་པ་ཤེS་རབ་ཀྱི་རྟོགས་ནས་དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོར་གྱུར་ནས་བཤད་པར་བྱའོ། །དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་སྟོང་པ་ཐམས ་ཅད་དུ་ཁྱབ་པ་ཆོས་ཀྱི་སྐུ་གཉིས་སུ་མེད་པའི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་དེའི་ཕྱིར་དོན་དམ་པ་བྱང་ཆུབ་སེམས་བསྒོམ་པ་པེས?་གཉིས་སུ་མེད་པར་མི་ཕྱེད་པར་སྦྱོར ་བས་དངོས་གྲུབ་ཀྱི་འབྲས་བུ་གྲུབ་པར་ཤེས་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་གསུངས་སོ། །ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་བས། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་མི་ཟད་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། དེ་ནས་ཞེས་པ་མདུན་དུ་སྐུའི་རིགས་ཀྱི་བྱང་ཆུབ་སེམས་བཤད་པའི་འོག་ཏུ་རྡོ་རྗེ་རིགས་མི་བསྐྱོད་པའི་བྱང་ཆུབ་སེམས་བཤད་པར ་མཚོན་པའོ། །བཅོམ་ལྡན་འདས་ནི་མདུན་དུ་བཤད་པ་དང་སྦྱར་རོ། །དེ་བཞིན་གཤེགས་པ་ནི་བདེ་སྟེ། བཤད་མི་དགོས་སོ། །མི་སྐྱོད་པ་ཞེས་པ་ནི་ཐུགས་རྡོ་རྗེའི་རིགས་སུ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་རྣམ་པར་སྣང་མཛད་ལ ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །མི་ཟད་པ་ཞེས་པ་ནི་རྡོ་རྗེ་རིགས་མེ་ལོང་ལྟ་བུའི་ཡེ་ཤེS་དེ་ནི་ཡེ་ཤེས་ཐམས་ཅད་ཀྱི་གཙོ་བོར་བསྟན་ཏེ། དེའི་བྱིན་གྱིས་རླབས་ལས། ཡེ་ཤེས་གཞན་ལ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འབྱུང ་བར་གསུངས་སོ། །གཞན་ཡང་མི་ཟད་པ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡིག་འབྲུ་ཧཱུཾ་མེ་དཔུང་འབར་བ་སྤྲིན་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོ་བར་མཛད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སེམས ་ཅན་ཇི་སྙད་གནས་པ་ཐམས་ཅད། བྱིན་གྱིས་རླབས་ཏེ་ཕྱིན་ཅི་ལོག་གི་ཞེ་སྡང་གི་སེམས་བཅོམ་པར་གྱུར་རོ། །དེ་ནས་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་ས་བོན་ཡིག་འབྲུ་ཧཱུཾ་སྤྲིན་ལྟ་བུ་འདུས་པར་མཛད་པ་ལས་གོང་བུ་ལྟ་བུར་གྱུར་ཏེ། ཡེ ་ཤེས་ཀྱི་ཡིག་འབྲུ་ཧཱུཾ་གི་གོང་བུ་དེ་ལས་ཡི་གེ་ཧཱུཾ་མཐིང་ཀ་གཅིག་ཏུ་གྱུར་ཏེ། ས་བོན་ཡིག་འབྲུ་ཧཱུཾ་དེ་ལས་གསང་བའི་ཐུགས་ཡེ་ཤེས་སེམས་དཔའ་ཨི་གནས་ནས་དེ་བཞིན་གཤེགས་པ་མི་སྐྱོད་པ་ཞལ་གསུམ་ཕྱག་དྲུག་ཕྱག་མཚན་དྲུག་པ་ཉིད་ཀྱི་ཁ་དོག ་དང་ལྡན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཉིད་ཀྱི་ཤེས་རབ་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པར་སྦྱོར་བར་ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་པ་སྤྲུལ་པ་མཛད་དེ། དེ་ཉིད་ཀྱི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ས་བོན་ཡིག་འབྲུ་ཧཱུཾ་ལས་ཉིད ་ཀྱི་སྐུ་ཕྱག་རྒྱ་ཆ་ལུགས་ལྟ་བུ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ་འཇིག་རྟེན་གྱི་ཁཾས་ཐམས་ཅད་ཀྱི་སེམས་ཅན་མ་ལུས་པ་ཐམས་ཅད་བྱིན་གྱིས་རླབས་ཏེ་ཞེ་སྡང་གིས་བསྒྲིབས་པའི་སེམས་ཅན་ཐམས་ཅད་ཉིད་ཀྱི་སྐུ་ལ་བསྡུས་ཏེ། གསང་བའི་ཐུགས་ཀ ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་གཉིས་སུ་མེད་པར་ཐིམ་པར་གྱུར་ཏོ། །རྡོ་རྗེ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཉིད་ཀྱི་ཐུགས་ཀ་ན་རྡོ་རྗེ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཡི་གེ་ཧཱུཾ་ཡེ་ཤེས་སེམས་དཔའ་མི་གཡོ་བར་མེ་མར་བཞིན་དུ་རབ་ཏུ་འབར་བ་ལ་རྡོ་རྗེར ་གསུངས་སོ། །རྡོ་རྗེའི་དོན་གཞན་ཡང་བཤད་པར་བྱ་སྟེ། གོང་གི་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱི་སྤྲོ་བསྡུས་སེམས་ཅན་བྱིན་གྱིས་བརླབ་བ་དེ་ནི་དོན་དམ་བར་སྟོང་པ་ཡེ་ཤེས་ཀྱི་ངོ་བོར་གསུངས་སོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་པ་ན་མདུན་དུ ་བཤད་པ་དང་སྦྱར་རོ། །བྱང་ཆུབ་སེམས་འདི་གསུངས་སོ་ཞེས་བྱ་བ་ནི་བདེ་སྟེ་བཤད་མི་དགོས་སོ། །དངོས་པོ་འདི་རྣམས་མ་སྐྱེས་པས། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་བདག་མེད་པ། བྱང་ཆུབ་ཚུལ་འདི་བརྟན་པའོ། །ཞེས་བྱ་བའི ་སྒྲ་བཤད་པར་བྱ་སྟེ་།དངོས་པོ་འདི་རྣཾས་མ་སྐྱེས་པ་ཞེས་པ་ནི་མདུན་དུ་སྨོས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཕྱི་ནང་གི་ཀུན་རྫོབ་དངོས་པོ་ཅན་ཐམས་ཅད་ཐོག་མ་མེད་པ་ནས་མ་སྐྱེས་པར་གསུངས་སོ། །ཆོས་དང་ཆོས ་ཉིད་མེད་པ་སྟེ། ཞེས་པ་ཕྱི་དང་ནང་གི་དངོས་པོ་ཅན་གྱི་ཆོས་ཐམS་ཅད་ཀྱི་ཆོས་ཉིད་ཀྱི་བསྐབས་སུ་མཉམ་པར་ངོ་བོ་མེད་པར་དེ་ལྟར་གཉིས་ཀ་སྟོང་པར་གསུངས་སོ། །ནམ་མཁའ་ལྟ་བུར་བདག་མེད་པ་ཞེས་པ་མདུན་དུ་སྨོས་པའི་ཆོས་དང་ཆོས་ཉིད ་ཀྱི་དཔེར་བསྟན་ཏེ། ནམ་མཁའ་བཞིན་དུ་སྟོང་པར་གསུངས་སོ། །བྱང་ཆུབ་ཚུལ་འདི་བརྟན་བའོ་ཞེས་པ་ནི་གླ?་ན་མེད་པའི་བྱང་ཆུབ་དང་སེམས་དང་འབྲས་བུ་ཆོས་ཀྱི་སྐུ་གཉིས་སུ་མེད་པ་མི་ཕྱེད་པ་སྟེ་ཚུལ་གྱི་དོན་དེ་ལྟར་བསྟན་ཏོ། །དེ་ནS་བསྟན་པ་ཞེS་པ་ནི ་མདུན་དུ་སྨོས་པའི་ཕྱི་ནང་གི་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་མ་ངོ་བོར་མེད་པར་བླ་ན་མེད་པས་བྱང་ཆུབ་བདུད་སྒྲའི་གནོད་པ་ཐབས་དང་རྒྱུ་གང་གིས་ཀྱང་གཡོ་བ་དང་འཇིག་པར་མི་འགྱུར་ཏེ། ཅིའི་ཕྱིར་ན་སྟོང་པ་ནམ་མཁའ་ལྟ་བུ་མི ་འགྱུར་བ་མི་འཇིགས་པས་དེའི་ཕྱིར་བསྟན་པར་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པའི་གསུངས་སོ། །ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་ཏོག་གི ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། དེ་ནས་ནི་རྡོ་རྗེ་རིགས་ཀྱི་བྱང་ཆུབ་སེམས་བཤད་པའི་འོག་ཏུ་རིན་པོ་ཆེའི་རིགས་རིན ་ཆེན་འབྱུང་ལྡན་གྱི་བྱང་ཆུབ་སེམས་བཤད་པར་མཚོན་པའོ། །བཅོམ་ལྡན་འདས་ནི་མདུན་དུ་བཤད་པ་དང་མཐུན་ནོ། །དེ་བཞིན་གཤེགས་པ་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །རིན་པོ་ཆེ་ཏོག་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན ་ཏན་གྱི་ངོ་བོར་རིན་ཆེན་འབྱུང་ལྡན་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །བདག་མེད་པ་ཞེས་པ་ནི་རིན་པོ་ཆེའི་རིགས་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཡོན་ཏན་ཡིན་ནོ། །གཞན་ཡང་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་བདག་མེད་པའི་ངོ་བོར་གསུངས་ཏེ་བདག་མེད་པ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས ་དཔའ་ཨི་གནས་ནས་དང་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་སྭ་མེ་ཕུང་བཞིན་དུ་འབར་བར་སྤྲུལ་ཏེ་དེ་ལས་ཡེ་ཤེས་ཀྱི་འོད་ཟེར་དྲ་བ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན ་གནས་པའི་སེམས་ཅན་ཐམས་ཅད་ཀྱི་བྱིན་གྱིས་རླབ་པར་མཛད་པས། ཕྱིན་ཅི་ལོག་གི་ང་རྒྱལ་བཅོམ་ཏེ་ཡེ་ཤེས་ཀྱི་འོད་ཟེར་གྱི་དྲ་བ་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ས་བོན་ཡིག་འབྲུ་སྭ་ལ་འདུས་པར་མཛད་དོ། །དེའི ་འོག་ཏུ་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ཀྱི་ས་བོན་ཡིག་གེ་སྭ་དེ་ལས་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་ཉིད་ཀྱི་ཤེས་རབ་སྤྲུལ་པའི་ལྷ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པར་སྦྱོར་པས་ཐབས ་དང་ཤེས་རབ་རོལ་པ་བྱེད་པ། ཞལ་གསུམ་ཕྱག་དྲུག་ཕྱག་མཚན་དྲུག་པ་ཉིད་ཀྱི་ཁ་དོག་དང་ལྡན་པ་རྒྱན་ཐམས་ཅད་ཀྱི་བརྒྱན་པ་སྤྲུལ་པར་མཛད་དེ། དེ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ས་བོན་ཡི་གེ་སྭ་ལ་ཉིད་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས ་ལྟ་བུ་དང་ལྡན་པ་སྤྲིན་བཞིན་དུ་སྤྲོ་བར་མཛད་པས་འཇིག་རྟེན་པའི་ཁམས་མ་ལུས་པའི་སེམས་ཅན་ཐམས་ཅད་བྱིན་གྱིས་རླབས་ཏེ་ཕྱིན་ཅི་ལོག་གི་ང་རྒྱལ་དང་ལྡན་པའི་སེམས་ཅན་ཐམས་ཅད་ཉིད་ཀྱི་སྐུ་ལ་སྡུས་ཏེ། གསང་བའི་ཐུགས་ཀ་ཡེ་ཤེས ་སེམས་དཔའ་ཨི་གནས་སུ་གཉིས་སུ་མེད་པར་ཐིམ་པར་གསུངས་སོ། །རྡོ་རྗེ་ཞེས་པ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཉིད་ཀྱི་གསང་བའི་ཐུགས་ཀའི་གནས་ནས་རྡོ་རྗེ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཡེ་ཤེས་སེམས་དཔའ་ཨི་ཡི་གེ་ཧཱུཾ་མེ་མར་བཞིན་དུ་འབར་བ་མི ་གཡོ་བ་དེ་ལ་རྡོ་རྗེར་གསུངས་སོ། །གཞན་ཡང་རྡོ་རྗེ་ཞེས་པའི་དོན་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱི་སྤྲོ་བསྡུས་སེམས་ཅན་བྱིན་གྱིས་བརླབས་པའི་ངོ་བོ་དེ་དོན་དམ་པར་སྟོང་པ་ཡེ་ཤེས་ཀྱི་ངོ་བོར་གསུངས་སོ། ། ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་པ་ནི་མདུན་དུ་བཤད་པ་བཞིན་དུ་འདིར་སྦྱར་རོ། །བྱང་ཆུབ་སེམས་འདི་གསུངས་སོ། །ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ་ཆོས་རྣམས་ཐམས་ཅད་དངོས་མེད་ཅིང། །ཆོས་ཀྱི་མཚན་ཉིད་རྣམ་པར ་བྲལ། །བདག་མེད་ཆོས་ལས་ཀུན་ཏུ་འབྱུང། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཆོས་ཐམས་ཅད་དངོས་པོ་མེད་ཅིང་ཞེས་པ་ནི་མདུན་དུ་བཤད་པའི་ཕུང་པོ་ལ་སོགས་པ་ཕྱི་ནང་གི་ཆོས་ཐམས་ཅད་དོན་དམ ་པར་དངོས་པོ་མེད་པ་དང་སྣང་བ་མེད་པར་གསུངས་སོ། །ཆོས་ཀྱི་མཚན་ཉིད་རྣཾ་པར་བྲལ་ཞེས་པ། ཕྱི་དང་ནང་གི་ཆོས་ཀུན་རྫོབ་ཏུ་གཟུགས་དང་སྒྲ་ལ་སོགས་པ་དང། ཁ་དོག་དཀར་ནག་གི་བྱེ་བྲག་གཟུང་འཛིན་གྱི་ངོ་བོའི་ཆོས་ཐམས་ཅད་ཡོད ་མེད?་དང་བརྟན་མི་བརྟན་དང་ངེས་མི་ངེས་ཀྱི་གཟུང་འཛིན་གྱི་ངོ་བོ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ནི་དོན་དམ་པར་མེད་པའམ་བྲལ་བར་གསུངས་སོ། །བདག་མེད་ཆོས་ལས་ཀུན་ཏུ་བྱུང་ཞེས་པ་ནི་མདུན་དུ་སྨོས་པའི་ཕྱི་ནང་གི་ཆོས ་ཐམས་ཅད་འདས་པ་དང་མ་འོངས་པ་དང་།ད་ལྟར་གྱི་དུས་གསུམ་དུ་བདག་མེད་པ་ལས་བྱུང་བ་སྟོང་པའི་ངོ་བོར་གསུངས་སོ། །བྱང་ཆུབ་ཚུལ་འདི་བརྟན་པའོ་ཞེས་པ་ནི་མདུན་དུ་བཤད་པ་དང་སྦྱར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་ཏོག ་གི་གསུངས་སོ་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པས་ཡེ་ཤེས་ཀྱི་འོད་ཟེར་འབར་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱ་བའི་སྒྲ་བཤད་པར་བྱ་སྟེ། དེ་ནས་ནི་མདུན ་དུ་རིན་པོ་ཆེ་རིགས་ཀྱི་བྱང་ཆུབ་སེམས་བཤད་པའི་འོག་ཏུ་པདྨའི་རིགས་ཚེ་དཔག་ཏུ་མེད་པའི་བྱང་ཆུབ་སེམས་བཤད་པར་མཚོན་པའོ། །བཅོམ་ལྡན་འདས་ནི་མདུན་དུ་བཤད་པ་བཞིན་དུ་འདིར་སྦྱར་རོ། །དེ་བཞིན་གཤེགས་པ་ནི་བདེ་སྟེ་བཤད་མི་དགོས་སོ། ་ཚེ་དཔག་ཏུ་མེད་པ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་ཤེས་རབ་གསུང་གི་ངོ་བོར་གསུངས་སོ། །ཡེ་ཤེས་ཀྱི་འོད་ཟེར་འབར་བའི་སྒྲོན་མ་ཞེས་བྱ་བ་ནི་པདྨའི་རིགས་སོ་སོར་རྟོགས་པའི་ཡེ་ཤེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན ་མེད་པའི་ཤེས་རབ་གསུང་རྡོ་རྗེའི་ངོ་བོར་གསུངས་སོ། །གཞན་ཡང་ཡེ་ཤེས་འོད་ཟེར་འབར་བའི་སྒྲོན་མེ་ཞེས་པ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་དང་པོ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་ས་བོན ་ཡི་གེ་ཨ་མེ་ཕུང་བཞིན་དུ་འབར་བ་ལས་ཡེ་ཤེས་ཀྱི་འོད་ཟེར་གྱི་དྲ་བ་སྤྲིན་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲོ་བར་མཛད། དེ་བཞིན་དུ་ཡེ་ཤེས་ཀྱི་མེ་སྟག་དང་འབར་བ་དང་འོད་དང་གསལ་བ་རྣམS་སྤྲོ་བར་མཛད་དེ། སྤྲོས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས ་ཐམས་ཅད་ན་གནས་པའི་སེམས་ཅན་མ་ལུས་པ་བྱིན་གྱིས་རླབས་པས་ཕྱིན་ཅི་ལོག་གི་འདོད་ཆགས་བཅོམ་སྟེ། ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ཀྱིས་ས་བོན་ཡི་གེ་ཨ་ལ། ཡེ་ཤེས་ཀྱི་འོད་ཟེར་གྱི་དྲ་བ་དང་མེ་སྟག་དང་འབར་བ་དང་འོད ་དང་གསལ་བ་རྣམས་འདུས་པར་མཛད་དེ་གཉིས་སུ་མེད་པའི་གོང་བུར་གྱུར་ཏེ། དེ་ལས་ས་བོན་ཡི་གེ་ཨ་ཁ་དོག་དམར་པོ་ཉིད་ཡེ་ཤེས་ཀྱི་ངོ་བོ་ལས་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་གཟི ་བརྗིད་ཀྱི་ཕུང་པོ་འབར་བ་ཉིད་ཀྱི་ཤེས་རབ་གོས་དཀར་མོ་དང་ལྡན་པར་གཉིས་སུ་མེད་པར་སྦྱོར་བས་ཐབས་དང་ཤེས་རབ་རོལ་པ་མཛད་པ་ཞལ་གསུམ་ཕྱག་དྲུག་ཕྱག་མཚན་དྲུག་པ་ཉིད་ཀྱི་ཁ་དོག་དང་ལྡན་པ་རྒྱན་རྣམས་ཀྱིས་བརྒྱན་པ་སྤྲུལ་སྟེ། དེས ་ཉིད་ཀྱིས་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ས་བོན་ཡིག་འབྲུ་ཨ་ལས་ཉིད་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ལྟ་བུ་སྤྲིན་བཞིན་སྤྲོ་བར་མཛད་དེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་མ་ལུས་པ་བྱིན་གྱིས་བརླབ ་པར་མཛད་དེ་ཕྱིན་ཅི་ལོག་གི་འདོད་ཆགས་དང་ལྡན་པའི་སེམས་ཅན་ཐམས་ཅད་ཉིད་ཀྱི་སྐུ་ལ་བསྡུས་ཏེ་།གསང་པའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་གསུངས་སོ། །རྡོ་རྗེ་ནི་སྟོན་པ་བྱང་ཆུབ་སེམས ་རྡོ་རྗེ་ཉིད་ཀྱི་ཐུགས་ཀ་ན་གནས་པ་རྡོ་རྗེ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཡི་གེ་ཧཱུཾ་ཡེ་ཤེས་སེམས་དཔའ་མི་གཡོ་པ་མེ་མར་བཞིན་དུ་རབ་ཏུ་འབར་བར་གྱུར་པ་ལ་རྡོ་རྗེར་གསུངས་སོ། །གཞན་ཡང་རྡོ་རྗེའི་དོན་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་སྤྲོ་བསྡུའི་ཡེ ་ཤེས་ཀྱི་ཆོ་འཕྲུལ་གྱིས་སེམས་ཅན་བྱིན་གྱིས་བརླབས་པའི་ངོ་བོ་དེ་ནི་དོན་དམ་པར་སྟོང་པ་ཡེ་ཤེས་ཀྱི་ངོ་བོར་གསུངས་སོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་པ་ནི་མདུན་དུ་བཤད་པ་དང་མཐུན་ནོ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། ་ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །མ་སྐྱེས་པའི་ཆོས་རྣམས་ལ། །ངོ་བོ་མེད་དེ་བསྒོམ་པའང་མེད། །ནམ་མཁའ་ཨི་ཚུལ་དུ་སྦྱོར་བ་ཡིས། །དངོས་པོ་དག་ཏུ་རབ་ཏུ་བསྒྲགས། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཅི་ལྟར ་ཡིན་ན་མ་སྐྱེས་པའི་ཆོས་རྣམས་ཞེས་པ་ནི་མདུན་དུ་སྨོས་པའི་ཡན་ལག་དང་ལྡན་པའི་ས་བོན་གྱི་ཡིག་འབྲུ་རྣམས་དང། གཞན་ཡང་དེ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་སེམས་ཅན་གྱི་དོན་སྲརོ་བསྡུ་ཇི་སྙེད ་མཛད་པ་དེ་དག་ཐམས་ཅད་དོན་དམ་པར་མ་སྐྱེས་པ་དོན་དམ་པར་བྱང་ཆུབ་སེམས་ཆོས་ཀྱི་སྐུ་གཉིས་སུ་མེད་པའི་ངོ་བོར་གསུངས་སོ། །ངོ་བོ་མེད་དེ་ཞེས་པ་ནི་མདུན་དུ་སྨོས་པའི་ཆོས་རྣམས་ནི་དོན་དམ་པར་རང་བཞིན་གྱིས་སྟོང་པར ་དེའི་ཕྱིར་ངོ་བོ་མེད་ཅེས་བྱའོ། །བསྒོམ་པའང་མེད་ཅེས་པ་ནི་མདུན་དུ་སྨོས་པའི་ཆོས་རྣམས་ངོ་བོ་མེད་པར་བསྟན་ཏོ། །གཞན་ཡང་བསྒོམ་པར་བྱེད་པ་པོ་ངོ་བོ་མེད་པས་དེ་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པར་བསྒོམ་པ་ཡང་མེད་པར་གསུངས ་སོ། །ནམ་མཁའ་ཨི་ཚུལ་དུ་སྦྱོར་བ་ཡིས་ཞེས་པ་ནི་ཇི་ལྟར་ནམ་མཁའ་རང་བཞིན་གྱིས་ངོ་བོ་མེད་པ་སྟོང་པ་དེ་བཞིན་དུ་མདུན་དུ་སྨོས་པའི་ཆོས་རྣམས་རང་བཞིན་གྱིས་ངོ་བོ་མེད་པ་སྟོང་པ་ཆོས་ཀྱི་སྐུའི་རང་བཞིན་དུ་གཉིས་སུ་མེད་པར་སྦྱོར་བས ་གནས་པར་གསུངས་སོ། །དངོས་པོ་དག་ཏུ་བསྒྲགས་ཞེས་པ་ནི་མདུན་དུ་སྨོས་པའི་ཆོས་རྣམས་ནམ་མཁའ་ཨི་ཚུལ་དུ་སྦྱོར་བའི་ངོ་བོ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་མ་སྐྱེས་པས་མི་འཇིག་པའི་ངོ་བོར་རབ་ཏུ་བསྒྲགས་སོ། །བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པས་གསུངས་སོ། །ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདོན་མི་ཟ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཞལ་ཡས་ཁང། རྡོ་རྗེ་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་།ཞེས་བྱ་བའི་སྒྲ་བཤད་པར་བྱའོ་སྟེ། ཇི་ལྟར་ཡིན་ན། དེ་ནས་ནི་མདུན་དུ་པདྨའི་རིགས་ཀྱི་བྱང་ཆུབ་སེམས་བཤད་པའི་འོག་ཏུ་ལས་ཀྱི་རིགས་ཀྱི་དོན་ཡོད་གྲུབ་པའི་བྱང་ཆུབ་སེམས་བཤད་པར་མཚོན ་པའོ། །བཅོམ་ལྡན་འདས་ནི་མདུན་དུ་བཤད་པ་དང་སྦྱར་རོ། །དེ་བཞིན་གཤེགས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །གྲུབ་པ་གདོན་མི་ཟ་བ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་ཐམས་ཅད་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོར ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཞལ་ཡས་ཞེས་པ་ནི་ལས་ཀྱི་རིགས་བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་མི་སྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་གཉིས་སུ་མེད་པའི་ངོ་བོར་གནས་པ་དོན་ཡོད་གྲུབ་པའི་ཕྱག་རྒྱའི་ངོ ་བོར་གནS་པར་གསུངས་སོ། གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཞལ་ཡས་ཁང་ཞེས་པ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡི་གེ་ཧ ་ཉི་མ་སྟོང་དང་མཉམ་པའི་འོད་འབར་བར་སྤྲུལ་ཏེ་།དེ་ལས་ཡེ་ཤེས་ཀྱི་འོད་ཟེར་གྱི་དྲ་བ་དེ་བཞིན་གཤེགས་པ་ལྔ་སོ་སོའི་རིགS་ཀྱི་བྱེ་བྲག་གི་ཁ་དོག་དང་ལྡན་ཞིང་སྤྲིན་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲོ་བར་མཛད་དེ། འཇིག་རྟེན་གྱི ་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་མ་ལུས་པ་བྱིན་གྱིས་བརླབ་པར་མཛད་པས་ཕྱིན་ཅི་ལོག་གི་ཕྲག་དོག་བཅོམ་སྟེ། གསང་བའི་ཐུཌ་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ཀྱི་ས་བོན་ཡི་གེ་ཧ་ལས་འོད་ཟེར་གྱི་དྲ་བ་རྣམས་འདུས་ནས་གཉིས་སུ ་མེད་པར་གོང་བུ་ལྟ་བུ་འགྱུར་ཏེ་ས་བོན་ཡི་གེ་ཧ?་ཁོད་ལྗང་ཁུ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ལས་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་གཟི་བརྗིད་ཀྱི་ཕུང་པོ་འབར་བ་ཉིད་ཀྱི་ཤེས་རབ་དམ་ཚིག་སྒྲོལ་མ ་དང་གཉིས་སུ་མེད་པར་སྦྱོར་བས་ཐབས་དང་ཤེས་རབ་རོལ་པ་མཛད་པ་ཞལ་གསུམ་ཕྱག་དྲུག་ཕྱག་མཚན་དྲུག་དང་ལྡན་པ་ཉིད་ཀྱི་ཁ་དོག་དང་ལྡན་པ་རྒྱན་རྣམས་ཀྱིས་བརྒྱན་པ་སྤྲུལ་ཏེ། དེ་ཉིད་ཀྱིས་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི ་གནས་ནས་ས་བོན་ཡི་ཧ་ལས་ཉིད་ཀྱི་སྐུ་ཕྱག་རྒྱའི?་ཆ་ལུགས་ལྟ་བུ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱིས་སེམས་ཅན་མ་ལུས་པ་བྱིན་གྱིས་རླབ་པར་མཛད་དེ། ཕྱིན་ཅི་ལོག་གི་ཕྲ་དོག་ཅན་ཐཾས་ཅད་ཉིད་ཀྱི་སྐུ་ལ་བསྡུས་ཏེ། ་གསང་པའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསྟན་ཏོ། །རྡོ་རྗེ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཉིད་ཀྱི་ཐུགས་ཀ་གནས་པ་རྡོ་རྗེ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཡི་གེ་ཧཱུཾ་ཡེ་ཤེས་སེམས་དཔའ་མི་གཡོ་བར ་མེ་མར་བཞིན་དུ་རབ་ཏུ་འབར་བར་གྱུར་པ་ལ་རྡོ་རྗེར་གསུངས་སོ། །གཞན་ཡང་རྡོ་རྗེའི་དོན་ནི་མདུན་དུ་སྨོས་པ་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱི་སྤྲོ་བསྡུས་སེམས་ཅན་བྱིན་གྱི་རླབས་པའི་ངོ་བོ་དེ་ནི་དོན་དམ་པར་སྟོང་པ་ཡེ་ཤེས་ཀྱི་ངོ་བོར་གསུངས་སོ། །ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ནི་མདུན་དུ་བཤད་པ་དང་སྦྱར་རོ། །བྱང་ཆུབ་སེམས་འདི་གསུངས་སོ། །ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །ཆོས་རྣམས་རང་བཞིན་འོད་གསལ་བ། །གདོང་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་མེད ་ཅིང་རྟོག་པ་མེད། །བྱང་ཆུབ་ཚུལ་འདི་བརྟན་པའོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཆོས་རྣམས་རང་བཞིན་འོད་གསལ་བ་ནི་མདུན་དུ་སྨོས་པའི་ནང་གི་ས་བོན་སྔགས་ཀྱི་ཡིག་འབྲུ་རྣམས་ལ་སོགས་པ་ཐམས་ཅད་ཀྱི་རང་བཞིན་ཡེ་ཤེས་ཀྱི་འོད ་དང་འབར་བའི་གསལ་བར་གསུངས་སོ། །གདོད་ནས་དག་པ་ནམ་མཁའ་བཞིན། །ཞེས་པ་ནི་གདོང་མ་ནས་རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བས་དེའི་ཕྱིར་དག་པའི་དོན་དུ་བསྟན་ཏེ། དཔེར་ན་ཉི་མ་ཕྱེད་ཀྱི་སྤྲིན་མེད་པའི་ནམ་མཁའ་ཨི་ངོ་བོ་བཞིན་དུ ་ཆོས་ཐམས་ཅད་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བར་བསྟན་ཏོ། །བྱང་ཆུབ་མེད་ཅིང་རྟོག་པ་མེད་ཞེས?་པ་དོན་དམ་པའི་བྱང་ཆུབ་མ་སྐྱེས་པ་སྟོང་པའི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་སྙིང་པོ་ཆོས་ཀྱི་སྐུ་གཉིས་སུ ་མེད་པའི་ཕྱིའི་ཀུན་རྫོབ་ཀྱི་དངོས་པོ་དང་བྲལ་བ་གཟུང་དུ་མེད་པར་བསྟན་ཏོ། །དམ་ཚིག་ནི་ནམ་པ་གཉིས་ཏེ་ཕྱི་དང་གསང་བའོ། །དེ་ལ་ཕྱི་ནི་སེམས་ཅན་ཐམས་ཅད་འགྲོ་བའི་ཐབས་ཐུགས་རྡོ་ཆེན་པོ་ནི་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པའི་ངོ་བོ ་ཡིན་པས་དམ་ཚིག་དུ་གསུངས་སོ། །གསང་བའི་དམ་ཚིག་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འདོད་ཆགས་ཆེན་པོའི་དགའ་བའི་ཐུགས་ཀྱི་སོ་སོའི་ཤེས་རབ་ལྷ་མོ་དང་གཉིས་སུ་མེད་པར་འཁྱུང་པའི་སྦྱོར ་བས་རྡོ་རྗེའི་མཛད་ནས་ཇི་ལྟར་བདེ་བར་གྱུར་པ་དེ་བཞིན་དུ་སྒྲུབ་པ་པོ་རྣམས་ཀྱིས་གསང་བའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་ཐབས་དང་ཤེས་རབ་རོལ་པའི་ཚོགས་བདེ་བ་ཐོབ་ནས་བྱང་ཆུབ་སེམས་བྱིན་གྱིས་རླབས་ཏེ་བཟའ་བར་བསྟན་པའང་དོན་དམ་པར ་ཆོས་ཐམས་ཅད་མ་སྐྱེས་པའི་ངོ་བོ་ཡིན་པས་དེའི་ཕྱིར་རྟོག་པ་མེད་ཅེས་བྱའོ། །བྱང་ཆུབ་ཚུལ་འདི་བསྟན་པའོ་ཞེས་པ་ནི་མདུན་དུ་སྨོས་པའི་དེ་བཞིན་པ་གཤེགས་པ་ཐམས་ཅད་ཀྱི་དོན་དམ་པ་བྱང་ཆུབ་སེམས་བཤད་པའི་དོན་མདོར་བསྡུས ་བའི་བྱང་ཆུབ་ཀྱི་ཚུལ་དེ་ནི་དོན་དམ་པར་མ་སྐྱེས་པ་སྟོང་པ་མི་ཟད་པ་དུས་བརྟག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་འབྲས་བུའི་ངོ་བོ་འཕེལ་བ་བརྟན་པ་ངེས་པ་སྟེ། དེའི་ཕྱིར་བྱང་ཆུབ་ཚུལ་འདི་བརྟན་པའོ་ཞེས་གསུངས་སོ།། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གྲུབ་པ་གདོན་མ་དྲི?་བ་གསུངས་སོ་བདེ་སྟེ་བཤད་མི་དགོས་སོ། །དེ་ནས་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ ་དང་ཐུགས་ཀྱི་གསང་བའི་ཆོས་ཉིད་ཐོས་ནས་ངོ་མཚར་དུ་གྱུར་རྨད་དུ་གྱུར་ཏེ་།ཆེད་དུ་གླེང་བ་ནི་སྨྲས་སོ་ཞེས་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ། དེ་ནས་ནི་བཅོམ་ལྡན་འདས་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་དེ་བཞིན་གཤེགS ་པ་ཐམས་ཅད་ཀྱི་དོན་དམ་པ་བྱང་ཆུབ་སེམས་བཤད་པར་རྫོགས་པའི་སྐབས་སོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཞེས་པ། བྱམས་པ་དང་ཕྱག་ན་རྡོ་རྗེ་དང་འཇམ་དཔལ་ལ་སོགས་བརྗོད་དུ་ཡོད་པ་དང་བརྗོད ་དུ་མེད་པ་དུས་རྟག་ཏུ་སེམས་ཅན་ཐམས་ཅད་འདུལ་བ་དང་གྲོལ་བའི་དོན་སྣ་ཚོགས་སུ་མཛད་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོཌ ་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །སྐུ་དང་གསུང་དང་ཐུགས་གསང་བའི་ཆོས་ཉིད་ཅེས་པ་ནི་གོང་དུ་སྨོས་པ་བཅོམ་ལྡན་འདས་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་དམ་པ་བྱང་ཆུབ་སེམས ་བཤད་པ་སྐུ་དང་གསུང་དང་ཐུགས་མི་ཕྱེད་པ་ཡེ་ཤེས་ལྔའི་གནས་།དངོས་གྲུབ་ཐམས་ཅད་ཀྱི་འབྲས་བུའི་ངོ་བོ་འགྲོ་བའི་དོན་དུ་གྱུར་པ་དོན་དམ་པ་བྱང་ཆུབ་སེམས་དེ་ནི་སྟོན་པ་ནམ་མཁའ་ལྟ་བུ་ཐམས་ཅད་དུ་ཁྱབ་པ་ཆོས་ཀྱི་སྐུ་གཉིས་སུ་མེད ་པའི་ངོ་བོའི་ནི། ཉན་ཐོས་དང་རང་སངས་རྒྱས་དང་གཞན་ཡང་ཕྱིའི་ཏིང་ངེ་འཛིན་གྱི་ལྷ་ཚངས་པ་དང། བརྒྱ་བྱིན་དང། དབང་ཕྱུག་ཆེན་པོ་དང། ཁྱབ་འཇུག་ཆེན་པོ་དང་ཁྱབ་འཇུག་ལ་སོགས་པ་སྐལ་བ་དང་མི་ལྡན་པ་འདོད་ཆགས་དང ་ཞེ་སྡང་དང། གཏི་མུག་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ཀྱིས་བསྒྲིབས་པའི་དབང་གི་དེ་དག་གིས་མ་རྟོཌ་པS་དེའི་ཕྱིར་གསང་པའོ། །དེ་ལྟར་མདོར་བསྡུས་པའི་གསང་བའི་ཆོས་ཉིད་དོ། །ཐོས་པ་ནི་མདུན་དུ་སྨོས་པ་བྱམས་པ་དང་ཕྱག་ན་རྡོ་རྗེ ་དང་འཇམ་དཔལ་ལ་སོགས་པ་བརྗེད་དུ་ཡོད་པ་དང་བརྗོད་དུ་མེད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཆོས་ཉིད་དོན་དམ་པ་བྱང་ཆུབ ་སེམས་བཤད་པའི་དོན་ཐོས་པའོ། །ངོ་མཚར་དུ་གྱུར་རྨད་དུ་གྱུར་ཞེས་པ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་མདུན་དུ་སྨོས་པའི་ཆོས་བཤད་པ་ཐོས་མ་ཐག་ཏུ་བྱམས་པ་དང་ཕྱག་ན་རྡོ་རྗེ་དང་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རྣམས་ཀྱི་སེམས་ཀྱི་ཐེ་ཚོཾ་འཆད་པར་གྱུར་ཏེ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ཀྱི་ཚུལ་དོན་དམ་པ་བྱང་ཆུབ་སེམས་ཀྱི་དོན་བརྟོགས་པ་དེའི་ཕྱིར་ངོ་མཚར་དུ་གྱུར་རྨད་དུ་གྱུར་ཞེས་བྱའོ། །ཆེད་དུ་གླེང་བ་འདི་སྨྲས་སོ། ། ་ཞེས་པ་ནི་ངོ་མཚར་དུ་གྱུར་རྨད་དུ་གྱུར་དེ་རྨད་དུ་གྱུར་མ་ཐག་ཏུ་སེམས་དགའ་བ་ཆེན་པོ་དང་པ་སྐྱེས་དེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ལག་པ་གཉིས་ཕྱག་འཚལ་བའི་ཐལ་མོ་སྦྱར་ཏེ། ལན་མང་པོར་ཕྱག་འཚལ་ནས་དེའི་འོག ་ཏུ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་རྣམས་དང་མི་ཕྱེད་པའི་ངོ་བོ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་ཕྱག་རྒྱ་ལ་བསྟོད་པའི་བྱེ་བྲག་སྣ་ཚོགས་པ་མཛད་པར་གསུངས་སོ། །ེ་མའོ་སངས་རྒྱས ་ཨེ་མའོ་ཆོས། །ཆོས་བཤད་པ་ནི་ངོ་མཚར་ཆེ། །དེ་ཉིད་དན་ནི་དག་པའི་དོན། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཨེ་མའོ་སངས་རྒྱས་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་དེ་བཞིན་གཤེགས་པ ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་བདག་པོར་བསྟན་པའོ། །ེ་མའོ་ཆོས་ཞེས་པ་ནི་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་མེ་ལོང་ལྟ་བུའི་ཡེ་ཤེས་ནི་མི་བསྐྱོད་པའི་སྐུ་ཕྱག་རྒྱར་གསུངས་སོ། །ེ་མའོ་ཆོས་བཤད་པ་ནི་ཞེས ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་རྡོ་རྗེའི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་ནི་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱར་བསྟན་ཏོ། །དེ་ཉིད་དོན་དག་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་སྐུ་ཕྱག་རྒྱའི་རྡོ་རྗེ་ཡང་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ནི་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱའོ། །དག་པའི་དོན་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་ཐམས་ཅད་ཀྱི་ངོ་བོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རིན་ཆེན ་འབྱུང་ལྡན་གྱི་སྐུ་ཕྱག་རྒྱའོ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ་ཞེས་པ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ཉིད་དང་དེ་བཞིན་གཤེགས་པ་རྣམ་པ་ལྔའི་དོན་དམ་པ་བྱང་ཆུབ་སེམས་རིམ་པ་བཞིན་དུ་བཤད་པའི་དོན་བྱམས་པ་དང་ཕྱག ་ན་རྡོ་རྗེ་དང་འཇམ་དཔལ་ལ་སོགས་པ་མདུན་དུ་སྨོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐོས་ནས་རྟོགས་པར་གྱུར་པས། སེམས་ངོ་མཚར་སྐྱེས་ཏེ་དད་པ་ཆེན་པོས་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་དེ ་བཞིན་གཤེགས་པ་རྣམ་པ་ལྔ་དང་དོན་དམ་པ་བྱང་ཆུབ་སེམས་གཉིས་སུ་མེད་པའི་ངོ་བོ་སྐུ་དང་གསུང་དང་ཐུགས་ལ་བསྟོད་ཅིང་ཕྱག་འཚལ་བར་གསུངས་སོ། །བདག་མེད་པ་ཡི་ཆོས་ལས་བྱུང། །སངས་རྒྱས་བྱང་ཆུབ ་རྫོགས་བྱེད་པ། །རྣམ་པར་མི་རྟོག་དམིགས་སུ་མེད། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། བདག་མེད་པའི་ཆོས་ལས་བྱུང་བ་ནི། དེ་བཞིན་གཤེགས་པའི་དངོས་གྲུབ་ཐམས་ཅད་ཀྱི་འཕྲིན ་ལས་ཆོས་ཐམས་ཅད་ཀྱི་ངོ་བོ་བདག་མེད་པ་སྟོད་པ་དེ་ལས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལས་དང་པོ་པ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་རྣམས་ཀྱི་སྒྲུབ་པ་ལ་འཇུག་པའི་ཐབས་སུ་དཀྱིལ་འཁོར་གྱི་ལྷ་ལ་སོགS ་པ་ནང་དང་གསང་བའི་ཆོས་ཐམས་ཅད་འབྱུང་བར་བསྟན་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཞེས་བ་སངས་རྒྱས་ནི་རྡོ་རྗེའི་བདག་པོ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་དང་མི་བསྐྱོད ་རྡོ་རྗེ་ནི་རྒྱུད་འདི་མགོ་འཇུག་གི་སྟོན་པ་བདག་པོ་སྟེ་སངས་རྒྱས་ཞེས་བྱའོ། །བྱང་ཆུབ་ནི་དམ་པའི་ཚུལ་ཡེ་ཤེས་ཀྱི་ལྷ་མོ་ཐམས་ཅད་གཅིག་པའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་སྟེ་ཀུན་རྫོབ་དུ་དེ་ལས་བྱུང་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ ་རྡོ་རྗེ་དགའ་མ་མཱ་མ་ཀཱིའི་སྐུ་ཕྱག་རྒྱ་ལ་བྱང་ཆུབ་སེམས་ཞེས་བྱའོ། །རྫོགས་བྱེད་ཞེས་པ་ནི་མདུན་དུ་སྨོས་པའི་རྡོ་རྗེའི་བདག་པོ་སྟོན་པ་སངས་རྒྱས་རྣམ་གཉིས་ཀྱིས། བྱང་ཆུབ་དུ་མཚན་བཏགས་པ་ཡེ་ཤེས་ཀྱི་ལྷ་མོ་རྡོ་རྗེ་དགའ་མ་མཱ་མ་ཀཱི་དང ་འདོད་ཆགས་ཆེན་པོ་དགའ་བས་གསང་བའི་མཆོད་པ་བྱས་པ་ཐུགས་མཉེས་པ་རྫོགས་པར་གྱུར་ཏོ། །གཞན་ཡང་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་སྒྲུབ་པར་བྱེད་པའི་དུས་སུ་ཐབས་དང་ཤེས་རབ་སྦྱོར་བའི་རོལ་པ་བྱང་ཆུབ་སེམས་སྔགས ་ཀྱི་བྱིན་གྱིས་བརླབས་པའི་ཆོ་གའི་བཟའ་བས་ཡེ་ཤེས་ཀྱི་ལྷ་མོའི་རྡོ་རྗེ་དགའ་མ་མཱ་མ་ཀཱི་མཉེས་པར་གྱུར་ཏེ། སྒྲུབ་པ་པོ་རྣམས་ལ་གསང་སྔགས་ཀྱི་དངོས་གྲུབ་གསོལ་བར་རེ་བ་རྫོགས་པར་འགྱུར་རོ། །དེ་ལྟར་མདོར་བསྡུས་པ་སངས་རྒྱས ་བྱང་ཆུབ་རྫོགས་བྱེད་བའི་དོན་ནི་མ་མཱ་མ་ཀཱིའོ། །རྣམ་པར་མི་རྟོག་དམིགས་སུ་མེད་ཞེས་པ་ནི་ཐོག་མ་མེད་པའི་བུས?་ནས་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་?་ཡེ་ཤེས་ལས་བྱུང་བ་དོན་དམ་པར་དམིགས ་སུ་མེད་པ་གནས་པ་མེད་པའི་ངོ་བོ་ཡེ་ཤེས་ཀྱི་ལྷ་མོ་གཏི་མུག་དགའ་མ་ལོ་ཙན་ལ་བྱའོ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ་ཞེས་པ་ནི། གོང་དུ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་དང་དེ་བཞིན་གཤེགས་པ་རྣམ་པ་ལྔ་དོན་དམ་པར་དབྱེར་མེད ་པ་གཅིག་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ལྷ་མོ་རྣམས་དང་གཉིས་སུ་མེད་པར་བྱང་ཆུབ་སེམས་གཅིག་པའི་ངོ་བོ། སྐུ་དང་གསུང་དང་ཐུགས་ལ་བསྟོད་ཅིང་ཕྱག་འཚལ་བར་གསུངས་སོ། ། ་ཀུན་ཏུ་བཟང་པོ་དག་པའི་དོན། བྱང་ཆུབ་བཟང་པོ་རྫོགས་པར་བྱེད། །བྱང་ཆུབ་སྤྱོད་པ་རྡོ་རྗེ་ཆེ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཀུན་ཏུ་བཟང་པོ་དག་པའི་དོན་ནི་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་བླ་ན་མེད་པའི་འདོད་ཆགས་ཀྱི་ངོ་བོ་སྣང་བ་མཛའ་ཡས་ལས་ཀུན་ཏུ་བཟང་པོར་མཚན་བཏགས་པའི་དགའ་མ་།རྣམ་པར་རྟོག་པ་མེད་པའི་འདོད་ཆགས་ཀྱི་སྤྱོད་པ་སྤྱད་པས་བླ་ན་མེད་པའི་འདོད་ཆགས་ཀྱི་སྤྱོད་པ་སྤྱད་སྤྱད་པས་བླ ་ན་མེད་པའི་འདོད་ཆགས་ཀྱི་ངོ་བོ་སྣང་བ་མཛའ་ཡས་དགྱེས་པར་བྱེད་པས་དག་པའི་དོན་སོ་སོར་རྟོག་པའི་ཡེ་ཤེས་ལས་བྱུང་བས་ན་ན་བཟའ་དཀར་མོར་གསུངས་སོ། །བྱང་ཆུབ་བཟང་པོ་རྫོགས་བྱེད་པ་ནི་བླ་ན་མེད་པའི་འབྲས་བུ་གཉིས་སུ ་མེད་པའི་ངོ་བོ་དོན་དམ་བ་བྱང་ཆུབ་སེམས་བསྒྲུབ་པའི་ཐབས་ཞི་བ་ལ་སོགས་པ་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་དོན་ཡོད་གྲུབ་པ་མཉེས་པར་བྱེད་པ་དོན་དམ་པའི་བྱང་ཆུབ་སེམས་དང་རྫོགས་པར་གྲུབ་པར་བྱེད་པ་བྱ་བ་ནན་ཏན་གྱི་ཡེ་ཤེས ་ལས་བྱུང་བ་དམ་ཚིག་སྒྲོལ་མར་གསུངས་སོ། །བྱང་ཆུབ་སྤྱོད་པ་ཞེས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཐོག་མ་མེད་པ་ནས་འཁོར་བའི་སྐྱེ་ཤི་ཉོན་མོངས་པའི་སྡུག་བསྔལ་ཐམས་ཅད་བྲལ་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་དེའི་སྤྱོད་པ་ནི ་དུས་རྟག་ཏུ་ཐབས་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་བསྟན་ཏེ། རྡོ་རྗེ་ཆེ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་བྱུང་བ་འཆི་བདག་གི་བདུད་ལ་སོགས་པ་བགེགས་མ་རུངས་པ་ཐམས་ཅད་འཇོམས་པར ་བྱེད་པ་ཁྲོ་བོའི་རྒྱལ་པོ་ཆེན་པོ་གཤིན་རྗེ་གཤེད?་དུ་བསྟན་ཏོ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ་ཞེས་པ་ནི་མདུན་དུ་སྨོས་པའི་ཚུལ་དུ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་དང་དོན་དམ་པ་གཉིས་སུ་མེད་པའི་ངོ་བོ། ཁྲོ་བོའི་རྒྱལ་པོ་རྣམས་དང ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སྐུ་དང་གསུང་དང་ཐུགས་ལ་བསྟོད་ཅིང་ཕྱག་འཚལ་བའོ། །དག་པ་དེ་བཞིན་གཤེགས་བའི་ཐུགས། །སྐུ་དང་གསུང་ཐུགས་རྡོ་རྗེ་འཛིན། །སངས་རྒྱས་བྱང་ཆུབ་རབ་བསྟོན་པ། །བྱང་ཆུབ་སེམས་ལ་ཕྱག་? ་འཚལ་ལོ། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ་།དག་པ་དེ་བཞིན་གཤེགས་པའི་ཐུགས་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་རྡོ་རྗེ་མི་བསྐྱོད་པ་ཡིན་ཏེ། ཐོག་མ་མེད་པ་ནས་རྣམ་པར་རྟོག་པ་ཐམས་ཅད་དང་ཉོན་མོངས་པའི་དྲི ་མ་དང་བྲལ་བས་དག་པ། མེ་ལོང་ལྟ་བུའི་ཡེ་ཤེས་ལས་བྱུང་བ་ཉོན་མོངས་པའི་བདུད་ཚངས་པ་ལ་སོགས་པ་གནོད་པར་བྱེད་པ་མ་རུངས་པ་ཐམས་ཅད་འཇོམས་པ་ཁྲོ་བོའི་རྒྱལ་པོ་ཆེན་པོ་པྲཛྙཱནྟ་ཀར་བསྟན་ཏོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ ་འཛིན་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ཨི་ཐུགས་མཉེས་པར་བྱེད་པའི་བླ་ན་མེད་པ་འདོད་ཆགས་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ངོ་བོ་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་སམ་བདག་པོ་མེ་ལོང་ལྟ་བུའི་ཡེ་ཤེས་སོ་སོར་རྟོག་པའི་ཡེ་ཤེས ་བྱུང་བ་དེ་ལ་ལྷའི་བུ་བདུད་ཀ་མདེ་བ་ལ་སོགས་པ་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་འཇོམས་པར་བྱེད་པཱི་རྡོ་རྗེ་འཛིན། ཁྲོ་བོའི་རྒྱལ་པོ་ཆེན་པོ་པདྨཌཏ?་ཀར་བསྟན་ཏོ། །སངས་རྒྱས་བྱང་ཆུབ་རབ་བསྟོན་པ་ཅེས་པ་ནི། སངས་རྒྱས་ནི་མི་བསྐྱོད་པ་ལ ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །བྱང་ཆུབ་ནི་གོང་དུ་སྨོས་པའི་དེ་བཞིན་གཤེགས་པ་རྣམ་པ་ལྔ་དོན་དམ་པ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་བདེ་བ་ཆེན་པོའི་གནས་སུ་གསུངས་སོ། །རབ་སྟོན་པ་ནི་མདུན་དུ་བཤད་པའི ་དོན་དམ་པའི་བྱང་ཆུབ་སེམས་ལ་འཇུག་བས་འབྲས་བུ་ཐོབ་པའི་དུས་སུ་དེད་དཔོན་བཞིན་དུ་འབྲས་བུ་སངས་རྒྱས་དང་བྱང་ཆུབ་ཐོབ་པར་བྱེད་པའོ། །གཞན་ཡང་ཕུང་པོའི་བདུད་བགེགས་ཀྱི་རྒྱལ་པོ་བིན་ཡ་ཀ་ལ་སོགས་པའི ་མ་རུངས་པ་ཐམས་ཅད་འཇོམས་པར་བྱེད་པ། མེ་ལོང་ལྟ་བུའི་ཡེ་ཤེས་ལས་སྤྲུལ་པ་ཁྲོ་བོའི་རྒྱལ་པོ་ཆེན་པོ་བགེགས་ཀྱི་གཤེད་དུ་གསུངས་སོ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ་ཞེས་པ་ནི་མདུན་དུ་སྨོས་པའི་ཚུལ་གྱི་སྟོན་པ་བྱང ་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དང་དོན་དམ་པར་གཉིས་སུ་མེད་པ་དོན་དམ་པ་བྱང་ཆུབ་སེམས་དང་མི་ཕྱེད་པ་ངོ་བོ་སྐུ་དང་གསུང་དང་ཐུགས་ལ་བསྟོད་ཅིང་ཕྱག་འཚལ ་ལོ། །མ་ལུས་སྐུ་གསུང་ཐུགས་འཛིན་པ། བྱང་ཆུབ་ཚུལ་འདི་བརྟན་པ་སྟེ། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ་ཞེས་པ་ནི། མ་ལུས་སྐུ་གསུང་ཐུགས་འཛིན་པ་ནི། རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་མ་ལུས་པ ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མ་ལུས་བྱང་ཆུབ་སེམས་རྡོ་རྗེ་དང་མི་བསྐྱོད་བེ་རྡོ་དེ་བཞིན་གཤེགས་པའི་སྐུ་ཕྱག་རྒྱས་འཛིན་པར་གསུངས་སོ། །བྱང་ཆུབ་ཚུལ་འདི་བརྟན་པའོ། །ཞེས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ཚུལ་ནི་མ ་སྐྱེས་པ་སྟོང་པའི་ངོ་བོ་སྟེ། དེའི་ཕྱིར་བརྟན་པ་ཞེས་བྱའོ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ་ཞེས་པ་ནི། བྱང་ཆུབ་སེམས་རྣམས་གཉིས་ཏེ། ཀུན་རྫོབ་དང་དོན་དམ་པའོ། །དེ་ལ་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བའི ་ཕྱིར་ཐབས་ཐུགས་རྗེ་ཆེན་པོ་སྣ་ཚོགས་པར་མཛད་པས་མཐར་ཕྱིན་ནས་དོན་དམ་པ་དང་གཉིས་སུ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འབྲས་བུའི་ངོ་བོ་ཡིན་ཏེ། དེ་དང་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་དབྱེར་མེད་པ ་བསྟོད?་ཅིང་ཕྱག་འཚལ་བའོ། །།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་འགྲེལ་པ། །མཁས་པ་ཆེན་པོ་རྡོ་རྗེ་སློབ་དཔོན། །འཕགས་པ་ཀུན་དགའ་ཨི་སྙིང་པོས་མཛད་པ།། །།ལེའུ་གཉིས་པ་རྫོགས་སོ། ། ་དེ་ནས་ལེའུ་གཉིས་པའི་འོག་ཏུ། ད་ནི་ལེའུ་གསུམ་པ་རྡོ་རྗེ་བཀོད་པའི་ལེའུ་བཤད་པར་བྱ་སྟེ་།སྒྲུབ་པ་པོ་རྣམས་སེམས་བསྟན་པར་བྱ་བ་དང། ཏིང་ངེ་འཛིན་གྱི་ལྷ་རྗེས་སུ་དྲན་ཐབས་རང་དགའ་བའི་ལྷ་མཉེས་པར་བྱ་བའི་ཕྱིར། མན་ངག་བསྟན་པར ་བྱ་སྟེ། དེ་ནས་བཅོམ་ལྡན་འདས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་།དེ་བཞིན་གཤེགས་པ་ཐམས་ཅད་འཕྲོ་པའི་སྤྲིན་བཀོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ། ་ཇི་ལྟར་ཡིན་ན། དེ་ནས་ལེའུ་གཉིས་པ་བྱང་ཆུབ་སེམས་བཤད་པའི་འོག་ཏུ། ལེའུ་གསུམ་པ་བཤད་པར་མཚོན་པར་གསུངས་སོ། །བཅོམ་ལྡན་འདས་ནི་གོང་དུ་བཤད་པ་བཞིན་དུ་འདིར་སྦྱར་རོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཞེས་པ ་ནི། རྡོ་རྗེ་འཛིན་ཆེན་པོ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བྱའོ། །དེ་ནས་འཕྲོ་བ་ཞེས་པ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས ་ཉིད་ཀྱི་ཤེས་རབ་རྡོ་རྗེ་དགའ་མ་དང་དབང་པོ་གཉིས་མཉམ་པར་སྦྱར་བའི་གསང་བའི་ཐུགས་ཀ་ཡེ་ཤེས་སེཾས་དཔའ་ཨི་གནས་ནས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་སོ་སོའི་ཡེ་ཤེས་ཀྱི་སྔགས་ཀྱི་ས་བོན་གྱི་ཡིག་འབྲུ ་ལས་རིམ་པ་བཞིན་དུ་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང་སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་རིམ་པ་བཞིན་དུ་སོ་སོ་ཁ་དོག་དང་ལྡན་པ་གཟི་བརྗིད་ཀྱི་ལུང་པོ་ཞལ་གསུམ་ཕྱག་དྲུག་དང་ལྡན་པ་རིན་པོ་ཆེ་ ་སྣ་ཚོགས་ཀྱི་བརྒྱན་པ་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་ནས་སྦྱོར་བའི་ཚུལ་དུ་འཛིན་པ་ཆ་ལུགས་དེ་ལྟ་བུ་དང་ལྡན་པའི་དེ་བཞིན་གཤེགས་པ་ཐམས་ཅད་འགྲོ་བར་མཛད་པར་གསུངས་སོ། །དེ་ནས་སྤྲིན་བཀོད་པ ་ཞེས་པ་ནི་མདུན་དུ་སྤྲོ་བ་གྲངས་མེད་པ་སྤྲིན་བཞིན་དུ་བཀོད་པའི་དེ་བཞིན་གཤེགས་པ་ཐམས་ཅད་སོ་སོའི་རིགས་ཀྱི་བྱེ་བྲག་སྤྲིན་བཞིན་དུ་བཀོད་པ་རྣམས་ནམ་མཁའ་ཨི་དབྱིངས་ཐམས་ཅད་དུ་སྤྲོ་བར་མཛད་པས། ཁྱབ་ཏེ་སྤྲོ་མ་ཐག་ཏུ ་སེམས་ཅན་མ་ལུས་པ་ཐམས་ཅད་བྱིན་གྱིས་རླབ་པར་མཛད་དེ་བྱིན་གྱིས་བརླབས་པའི་ཆོ་གའི་དོན་གསལ་བར་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པས་ཞེ་སྡང་གི་ངོ་བོ་དབང་ཕྱུག་ཆེན་པོ་བྱིན་གྱིས་བརླབས ་མ་ཐག་ཏུ་འཁོར་དང་བཅས་པ་ཉིད་ཀྱི་སྐུ་ལ་ཐིམ་པར་མཛད་དོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་གཏི་མུག་གི་ངོ་བོ་ཚངས་པ་འཁོར་དང་བཅས་པ་བྱིན་གྱིས་བརླབས་མ་ཐག་ཏུ་ཉིད་ཀྱི་སྐུ་ལ་ཐིམ་པར་མཛད་དོ། ། ་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་གྱི་ངོ་བོ་བརྒྱ་བྱིན་འཁོར་དང་བཅས་པ་བྱིན་གྱིས་བརླབས་ཏེ། བྱིན་གྱིས་བརླབས་མ་ཐག་ཏུ་ཉིད་ཀྱི་སྐུ་ལ་ཐིམ་པར་མཛད་དོ། །དེ་ལྟར་ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་བྱིན་གྱིས ་བརླབ་པར་མཛད་པའི་འོག་ཏུ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་དེ་བཞིན་གཤེགས་པ་སྤྲིན་བཞིན་དུ་བཀོད་པ་ཐམས་ཅད་ཉིད་ཀྱི་གསང་བའི་ཐུགས་ཀ?་ཡེ་ཤེས་སེམས་དཔའ་ཨི་གནས་སུ་བསྡུ་བར་ཤེས་པར་བྱའོ། །རྡོ་རྗེ་ནི་སྟོན་པ་བྱང ་ཆུབ་སེམས་རྡོ་རྗེ་ཉིད་ཀྱི་ཐུགས་ཀ་ན་གནས་པའི་རྡོ་རྗེ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཡི་གེ་ཧཱུཾ་ཡེ་ཤེས་སེམས་དཔའ་བསྟན་པ་མི་གཡོ་བ་མེ་མར་བཞིན་དུ་འབར་བར་གྱུར་པ་ལ་རྡོ་རྗེའི་དོན་དུ་གསུངས་སོ། །གཞན་ཡང་རྡོ་རྗེའི་དོན་ནི ་མདུན་དུ་སྨོས་པའི་སྤྲོ་བ་དང་བསྡུ་བའི་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱི་སེམས་ཅན་བྱིན་གྱིས་བརླབས་པའི་ངོ་བོ་དེ་ནི་དོན་དམ་པར་སྟོང་པ་ཡེ་ཤེས་སུ་གསུངས་པའོ། །དེ་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་པ་ནི་ལེའུ་གཉིས་པར་ཇི་ལྟར་བཤད ་པ་བཞིན་དུ་འདིར་སྦྱར་རོ། །དེ་ནས་རྡོ་རྗེ་བཀོད་པ་ཞེས་བྱ་བའི་ལེའུ་འདི་གསུངས་སོ། །ཞེས་པ་ནི་བདེ་སྟེ་བཤད་མི་དགོས་སོ། །ོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ་ཞེས་བྱ་བའི་སྒྲ་བཤད་པར་བྱ་ཏེ། ཇི་ལྟར་ཡིན་ན་སྒྲུབ་པ་པོ་སྟན་བདེ་མོ་ལ ་འདུག་ཏེ། དང་པོ་ཏིང་ངེ་འཛིན་ལ་མ་ཞུགས་པར་ཆོས་ཐམས་ཅད་སྟོང་པ་ངོ་བོ་མེད་པར་བསམས་ཏེ་དེའི་འོག་ཏུ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཏྨ་ཀོ་ཧཾ། ཞེས་སྔགས་བརྗོད་པས་སྒྲུབ་པ་པོ་ཉིད་ཀྱི་གཟུགས་ཀྱི་ཕུང་པོ་ངོ་བོ་མེད་པ་སྟོང་པར་བསཾ ་པར་གསུངས་སོ། །ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པ་ནི། །འོད་ཟེར་སྤྲིན་གྱིས་བཀོད་པ་ཆེ། །སངས་རྒྱས་འབར་བའི་འོད་དང་མཉམ་ཞེས་བྱ་བའི་སྒྲ་བཤད་པར་བྱ་ཏེ། ཅི་ལྟར་ཡིན་ན། ནམ་མཁའ་ཨི་དབྱིངས ་ཀྱི་དབུས་གནས་པར་ཞེས་པ་བྱེ་བྲག་རྣམ་པ་གསུམ་ཏེ། ཕྱི་དང་ནང་དང་གསང་བའོ། །ཕྱིའི་ནམ་མཁའ་འབྱུང་བ་ཆེན་པོ་སྟོང་པ་བྱང་ཆུབ་ལ་ཁྱབ་པའོ། །ནང་གི་ནམ་མཁའ་མཱ་མ་ཀཱི་ལ་སོགས་པ་ལྷ་མོ་བཞིའི་ཡེ་ཤེས་བཞིའི་ཡེ་ཤེས་ཀྱི་ངོ་བོས?་བོན་ཡི་གེ་བྷྲུཾ་གསེར ་གྱི་རི་བོ་འདྲ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་འོད་དུ་ཞུ་སྟེ། རྒྱ་མཚོ་ཆེན་པོ་དང་མཉམ་པའི་ཡེ་ཤེས་གྱི་རྒྱ་མཚོར་གྱུར་པར་བསམས་ཏེ། ས་བོན་དེ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གྱུར་ཏེ། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་རྒྱུད་བཀའ་སྩལ ་པའི་གནས་བཞིན་དུ། ཁ་དོག་དང། དབྱིབས་དང་རྒྱན་དང་ཚད་མཉམ་པ་དེའི་ནང་གི་ནམ་མཁར་གསུངས་སོ། །དེ་ནས་གསང་བའི་ནམ་མཁའ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔས་སོ་སོའི་ཤེས་རབ་ལྷ ་མོའི་བྷ་ག་ནམ་མཁའ་ལྟ་བུར་བྱིན་གྱིས་བརླབ་པར་མཛད་པ་དེ་བཞིན་དུ། སྒྲུབ་པ་པོ་ཉིད་དགའ་བའི་ལྷ་མོ་བསྒོམ་པའི་དུས་སུ་ཉིད་དགའ་བའི་ལྷའི་རིགས་ཀྱི་བྱེ་བྲག་གི་།ཁྲུས་མཁན་གྱི་བུ་མོ་ལ་སོགས་པ་མཚན་དང་ཡོན་ཏན ་ཐམས་ཅད་དང་ལྡན་པ་བཙལ་ཏེ་།དེ་རང་དགའ་བའི་ལྷའི་ཤེས་རབ་ཀྱི་ལྷ་མོར་མཚན་བཏགས་པར་བྱིན་གྱིས་བརླབས་ཏེ། དེའི་བྷ་གའི་ནང་ནམ་མཁའ་བཞིན་དུ་ཚད་མེད་པར་བསམས་ཏེ། དེ་ལྟར་བྱེ་བྲག་རྣམ་པ་གསུམ་ནམ་མཁར་བསྟན་པ་དེའི ་དབུས་སུ་སྒྲུབ་པ་པོས་བསྒོམ་པར་གསུངས་ཏེ། དེ་ནི་བསྒོམ་པའི་གནས་ཕུན་སུམ་ཚོགས་པར་བསྟན་ཏོ། །སངས་རྒྱས་དཀྱིལ་འཁོར་བསྒོམ་པ་ནི། ཞེས་བྱ་བ་ནི། སྒྲུབ་པ་པོས་མི་བསྐྱོད་པ་ལ་སོགས་པ་སངས་རྒྱས་ལྔ་བསྒོམ་པ་ཏེ། རང ་དགའ་བའི་ལྷ་ནི་དབུས་སུ་གཙོ་བོར་བསྒོམ་ཏེ། དེ་རྣམས་ཀྱི་གདན་དང་སྐུ་ཕྱག་རྒྱ་བསྐྱེད་པ་ཆོ་གའི་དོན་གསལ་བར་བསྟན་པར་བྱ་སྟེ། དང་པོ་སྒྲུབ་པ་པོས་ཉིད་ཀྱི་སྙིང་ཀར་མེ་མར་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡི་གེ་ཧཱུཾ་ཁ་དོག་དཀར་པོ་ཟླ་བ་སྟོང ་དང་མཉམ་པའི་ཡེ་ཤེས་ཀྱི་གཟི་བརྗིད་འབར་བར་བསམས་ཏེ། དེ་འོད་དུ་ཞུ་བའི་ས་བོན་ལས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དུ་གྱུར་ཏེ། དེ་ལྟར་མི་བསྐྱོད་པའི་གདན་དུ་གསུངས་སོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ ་ས་བོན་ཡི་གེ་ཨོཾ་ཁ་དོག་སེར་པོ་མེ་ཕུང་བཞིན་ཡེ་ཤེས་ཀྱི་གཟི་བརྗིད་འབར་བར་བསམས་ཏེ། དེ་འོད་དུ་ཞུ་བའི་ས་བོན་ལ་འཁོར་ལོ་རྩིབས་བརྒྱད་པར་གྱུར་ཏེ། དེ་ནི་རྣམ་པར་སྣང་མཛད་ཀྱི་གདན་ནོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡི ་གེ་སྭ་ཁ་དོག་སེར་པོ་ཅུང་ཟད་དམར་བ་གཟི་བརྗིད་ཀྱི་ཕུང་པོ་འབར་བ་འོད་དུ་ཞུ་བའི་ས་བོན་དེ་ལས་རིན་པོ་ཆེ་འཛམ་བུ་ནཱ་ད་ཟུར་བརྒྱད་པར་གྱུར་ཏེ། དེ་ནི་རིན་ཆེན་འབྱུང་ལྡན་གྱི་གདན་ནོ། །དེ་ནས་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་ས ་བོན་ཡི་གེ་ཨ་ཁ་དོག་དམར་པོ་ཉི་མ་བཞིན་དུ་ཡེ་ཤེས་ཀྱི་གཟི་བརྗིད་འབར་བར་བསམས་ཏེ། དེ་འོད་དུ་ཞུ་བའི་ས་བོན་ལས་པདྨ་འདབ་བརྒྱད་དུ་གྱུར་ཏེ། དེ་ནི་སྣང་བ་མཛའ་ཡས་ཀྱི་གདན་ནོ། །དེ་ནས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡི་གེ་ཧ་ཁ་དོག ་ལྗང་ཁུ་ཡེ་ཤེས་ཀྱི་གཟི་བརྗིད་ཉི་མ་དང་མཉམ་པ་འབར་བ་བསམས་ཏེ། དེ་འོད་དུ་ཞུ་བའི་ས་བོན་ལས་རྡོ་རྗེ་རྩེ་ལྔ་པར་གྱུར་པའམ་།ཉི་མའི་དཀྱིལ་འཁོར་ཡང་མི་འགལ་ཏེ། དེ་ནས་དོན་ཡོད་གྲུབ་པའི་གནས་སུ་གསུངས་སོ། །དེ་ནས་སྐུ་ཕྱག ་རྒྱ་བསྐྱེད་པའི་ཆོ་ག་བྱེ་བྲག་གཉིས་སུ་བསྟན་ཏེ། ནང་དང་གསང་བའོ། །དེ་ལ་ནང་གི་སྒྲུབ་པ་པོས་དང་པོ་གོང་དུ་སྨོས་པའི་ཆོས་ཐམས་ཅད་ངོ་བོ་མེད་པ་ནམ་མཁའ་བཞིན་བསམ་པར་བྱ་སྟེ། དེ་ལྟར་ཆོ་ག་དང་པོའོ། །དེའི་འོག་ཏུ་དེ་ལས་དོན་དམ་པ ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུ་གཟི་བརྗིད་ཀྱི་ཕུང་པོ་བསལ་བར་གྱུར་པར་བསམས་ཏེ་དེ་ལྟར་ཆོ་ག་གཉིས་པའོ། །དེའི་འོག་ཏུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དེ་ས་བོན་སྔགས་ཀྱི་ཡི་གེ་ཧཱུཾ་ཨིནྡྲ་ནི་ལའི་ཁ་དོག་ལྟ་བུ་མེ་ལོང་ལྟ་བུའི ་ཡེ་ཤེས་ཀྱི་ངོ་བོ་གཟི་བརྗིད་ཀྱི་ཕུང་པོར་འབར་བར་གྱུར་པར་བསམས་ཏེ། དེ་ལྟར་ཆོ་ག་གསུམ་པའོ། །དེའི་འོག་ཏུ་ས་བོན་སྔགས་ཀྱི་ཡི་གེ་ཧཱུཾ་དེ་མདུན་དུ་སྨོས་པའི་གདན་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དེའི་དབུས་སུ་འོད་དུ་ཞུ་ཏེ། ཡེ་ཤེས་ཀྱི ་ཁུ་བའི་ངོ་བོར་གྱུར་པའི་ས་བོན་དེ་ལས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་བསྐྱེད་པ་དེ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟ་བུ་ཞལ་གསུམ་ཞལ་དབུས་མ་སྐུ་དང་མཐུན། གཡས་དམར་གཡོན་དཀར་བ། ཐར་ཚུགས་དབུ་རྒྱན་གྱིས ་བརྒྱན་པ། ཞལ་རྣམས་ཅུང་ཟད་འཛུམ་པ། ཕྱག་དྲུག་ཕྱག་མཚན་དྲུག་པ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་འབར་བ། ཉིད་ཀྱི་ཤེས་རབ་ཡེ་ཤེས་ཀྱི་ལྷ་མོ་རྡོ་རྗེ་དགའ་མ། མཱ་མ་ཀཱི་དང ་གཉིས་སུ་མེད་པའི་སྦྱོར་བའི་ཚུལ་གྱི་ཕྱག་རྒྱ་ཆེན་པོའི་ངོ་བོ། ཕྱག་མཚན་དྲུག་ནི། ཕྱག་གཡས་དང་པོ་ན་རྡོ་རྗེ་རྩེ་ལྔ་འབར་བ་བསྣམས་ཏེ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།གཡས་བར་མ་ན་འཁོར ་ལོ་རྩིབས་བརྒྱད་འབར་བ་ཏེ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།གཡས་ཐ་མན་པདྨ་འདབ་བརྒྱད་འབར་བ་ཏེ། དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།གཡོན་དང་པོ་རྡོ་རྗེ་དྲིལ་བུ་འབར་བ་སྟེ། དེའི་ཆོས་ཀྱི ་དབྱིངས་ཀྱི་དབང་ཕྱུག་མའི་རྟགས་ཏེ་ཡེ་ཤེས་ཆེན་པོའི་ངོ་བོར་བརྟག་གོ་།གཡོན་བར་མན་ཡིད་བཞིན་ནོར་བུ་རིན་པོ་ཆེ་ཟུར་ལྔ་ལ་འབར་བ་སྟེ། དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།གཡོན་ཐ་མ་ན་ཨུཏཔལ་སྔོན་པོའི་འདབ་མ་ལྟ ་བུའི་རྡོ་རྗེ་རལ་གྲི་འབར་བ་སྟེ་དེ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།ཕྱག་མཚན་དྲུག་ནི་དོན་དེ་ལྟར་བརྟན་ཏོ། །རྡོ་རྗེ་དགའ་མ་མཱ་མ་ཀཱི་ཕྱག་གཡས་དང་པོས་གཙོ་བོར་འཁྱུད། སྐུ་ཕྱག་རྒྱ་ཆ་ལུགས་གཞན་ཀུན་གཙོ་བོ་དང ་མཐུན་ནོ། །དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་བསྐྱེད་ནས་སྒྲུབ་པ་པོ་རྡོ་རྗེ་མི་སྐྱོད་པའི་ཕྱག་རྒྱ་ཆེན་པོའི་ངོ་བོ་བདག་ཡིན་ནོ། །བར་གཉིས་སུ་མེད་པའི་ང་རྒྱལ་བྱས ་ནས་བསྒོམས་པའི། ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ས་བོན་གྱི་སྔགས་ཀྱི་ཡི་གེ་ཨོཾ་ཤེལ་རིན་པོ་ཆེའི་ཁ་དོག་འདྲ་བ་།ཟླ་བ་ལྟར་གཟི་བརྗིད་འབར་བར་བསམ་མོ།། ་དེའི་འོག་ཏུ་སྔགས་ཀྱི་ས་བོན་ཀྱི་ཡི?་གེ་ཨོཾ་འོད་དུ་ཞུ་ཏེ། ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་གྱུར་པའི་ས་བོན་ལས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་བསྐྱེད་དེ། སྐུ་མདོག་དཀར་བ་ཅུང་ཟད་སེར་བ། ཞལ་གསུམ་ཞལ ་དབུས་མ་སྐུ་དང་མཐུན། གཡས་གནག་གཡོན་ཤིན་ཏུ་དམར་བ། དབུ་རྒྱན་ཐོར་ཚུགས་ཀྱིས་བརྒྱན་པ། ཞལ་རྣམས་ཅུང་ཟད་འཛུམ་པ། ཕྱག་དྲུག་ཕྱག་མཚན་དྲུག་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་རྒྱན་གྱིས་བརྒྱན་པ། ཆོས་ཀྱི་དབྱིངས་ཀྱི ་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་འབར་བ། ཉིད་ཀྱི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་གཏི་མུག་དགའ་མ། སངས་རྒྱས་སྤྱན་དང་གཉིས་སུ་མེད་པར་སྦྱོར་བའི་ཚུལ་གྱིས་ཕྱག་རྒྱ་ཆེན་པོའི་ངོ་བོ། །དེའི་ཕྱག་མཚན་དྲུག་ནི་ཕྱག་གཡས་དང་པོ་ན་འཁོར ་ལོ་རྩིབས་བརྒྱད་འབར་བར་བསྣམས་ཏེ། དེ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་བརྟག་གོ་།གཡས་བར་མ་ན་རྡོ་རྗེ་རྩེ་ལྔ་པ་འབར་བ་སྟེ། དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།གཡས་ཐ་མ་ན་པདྨ་དཀར་པོ་འདབ་བརྒྱད་འབར་བ་སྟེ་དོན ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།གཡོན་དང་པོ་ན་རྡོ་རྗེ་དྲིལ་བུ་འབར་བ་སྟེ། དེ་ནི་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མའི་རྟགས་ཏེ། ཡེ་ཤེས་ཆེན་པོའི་ངོ་བོར་བརྟག་གོ་།གཡོན་བར་མ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཟུར་ལྔ་པ ་འབར་བ་ཏེ། དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།གཡོན་ཐ་མ་ན་རལ་གྲི་ཨུཏཔལ་སྔོན་པོའི་འདབ་མ་ལྟ་བུ་འབར་བ་སྟེ། དེ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།ཕྱག་མཚན་དྲུག་གི་དོན་དེ་ལྟར་ཤེས་པར་བྱའོ། །གཏི ་མུག་དགའ་མ་སངས་རྒྱས་ཀྱི་ཕྱག་གཡས་དང་པོས་གཙོ་བོར་འཁྱུད། སྐུ་ཕྱག་རྒྱའི་ཆ་ལུགས་གཞན་གཙོ་བོ་དང་མཐུན་པའོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་བསྐྱེད་མ ་ཐག་ཏུ་མདུན་དུ་སྨོས་པའི་གདན་འཁོར་ལོ་རྩིབས་བརྒྱད་ཀྱི་དབུས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྤྱན་སྔར་པདྨའི་དཀྱིལ་མོས་བཞུགས་པར་བསམ་མོ། །དེ་ནས་མདུན་དུ་སྨོས་པའི་སྒྲུབ་པ་པོས་གཙོ་བོ་རྡོ་རྗེ་མི་བསྐྱོད ་པ་དང་གཉིས་སུ་མེད་པར་བསྒོམ་པའི་ང་རྒྱལ་གྱི་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་ས་བོན་སྔགས་ཀྱི་ཡི་གེ་སྭ་བསམས་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་པོ་ཆེ་མ་ར་ཀ་ཏའི་ཁ་དོག་ལྟ་བུ ་མེ་ཕུང་བཞིན་དུ་གཟི་བརྗིད་འབར་བསམས་ཏེ། ས་བོན་སྔགས་ཀྱི་ཡི་གེ་སྭ་འོད་དུ་ཞུ་སྟེ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་གྱུར་པའི་ས་བོན་དེ་ལས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་བསྐྱེད་དེ། སྐུ་མདོག་སེར་པོ་ཆུང་ཟད་དམར་བ། ་ཞལ་གསུམ་ཞལ་དབུས་མ་སྐུ་དང་མཐུན་པ། གཡས་ནག་པོ་གཡོན་དཀར་བ། ཐོར་ཚུགས་དབུ་རྒྱན་གྱིས་བརྒྱན་པ། ཞལ་རྣམས་ཅུང་ཟད་འཛུམ་པ། ཕྱག་དྲུག་ཕྱག་མཚན་དྲུག་པ། རིན་པོ་ཆེ་སྣ་ཚོགས་ཀྱི་བརྒྱན་པ་མཉམ་པ་ཉིད་ཀྱི་ཡེ་ཤེས ་ཀྱི་གཟི་བརྗིད་འབར་བ། ཉིད་ཀྱི་ཤེས་རབ་མ་ཡེ་ཤེས་ཀྱི་ལྟ་མོ་མཱ་མ་ཀཱི་དང་གཉིས་སུ་མེད་པའི་སྦྱོར་བའི་ཚུལ་གྱི་ཕྱག་རྒྱ་ཆེན་པོའོ། །ཕྱག་མཚན་དྲུག་བསྟན་པར་བྱ་སྟེ། ཕྱག་གཡས་ཀྱི་དང་པོ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཟུར་ལྔ་པའི ་འབར་བ་སྟེ། དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།གཡས་བར་མ་ན་རྡོ་རྗེ་རྩེ་ལྔ་པ་འབར་བ་སྟེ། དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།གཡས་ཐ་མན་འཁོར་ལོ་རྩིབས་བརྒྱད་འབར་བ་སྟེ། དེ་ནི་ཆོས་ཀྱི་དབྱིངས ་ཀྱི་ངོ་བོར་བརྟག་གོ་།གཡོན་དང་པོ་ན་རྡོ་རྗེ་དྲིལ་བུ་འབང་དུ?་སྟེ། དེ་ནི་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱག་མ་བརྟགས་སྟེ། ཡེ་ཤེས་ཆེན་པོའི་ངོ་བོར་བརྟག་གོ་།གཡོན་བར་མ་ན་པདྨ་འདབ་བརྒྱད་སེར་པོ་འབང་བ་ཏེ་།དེ་ནི་སོ་སོར་རྟོགས་པའི་ཡེ ་ཤེས་ཀྱི་ངོ་བོར་བརྟག་གོ་།གཡོན་ཐ་མ་ན་རྡོ་རྗེ་རལ་གྲི་ཨུཏཔ་ལ་སྔོན་པོའི་འདབ་?་བུ་འདོར?་བ་སྟེ། དེ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ། ཕྱག་མཚན་དྲུག་ནི་དོན་དེ་ལྟར་ཤེས་པར་བྱའོ། །གཞན་ཡང་སྤྲུལ་པའི་མཱ་མ་ཀཱི ་ཕྱག་གཡས་དང་པོས་གཙོ་བོར་འཁྱུད། སྐུ་ཕྱག་རྒྱའི་ཆ་ལུགས་གཞན་ཀུན་གཙོ་བོ་དང་མཐུན། །དེ་ལྟར་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་བསྐྱེད་མ་ཐག་ཏུ། བདུན་དུ་སྨོས་པའི ་རིན་པོ་ཆེ་འཛམ་བུ་ནཱ་ད་ཟུར་བརྒྱད་པའི་དབུས་སུ། བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པའི་གཡས་སུ་པདྨའི་དཀྱིལ་མོས་བཞུགས་པར་བསྒོམ་མོ། །དེ་ནས་མདུན་དུ་སྨོས་པའི་སྒྲུབ་པ་པོས་བདག་པོ་མི་བསྐྱོད་པ་དང་གཉིས་སུ་མེད་པར་བསྒོམས་པའི ་ང་རྒྱལ་གྱིས་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ། ས་བོན་སྔགས་ཀྱི་ཡི་གེ་ཨ་བསམས་ཏེ། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་པདྨ་རཱ་གའི་ཁ་དོག་ལྟ་བུ་ཉི་མ་བཞིན་དུ་གཟི་བརྗིད་འབར་བར་གྱུར་པ་བསམ། དེའི་འོག ་ཏུ་ས་བོན་སྔགས་ཀྱི་ཡི་གེ་ཨ་འོད་དུ་ཞུ་སྟེ། ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་གྱུར་བའི་ས་བོན་དེ་ལས་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་བསྐྱེད་དེ། སྐུ་མདོག་པདྨ་རཱ་ག་ལྟར་དམར་བཞལ་གསུམ་པ་ཞལ་དབུས་མ་སྐུ ་དང་མཐུན། ཞལ་གཡས་ནག་།གཡོན་དཀར། ཐོང་ཚུགས་དབུ་རྒྱན་གྱིས་བརྒྱན་པ། ཞལ་རྣམས་ཅུང་ཟད་འཛུམ་པ། ཕྱག་དྲུག་ཕྱག་མཚན་དྲུག་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་རྒྱན་གྱིས་བརྒྱན་པ། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་གཟི ་བརྗིད་ཀྱིས་འབར་བ། ཉིད་ཀྱི་ཤེས་རབ་ཡེ་ཤེས་ཀྱི་ལྷ་མོ་འདོད་ཆགས་དགའ་མན་བཟའ་དཀར་མོ་དང་གཉིས་སུ་མེད་པར་སྦྱོར་བའི་ཚུལ་གྱི་ཕྱག་རྒྱ་ཆེན་པོའི་ངོ་བོ། དེའི་ཕྱག་མཚན་དྲུག་བསྟན་པར་བྱ་སྟེ། གཡས་དང་པོ་ན་པདྨ་དམར་པོ ་འབར་བ་སྟེ། དེ་ནི་སོ་སོ་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་བརྟག་པར་བྱའོ། །གཡས་བར་མ་ན་རྡོ་རྗེ་རྩེ་ལྔ་པ་འབར་བ་སྟེ། དེ་མེ་ལོང་ལ་བུའི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།གཡས་ཐ་མ་ན་འཁོར་ལོ་རྩིབས་བརྒྱད་སེར་པོ་འབར་བ་སྟེ་།དེ་ནི་ཆོས་ཀྱི ་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།གཡོན་དང་པོ་ན་རྡོ་རྗེ་དྲིལ་བུ་འབར་བ་སྟེ། དེ་ནི་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་?་བརྟགས་ཏེ་ཡེ་ཤེས་ཆེན་པོའི་ངོ་བོར་བརྟག་གོ་།གཡོན་བར་མན་ནོར་བུ་རིན་པོ་ཆེ་ཟུར་བརྒྱད་འབར་བ། བ ་དོག་སེར་པོ་སྟེ། དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།གཡོན་ཐ་མ་ན་རྡོ་རྗེ་རལ་གྲི་ཨུཏཔ་ལ་སྔོན་པོའི་འདབ་མ་ལྟ་བུ་འབར་བ་ཏེ། དེ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།ཕྱག་མཚན་དྲུག་གི་དོན་དེ་ལྟར་ཤེས་པར་བྱའོ། ། ་འདོད་ཆགས་དགའ་མ་ན་བཟའ་དཀར་མོའི་ཕྱག་གཡས་དང་པོས་གཙོ་བོར་འཁྱུད། སྐུ་ཕྱག་རྒྱའི་ཆ་ལུགས་གཞན་ཀུན་གཙོ་བོ་དང་མཐུན་ནོ། །དེ་ལྟར་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱར་ཆ་ལུགས་ཕུན་སུམ་ཚོགས་པ་དང ་ལྡན་པ་བསྐྱེད་མ་ཐག་ཏུ་མདུན་དུ་སྨོས་པའི་གདན་པདྨ་འདབ་བརྒྱད་ཀྱི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པའི་རྒྱབ་ཕྱོགས་སུ་པདྨའི་དཀྱིལ་མོས་བཞུགས་པར་བསྒོམ་མོ། །དེ་ནས་མདུན་དུ་སྨོས་པའི་སྒྲུབ་པ་པོས་བདག་པོ་རྡོ་རྗེ་མི་བསྐྱོད་པ ་དང་གཉིས་སུ་མེད་པར་བསྒོམ་པའི་ང་རྒྱལ་གྱི་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་སྔགས་ཀྱི་ཡི་གེ་ཧ་བསམས་ཏེ། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་རིན་པོ་ཆེ་བཻ་ཌཱུརྱ་ལྟར་ལྗང་ཁུ། དབང་ཆེན་ཀྱི་དཀྱིལ་འཁོར་བཞིན་ཡེ ་ཤེས་ཀྱི་གཟི་བརྗིད་འབར་བར་གྱུར་པར་བསམས་མོ། །དེའི་འོག་ཏུ་ས་བོན་སྔགས་ཀྱི་ཡི་གེ་ཧ་འོད་དུ་ཞུ་ཏེ། ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་གྱུར་པའི་ས་བོན་དེ་ལས། དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་བསྐྱེད་དེ། སྐུ་མདོག་བ ་ཌཱུརྱ་ལྟར་ལྗང་ཁུ་ཞལ་གསུམ་ཞལ་དབུས་མ་སྐུ་དང་མཐུན། ཞལ་གཡས་ནག་།གཡོན་དཀར། ཐོར་ཚུགས་དབུ་རྒྱན་གྱིས་བརྒྱན་པ། ཞལ་རྣམས་ཅུང་ཟད་འཛུམ་པ། ཕྱག་དྲུག་ཕྱག་མཚན་དྲུག་པ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས ་བརྒྱན་པ། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་གཟི་བརྗིད་འབར་བ། ཉིད་ཀྱི་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་རྡོ་རྗེ་དགའ་མ་དམ་ཚིག་སྒྲོལ་མ་དང་གཉིས་སུ་མེད་པར་སྦྱོར་བའི་ཚུལ་གྱི་ཕྱག་རྒྱ་ཆེན་པོ་ངོ་བོ་དེའི་ཕྱག་མཚན་དྲུག་བསྟན་པར་བྱ་སྟེ། ཕྱག་གཡས་ཀྱི་དང ་པོ་ན་རྡོ་རྗེ་རལ་གྲི་འབར་བ་ཨུཏཔལ་སྔོན་པོའི་འདབ་མ་ལྟ་བུ་སྟེ། དེ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོར་རྟག་གོ་།གཡས་བར་མ་ན་རྡོ་རྗེ་རྒྱ་གྲམ་འབར་བ་སྟེ། དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།གཡས་ཐ་མ་ན་འཁོར་ལོ་རྩིབས་བརྒྱད ་འབར་བ་གསེར་གྱི་ཁ་དོག་ལྟ་བུ་སྟེ། དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།གཡོན་དང་པོ་ན་རྡོ་རྗེ་དྲིལ་བུ་འབར་བ་ཏེ། དེ་ནི་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མའི་བརྟགས་ཏེ་ཡེ་ཤེས་ཆེན་པོའི་ངོ་བོར་བརྟག་གོ་།གཡོན་བར་མ་ན་པདྨ ་འདབ་མ་ལྗང་ཁུ་འདབ་བརྒྱད་འབར་བ་ཏེ་།དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།གཡོན་ཐ་མ་ན་རིན་པོ་ཆེ་ཟུར་བརྒྱད་འབར་བ་ཏེ། དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོར་བརྟག་གོ་།ཕྱག་མཚན་དྲུག་ནི་དོན་དེ་ལྟར་ཤེས་པར ་བྱའོ། །རྡོ་རྗེ་དགའ་མ་དམ་ཚིག་སྒྲོལ་མའི་ཕྱག་གཡས་དང་པོས་གཙོ་བོར་འཁྱུད་དེ། སྐུ་ཕྱག་རྒྱའི་ཆ་ལུགས་གཞན་ཀུན་གཙོ་བོ་དང་མཐུན་ནོ། །དེ་ལྟར་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པ་དང ་ལྡན་པ་བསྐྱེད་མ་ཐག་ཏུ་མདུན་དུ་སྨོས་པའི་གདན་རྡོ་རྗེ་རྩེ་ལྔ་པ་འམ། ཡང་ན་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པའི་གཡོན་དུ་པདྨའི་དཀྱིལ་མོས་བཞུགས་པར་བསྒོམ་པར་གསུངས་སོ། །དེ་ལྟར་སྐུ་ཕྱག ་རྒྱ་ཕུན་སུམ་ཚོགས་པར་བསྟན་ཏོ།། །།དེ་ནས་གཞན་ཡང་སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ་བའི་དོན་གསང་བའི་ཚུལ་དུ་བསྟན་པར་བྱ་སྟེ། སྒྲུབ་པ་པོས་དང་པོ་གོང་དུ་སྨོས་པའི་ནང་གི་ཚུལ་དུ་དེ་བཞིན་གཤེགས་པ ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་ཏེ། དེའི་ང་རྒྱལ་དུ་ཞུགས་ལ། ཁྲུས་མཁན་གྱི་བདག་ཉིད་ལོ་བཅུ་གཉིས་ལོན་པ་མཚན་ཐམས་ཅད་དང་ལྡན་པ། དབང་ཐམས་ཅད་རྫོགས་པ། ཐེག་པ་ཆེན་པོ་གསང་སྔགS ་ཀྱི་ཆོས་ཀྱི་དམ་ཚིག་གི་སྤྱད་པ་སྤྱོད་པའི་ཡོན་ཏན་དང་ལྡན་པ་མཁས་པས་བཙལ་ནས་གཟུང་སྟེ། དེའི་འོག་ཏུ་གཙོ་བོ་རྡོ་རྗེ་མི་བསྐྱོད་པའི་རྡོ་རྗེ་དགའ་མ་མཱ་མ་ཀཱི་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་ཏེ། དེའི་འོག་ཏུ་འདོད་ཆགས་ཆེན་པོའི་? ་དགའ་བའི་ཐུགས་ཀྱི་འགྱིང་བག་གི་ཚུལ་གྱིས་གཉིས་སུ་མེད་པར་འཁྱུད་ནས་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་བར་བྱ་སྟེ། དེའི་འོག་ཏུ་སྒྲུབ་པ་པོས་རིག་པའི་སྐྱེས་བུ་ཆེན་པོའི་ངོ་བོ་རྡོ་རྗེ་མི་བསྐྱོད་པ་བདག་ཡིན་ནོ་བར་ང་རྒྱལ་བྱ་སྟེ། ་འདོད་ཆགས་ཆེན་པོའི་དགའ་བའི་ཐུགས་ཀྱི་རྡོ་རྗེ་མཆོད་པ་བྱ་སྟེ། འདོད་ཆགས་ཀྱི་བདེ་བར་གྱུར་པའི་དུས་སུ་གསང་བའི་རྡོ་རྗེའི་ལམ་ནས་རྡོ་རྗེའི་ངོ་བོ་བྱང་ཆུབ་སེམས་འོ་མའི་རྒྱུན་བཞིན་ཏུ། ཤེས་རབ་ཀྱི་བྷ་གའི་ནམ་མཁའ་ཨི་དབུས་སུ་འོད་དུ་ཞུ་སྟེ། ་འོད་དུ་ཞུ་མ་ཐག་ཏུ་རྡོ་རྗེ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤིན་ཏུ་དཀར་བ་དྲི་མ་མེད་པ། འོད་འཕྲོ་བ་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པར་བསམ་སྟེ། དེའི་སྟེང་དུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཨོཾ་གྱིས་བྱིན་གྱིས་བརླབས་པར་བྱ་སྟེ། ས་བོན་སྔགས ་ཀྱི་ཡིག་འབྲུ་ཨོཾ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཤེལ་རིན་པོ་ཆེའི་ཁ་དོག་ལྟ་བུ་ཡེ་ཤེས་ཀྱི་གཟི་བརྗིད་འབར་བ་འོད་དུ་ཞུ་སྟེ། མདུན་དུ་སྨོས་པའི་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་བསམས་ཏེ། ས་བོན ་དེ་ལས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་བསྐྱེད་དེ་མདུན་དུ་སྨོས་པའི་སྐུ་མདོག་དང་ཞལ་དང་ཕྱག་དང། ཕྱག་མཚན་དང། རྒྱན་རྣམས་དང་ཉིད་ཀྱི་ཤེས་རབ་གསང་བའི་ལྷ་མོ་དང་ལྡན་པར་གཙོ་བོའི་མདུན་དུ། གང་ན ་ལ་དཀྱིལ་མོའི་ཚུལ་དུ་བཞུགས་སོ། །དེ་ལྟར་མདོར་བསྡུས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པ་བསྒོམ་པར་གསུངས་སོ། །དེ་ནས་གཞན་ཡང་བདག་པོ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་དང་གོང་དུ་སྨོས་པ་བཞིན་དུ་གཉིས་སུ་མེད་པའི་ང ་རྒྱལ་གྱིས་རྡོ་རྗེའི་ཆོས་པ་གོང་དུ་ཇི་ལྟར་མཛད་པ་དེ་བཞིན་དུ་མཛད་པས་འདོད་ཆགས་བདེ་བར་གྱུར་པའི་དུས་སུ་གསང་བའི་རྡོ་རྗེའི་ལམ་ནས་རྡོ་རྗེ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་འོ་མའི་རྒྱུན་བཞིན་དུ་ཤེས་རབ་ཀྱི་བྷ་གའི་ནམ་མཁའ་ཨི་དབུས་སུ་འོད་དུ ་ཞུ་སྟེ། འོད་དུ་ཞུ་མ་ཐག་དུ་རྡོ་རྗེ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤིན་ཏུ་དཀར་བ། དྲི་མ་མེད་པ་འོད་འཕྲོ་བའི་ཟླ་བའི་དཀྱིལ་འཁོར་བཞིན་དུ་གྱུར་པར་བསམས་ཏེ། དེའི་སྟེང་དུ་ས་བོན་སྔགས་ཀྱི་ཡིག་འབྲུ་སྭས་བྱིན་གྱིས་རླབ་པར་བྱ་ཏེ། ས་བོན ་སྔགས་ཀྱི་ཡིག་འབྲུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་པོ་ཆེ་མར་གང་ཀྱི་ཁ་དོག་ལྟ་བུ་ཡེ་ཤེས་ཀྱི་གཟི་བརྗིད་འབར་བ་འོད་དུ་ཞུ་སྟེ། མདུན་དུ་སྨོས་པའི་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར ་བསམས་ཏེ། ས་བོན་དེ་ལས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་སྐུའི་ཕྱག་རྒྱ་བསྐྱེད་དེ། མདུན་དུ་སྨོས་པའི་སྐུ་མདོག་དང་ཞལ་དང། ཕྱག་དང་ཕྱག་མཚན་དང། རྒྱན་རྣམས་དང། ཉིད་ཀྱི་ཤེས་རབ་གསང་བའི་ལྷ་མོ་དང་ལྡན ་པར་གཙོ་བོའི་གཡས་སུ་གདན་ལ་དཀྱིལ་མོའི་ཚུལ་དུ་བཞུགས་སོ། །དེ་ལྟར་མདོར་བསྡུས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་བསྒོམ་པར་གསུངས་སོ། །དེ་ནས་གཞན་ཡང་བདག་པོ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད ་པ་དང་གོང་དུ་སྨོས་པ་དེ་བཞིན་དུ་གཉིས་སུ་མེད་པའི་ང་རྒྱལ་གྱི་མདུན་དུ་རྡོ་རྗེ་མཆོད་པ་ཇི་ལྟར་མཛད་པ་དེ་བཞིན་དུ་བྱས་ཏེ། འདོད་ཆགས་ཀྱི་བདེ་བར་གྱུར་པའི་དུས་སུ་གསང་བའི་རྡོ་རྗེའི་ལམ་ནས་རྡོ་རྗེ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་འོ་མའི? ་རྒྱུན་བཞིན་དུ་ཤེས་རབ་ཀྱི་བྷ་གའི་ནམ་མཁའ་ཨི་དབྱིངས་སུ་འོད་དུ་ཞུ་ཏེ། འོད་དུ་ཞུམ་ཐག་ཏུ་རྡོ་རྗེ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤིན་ཏུ་དཀར་བ་དྲི་མ་མེད་པ་འོད་འཕྲོ་བ་ཟླ་བའི་དཀྱིལ་འཁོར་བཞིན་དུ་གྱུར་པར་བསམས་ཏེ་།དེའི་སྟེང་དུ་སྔགས་ཀྱི ་ཡིག་འབྲུ་ཨས་བྱིན་གྱིས་རླབས་པར་བྱ་སྟེ། ས་བོན་སྔགས་ཀྱི་ཡིག་འབྲུ་ཨ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོར་རིན་པོ་ཆེ་པདྨ་རཱ་གའི་ཁ་དོག་ལྟ་བུ་ཡེ་ཤེས་ཀྱི་གཟི་བརྗིད་འབར་བ་འོད་དུ་ཞུ་སྟེ། མདུན་དུ་སྨོས་པའི་བྱང་ཆུབ་སེམས་ཟླ ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསམས་ཏེ། ས་བོན་དེ་ལས་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡS་ཀྱི་སྐུ་ཕྱག་རྒྱ་བསྐྱེད་དེ། མདུན་དུ་སྨོས་པའི་སྐུ་མདོག་དང། ཞལ་དང་ཕྱག་དང། ཕྱག་མཚན་དང་རྒྱན ་རྣམས་དང། ཉིད་ཀྱི་ཤེས་རབ་གསང་བའི་ལྷ་མོ་དང་ལྡན་པར་གཙོ་བོའི་རྒྱབ་ཕྱོགས་སུ་གདན་ལ་དཀྱིལ་མོའི་ཚུལ་དུ་བཞུགས་སོ། །དེ་ལྟར་མདོར་བསྡུས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་བསྒོམ་པར་གསུངས་སོ། །དེ ་ནས་གཞན་ཡང་བདག་པོ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་དང་གོང་དུ་སྨོས་པ་བཞིན་དུ་གཉིས་སུ་མེད་པའི་ང་རྒྱལ་གྱིས་མདུན་དུ་རྡོ་རྗེ་མཆོད་པ་ཇི་ལྟར་མཛད་པ་དེ་བཞིན་དུ་བྱས་ཏེ་འདོད་ཆགས་ཀྱི་བདེ་བར་གྱུར་པའི་དུས་སུ་གསང་བའི ་རྡོ་རྗེའི་ལམ་ནས་རྡོ་རྗེ་སུ་བ?་ངོ་པོའི་བྱང་ཆུབ་སེམས་འོ་མའི་རྒྱུན་དུ། ཤེས་རབ་ཀྱི་བྷ་གའི་ནམ་མཁའ་ཨི་དབུས་སུ་འོད་དུ་ཞུ་ཏེ། འོད་དུ་ཞུ་མ་ཐག་ཏུ་རྡོ་རྗེ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤིན་ཏུ་དཀར་བ་དྲི་མ་མེད་པ་འོད་འཕྲོ་བ་ཟླ་བའི་དཀྱིལ་འཁོར ་བཞིན་དུ་གྱུར་པར་བསམས་ཏེ། དེའི་སྟེང་དུ་ས་བོན་སྔགས་ཀྱི་ཡི་གེས་ཧས་བྱིན་གྱིས་བརླབས་ཏེ། ས་བོན་སྔགས་ཀྱི་ཡིག་འབྲུ་ཧ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་གཟི་བརྗིད་འབར་བ་འོད་དུ་ཞུ་སྟེ། མདུན་དུ་སྨོས་པའི་བྱང་ཆུབ་སེམས་ཟླ་བའི་། ་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་བསམ་ཏེ། ས་བོན་དེ་ལས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་ཏེ། མདུན་དུ་སྨོས་པའི་སྐུ་མདོག་དང། ཞལ་དང་ཕྱག་དང། ཕྱག་མཚན་དང། རྒྱན་རྣམས་དང། ཉིད་ཀྱི་ཤེས་རབ་གསང་བའི་ལྷ་མོ་དང ་ལྡན་པར་གཙོ་བོའི་གཡོན་ཕྱོགས་སུ་དཀྱིལ་མོའི་ཚུལ་དུ་ཞུགས་སོ། །དེ་ལྟར་མདོར་བསྡུས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་བསྒོམ་པར་གསུངས་སོ། །དེ་ལྟར་ནང་དང་གསང་བའི་ཚུལ་གྱི་ཆོ་གས་སྒྲུབ་པ་པོས་བསྒོམ་པའི་དུས་སུ་རྣམ ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་བཞིའི་སྤྱི་བོའི་གནས་སུ་གཙོ་བོ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་སྐུའི་ཕྱག་རྒྱ་དབང་བསྐུར་བར་བསྒོམ་པར་བསྟན་ཏོ། །གཞན་ཡང་མདུན་དུ་སྨོས་པའི་སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ་བའི་དུས ་སུ་སངས་རྒྱས་རྣམS་ཀྱི་སྐུ་ཕྱག་རྒྱའི་ཡེ་ཤེས་གཟི་བརྗིད་ཕུན་སུམ་ཚོགས་པ་དང། ཚད་དང་ངོ་བོའི་འོད་ཟེར་གྱི་ཆོ་གིས?་རྣམས་ཉིད་ཉིད་ཀྱི་རིགས་ཀྱི་ཁ་དོག་གི་བྱེ་བྲག་བསྟན་པར་བྱ་ཏེ། འོད་ཟེར་སྤྲིན་ཞེས་པ་ནི་མདུན་དུ་སྨོས་པའི་བདག་པོ་དེ་བཞིན་གཤེགས་པ ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་སངས་རྒྱས་ལྔའི་དཀྱིལ་འཁོར་རྣམས་ཀྱིས་སྐུ་ཕྱག་རྒྱ་ཉིད་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་པའི་གནས་ནས་ཉིད་ཉིད་ཀྱི་ཤེས་རབ་ཀྱི་འོད་ཟེར་གྱི་གཟི་བརྗིད་སྤྲིན་བཞིན་དུ་སྤྲོས་ཏེ་འཇིག་རྟེན་གྱི་ཁམས་ཐམས ་ཅད་དུ་ཁྱབ་སྟེ། སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་པར་མཛད་པས་སྡུག་བསྔལ་ཐམས་ཅད་མེད་པར་གྱུར་ཏེ། དེ་ལྟར་གཟི་བརྗིད་ཕུན་སུམ་ཚོགས་པའི་དོན་དུ་གསུངས་སོ། །དེ་ནས་བཀོད་པ་ཆེ་ཞེས་པ་ནི། མདུན་དུ་སྨོས་པའི་འོད་ཟེར་གྱི ་གཟི་བརྗིད་སྤྲིན་རྣམས་སོ་སོའི་རིགས་ཀྱི་བྱེ་བྲག་གི་ཚོགས་གྲངས་མེད་པར་སྤྲོས་ཏེ། དེ་ལྟར་གཟི་བརྗིད་ཀྱི་ཚད་ཀྱི་དོན་དུ་གསུངས་སོ། །དེ་ནས་སངས་རྒྱས་འབར་བའི་འོད་དང་མཉམ་ཞེས་པ་ནི་མདུན་དུ་སྨོས་པའི་ཡེ་ཤེས་ཀྱི་འོད་ཟེར་གྱི་གཟི་བརྗིད་ཀྱི ་སྤྲིན་གྱི་ཚོགས་ཆེན་པོ་རྣམས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་ཕྱིར་སྤྲོ་བར་མཛད་པ་དེ་དག་སོ་སོའི་རིགས་ཀྱི་བྱེ་བྲག་གི་སངས་རྒྱས་རྣམས་ནི་སྐུ་ཕྱག་རྒྱ་སྤྲོ་བའི་གནས་སུ་སླར ་བསྡུ་བར་བྱའོ། །བཤད་པར་བྱ་སྟེ། དེ་བསྡུས་མ་ཐག་ཏུ་གོང་བུའི་ངོ་བོར་གྱུར་ཏེ། ཡེ་ཤེས་ཀྱི་འོད་ཟེར་གོང་བུ་རྣམས་ལས། སངས་རྒྱས་རྣམ་པ་ལྔའི་སྐུ་ཕྱག་རྒྱ་ཡན་ལག་དང་ཉིད་ལག་ཐམས་ཅད་ནས་སླར་ཡེ་ཤེས་ཀྱི་འབར་བའི་ངོ་བོ་སྤྲོ་བར་བྱ་སྟེ། ་འབར་བའི་ཕྲེང་བ་འོད་ཀྱི་ངོ་བོར་གྱུར་ཏེ་འབར་བའི་ཕྲེང་བའི་འོད་དེས་སངས་རྒྱས་རྣམ་པ་ལྔའི་སྐུ་ཕྱག་རྒྱའི་ཆུ་ཞེད་ལ་མཉཾ་པར་གྱུར་པར་བསཾ་མོ། །དེ་ལྟར་སངས་རྒྱས་འབར་བའི་འོད་དང་མཉམ་པའི་དོན་དུ་གསུངས་སོ། །འོད་ཟེར་རྣམ་ལྔས་ཀུན་ཏུ་ཁྱབ།། ་ཀུན་ནས་ཡོངས་སུ་ཟླུམ་པོར་སྟེ། འདོད་པའི་ཡོན་ཏན་ལྔ་ཡིས་རྒྱས། མཆོད་པ་རྣམ་པ་ལྔས་བརྒྱན་པ་ཞེས་བྱ་བའི་སྤྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། མདུན་དུ་སྨོས་པའི་འབར་བའི་འོད་དེ་ལས་སངས་རྒྱས་ལྔ་ཉིད་ཉིད་ཀྱི་ཁ་དོག་དང་ལྡན ་པའི་འོད་ཟེར་གྱི་ཚོགས་འཕྲོ་བར་བསྒོམ་མོ། །བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་ཡེ་ཤེས་ཀྱི་འོད་ཟེར་གྱི་ཚོགས་ཀྱི་ཁ་དོག་སྔོན་པོའོ། །རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་ཀྱི་འོད་ཟེར་གྱི་ཚོགས་ཀྱི་ཁ་དོག་དཀར་པོའོ། །རིན ་ཆེན་འབྱུང་ལྡན་གྱི་ཡེ་ཤེས་ཀྱི་འོད་ཟེར་གྱི་ཚོགས་ཀྱི་ཁ་དོག་སེར་པོའོ། །སྣང་བ་མཛའ་ཡས་ཀྱི་འོད་ཟེར་གྱི་ཚོགས་ཀྱི་ཁ་དོག་དམར་པོའོ། །དོན་ཡོད་གྲུབ་པའི་ཡེ་ཤེས་ཀྱི་འོད་ཟེར་གྱི་ཚོགས་ཀྱི་ཁ་དོག་ལྗང་ཀུ་ཏེ། དེ་ལྟར་སངས་རྒྱས་རྣམ ་པ་ལྔ་སོ་སོའི་རིགས་ཀྱི་འོད་ཟེར་གྱི་རིམ་པའི་ཁ་དོག་གི་།བྱེ་བྲག་གི་དོན་དུ་གསུངས་སོ། །ཁྱབ་ཞེས་པ་ནི་མདུན་དུ་སྨོས་པའི་ཡེ་ཤེས་ཀྱི་འབར་བའི་འོད་ཁ་དོག་རྣམ་པ་ལྔ་དང་ལྡན་པའི་ཚོགས་རྒྱུན་མི་འཆད་པར་སྤྲོ་བར་བྱ་སྟེ། སྟུག་པ་གྲངས་མེད ་པས་ཁྱབ་པར་གསུངས་སོ། །ཀུན་ནས་ཡོངས་སུ་ཟླུམ་པོར་ཏེ་ཞེས་པ་ནི་མདུན་དུ་སྨོས་པའི་ཡེ་ཤེས་ཀྱི་འབར་བའི་འོད་ཁ་དོག་རྣམ་པ་ལྔ་དང་ལྡན་པ་རིགས་རྣམ་པ་ལྔའི་བྱེ་བྲག་གི་ཡེ་ཤེས་ཀྱི་འོད་ཟེར་གྱི་ཚོགས་རྣམས་སངས་རྒྱས་ལྔའི་སྐུ་ཕྱག་རྒྱ ་ལས་ཀུན་ཏུ་ཟླུམ་པོའི་ངོ་བོར་སྤྲོ་བར་གསུངས་སོ། །དེ་ནི་སྒྲུབ་པ་པོ་སངས་རྒྱས་ཀྱི་དཀྱིལ་འཁོར་བསྒོམ་པ་རྫོགས་པའི་འོག་ཏུ་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ཀྱི་མཆོད་པ་མཛེས་པ་ཕུན་སུམ་ཚོགས་པ་བསྟན་པར་བྱ་སྟེ། འདོད་པའི་ཡོན་ཏན་ལྔ ་ཞེས་བྱ་བ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་སྟེ་དེ་དག་བསྐྱེད་པའི་ཆོ་ག་དོན་དམ་པར་གསལ་བར་བཤད་པར་བྱའོ། །གོང་དུ་ནང་དང་གསང་བའི་ཆོ་གའི་ཚུལ་གྱིས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་ཇི་ལྟར་བསྐྱེད་པ་དེ ་དེ་བཞིན་དུ་འདོད་པའི་ཡོན་ཏན་ལྔའི་ངོ་བོ་ལྷ་མོ་ལྔ་བསྐྱེད་པའི་ཆོ་ག་བྱ་སྟེ། བདག་པོ་དེ་བཞིན་གཤེགས་པ་རྡོ་རྗེ་མི་སྐྱོད་པ་དང་གཉིས་སུ་མེད་པའི་ང་རྒྱལ་གྱིས་མདུན་དུ་རྡོ་རྗེ་མཆོད་པའི་ཆོ་གའི་ཚུལ་ཇི་ལྟར་མཛད་པ་དེ་བཞིན་དུ་སྟེ། མཆོད་པ ་བྱས་པས་འདོད་ཆགས་ཀྱི་བདེ་བར་གྱུར་པའི་དུས་སུ་གསང་བའི་རྡོ་རྗེ་ལམ་ནས་རྡོ་རྗེ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་འོ་མའི་རྒྱུན་བཞིན་དུ་ཤེས་རབ་ཀྱི་བྷ་གའི་ནམ་མཁའ་ཨི་དབྱིངས་སུ་འོད་དུ་ཞུ་ཏེ། འོད་དུ་ཞུ་མ་ཐག་ཏུ། རྡོ་རྗེ་ཁུ་བའི་ངོ་བོ་བྱང་ཆུབ་སེམས ་ཤིན་ཏུ་དཀར་བ་དྲི་མ་མེད་པ་འོད་འཕྲོ་བ་ཟླ་བའི་དཀྱིལ་འཁོར་བཞིན་དུ་གྱུར་པར་བསམ་སྟེ། དེའི་སྟེང་དུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཛས་བྱིན་གྱིས་བརླབས་པར་མཛད་དེ། ས་བོན་སྔགས་ཀྱི་ཡིག་འབྲུག་?་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ ་ཁ་དོག་ཤེལ་རིན་པོ་ཆེ་ལྟ་བུ་ཡེ་ཤེས་ཀྱི་གཟི་བརྗིད་འབར་བར་འོད་དུ་ཞུ་སྟེ། མདུན་དུ་སྨོས་པའི་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་བསམས་ཏེ། ས་བོན་དེ་ལས་ལྷ་མོ་གཟུགས་རྡོ་རྗེ་མའི་སྐུ་ཕྱག་རྒྱ ་བསྐྱེད། སྐུ་མདོག་དཀར་མོ་ཞལ་གཅིག་ཅུང་ཟད་འཛུམ་བ་ཐོར་ཚུགས་ཀྱི་དབུ་རྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་རྒྱན་གྱིས་བརྒྱན་པ་།ཞི་བ་དང་འབྱིང་བའི་ཚུལ་གྱི་སྐུ་ཕྱག་རྒྱ། ཕྱག་གཉིས་ཐུགས་ཀར་ཐལ་མོ ་བསྣོལ་བའི་སྟེང་ན་མེ་ལོང་འཛིན་པ། དེ་ལྟར་མཆོད་པའི་ལྷ་མོ་གཟུགས་རྡོ་རྗེ་མ་བསྐྱེད་མ་ཐག་ཏུ་རྣམ་པར་སྣང་མཛད་ཀྱི་གཡོན་ཕྱོགས་སུ་གདན་ཟླ་བའི་དཀྱིལ་འཁོར་ལ་སེམས་དཔའ་ཨི་དཀྱིལ་མོས་བཞུགས་པར་བསྒོམ་པར་གསུངས་སོ། ་དེ་ནས་གཞན་ཡང་བདག་པོ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱེད་པ་དང་གཉིས་སུ་མེད་པའི་ང་རྒྱལ་གྱིས་མདུན་དུ་རྡོ་རྗེ་མཆོད་པའི་ཆོ་གའི་ཚུལ་ཇི་ལྟར་མཛད་པ་དེ་བཞིན་དུ་བྱས་ཏེ་མཆོད་པ་བྱས་པས་འདོད་ཆགས་ཀྱི་བདེ་བར་གྱུར་པའི ་དུས་སུ་གསང་བའི་རྡོ་རྗེའི་ལམ་ནས་རྡོ་རྗེ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་འོ་མའི་རྒྱུན་བཞིན་དུ་ཤེས་རབ་ཀྱི་བྷ་གའི་ནམ་མཁའ་ཨི་དབུས་སུ་འོད་དུ་ཞུ་སྟེ་འོད་དུ་ཞུ་མ་ཐག་ཏུ་རྡོ་རྗེ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤིན་ཏུ་དཀར་བ་དྲི་མ་མེད་པའི་? ་དུ་འཕྲོ་བའི་ཟླ་བའི་དཀྱིལ་འཁོར་བཞིན་དུ་གྱུར་པར་བསམས་ཏེ། དེའི་སྟེང་དུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་གིས་བྱིན་གྱིས་བརླབ་པར་བྱ་ཏེ། ས་བོན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་།རིན ་པོ་ཆེ་ཨནྡྲི་ནི་ལ་ལྟ་བུ་ཡེ་ཤེས་ཀྱི་གཟི་བརྗིད་འབར་བ་འོད་དུ་ཞུ་སྟེ། མདུན་དུ་སྨོས་པའི་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསམ་མོ། །ས་བོན་དེ་ལས་སྒྲ་རྡོ་རྗེ་ལྷ་མོའི་སྐུ་ཕྱག་རྒྱ་བསྐྱེད་དེ། སྐུ་མདོག ་སྔོན་པོ་ཞལ་གཅིག་པ་ཅུང་ཟད་འཛུམ་པ་ཐོར་ཚུགས་ཀྱིས་དབུ་བརྒྱན་པ་རྒྱས་པ་དང་སྒེག་པའི་ཚུལ་གྱི་སྐུ་ཕྱག་རྒྱ། དགུ་པོ་བརྒྱུད་མངས་གཡས་ཀྱི་མཆན་ཁུང་ནས་ལྟེ་བའི་ཐད་དུ་བཟུང་བ་མཐེ་པོ་གཉིས་སུ་བསྐྱོད་པས་བརྡུང ་བའོ། །དེ་ལྟར་མཆོད་པའི་ལྷ་མོ་སྒྲ་རྡོ་རྗེ་མ་བསྐྱེད་མ་ཐག་ཏུ་རིན་པོ་ཆེ་འབྱུང་ལྡན་གྱི་གཡོན་ཕྱོགས་སུ་གདན་ཟླ་བའི་དཀྱིལ་འཁོར་ལ་སེམས་དཔའ་ཨི་དཀྱིལ་མོས་བཞུགས་པར་གསུངས་སོ། །དེ་ནས་གཞན་ཡང་བདག་པོ་དེ་བཞིན་གཤེགས་པ ་རྡོ་རྗེ་མི་བསྐྱོད་པ་དང་གཉིས་སུ་མེད་པའི་ང་རྒྱལ་གྱི་མདུན་དུ་རྡོ་རྗེ་མཆོད་པའི་ཆོ་གའི་ཚུལ་ཇི་ལྟར་མཛད་པ་དེ་བཞིན་དུ་བྱ་ཏེ་མཆོད་པ་བྱས་པས་འདོད་ཆགས་ཀྱི་བདེ་བར་གྱུར་པའི་དུས་སུ་གསང་བའི་རྡོ་རྗེའི་ལམ་ནས་རྡོ་རྗེ་ཁུ་བའི་ངོ་བོ་བྱང ་ཆུབ་སེམས་འོ་མའི་རྒྱུན་བཞིན་དུ་ཤེས་རབ་ཀྱི་བྷ་གའི་ན་མཁའ་ཨི་དབུས་སུ་འོང་དུ་ཞུ་སྟེ་འོད་དུ་ཞུ་མཐག་།ཏུ་རྡོ་རྗེ་ཁུ་བའི་ངོ་བོ་སེམས་ཤིན་ཏུ་དཀར་བ་དྲི་མ་མེད་པ་འོད་འཕྲོ་བ་ཟླ་བའི་དཀྱིལ་འཁོར་བཞིན་དུ་གྱུར་པར་བསམ་ཏེ། དེའི་སྟེང་དུ་ས་བོན ་སྔགས་ཀྱི་ཡིག་འབྲུ་བྷ་གིས་བྱིན་གྱིས་བརླབ་པར་བྱ་སྟེ། ས་བོན་སྔགས་ཀྱི་ཡིག་འབྲུ་བྷཾ་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་སྔོ་སེར་ཡེ་ཤེས་ཀྱི་གཟི་བརྗིད་འབར་བར་འོད་དུ་ཞུ་སྟེ། མདུན་དུ་སྨོས་པའི་བྱང་ཆུབ་སེམས་ཟླ་བའི ་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསམ་ཏེ། ས་བོན་དེ་ལས་ལྷ་མོ་དྲི་རྡོ་རྗེ་མའི་སྐུ་ཕྱག་རྒྱ་བསྐྱེད་དེ། སྐུ་མདོག་སྔོ་སེར་ཞལ་གཅིག་པ་ཅུང་ཟད་འཇུམ་པ་ཐར་ཚུགས་ཀྱི་དབུ་བརྒྱན་པ། རིན་པོ་ཆེ་སྣ་ཚོགས ་ཀྱི་རྒྱན་གྱིས་བརྒྱན་པ། ཞི་བ་དང་རྒྱས་པའི་ང་རྒྱལ་གྱི་ཚུལ་གྱི་སྐུ་ཕྱག་རྒྱ། ཕྱག་གཉིས་པ་ཕྱག་གཡོན་དང་པོར་ལྷའི་དྲི་ཐམས་ཅད་ཀྱིས་ཐུགས་ཀར་འཛིན་པ། གཡས་ཀྱི་འཐོར་བའི་ཚུལ་དུ་མཛད་པ། དེ་ལྟར་མཆོད་པ་ལྷ ་མོ་?་རྡོ་རྗེ་མ་བསྐྱེད་མེ་ཐག་ཏུ་རིན་པོ་ཆེ་འབྱུང་ལྡན་བཞུགས་པའི་གཡས་སུ་གདན་ཟླ་བའི་དཀྱིལ་འཁོར་ཆེན་པོ་ལ་སེམས་དཔའ་ཨི་དཀྱིལ་འཁོར་མོས་བཞུགས་པར་བསྒོམ་པར་གསུངས་སོ། །དེ་ནས་གཞན་ཡང་བདག་པོ་དེ་བཞིན་གཤེགས་པ ་རྡོ་རྗེ་མི་བསྐྱོད་པ་དང་གཉིས་སུ་མེད་པའི་ང་རྒྱལ་གྱིས་མདུན་དུ་རྡོ་རྗེ་མཆེད་པའི་ཆོ་གའི་ཚུལ་ཇི་ལྟར་མཛད་པ་དེ་བཞིན་དུ་བྱས་ཏེ། མཆོད་པ་བྱས་པས་འདོད་ཆགས་ཀྱི་བདེ་བར་གྱུར་པའི་དུས་སུ་གསང་བའི་རྡོ་རྗེའི་ལམ ་ན་རྡོ་རྗེ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་འོ་མའི་རྒྱུན་བཞིན་དུ་ཤེས་རབ་ཀྱི་བྷ་གའི་ནམ་མཁའ་ཨི་དབུས་སུ་འོད་དུ་ཞུ་ཏེ་འོད་དུ་ཞུ་མ་ཐག་ཏུ་རྡོ་རྗེ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤིན་ཏུ་དཀར་བ་དྲི་མ་མེད་པའི་འོད་འཕྲོ་བཟླ་བའི་དཀྱིལ་འཁོར་བཞིན་དུ ་གྱུར་པར་བསམ་ཏེ། དེའི་སྟེང་དུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཧས་བྱིན་གྱིས་བརླབ་པར་བྱས་ཏེ། ས་བོན་སྔགས་ཀྱི་ཡིག་འབྲུ་ཧ་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་གཟི་བརྗིད་འབར་བ་འོད་དུ་ཞུ་ཏེ། མདུན་དུ་སྨོས་པའི་བྱང་ཆུབ་སེམས ་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསམ་ཏེ། ས་བོན་དེ་ལས་ལྷ་མོ་རོ་རྡོ་རྗེ་མའི་སྐུ་ཕྱག་རྒྱ་བསྐྱེད་དེ། སྐུ་མདོག་དམར་མོ་ཅུང་ཟད་སེར་བ། ཞལ་ཅིག་པ་ཅུང་ཟད་འཛུམ་པ་ཐོར་ཚུགས་ཀྱིས་བརྒྱན་པ། ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། དབང་དང་འདོད་ཆགས་ཀྱི་ཚུལ་གྱི་སྐུ་ཕྱག་རྒྱ་ཕྱག་གཉིས་ཀྱིས་ཕྱི་དང་ནང་གི་ཞལ་ཟས་རོ་དྲུག་དང་ལྡན་པས་གང་བའི་དུང་པོར་ཆེན་པོ་ཐུགས་ཀར་འཛིན་པའོ། །དེ་ལྟར་མཆོད་པའི་ལྷ་མོ ་རོ་རྡོ་རྗེ་མ་བསྐྱེད་མ་ཐག་ཏུ་སྣང་བ་མཛའ་ཡས་ཀྱི་གཡོན་དུ་གདན་ཟླ་བའི་དཀྱིལ་འཁོར་ཆེན་པོ་ལ་སེམས་དཔའ་ཨི་དཀྱིལ་མོས་བཞུགས་པར་བསྒོམ་པར་གསུངས་སོ། །དེ་ནས་གཞན་ཡང་བདག་པོ་དེ་བཞིན་གཤེགས་པ་རྡོ་རྗེ་མི ་བསྐྱོད་པ་དང་མདུན་དུ་སྨོས་པ་གཉིས་སུ་མེད་པའི་ང་རྒྱལ་གྱིས་མདུན་དུ་རྡོ་རྗེ་མཆོད་པའི་ཚུལ་ཇི་ལྟར་མཛད་པ་དེ་བཞིན་དུ་བྱས་ཏེ། མཆོད་པ་བྱས་པས་འདོད་ཆགས་ཀྱི་བདེ་བར་གྱུར་པའི་དུས་སུ་གསང་བའི་རྡོ་རྗེའི་ལམ་ནས་རྡོ་རྗེའི ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་འོ་མའི་རྒྱུན་བཞིན་དུ་ཤེས་རབ་ཀྱི་བྷ་གའི་ནམ་མཁའ་ཨི་དབུས་སུ་འོང་དུ་ཞུ་ཏེ། འོད་དུ་ཞུ་མ་ཐག་ཏུ་རྡོ་རྗེ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཤིན་ཏུ་དཀར་བ་དྲི་མ་མེད་པ་འོད་འཕྲོ་བ། ཟླ་བའི་དཀྱིལ་འཁོར་བཞིན་དུ་གྱུར་པར་བསམས་ཏེ། དེའི ་སྟེང་དུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཁཾ་གིས་བྱིན་གྱིས་བརླབ་པར་བྱས་ཏེ། ས་བོན་སྔགས་ཀྱི་ཡི་གེ་འབྲུ་ཁཾ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོའི་ཁ་དོག་ལྗང་ཁུ་ཅུང་ཟད་དམར་བ་ཡེ་ཤེས་ཀྱི་གཟི་བརྗིད་འབར་བ་འོད་དུ་ཞུ་སྟེ། མདུན་དུ་སྨོས་པའི་བྱང་ཆུབ ་སེམས་ཟླ་བའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསམས་ཏེ། ས་བོན་དེ་ལས་ལྷ་མོ་རེག་རྡོ་རྗེ་མའི་སྐུ་ཕྱག་རྒྱ་བསྐྱེད་དེ། སྐུ་མདོག་ལྗང་ཁུ་ཅུང་ཟད་དམར་བ། ཞལ་གཅིག་པ་ཅུང་ཟད་འཛུམ་པ་ཐོར་ཚུགས་ཀྱི་དབུ་བརྒྱན་པ། ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། དགའ་བར་བརྩོན་པའི་སྐུ་ཕྱག་རྒྱ། ཕྱག་གཉིS་ཀྱིས་ལྷའི་ན་བཟའ་ཨི་ཁ་དོག་དང་རི་མོ་སྣ་ཚོགས་དང་ལྡན་པ་མཛའ་གཉིས་ནས་བཟུང་པའོ། །དེ་ལྟར་མཆོད་པའི་ལྷ་མོ་རེག་རྡོ་རྗེ་མ་བསྐྱེད་མ་ཐག་ཏུ་དོན་ཡོད་གྲུབ་པའི ་གཡོན་ཕྱོགས་སུ་གང་ན་ཟླ་བའི་དཀྱིལ་འཁོར་ཆེན་པོ་ལ་སེམས་དཔའ་ཨི་དཀྱིལ་མོས་བཞུགས་པར་བསྒོམ་པར་གསུངས་སོ། །ཡོན་ཏན་ལྔའི་རྒྱས་ཞེས་པ་ནི་མདུན་དུ་སྨོས་པའི་གཟུགས་རྡོ་རྗེ་ལྷ་མོ་ལ་སོགས་པ་འདོད་པ་ལྔའི་ངོ་བོ་མཆོད་པའི ་ལྷ་མོ་རྣམས་ཀྱི་།ཉིད་ཉིད་ཀྱི་ཕྱག་རྒྱ་ལས་ཉིད་ཉིད་ཀྱི་ཆ་ལུགས་ལྟ་བུ་སྤྲིན་བཞིན་སྤྲོ་བར་མཛད་དེ། སྤྲོས་མ་ཐག་ཏུ་དེ་དག་སོ་སོའི་མཆོད་པའི་ཡོན་ཏན་གྱིས་སངས་རྒྱས་དཀྱིལ་འཁོར་གང་བ་དང། རྒྱས་པར་སྒྲུབ་པ་པོས་བསམ་པར་གསུངས་སོ།། ་དེ་ནས་མཆོད་པ་རྣམ་པ་ལྔ་ཞེས་པ་ནི་མདུན་དུ་སྨོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱི་སོ་སོའི་མཆོད་པའི་རྟགས་བཤད་པར་བྱ་སྟེ། མེ་ལོང་ལྟ་བུའི་དགུ་པོ་རྒྱུད་མངས་དང། དྲི་ཡིས་གང་བའི་དུད་ཕོར?་དང། རོ་སྣ་ཚོགས་དང་ལྡན་པའི་ཞལ་ཟས ་ཀྱི་སྣོད་དུང?་ཕོར་ཆེན་པོ་དང། ལྷའི་ན་བཟའ་ཏེ། དེ་ལྟར་མཆོད་པའི་རྫས་ལྔའི་དོན་དུ་གསུངས་སོ། །བརྒྱན་ཞེས་པ་ནི་མདུན་དུ་སྨོས་པའི་མཆོད་པའི་ལྷ་མོ་གཟུགས་རྡོ་རྗེ་ལ་སོགས་པ་སྤྲིན་ལྟ་བུམ་ལུས་པ་ཐམས་ཅད་ཀྱི ་ཕྱག་རྒྱ་གཉིས་སུ་མེ་ལོང་ལ་སོགས་པ་མདུན་དུ་སྨོས་པའི་སོ་སོའི་སྐྱེ་བོ་མཆོད་པའི་རྫས་སུ་བརྟགས་པའི་རྒྱན་གྱིས་ངོ་བོས་མཛེས་པའོ། །གཞན་ཡང་དེ་ལྟར་མཛད་པའི་རྒྱན་ཕུན་སུམ་ཚོགས་པ་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་དཀྱིལ ་འཁོར་མཛེས་པར་བརྒྱན་པར་གསུངས་སོ། །མདོར་ན་དེ་ལྟར་བསྒོམས་ནས་ནི། གཟུགས་ནི་དབུས་སུ་བསྒོཾ་བར་བྱ་ཞེ་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། རིམ་པ་བཞིན་དུ་བསྒོམ་པར་བྱ་བའི་མདུན་དུ་སྨོས་པའི་སངས་རྒྱས་དཀྱིལ ་འཁོར་འདོད་པའི་ཡོན་ཏན་ལྔའི་མཆོད་པ་དང་ལྡན་པ་དེ་སྒྲུབ་པ་པོས་བསྒོམ་པར་བྱ་སྟེ། ཇི་ལྟར་བསྒོམ་པར་བྱ་ཞེ་ན། མདུན་དུ་སྨོས་པ་ལྟར་སོ་སོའི་རིགས་ཀྱི་བྱེ་བྲག་གི་ས་བོན་གྱི་སྔགས་ཀྱི་ཆོ་ག་དང་།སྐུ་ཕྱག་རྒྱའི་ཆ་ལུགས་ཕུན ་སུམ་ཚོགས་པ་དང། གདན་དང་བཞུགས་ཚུལ་དང་ཕྱོགས་དང་ཇི་ལྟར་བཤད་པ་བཞིན་དུ་རིམ་པ་མ་ནོར་བར་བསྒོམ་པར་གསུངས་སོ། །གཟུགས་ནི་དབུས་སུ་བསྒོམ་པར་བྱ་ཞེས་པ་ནི། མདུན་དུ་སྨོས་པའི་སངས་རྒྱས་དཀྱིལ་འཁོར ་གྱི་གནས་དང་གདན་ག་ཡི་ཚུལ་བསྟན་པ་སྟེ། ས་བོན་ཡིག་འབྲུ་ཨ་ལས་བདག་པོ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་ཀུན་གྱི་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་བསྐྱེད་པར་བྱ་སྟེ། དེའི་སྟེང་དུ་རྣམ་པར་སྣང ་མཛད་ལ་སོགས་པ་སངས་རྒྱས་བཞི་ནི་མདུན་དུ་སྨོས་པའི་སོ་སོའི་གདན་ལ་བཞུགས་པར་བསྒོམ་པར་གསུངས་སོ། །དེ་ནི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ས་སྒྲུབ་པ་པོ་རྣམས་ཀྱིས་བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས ་ལྔའི་དཀྱིལ་འཁོར་བསྒོམ་པའི་དོན་གསུངས་པའི་འོག་ཏུ། རྒྱུད་ཀྱི་གླེང་གཞི་དང། འབྱུང་བའི་ཚུལ་གྱི་ཆོ་ག་དང། སྦྱོར་བ་གཉིས་གཅིག་ཏུ་བསྡུ་བ་དང། ཉིད་ཀྱི་སྐུ་ཕྱག་རྒྱ་བརྗེ་བ་དང། དེ་བཞིན་གཤེགས་པ་རྣམ་པ་ལྔའི་ངོ་བོ་ཡེ་ཤེས་སེམས་དཔའ་། ་དཀྱིལ་འཁོར་ཀྱི་བདག་པོ་རྒྱུད་བཀའ་སྩལ་པ་མཐར་ཕྱིན་པའི་སྟོན་པ་དེ་བཞིན་གཤེགས་པ་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོར་གྱུར་པའི་དོན་བསྟན་པར་བྱ་སྟེ། རྣམ་པར་སྣང་མཛད་ཕྱག་རྒྱ་ཚ། །སྐུ་གསུང་ཐུགས་ཀྱི་མཚན་མའི་།སྐུ་གསུང་ཐུཌ་ཀྱི་?་ཡི།། ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ་ཞེས་པའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཀུན་རྫོབ་ཏུ་།ཡེ་ཤེས་དང་གསང་བའི་དཀྱིལ་འཁོར་ཐམས་ཅད་དང ་སྔགས་ཀྱི་ས་བོན་ཡིག་འབྲུ་རྣམས་དང། ཡེ་ཤེས་ཀྱི་འོད་ཟེར་དང། དེ་བཞིན་དུ་མེ་སྟག་དང། འབར་བ་དང། ཐོད་དང་གསལ་བ་དང། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ལ་སོགས་པ་ལྷ་ཐམས་ཅད་ཀྱི་སྐུ་ཕྱག་རྒྱའི་ངོ་བོ། །དོན་དམ ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་མདུན་དུ་སྨོས་པའི་ནང་དང་ཡེ་ཤེས་དང་གསང་བའི་ཁ་དོག་གི་བྱེ་བྲག་དཀར་ནག་ལ་སོགས་པ་ཐམས་ཅད་ལ་རྣམ་པར་སྣང་མཛད་ཕྱག་རྒྱའི་དོན་དུ་གསུངས་སོ། །སྐུ་གསུང ་ཐུགས་ཀྱི་མཚན་མ་ཞེས་པ་ནི་མདུན་དུ་སྨོས་པའི་རྣམ་པར་སྣང་མཛད་ཕྱག་རྒྱ་ཆེན་པོའི་དོན་བསྟན་པ་དེ་ནི་སྐུ་གསུང་ཐུགས་མི་བྱེད་པ་གཉིས་སུ་མེད་པར་གཅིག་པ་ལ་མཚན་མའི་དོན་དུ་གསུངས་སོ། །སྐུ་གསུངས་ཐུགས་ནི་རྡོ་རྗེ་ཞེས་པ ་ནི། བདག་པོ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ནི་གཉིས་སུ་མེད་པ་མི་ཕྱེད་པའི་ངོ་བོར་གསུངས་སོ། །ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ་ཞེས་པ་ནི། མདུན་དུ་སྨོས་པའི་རྣམ་པར་སྣང་མཛད་ཕྱག་རྒྱ་ཆེན་པོ་སྐུ ་གསུང་ཐུགས་གསུམ་གཉིས་སུ་མེད་པ་མི་ཕྱེད་པར་ལྡན་པ་དེ་ཀུན་རྫོབ་དུ་སྐུ་གསུང་ཐུགས་གསུམ་རྡོ་རྗེའི་བདག་པོ་དེ་བཞིན་གཤེགས་པ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་བསྒོམ་པར་གསུངས་སོ། །གཉིས་སུ་སྦྱོར་བ་གཅིག་ཏུ ་བསྡུས། །མི་བསྐྱོད་པ་ཡི་རྒྱ་མཆོག་དང། །རིན་ཆེན་ཏོག་གི་རྒྱ་ཆེན་དང། །ཚེ་དཔག་མེད་པའི་འོང་བྱེད་དང། །ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། གཅིག་ཏུ་བསྡུས་པ་ནི་མདུན་དུ་སྨོས་པའི་ལེའུ་དང་པོ་ལས། དང་པོ་ཆོས ་ཀྱི་སྐུའི་གནས་ནས་སེམས་ཅན་གྱི་དོན་བྱ་བའི་ཕྱིར། ཐུགས་རྗེ་ཆེན་པོ་བསྐྱེད་དེ། ཡེ་ཤེས་སེམས་དཔའ་སྤྲུལ་པའི་སྐུའི་ངོ་བོ་ཕྱུང་སྟེ། ཕྱུང་མ་ཐག་ཏུ་ཡེ་ཤེས་ཀྱི་ཆོ་འཕྲུལ་སངས་རྒྱས་བྱང་ཆུབ་སེམས་དཔའ་བརྗོད་དུ་ཡོད་པ་དང་བརྗོད་དུ ་མེད་པ་སྤྲོ་བ་དང་བསྡུ་བས་སེམས་ཅན་བྱིན་གྱིས་བརླབས་པའི་ཐུགས་རྗེ་འཕྲིན་ལས་མཛད་པ་དང། དེའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་ལོ་ཙ་ན་ལ་སོགས་པ་བཞི་གཉིས་སུ་མེད་པར་གཅིག་པའི་ངོ་བོའི་སྐུ་ཕྱག ་རྒྱ་རྡོ་རྗེ་རིགས་ཀྱི་དགའ་མ་ཤེས་རབ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་རྣམ་པར་རྟོག་པ་དང་ཉོན་མོངས་པའི་དྲི་མ་དང་བྲལ་བ་ཡོན་ཏན་གྱི་ནམ་མཁའ་བཞིན་དུ་དྲི་མ་མེད་པ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ་མིང་བཏགས་པ་ཏེ། ཐུགས་རྗེ་ཆེན ་པོའི་འདོད་ཆགས་ཀྱིས་བྱིན་གྱིས་བརླབ་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ་ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་པ་དེ་མདོར་བསྡུས་པ་རོལ་པ་མཛད་ནས། གསང་བ་དང་ཡེ་ཤེས་གཉིས་སུ་མེད་པའི་ས་བོན་ལས་བྱང་ཆུབ ་སེམས་རྡོ་རྗེ་བསྐྱེད་དེ། བསྐྱེད་མ་ཐག་ཏུ་བསྐྱེད་མཁན་བདག་པོ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ། དེ་བཞིན་གཤེགས་པ་རྣམ་པ་ལྔ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་ཐུགས་ཀར་འདུས་ཏེ་གཉིས་སུ་མེད་པར་ཡི་གེ ་ཧཱུཾ་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཡེ་ཤེས་སེམས་དཔའ་ཁ་དོག་རྣམ་པ་ལྔ་དང་ལྡན་པ་མེ་མར་བཞིན་དུ་འབར་བ་མི་གཡོ་བ་འབྱུང་ནས་སུ་འགྱུར་ཏེ། དེ་ལྟར་མདོར་བསྡུས་པའི་དོན་དུ་གསུངས་སོ། །དེ་ནས་གཉིས་སུ་སྦྱོར་བ་ཞེས་པ་ནི་མདུན་དུ་སྨོས ་པའི་ཚུལ་དུ་ལེའུ་དང་པོ་ལས། དང་པོ་ཆོས་ཀྱི་སྐུའི་གནས་ནས་སྤྲུལ་པའི་སྐུ་ཕྱག་རྒྱའི་ངོ་བོ་ཡེ་ཤེས་སེམས་དཔའ་། བདག་པོ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་ཕྱུང་སྟེ། དེའི་འོག་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད ་དེ། བདག་པོ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ། བྱང་ཆུབ་སེམས་རྡོ་རྗེའི་གསང་བའི་ཐུགས་ཀའི་གནས་སུ་མ་ཞུགས་ཡེ་ཤེས་སེམས་དཔའ་ཨི་ཡི་གེ་ཧཱུཾ་དུ་མ་གྱུར་པ་མདུན་དུ་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱི ་བགྱིངས་པ་འཕྲིན་ལས་ཇི་སྙེད་མཛད་པར་བསྟན་པ་དེ་སྦྱོར་བ་གཅིག་ཏུ་གསུངས་སོ། །དེ་གཉིས་སུ་སྦྱོར་བའི་དོན་བསྟན་པར་བྱ་ཏེ་། མདུན་དུ་སྨོས་པ་བདག་པོ་དེ་བཞིན་གཤེགས་བ་རྡོ་རྗེ་མི་བསྐྱོད་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། དང་པོ ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་རྒྱུད་བཀའ་སྩལ་པའི་ཕྱིར་བསྐྱེད་པར་མཛད་དེ་སྐྱེད་མ་ཐག་ཏུ་དེས་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་ཏེ། ཡེ་ཤེས་ཀྱི་ཆོ་འཕྲུལ་གྱིས་བསྒྱིངས་པས་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་པ་ལ་སོགས་པ་དང། སྒྲུབ ་པ་པོ་རྣམས་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་ལེའུ་གསུམ་པའི་སངས་རྒྱས་དཀྱིལ་འཁོར་བསྒོམ་པའི་དོན་བཤད་པར་རྫོགས་པ་ཡན་ཆད་ཀྱི་སྐབས་ཏེ། དེ་ལྟར་མདོར་བསྡུས་པ་སྦྱོར་བ་གཉིས་པའི་དོན་དུ་གསུངས་སོ། །གཞན་ཡང་བསྡུས་པའི ་དོན་བཤད་པར་བྱ་སྟེ། མདུན་དུ་སྨོས་པའི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་ལེའུ་གསུམ་པ་འདིའི་སངས་རྒྱས་དཀྱིལ་འཁོར་བསྒོམ་པའི་དོན་བཤད་མ་ཐག་ཏུ་ཉིད་ཀྱི་གསང་བའི་ཐུགས་ཀ་ན་གནས་པ་གོང་དུ་སྨོས་པའི་བསྡུས་པའི་ངོ་བོ་ཡེ་ཤེས ་སེམས་དཔའ་ཨི་ཡེ་ཤེས་རྣམ་པ་ལྔའི་བདག་ཉིད་ས་བོན་སྔགས་ཀྱི་ཡི་གེ་ཧཱུཾ་དེ་ཉིད་ས་བོན་ལས་མདུན་དུ་སྨོས་པའི་ཚུལ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་ཏེ་།གྱུར་མ་ཐག་ཏུ་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཉིད་ཀྱི་སྐུ ་ཕྱག་རྒྱ། བདག་པོ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་གསང་བའི་ཐུགས་ཀའི་གནས་སུ་ཞུགས་ཏེ། སྔགས་ཀྱི་ས་བོན་ལ་སོགས་པ་ཡི་གེ་ཧཱུཾ་ཡེ་ཤེས་རྣམ་པ་ལྔའི་བདག་ཉིད་ཁ་དོག་རྣམ་པ་ལྔ་དང་ལྡན་པ། ཡེ་ཤེས་སེམས་དཔའ་ཨི་མེ ་མར་བཞིན་དུ་འབར་མི་གཡོ་བར་གྱུར་ཏེ། དེ་ལྟར་བསྡུས་པའི་དོན་དུ་གསུངས་སོ།། །།གཞན་ཡང་རྡོ་རྗེ་སློབ་དཔོན་ཆེན་པོ་ཞབས་དཀར་པོའི་བསྡུས་པའི་དོན་བྱེ་བྲག་དྲུག་ཏུ་བཤད་པའི་སྒྲ་འདིར་དྲངས་ནས་བསྟན་པ། དྲུག?་གང་ཞེ་ན། ་འབྱུང་བའི་སྔགས་ཀྱི་ས་བོན་དང། རིགས་དང། ཡེ་ཤེས་དང། ཤེས་རབ་དང། ཡེ་ཤེས་ཀྱི་ཆོ་འཕྲུལ་གྱིས་བསྒྱིངས་པའི་སྤྲོ་བསྡུའི་གནས་ཀྱི་སྙིང་པོ་དང། དོན་དམ་པར་གཉིས་སུ་མེད་པའི་ངོ་བོར་ཞུགས་པ་བདེ་བ་ཆེན་པོའི་གནས་སོ།། ་དེའི་དོན་གསལ་བར་བཤད་པར་བྱ་སྟེ། འབྱུང་བའི་སྔགས་ཀྱི་ས་བོན་ནི་དང་པོ་ཆོས་ཀྱི་སྐུའི་གནས་ནས་བདག་པོ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་འབྱུང་བའི་དུས་སུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་ལས་སྐུ་ཕྱག་རྒྱར་གྱུར་པ་དང། ་གཞན་ཡང་བདག་པོ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་སངས་རྒྱས་སྤྱན་ལ་སོགS་པ་ལྷ་མོ་བཞི་གཉིས་སུ་མེད་པའི་ངོ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ་མིང་བཏགས་པའི་ཤེས་རབ་དང། ་རྡོ་རྗེ་རིགས་ཀྱི་དགའ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་བྱིན་གྱིས་བརླབས་ནས། ཐབས་དང་ཤེས་རབ་ཀྱི་རོལ་པ་མཛད་ནས། བདེ་བར་གྱུར་པའི་དུས་སུ་རྡོ་རྗེ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུ་མཱ་མ་ཀཱིའི་བྷ་གའི་དབུས་སུ་ས ་བོན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་དང་གཉིས་སུ་མེད་པ་ལས་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་ཕྱག་རྒྱ་བསྐྱེད་པས་དེ་ལྟར་བསྟན་པ་གཉིས་ཀྱི་སྐུ་ཕྱག་རྒྱ་སྔགས་ཀྱི་ས་བོན་གཅིག་ལས་བྱུང་བ་བསྡུས་པའི་དོན་དུ་གསུངས་སོ། །བྱེ་བྲག་དང་པོའོ། །རིགས་ནི་སྟོན ་པ་གཉིས་རྡོ་རྗེའི་རིགས་སུ་གཅིག་པ་བསྡུས་པའི་དོན་དུ་གསུངས་ཏེ། བྱེ་བྲག་གཉིས་སོ། །ཡེ་ཤེས་ནི་སྟོན་པ་བྱང་ཆུབ་སེམས་ལྟ་བུའི་ཡེ་ཤེས་སུ་གཅིག་པའི་བསྡུས་པའི་དོན་དུ་གསུངས་ཏེ་བྱེ་བྲག་གསུམ་མོ། །ཤེས་རབ་ནི་སྟོན་པ་གཉིས་ཀའི་རྡོ་རྗེ ་རིགས་ཀྱི་དགའ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་གཅིག་ཏུ་བསྡུས་པའི་དོན་ཏུ་གསུངས་ཏེ་བྱེ་བྲག་བཞིའོ། །ཡེ་ཤེས་ཀྱི་ཆོ་འཕྲུལ་གྱི་བསྒྱིངས་པའི་སྤྲོ་བསྡུའི་གནས་ཀྱི་སྙིང་པོ་ནི་སྟོན་པ་གཉིས་སོ་སོར་གྱུར་པའི་ཚུལ་གྱི་ཉིད་ཀྱི་གསང་བའི་ཐུགས་ཀའི ་ཡེ་ཤེས་སེམས་དཔའ་ནི་ཡེ་ཤེས་ལྔའི་ཆོ་འཕྲུལ་གྱི་བསྒྱིངས་པའི་སྤྲོ་བསྡུའི་བྱེ་བྲག་སྣ་ཚོགས་ཀྱི་གནས་ཀྱི་སྙིང་པོ་ཡེ་ཤེས་སེམས་དཔའ་གཅིག་ཏུ་བསྡུས་པའི་དོན་དུ་གསུངས་ཏེ་བྱེ་བྲག་ལྔའོ། །དོན་དམ་པར་གཉིས་སུ་མེད་པའི་ངོ་བོར ་བཞུགས་པའི་བདེ་བ་ཆེན་པོའི་གནས་སུ་གནས་པ་ནི་སྟོན་པ་གཉིས་རྒྱུད་བཀའ་སྩལ་པ་རྫོགས་པའི་འོག་ཏུ་གཉིས་སུ་མེད་པའི་ངོ་བོ་སྐུ་ཕྱག་རྒྱ་།མདུན་དུ་སྨོས་པའི་འབྱུང་བའི་གནས་ཆོས་ཀྱི་སྐུ་ལ་གཉིས་སུ་མེད་པ་ཞུགས་པ་བདེ་བ ་ཆེན་པོའི་དོན་དམ་པའི་གནས་སུ་གནས་པར་མཛད་པ་སྟེ། བྱེ་བྲག་ཕྲུག?་གོ་།དེ་ལྟར་བྱེ་བྲག་དྲུག་གིས་གཅིག་ཏུ་བསྡུས་ཞེས་པའི་དོན་བསྟན་ཏོ། །མི་བསྐྱོད་པའི་རྒྱ་མཆོག་དང་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དང། གཞན ་ཡང་ཡེ་ཤེས་དང། གསང་བའི་ལྷ་ཐམས་ཅད་བསྐྱེད་པར་མཛད་པའི་ཡབ་དང་འདྲ་བར་།ཐུགས་ཀྱི་དཀྱིལ་འཁོར་གྱི་བདག་པོ། རྒྱུད་བཀའ་སྩལ་པའི་སྟོན་པ། སེམས་ཅན་ཉོན་མོངས་པའི་རྒྱ་མཚོར་ལྟུང་བ་ཐམས་ཅད་སྒྲུབ་པ་པོའི་རྒྱུད་ལ་དངོས་གྲུབ ་གསོལ་བའི་ཐབས་ཀྱིས་སྒྲོལ་བར་མཛད་པས་དེའི་ཕྱིར། མི་བསྐྱོད་པའི་རྒྱ་མཆོག་དང་ཞེས་གསུངས་སོ། །རིན་ཆེན་རྟོག་གི་རྒྱ་ཆེན་ཞེས་པ་ནི་སྟོན་པ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དེ། སེམས་ཅན ་ཐམས་ཅད་ཀྱི་རེ་བ་སྣ་ཚོགས་སྐྱེ་བདེ་ཐམས་ཅད་ཀྱི་སྣ་ཚོགས་ཀྱི་བྱེ་བྲ་གིས་སྟོངས་པ་དང། འདུ་བར་མཛད་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོའི་ཕྱག་རྒྱ་ཆེན་པོར་མཚན་བཏགས་པ་སྟོན་པ་དེ་བཞིན་གཤེགས ་པ་རྡོ་རྗེ་མི་བསྐྱོད་པ་སྐུ་གསུང་ཐུགས་གསུམ་ལ་དབྱེར་མེད་པར་ལྡན་པར་གསུངས་སོ། །ཚེ་དཔག་མེད་པའི་འོད་བྱེད་དང་ཞེས་པ་ནི། སྟོན་པ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ལས་ཡེ་ཤེས་ཀྱི་འོད་ཟེར་གྱི་ཕྲེང་བའི་གཟི ་བརྗིད་ཀྱི་ཕུང་པོ་འབར་དེའི་འོད་འཕྲོ་བ་དེ་ནི། འོད་བྱེད་པ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་སྟོན་པ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ལ་དབྱེར་མེད་པར་ལྡན་པར་གསུངས་སོ། །དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེ། སངས ་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེན་པོ་ནི་ཕྱི་ནང་གསང་བའི་ལས་ཐམས་ཅད་གྲུབ་པར་མཛད་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོའི་ཕྱག་རྒྱ་ཆེན་པོའི་མཚན་བཏགས་པའོ།། ་སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་པ་ནི་མདུན་དུ་སྨོས་པའི་སངས་རྒྱས་ལྔ་རྣམས་གཉིས་སུ་མེད་པ། སྟོན་པ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་འབྱུང་བ་ཆོ་གའི་ཚུལ་དང་སྐུ་མདོག་དང་ཕྱག་མཚན་དང ་རྒྱན་རྣམས། ཤེས་རབ་མས་འཁྱུད་པར་མཛད་པ་དང། གཞན་ཡང་ཡེ་ཤེས་ཀྱི་ཆོ་འཕྲུལ་སྣ་ཚོགས་ཀྱི་བྱེ་བྲག་གི་སྤྲོ་བསྡུ་མཛད་པ་དང། དེ་ལྟར་འཕྲིན་ལས་ཕུན་སུམ་ཚོགས་པ་ཐམས་ཅད་གྲུབ་པར་བྱེད་པའི་ངོ་བོ་སྟོན་པ། དེ་བཞིན ་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱས་སངས་རྒྱས་ཀྱི་དཀྱིལ་འཁོར་ཞེས་མཚན་བཏགས་པ་སྒྲུབ་པ་པོས་བསྒོམ་པར་བྱ་སྟེ། དེ་ལྟར་དོན་ཡོད་གྲུབ་པའི་ཕྱག་རྒྱ། སངས་རྒྱས་དཀྱིལ་འཁོར་བསྒོམ་བར་བྱ་ཞེས་པའི་དོན་དུ་གསུངས་སོ། །ད་ནི ་སྟོན་པ་མི་བསྐྱོད་པ་རྡོ་རྗེ་དེ་བཞིན་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་སྦྱོར་བ་གཉིས་གཅིག་ཏུ་འདུས་པར་བྱ་བའི་ངོ་བོ་དེ་དེའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་བསྟན་བར་བྱ་སྟེ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན། ། ་ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །རབ་འབར་ཕྱག་ན་རྡོ་རྗེ་བསྣམས། །རྣམ་པར་གཙིགས་པ་འཇིགས་འཇིགས་བལྟ། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན་ནི། སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན་ནི་མདུན་དུ་སྨོས་པའི་རྣམ་པར་སྣང་མཛད་ལ ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ནི་དོན་དོམ་པར་སྐུ་གསུང་ཐུགས་གསུམ་ནི་གཉིས་སུ་མེད་པར་ལྡན་པའི་ངོ་བོ་སྟོན་པ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱར་གསུངས་སོ། །ིནྡྲ་ནཱི་ལའི་ཁ་དོག་འདྲ་ཞེས་པ་ནི་རིན ་པོ་ཆེ་ནཱི་ལའི་ཁ་དོག་འདྲ་བར་གསུངས་སོ། །རབ་འབར་ཞེས་པ་ནི་སྟོན་པ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱའི་ཡན་ལག་དང་ཉིད་ལག་ཐམས་ཅད་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོར་རབ་ཏུ་འབར་བར་གསུངས་སོ། ། ་ཕྱག་ན་རྡོ་རྗེ་བསྣམས་ཞེས་པ་ནི་སྟོན་པ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་ཕྱག་གཡས་དང་པོ་ན་མེ་ལོང་ལྟ་བུའི་ཡེ་ཤེས་གི་ངོ་བོ་རྡོ་རྗེ་རྩེ་ལྔ་བསྣམས་པས་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་འཇོམས་པར་མཛད་པ་གསུངས་སོ།། ་གཞན་ཡང་ཞལ་དང་ཕྱག་དང་ཕྱག་མཚན་དང་།རྒྱན་རྣམས་དང། ཉིད་ཀྱི་རིགས་ཀྱི་ལྷ་མོ་འཁྱུད་པའི་ཚུལ་དང་ལྡན་པའི་སྐུ་ཆ་ལུགས་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་མཐུན་དུ་སངས་རྒྱས་དཀྱིལ་འཁོར་བསྒོམ་པའི་སྐབས་སུ ་བསྟན་པ་བཞིན་དུ་འདིར་སྦྱར་རོ། །དེ་ནས་རྣམ་པར་གཙིགས་པ་འཇིགས་འཇིགས་བལྟ་ཞེས་པ་ནི། མདུན་དུ་སྨོས་པའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ཐམས་ཅད་ལས་འབར་བ་ཆེན་པོའི་ཚོགས ་རྣམས་ཀྱིས་འབར་ཏེ་མི་སྡུག་པའི་གཟུགས་སོ། །གཞན་ཡང་མཆེ་བ་རྣོ་བ་གཙིགས་པ་བསྐྱོད་པ་ཞལ་རྣམས་འགྱུར་བ་འཇིགས་པ་ཆེན་པོས་བཀོད་པ་བྱེད་པ་མ་རུངས་པ་ཐམས་ཅད་གཞོམ་པའི་ཕྱིར། འཇིགས་པའི་ཆ་ལུགས་བསྟན ་པའོ། །ད་ནི་སྟོན་པ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་མདུན་དུ་སྨོས་པའི་ཉིད་ཀྱི་སྐུ་ཕྱག་རྒྱར་གྱུར་མ་ཐག་ཏུ་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་མ་ལུས་པ ་ཐམས་ཅད་བྱིན་གྱིས་བརླབ་པ་བསྟན་པར་བྱ་སྟེ། ཤེལ་དང་ཟླ་བའི་འོད་འདྲ་བ། །ཐོར་ཚུགས་ཅོད་པན་གྱིས་བརྒྱན?་པ། །རབ་འབར་ཕྱག་ན་འཁོར་ལོ་བསྣམས། །སྣ་ཚོགས་རྒྱན་གྱིས་མཛེས་པར་བརྒྱན། །ཞེས་བྱ་བའི་སྒྲ་བཤད་པར ་བྱ་སྟེ། ཇི་ལྟར་ཡིན་ན། མདུན་དུ་ཇི་ལྟར་སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་སངས་རྒྱས་དཀྱིལ་འཁོར་བསྐྱེད་པའི་ཆོ་གའི་ཚུལ་དེ་བཞིན་དུ་སྟོན་པ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་ནང་དང་གསང་བའི་ཚུལ་དུ་འདིར་སྦྱར་ཏེ། དང་པ་ནང་དང་གསང་བའི་ཚུལ་དུ་འདིར་སྦྱར་ཏེ། དང ་པོ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ས་བོན་སྔགས་ཀྱི་ཡིག་འབྲུ་ཨོཾ་བསམས་ཏེ། དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་ཤེལ་རིན་པོ་ཆེ་འམ་ཟླ་བ་ལྟ་བུར་གཟི་བརྗིད་འབར་བར་གྱུར ་པར་བསམ་མོ། །དེའི་འོག་ཏུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཨོཾ་འོད་དུ་ཞུ་སྟེ་ཡེ་ཤེས་ཀྱི་ཁུ་བ་ངོ་བོར་གྱུར་པའི་མདུན་དུ་ས་བོན་དེ་ལས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་བསྐྱེད་དེ། དེའི་སྐུ་ཕྱག་རྒྱའི་ཆ་ལུགས ་ཕུན་སུམ་ཚོགས་པ་བསྟན་པར་བྱ་སྟེ། སྐུ་མདོག་ཤེལ་དང་ཟླ་བ་ལྟ་བུའོ། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་ཞེས་པ་ནི། དབུ་སྐྲའི་ཚོགས་ཀྱིས་དབུ་བརྒྱན་གྱི་ཚུལ་དུ་སྤྱི་བོ་བརྒྱན་བས་མཛེས་པའོ། །རབ་འབར་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད ་གྱི་སྐུ་ཕྱག་རྒྱའི་ཡན་ལག་དང་ཉིད་ལག་མ་ལུས་པ་ཐམས་ཅད་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་རབ་ཏུ་འབར་བར་གསུངས་སོ། །ཕྱག་ན་བསྣམས་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་ཕྱག་གཡས་དང་པོ་ན་ཆོས་ཀྱི་དབྱིངས་ཀྱི ་ཡེ་ཤེས་ཀྱི་ངོ་བོ་འཁོར་ལོ་རྩིབས་བརྒྱད་བསྣམས་པས་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་གཅོད་པར་བྱེད་པའི་མཚོན་དུ་གསུངས་སོ། །གཞན་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱུན་རྣམས་དང། ཉིད་ཀྱི་རིགས་ཀྱི་ལྷ་མོ་འཁྱུད་པའི་ཚུལ་དང་ལྡན ་པའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ཐམས་ཅད་ནི་མདུན་དུ་སངས་རྒྱས་དཀྱིལ་འཁོར་བསྒོམ་པའི་སྐབས་སུ་བསྟན་པ་དེ་བཞིན་འདིར་སྦྱར་རོ། །སྣ་ཚོགས་རྒྱན་གྱིས་མཛེས་པར་བརྒྱན་ཞེས་པ་ནི་མདུན་དུ་བཤད་པ་དེ་བཞིན་དུ་འདིར་སྦྱར་རོ།། ་དོན་གཞན་གྱི་བྱེ་བྲག་གིས་ཀྱང་བཤད་པར་བྱ་སྟེ་།ཅི་ལྟར་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ལྟ་བུ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ཉིད་ཀྱི་ས་བོན ་གྱི་སྔགས་ཀྱི་ཡིག་འབྲུ་ལས་སྐུ་ཕྱག་རྒྱ་ལྟ་བུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོ་བར་མཛད་པར་གསུངས་སོ། །འཛམ་བུ་ན་?་འོད་དང་འདྲ། །སངས་རྒྱས་སྦྱིན་གྱིས་རབ་ཏུ་འཁྲུག་།རྡོ་རྗེ་ཆེན་པོ་རྩེ་དགུ་པ། །དེ་ཡི་ཕྱག་ན་བསྣམས་པར ་བསྒོམ། ཞེས་བྱ་བ་དེའི་སྒྲ་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། མདུན་དུ་སྨོས་པ་བཞིན་དུ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་བསམ་ཏེ། དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་ནག་པོ་ཉི་མ ་བཞིན་དུ་གཟི་བརྗིད་འབར་བར་བསམ་ཏེ། དེའི་འོག་ཏུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་འོད་དུ་ཞུ་ཏེ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་གྱུར་པའི་ས་བོན་ལས་ཞེ་སྡང་གི་རྡོ་རྗེ་ཁྲོ་བོ་ཐམས་ཅད་བསྐྱེད་པར་མཛད་པ་བདག་པོ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ ་དང། ཡེ་ཤེས་དང། དབྱེར་མེད་པ། དེའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་བར་བསྟན་པར་བྱ་སྟེ། སྐུ་མདོག་སྤྲིན་ནག་པོ་ལྟ་བུ་དེའི་སྐུ་ཕྱག་རྒྱའི་ཡན་ལག་དང་ཉིད་ལག་ཐམས་ཅད་མེ་ལོང་ལྟ་བུ་ཡེ་ཤེས་ཀྱི་ངོ་བོ་འོད་འབར་བ་ཆེན་པོར་གྱུར་པའི་འོད་ཀྱི་ཁ ་དོག་འཛམ་བུ་ནཱ་ད་ལྟ་བུར་གསུངས་སོ། །སངས་རྒྱས་སྤྲིན་གྱིས་རབ་ཏུ་འཁྲུགས་ཞེས་པ་ནི། ཞེ་སྡང་རྡོ་རྗེས་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ཉིད་ཀྱི་ས་བོན་གསང་སྔགས་ཀྱི་ཡིག་འབྲུ་ལས། སངས་རྒྱས་རྡོ་རྗེ་མི་བསྐྱོད ་པའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་སྤྲིན་བཞིན་དུ་འཁྲུགས་པས་ཕྱོགས་ཐམས་ཅད་ཀྱི་འཇིག་རྟེན་ཀྱི་ཁཾས་ཐམས་ཅད་དུ་སྤྲོ་བས་སོ་སོར་མྱུར་བར་ཁྱབ་པར་གསུངས་སོ། །རྡོ་རྗེ་ཆེན་པོ་རྩེ་དགུ་པ་ཞེས་པ་ནི་ཁྲོ་བོའི་རྡོ་རྗེ་དེ་ནི་རིན་པོ་ཆེ ་འཛམ་བུ་ནཱ་དའི་ཁ་དོག་ལྟ་བུའི་མེ་དཔུང་རབ་ཏུ་འབར་བར་གསུངས་སོ། །ཕྱག་ན་བསྣམས་པར་བསྒོམ་ཞེས་པ་ནི་མདུན་དུ་སྨོས་པའི་ཁྲོ་བོའི་རྡོ་རྗེ་ཆེན་པོ་རྩེ་དགུ་པ་དེ་ནི་ཞེ་སྡང་རྡོ་རྗེ་ཕྱག་གཡས་དང་པོ་ན་བསྣམས་པར་བསྒོམ་སྟེ། དེ་ནི་མེ་ལོང་ལྟ་བུའི ་ཡེ་ཤེས་ཀྱི་ངོ་བོ་གནོད་པར་བྱེད་པའི་བདུད་མ་རུངས་པ་ཐམས་ཅད་ཀྱི་གཟུགས་ཕུང་འཇིགས་པར་བྱེད་པའི་མཚོན་དུ་གསུངས་སོ། །གཞན་ཞལ་དང་ཕྱག་དང་ཕྱག་མཚན་རྒྱན་རྣམས་དང། ཉིད་ཀྱི་རིགས་ཀྱི་ལྷ་མོ་འཁྱུད་པའི་ཚུལ་དང་ལྡན་པའི ་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་མདུན་དུ་བདག་པོ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་དང་མཐུན་པར་སྦྱར་རོ། །མར་ཀ་ཏའི་འོད་དང་འདྲ། །རྡོ་རྗེ་འབར་བར་རྣམ་པར་བརྒྱན། །ཀུན་ཏུ་འབར་བའི་སྤྲིན་གྱིས་ཁྱབ། །ཕྱག་ན་རིན་ཆེན་རྣམ ་པར་བསྒོམ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན་།མདུན་དུ་སྨོས་པ་བཞིན་དུ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་ས་བོན་སྔགས་ཀྱི་ཡི་གེ་འབྲུ་སྭ་བསམས་ཏེ། དེ་ནི་ཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་པོ་ཆེ ་མར་ཀ་ཏའི་ཁ་དོག་ལྟར་སེར་ལ་ཅུང་ཟད་དམར་བ། མེ་དཔུང་བཞིན་དུ་གཟི་བརྗིད་འབར་བར་གྱུར་པར་བསམ་ཏེ། དེའི་འོག་ཏུ་ས་བོན་སྔགས་གྱི་ཡིག་འབྲུ་སྭ་འོད་དུ་ཞུ་ཏེ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་གྱུར་པའི་ས་བོན་དེ་ལ་དེ་བཞིན་གཤེགས་པ་རིན ་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་བསྐྱེད་དེ། དེའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་བསྟན་པར་བྱ་ཏེ། སྐུ་མདོག་རིན་པོ་ཆེ་མར་ཀ་ཏའི་འོད་ཀྱི་ཁ་དོག་ལྟ་བུའོ། །རྡོ་རྗེ་འབར་བར་རྣམ་པར་བརྒྱན་ཞེས་པ་ནི། དེ་བཞིན་གཤེགས་པ་རིན་ཆེན ་འབྱུང་ལྡན་གྱི་སྐུ་ཕྱག་རྒྱའི་ཡན་ལག་དང་ཉིད་ལག་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་འབར་བའི་རྡོ་རྗེ་ལྟ་བུ་འབར་ཏེ། འབར་བའི་གསལ་བའི་རྒྱན་གྱིས་མཛེས་པར་གསུངས་སོ། །ཕྱག་ན་རིན་ཆེན་བསྣམས་པར་བསྒོམ་ཞེས་པ་ནི་དེ་? ་གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་ཕྱག་ཡས་དང་པོ་ན?་རིན་པོ་ཆེ་མར་གད་ཟུར་ལྔ་པའམ། ནོར་བུ་རིན་པོ་ཆེ་ཡང་རུང་ཏེ་། དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོར་གསུངས་སོ། །ཀུན་ཏུ་འབར་བའི་སྤྲིན་གྱིས་ཁྱབ་ཅེས་པ་ནི་མདུན་དུ་སྨོས་པའི་ཕྱག་ན ་རིན་པོ་ཆེ་བསྣམས་བའི་འབར་བ་སྤྲིན་ལྟ་བུ་ཀུན་ནས་འབར་བ་དེས་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་སྲེག་པར་བྱེད་དོ། །གཞན་ཡང་ཐུགས་རྗེ་ཆེན་པོས། སེམས་ཅན་དབུལ་པོ་ཐམས་ཅད་བྱིན་གྱིས་བརླབས་ཏེ། འཕོངས་པའི་སྡུག་བསྔལ་མེད ་པར་མཛད་དེ། དེའི་འོག་ཏུ་དབང་ཕྱུག་དང་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་མཛད་དོ། །གཞན་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་དང། ཉིད་ཀྱི་རིགས་ཀྱི་ལྷ་མོ་འཁྱུད་པའི་ཚུལ་དང་ལྡན་པའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ ་ཚོགས་པ་ཐམས་ཅད་ནི་མདུན་དུ་སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ་བའི་དུས་སུ་བསྟན་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་དོན་གཞན་གྱི་བྱེ་བྲག་གིས་བསྟན་པར་བྱ་སྟེ། ཅི་ལྟར་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་ཉིད ་སྐུ་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ལྟ་བུའི་ཉིད་ཀྱིས་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས། ཉིད་ཀྱི་ས་བོན་སྔགས་ཀྱི་ཡིག་འབྲུ་ལས་སྐུ་ཕྱག་རྒྱ་སྤྲིན་ལྟ་བུ་འཇིག་རྟེན་གྱི་ཁམས་ཐཾས་ཅད་དུ་ཁྱབ་པར་སྤྲོ་བར་མཛད ་པར་གསུངས་སོ། །པདྨ་རཱ་གའི་མདོག་འདྲ་བ། །གཙོ་བོ་འདོད་ཆགས་འབར་བ་འཛིན། །རབ་འབར་ཕྱག་ན་པདྨ་བསྣམས། །འདོད་ཆགས་རྡོ་རྗེ་བསྒོམ་པར་བྱ་ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། མདུན་དུ་སྨོས་པ་བཞིན་དུ་ཉིད་ཀྱི ་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཨ་བསམས་ཏེ། དེ་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོར་པདྨ་རཱ་ག་ཁ་དོག་ལྟར་དམར་བ་ཡེ་ཤེས་ཀྱི་གཟི་བརྗིད་འབར་བར་གྱུར་པར་བསམ་ཏེ། དེའི་འོག ་ཏུ་ས་བོན་སྔགས་ཀྱི་ཡི་གེ་ཨ་འོད་དུ་ཞུ་སྟེ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་གྱུར་བའི་ས་བོན་དེ་ལས་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་བསྐྱེད་དེ། །དེའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་བསྟན་པར་བྱ་སྟེ། སྐུ་མདོག ་རིན་པོ་ཆེ་པདྨ་རུ་གའི་ཁ་དོག་ལྟ་བུའོ། །གཙོ་བོ་འདོད་ཆགས་འབར་བ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་འདོད་ཆགས་ཀྱི་སྣང་བ་མཛའ་ཡས་ཉིད་ཀྱི་སྐུ་ཕྱག་རྒྱའི་ངོ་བོས་འཛིན་པ་དེའི་ཕྱིར་འདོད་ཆགས་ཀྱི་གཙོ་བོ ་བསྟན་ཏོ། དེའི་སྐུ་ཕྱག་རྒྱ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་འབར་བས་འབར་བའོ། །རབ་འབར་ཕྱག་ན་པདྨ་སྣམས་ཞེས་པ་ནི་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་ཀྱི་ཕྱག་གཡས་དང་པོ་ན་པདྨ་འདབ་བརྒྱད་དམར་པོ་བསྣམས་པ་སོ་སོར ་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོའི་འབར་བ་ཆེན་པོས་བདུད་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་སྲེག་པར་བྱེད་དོ། །གཞན་ཡང་དེའི་བྱིན་གྱིས་རླབས་ཀྱིས་སེམས་ཅན་གང་འདོད་པ་དེའི་དབང་དུ་འགྱུར་པར་གསུངས་སོ། །འདོད་ཆགས་རྡོ་རྗེ་བསྒོམ་པར་བྱ ་ཞེས་པ་ནི། མདུན་དུ་སྨོས་པའི་འདོད་ཆགས་རྡོ་རྗེ་དེ་སྒྲུབ་པ་པོས་བསྒོམ་པར་གསུངས་སོ། །གཞན་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་དང། ཉིད་ཀྱི་རིགས་ཀྱི་ལྷ་མོ་འཁྱུད་པའི་ཚུལ་དང་ལྡན་པའི་སྐུ་ཕྱག་རྒྱ་ཆ་ལུགས་ཕུན ་སུམ་ཆོགས་པ་ཐམས་ཅད་ནི་མདུན་དུ་སངས་རྒྱས་དཀྱིལ་འཁོར་བསྒོམ་པའི་དུས་སུ་བསྟན་པ་དེ་བཞིན་དུ་འདིར་རོ། །དོན་གཞན་གྱི་བྱེ་བྲག་གིས་བསྟན་པར་བྱ་སྟེ། ཇི་ལྟར་དེ་བཞིན་གཤེགས་པ་སྣང་པ་མཛའ་ཡས་ཉིད་ཀྱི་སྐུ་ཕྱག ་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དེ་ལྟ་བུ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ཉིད་ཀྱི་ས་བོན་སྔགས་ཀྱི་ཡིག་འབྲུ་ལས་སྐུ་ཕྱག་རྒྱ་སྦྲིན་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་སྤྲོ་བར་མཛད ་པར་གསུངས་སོ། །འོད་ཟེར་ལྔ་ཡི་འོད་འདྲ་བ། །རྡོ་རྗེ་གདོན་མི་ཟ་བའི་གཟུགས། །ཞི་བ་ཕྱག་ན་རལ་གྲི་བསྣམས། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། ཞེས་བྱ་བའི་སྒྲ་བཤད་པར་བྱ་ཏེ། ཇི་ལྟར་ཡིན་ན། མདུན་དུ་སྨོས ་པ་བཞིན?་དུ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་སྔགས་ཀྱི་ཡིག་འབྲུ་ཧ་བསམས་ཏེ། དེ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ཁ་དོག་རིན་པོ་བཻ་ཌཱུརྱ་ལྟ་བུ་ཡེ་ཤེས་ཀྱི་གཟི་བརྗིད་འབར་བར་གྱུར་པར ་བསམས་ཏེ། དེའི་འོག་ཏུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཧ་འོང་དུ་ཞུ་སྟེ། ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་གྱུར་པའི་ས་བོན་དེ་ལ་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་ཕུན་སུམ་ཚོགས་པ་བསྟན་པར་བྱ་སྟེ། །འོད ་ཟེར་ལྔའི?་འོད་འདྲ་བ་ཞེས་པ་ནི་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་ལས་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་རྣམ་པ་ལྔའི་ངོ་བོའི་འོད་ཟེར་རྣམ་པ་ལྔའི་ཕྲེང་བའི་སྤྲོ་བར་མཛད་དེ་སྤྲོས་མ་ཐག ་ཏུ་འོད་དུ་གྱུར་ཏེ། འོད་གྱི་དབྱིབས་ཟླུམ་པོའི་འོད་ཟེར་རྣམ་པ་ལྔའི་ཁ་དོག་དང་ལྡན་པའོ། །རྡོ་རྗེ་གདོན་མི་ཟ་བའི་གཟུགས་ཞེས་པ་མདུན་དུ་སྨོས་པའི་དོན་ཡོད་པའི་སྐུ་ཕྱག་རྒྱའི་སྐུ་མདོག་རིན་པོ་ཆེ་བཻ་ཌཱུརྱ་ལྟ་བུར་གསུངས་སོ། ། ་ལག་ན་རལ་གྲི་བསྣམས་ཞེས་པ་ནི་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་ཕྱག་གཡས་དང་པོ་ན་རྡོ་རྗེ་རལ་གྲི་ཨུཏཔལ་སྔོན་པོའི་འདབ་མ་ལྟ་བུ་སྣམས་ཏེ་དེ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་བདུད་མ་རུངས་པ་གནོད་པ་བྱེད་པ་ཐམས ་ཅད་གཅོད་པར་བྱེད་པའི་མཚོན་དུ་གསུངས་སོ། །ཞི་བ་ནི་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་དེ་སེམས་ཅན་ཐམས་ཅད་ཀྱིས་མཐོང་མ་ཐག་ཏུ་སེམས་ཅན་དགའ་བར་བྱེད་པ་དེའི་ཕྱིར་ཞི་བ་ཞེས་བྱའོ། །སངས་རྒྱས་དཀྱིལ་འཁོར་བསྒོམ ་པར་བྱ་ཞེས་པ་ནི་མདུན་དུ་སྒྲུབ་པ་པོས་བསྒོམ་པར་བྱ་བ་སྟེ། དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱའི་གསང་བའི་ཐུགས་ཀྱི?་ཡེ་ཤེས་སེམས་དཔའ་ཨི་གནས་ནས། ཞེ་སྡང་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམS ་ཉིད་ཉིད་ཀྱི་ས་བོན་སྔགས་ཀྱི་ཡིག་འབྲུ་ལས་མདུན་དུ་སྨོས་པའི་ཚུལ་གྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་སྤྲིན་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་སྤྲོ་བར་མཛད་པར་གསུངས་སོ། ། ་གཞན་ཡང་དོན?་ཡོད་གྲུབ་པའི་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་དང། ཉིད་ཀྱི་རིགས་ཀྱི་ལྷ་མོ་འཁྱུད་པའི་ཚུལ་དུ་ལྡན་པའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་མདུན་དུ་སངས་རྒྱས་དཀྱིལ་འཁོར་བསྒོམ་པར ་བྱ་བའི་དུས་སུ་བསྟན་པ་དེ་བཞིན་དུ་འདིར་སྦྱར་རོ། །ད་ནི་མདུན་དུ་སྟོན་པ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་ཞེ་སྡང་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ཇི་ལྟར་རིམ་པར་སྤྲོ་བར་མཛད་པ་དེ་བཞིན་དུ་སྤྲོ་བ་དང་བྱིན་གྱིས་རླབས ་ནས་བསྡུ་བར་མཛད་པའི་ཕྱིར། སྟོན་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་དོན་བསྟན་པར་བྱ་སྟེ། དང་པོ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སྤྲོས་མ་ཐག་ཏུ་ལྷ་ཚངས་པ་བྱིན་གྱིས་བརླབ་པར་མཛད་དེ། བྱིན་གྱིས་བརླབས ་མ་ཐག་ཏུ་ཉིད་ཀྱི་སྐུ་ཕྱག་རྒྱལ་གཉིས་སུ་མེད་པར་བསྡུས་སོ། །གཞན་ཡང་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་མཛད་པ་རྣམས་ཀྱི་ཚངས་པའི་འཁོར་ཐམས་ཅད་བྱིན་གྱིས་རླབས་པར་མཛད་དེ། བྱིན་གྱིས་རླབས་མ་ཐག་ཏུ ་ཉིད་ཀྱི་སྐུ་ཕྱག་རྒྱ་ལ་གཉིས་སུ་མེད་པར་བསྡུ་བར་གསུངས་སོ། །གཞན་ཡང་དེ་བཞིན་གཤེགས་པ་ཞེ་སྡང་རྡོ་རྗེ་སྤྲོས་མ་ཐག་ཏུ་བསྡུད་ཀྱི་རྒྱལ་པོ་རུ་དྲ་བྱིན་གྱིས་བརླབ་པར་མཛད་དེ་བྱིན་གྱིས་རླབས་མ་ཐག་ཏུ་ཉིད་ཀྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་མཛད་པ ་རྣམས་ཀྱི་རུ་དྲའི་འཁོར་ཐམས་ཅད་བྱིན་གྱིས་བརླབ་པར་མཛད?་དེ་བྱིན་གྱིས་བརླབས་མ་ཐག་ཏུ་ཉིད་ཀྱི་སྐུ་ཕྱག་རྒྱལ་གཉིས་སུ་མེད་པར་བསྡུས?་པར་གསུངས་སོ། །གཞན་ཡང་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་སྤྲོས་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན ་གྱིས་བྱིན་གྱིས་བརླབས་པར་མཛད་དེ་?་ཕྱིན་གྱིས་བརླབས་མ་ཐག་ཏུ་ཉིད་ཀྱི་སྐུ་ཕྱག་རྒྱ་ལ་གཉིས་སུ་མེད་པར་བསྡུས་སོ། །གཞན་ཡང་རིན་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་མཛད་པ་རྣམས་ཀྱིས་བརྒྱ་བྱིན་གྱི་འཁོར་ཐམས ་ཅད་བྱིན་གྱིས་བརླབ་པར་མཛད་དོ?། བྱིན་གྱིས་བརླབས་མ་ཐག་ཏུ་ཉིད་ཀྱི་སྐུ་ཕྱག་རྒྱ་ལ་གཉིས་སུ་མེད་པར་བསྡུ་བར་གསུངས་སོ། །གཞན་ཡང་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་སྤྲོས་མ་ཐག་ཏུ་ལྷ་ཀ་མ་དེ་བ་བྱིན་གྱིས་བརླབ་པར་མཛད་དེ། ་བྱིན་གྱིས་བརླབས་མ་ཐག་ཏུ་ཉིད་ཀྱི་སྐུ་ཕྱག་རྒྱ་ལ་གཉིས་སུ་མེད་པར་བསྡུས་སོ། །གཞན་ཡང་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་མཛད་པ་རྣམས་ཀྱི་ཀ་མ་དེ་བའི་འཁོར་ཐམས་ཅད་བྱིན་གྱིས་རླབ་པར ་མཛད་དེ། བྱིན་གྱིས་རླབས་མ་ཐག་ཏུ་ཉིད་ཀྱི་སྐུ་ཕྱག་རྒྱ་ལ་གཉིས་སུ་མེད་པ་བསྡུས་པར་གསུངས་སོ། །གཞན་ཡང་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་སྤྲོས་མ་ཐག་ཏུ་ཁྱབ་འཇུག་བྱིན་གྱིས་བརླབ་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ ་ཉིད་ཀྱི་སྐུ་ཕྱག་རྒྱ་ལ་གཉིས་སུ་མེད་པར་བསྡུས་སོ། །གཞན་ཡང་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་མཛད་པ་རྣམས་ཀྱིས་ཁྱབ་འཇུག་གི་འཁོར་ཐམས་ཅད་བྱིན་གྱིས་བརླབ་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ་ཉིད ་ཀྱི་སྐུ་ཕྱག་རྒྱ་ལ་གཉིས་སུ་མེད་པར་བསྡུ་བར་གསུངས་སོ། །དེ་ལྟར་མདོར་བསྡུས་པ་སྤྲོ་བ་དང་བྱིན་གྱིས་བརླབ་པར་མཛད་པ་དང་བསྡུས་པའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱི་སྤྲོ་བར་མཛད་པའི་འོག ་ཏུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚུལ་གྱིས་བསྡུ་བར་མཛད་པའི་ཚུལ་དེའི་དོན་བསྟན་པར་བྱ་སྟེ། དེ་ནས་བཅོམ་ལྡན་འདས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཅེས་བྱ་བའི་ཏིང་ངེ ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། དེ་ནས་ཞེས་པ་ནི་མདུན་དུ་བཤད་པའི་འོག་ནས་འབྱུང་བའི་དོན་མཚོན་པའོ། །བཅོམ་ལྡན་འདས་ཞེས་པ་ནི་མདུན་དུ་བཤད་པ་དང་མཐུན་པར་སྦྱར་རོ། ་དེ་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པའི་ཞེས་པ་ནི་སྟོན་པ་རྡོ་རྗེ་འཛིན་པ་ཆེན་པོ་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་བྱའོ། །དེ་ནས་ཆོས་ཀྱི་དབྱིངས་ཞེས་པ་ནི་སྟོན་པ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་ཉིད་ཀྱི ་གསང་བའི་ཐུགས་ཀ་ན་གནས་པ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་གཉིས་སུ་མེད་པར་སྦྱོར་བས། དེ་བཞིན་གཤེགས་པ་རྣམ་པ་ལྔའི་ངོ་བོ་ལ་མིང་ཆོས་ཀྱི་དབྱིངས་ཞེས་གསུངས་སོ། །དེ་ནས་ངོ་བོ་ཉིད་ཞེས་པ་ནི་མདུན་དུ་སྨོས་པའི་ཆོས་ཀྱི་དབྱིངས་ཞེས་མིང ་བཏགས་པའི་ཡེ་ཤེས་རྣམ་པ་ལྔ་རྣམས་སྟོན་པ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པས་ཐུགས་རྩེ་གཅིག་པས་ཡེ་ཤེས་སེམས་དཔའ་ཨི་གནས་ནས་རིམ་པར་སོ་སོ་རིགས་ཀྱི་ཁ་དོག་དང་ལྡན་པ་ཡེ་ཤེས་རྣམ་པ་ལྔའི་འོད་ཟེར་གྱི་ཕྲེང་བའི་ཚོགས་ཀྱི ་ངོ་བོ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་སྤྲོ་བར་མཛད་དེ། དེ་ལྟར་སྤྲོས་མ་ཐག་ཏུ་མདུན་དུ་སྨོས་པའི་རྣམ་པར་སྣང་མཛད་དང་ཞེ་སྡང་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔའི་སྐུ་ཕྱག་རྒྱའི་སྤྲིན་རྣམས་ཀྱིས་ཡེ་ཤེས་ཀྱི ་ཆོ་འཕྲུལ་གྱིས་སེམས་ཅན་བྱིན་གྱིས་བརླབ་པ་དང་འདུས་པར་མཛད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་ནས་གནས་པ་དེ་རྣམས་ལ་སོ་སོའི་རིགས་ཀྱི་རིམ་པའི་བྱེ་བྲག་གི་ཡེ་ཤེས་ཀྱི་འོད་ཟེར་གྱི་ཕྲེང་བའི་ཚོགས་ཀྱིས་རེག་ཏེ་རེག་མ་ཐག་ཏུ་སྟོན་པ་དེ ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་མདུན་དུ་ཇི་ལྟར་མཛད་པའི་རིམ་པ་བཞིན་དུ་སྤྲོ་བར་མཛད་པའི་གནས་སུ་བསྡུས་ཏེ། གཉིས་སུ་མེད་པའི་ངོ་བོར་མཛད་པ་གསུངས་སོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་པ་ནི་མདུན་དུ་བཤད་པ་དང་མཐུན ་པར་སྦྱར་རོ། །སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པའི་སྔགས་འདི་གསུངས་སོ། །ཞེས་པའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །ོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། སྒྲུབ་པ་པོས་ཕྲ་མོའི ་སྦྱོར་བ་བསྒོམ་པའི་དུས་སུ་དང་པོའོ། །ོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ་ཞེས་སྔགས་ཀྱི་ཚིག་དེས་སེམས་ཀྱི་རྣམ་པར་རྟོག་པ་ཕྲ་མོ་ཐམས་ཅད་སྤང་བར་བྱ་ཏེ་ལན་གསུམ་བརྗོད་པར་བྱའོ། །དེའི་དོན་གསལ་བར་བསྟན་པར་བྱ་ཏེ། སྟོན་པ ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོར་གཉིས་སུ་མེད་པ་མི་ཕྱེད་པའི་སྐུ་ཕྱག་རྒྱ་བསྟན་ཏེ། མདུན་དུ་སྨོས་པའི་སྔགས་ཀྱི་ཚིག་སྒྲུབ་པ་པོས་བརྗོད་མ་ཐག་ཏུ་སྟོན་པ་དེ་བཞིན་གཤེགས་པ་རྡོ་རྗེ ་མི་བསྐྱོད་པ་དང་གཉིས་སུ་མེད་པའི་ང་རྒྱལ་བྱ་ཏེ། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་བདག་ཡིན་ནོ། །ཞེས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་ཀྱི་དོན་ཚུལ་དེ་ལྟར་ཤེས་པར་བྱའོ། །ད་ནི་ཕྲ་མོའི་བསྒོཾ་པཱི་སྦྱོར་བའི་ཚུལ་གྱི་ཆོ་གའི་དོན་བསྟན ་པར་བྱ་སྟེ། རིན་ཆེན་ཁ་དོག་སྣ་ལྔ་པ། ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །སྦྱོར་བ་ཡིས་ནི་རྟག་པར་བསྒོམ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། རིན་ཆེན་ཁ་དོག་སྣ་ལྔ་པ་ནི་དེ་བཞིན་གཤེགས་པ་ལྔའི ་རིགས་ལྔའི་ཁ་དོག་རྣམ་ལྔའི་ངོ་བོ་སྟེ། རིན་པོ་ཆེ་དང་ཡེ་ཤེས་རྣམ་པ་ལྔའི་གཟུགས་ཀྱི་བདག་ཉིད་དེ་བཤད་པར་བྱའོ། །མེ་ལོང་ལྟ་བུའི་ཡེ་ཤེས་དང། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སོ་སོར་རྟོག་པའི་ཡེ་ཤེས ་དང། བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། དེ་ལྟར་ཡེ་ཤེས་རྣམ་པ་ལྔའི་གཟུགས་ཀྱི་བདག་ཉིད་ལ་མིང་རིན་པོ་ཆེར་གསུངས་སོ། །དེ་ནས་དེའི་ཚད་བསྟན་པ་ནི་ཡུངས་ཀར་གྱི་ནི་འབྲུ་ཚོང་ཙམ་ཞེས་པ་མདུན་དུ་སྨོས་པ་ཡེ་ཤེས་རིན་པོ་ཆེ་དེའི་ཚད་ནི་ཡུངས ་ཀར་གྱི་འབྲུ་དང་མཉམ་པར་གསུངས་སོ། །དེ་བསྒོམ་པར་སྦྱོར་བའི་གནས་བསྟན་པར་བྱ་སྟེ། སྣའི་རྩེ་མོ་ཞེས་པ་ནི་སྒྲུབ་པ་པོས་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པར་གཉིས་སུ་མེད་པའི་ང་རྒྱལ་བྱ་སྟེ། ཁྲུས་མཁན་གྱི་བདག ་ཉིད་ཀྱི་བུ་མོ་ཡོན་ཏན་དང་མཚན་ཐམས་ཅད་ལྡན་པ་བཙལ་སྟེ། དེ་ཡེ་ཤེས་ཀྱི་ལྷ་མོ་རྡོ་རྗེ་དགའ་མ་གཉིས་སུ་མེད་པའི་ངོ་བོར་བྱིན་གྱིས་བརླབ་ཏེ། འདོད་ཆགས་ཆེན་པོའི་སེམས་དགའ་བས་འཁྱུད་པར་བྱ་སྟེ། སོ་སོར་གསང་བའི་དབང་པོ ་གཉིས་སུ་མེད་པར་མཉམ་པར་སྦྱར་རྡོ་རྗེ་མཆོད་པ་བྱས་ནས་བདེ་བར་གྱུར་པའི་དུས་སུ་བྱང་ཆུབ་སེམས་འོད་དུ་ཞུ་བའི་བྱང་ཆུབ་སེམས་ཀྱི་ཐིག་ལེའི་མདུན་དུ་སྨོས་པའི་ཡུངS་དཀར་གྱི་འབྲུ་ཙམ་ཁ་དོག་ལྔ་དང་ལྡན་པ་ཡེ་ཤེས་ལྔའི་རིན་པོ་ཆེའི་ངོ་བོར ་གྱུར་པར་བསམ་ཏེ། དེ་ལྟར་གསང་བའི་དབང་པོ་གཉིས་ཀྱི་རྩེ་མོའི་མིང་སྣ་ཞེས་གསུངས་སོ། །ནན་ཏན་དུ་ཞེས་པ་ནི་སྒྲུབ་པ་པོས་སྐད་ཅིག་ཅམ་ཡང་མི་གཡེངས་པར་ནན་ཏན་བརྩོན་འགྲུས་ཀྱི་སེམས་རྩེ་གཅིག་པས་བསྒོམ་པར་བསྟན་ཏོ། ། ་དེ་ནས་རྣལ་འབྱོར་པ་ཡིས་རྟག་པར་བསྒོམ་ཞེས་པ་ནི་མདུན་དུ་སྨོས་པའི་རྣལ་འབྱོར་པས། རྣལ་འབྱོར་གསུམ་གྱི་བྱེ་བྲག་དུ་རྟག་པར་དུས་ཐམས་ཅད་དུ་མ་གྲུབ་ཀྱི་བར་དུ་རྣལ་འབྱོར་བསྒོམ་པར་བྱའོ། །དེ་ལ་རྣལ་འབྱོར་བསྒོམ་པའི་བྱེ་བྲག་རྣམ ་པ་གསུམ་གྱི་དོན་གསལ་བར་བསྟན་པར་བྱ་སྟེ། དང་པོ་རྣལ་འབྱོར་པས་མདུན་དུ་སྨོས་པའི་དོན་གྱིས་སྟོན་པ་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་དང་གཉིས་སུ་མེད་པའི་ང་རྒྱལ་གྱིས་སྦྱོར་བར་བྱའོ། །དེ་ལྟར་དང་པོ་གཞན་ཡང་མདུན་དུ་སྨོས ་བའི་དོན་གྱིས་ཁྲུས་མཁན་གྱི་བདག་ཉིད་ཀྱི་བུ་མོ་བཙལ་ཏེ། དེ་ཡེ་ཤེས་ཀྱི་ལྷ་མོ་རྡོ་རྗེ་དགའ་མ་མཱ་མ་ཀཱི་དང་གཉིས་སུ་མེད་པར་གྱུར་པར་བྱིན་གྱིས་བརླབས་ཏེ་འཁྱུང་པའི་སྦྱོར་བ་བྱ་སྟེ་དེ་ལྟར་གཉིས་སུ། །གཞན་ཡན་མདུན་དུ་སྨོས་པའི་དོན་གྱིས ་ཤེས་རབ་ལྷ་མོ་རབ?་གཉིས་སུ་མེད་པར་ལྡན་པས་རྡོ་རྗེ་མཆོད་པ་བྱས་ནས་བདེ་བར་གྱུར་པའི་དུས་སུ་བྱང་ཆུབ་སེམས་འོད་དུ་ཞུ་སྟེ། བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡེ་ཤེས་རྣམས?་ལྷའི་ངོ་བོར་གཉིས་སུ་མེད་པར་སྦྱོར་བར་བྱ་སྟེ། དེ་ལྟར་གསུམ་མོ། ། ་ང་ནི་ཕྲ་མོ་སྦྱོར་བའི་སྦྱོར་བ་སྤྲོ་བའི་ཚུལ་གྱི་ཆོ་གའི་དོན་བསྟན་པར་བྱ་སྟེ། རིན་ཆེན་བསྟན་པར་རེད་ནས་སྤྲོ། །བརྟན་པར་མ་རེད་ཡོང་མི་སྦྲོ།། །།སངས་རྒྱས་མཉམ་པ་འབར་བའི་འོད། །མཆོག་རབ་སྤྲིན་རྣམས་སྤྲོ་བར་བྱ། །ཞེས་པའི ་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། རིན་ཆེན་བརྟན་པར་རེད་ནས་སྤྲོ་བ་ནི། སྒྲུབ་པ་པོས་ཕྲ་མོ་བསྒོམ་བའི་སྦྱོར་བ་སྤྲོ་བའི་ཚུལ་གྱི་ཆོ་ག་བསྟན་པཱི་བྱེ་བྲག་རྣཾ་པ་གསུཾ་ཏེ། བརྟན་བཱི་སྤྲོ་བཱི་བྱེ་བྲག་གསུཾ་གྱི་དོན་གསལ་བར་བསྟན་པར་བྱ་སྟེ། དང་པོ ་སྒྲུབ་པ་པོས་མདུན་དུ་སྨོས་པའི་དོན་གྱིས་ཤེས་རབ་མ་དང་གཉིས་སུ་མེད་པར་ལྡན་པས་རྡོ་རྗེ་མཆོད་པར་བྱས་ཏེ། རྡོ་རྗེ་མཆོད་པ་རྫོགས་པའི་འོག་ཏུ་ཕྲ་མོ་བསྒོམ་བའི་སྦྱོར་བ་བྱ་བའི་ཕྱིར། གསང་བའི་དབང་པོ་གཉིས་མི་གཡོ་བར་བརྟན་པར་བྱ་སྟེ། ་དེ་ལྟར་དང་པོའོ། །གཞན་ཡང་མདུན་དུ་སྨོས་པའི་དོན་གྱི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡུངས་ཀར་གྱི་འབྲུ་ཙམ་གྱི་ཡེ་ཤེས་ཀྱི་རིན་པོ་ཆེ་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་པ་སྦྲིན་བཞིན་དུ་སྤྲོ་པའི་གནས་ཀྱི་སྙིང་པོའི་ངོ་བོ། །བསྒོམ་པ་སྤྲོ་བའི ་དུས་སུ་མི་གཡོ་བ་བརྟན་པར་བྱ་སྟེ་དེ་ལྟར་གཉིས་སོ། །གཞན་ཡང་མདུན་དུ་སྨོས་པའི་དོན་གྱི་བསྒོམ་པས་སྤྲོ་བའི་དུས་སུ་བསྒོམ་པ་པོས། རང་གི་སེམས་སྤྲེའུ་ལྟ་བུར་མ་རིག་པའི་ཚོགས་རླུང་ལྟ་བུས་གཡོ་བར་བྱེད་པས་ཕྱིའི་ཡུལ་གྱི་བྱེ་བྲག ་སྣ་ཚོགས་ལ་འགྲོ་བ་དང་འོང་བར་བྱེད་དེ། ཚུལ་དེ་ལྟར་སེམས་མི་བརྟན་བ་གཡོ་བ་དེ་རིག་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ལྕགས་ཀྱུས་བཟུང་བར་བྱའོ། །གཞན་ཡང་ཉོན་མོངས་པའི་རྣམ་པར་རྟོག་པ་ཐམས་ཅད་མེད་པར་བྱེད་པའི་ཤེས་རབ་ཀྱི་ལྷ ་མོ་ལ་བརྟེན་པས་དངོས་གྲུབ་ཀྱི་བྱེ་བྲག་སྣ་ཚོགས་ཀྱིས་འབྲས་བུ་ཐོབ་པའི་བདེ་བར་གྱུར་པའི་རྡོ་རྗེ་ཞགས་པའི་ངོ་བོ་ངེས་བདུན་དུ་སྨོས་པའི་སེམས་བཅིང་བར་བྱ་བས་བརྟན་པ་དང་མི་གཡོ་བར་འགྱུར་རོ། །དེ་ལྟར་གསུམ་མོ། །དེ་ལྟར་མདོར ་བསྡུས་པ་བརྟན་པར་བྱས་ནས། དེའི་འོག་ཏུ་ཕྲ་མོ་བསྒོམ་པའི་སྦྱོར་བ་སྤྲོ་བར་གསུངས་སོ། །བརྟན་པར་མ་རེད་ཡོད་མི་སྤྲོ་ཞེས་པ་ནི། གལ་ཏེ་མདུན་དུ་སྨོས་པའི་བྱེ་བྲག་རྣམ་པ་གསུམ་མི་བརྟན་པ་གཡོ་བའི་ངོ་བོས་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་རིན་པོ་ཆེའི་སྐུ་ཕྱག་རྒྱའི་བདག་ཉིད་སྤྲོ་བར་བྱེད་ན། སྒྲུབ་པ་དེས་སྤྲོ་བའི་དངོས་གྲུབ་ཀྱི་འབྲས་བུ་མི་འགྲུབ་པར་གསུངས་སོ། །དེ་ནས་སངས་རྒྱས་མཉམ་པ་འབར་བའི་འོད་ཅེས་པ། དེ་བཞིན་གཤེགས་པ་རྡོ་རྗེ་མི ་བསྟོང་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔའི་སོ་སོའི་སྐུ་ཕྱག་རྒྱ་ལ་ཉིད་ཉིད་ཀྱི་ཡེ་ཤེས་ཀྱི་འོད་ཟེར་གྱི་ཕྲེང་བ་འབར་བའི་འོད་འཕྲོ་བ་ཀུན་ནས་ཟླུམ་པོའི་ཚུལ་དུ་འོད་ཀྱི་ཚད་སྐུ་ཕྱག་རྒྱ་དང་མཉམ་པར་གསུངས་སོ། །དེ་ནས་མཆོག ་རབ་སྤྲིན་རྣམས་སྤྲོ་བར་བྱ་ཞེས་པ་ནི། མཆོག་རབ་ནི་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་རྣམ་པ་ལྔའི་བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པ་སྤྲིན་བཞིན་དུ་སྤྲོ་བར་བྱ་སྟེ། དེ་ལྟར་སངས་རྒྱས་ཀྱི་སྐུ་ཕྱག་རྒྱའི་ཚད་དང་ཆ་ལུཌ ་ཕུན་སུམ་ཚོགས་པ་དང་ལྡན་པར་བསྟན་པར་བྱ་ཏེ། སངས་རྒྱས་རྣམས་ཀྱི་སྐུ་ཕྱག་རྒྱའི་ཚད་ནི་ཏིལ་གྱི་འབྲུ་དང་མཉམ་པའོ། །ཡང་ན་ལེའུ་དྲུག་པ་ནས་འབྱུང་བའི་ནས་འབྲུའི་ཆད་དང་མཉམ་པར་ཡང་མི་འགལ་ལོ། །དེ་ནས་དེ་རྣམས་ཀྱི་ཆ་ལུགས་ཕུན་སུམ ་ཚོགས་པ་ནི་མདུན་དུ་ཇི་ལྟར་བཤད་པ་བཞིན་དུ་འདིར་བསྒོམ་པར་གསུངས་སོ། །ད་ནི་ཕྲ་མོ་བསྒོམ་པའི་སྤྱོར་བ་སྤྲོ་བར་བྱ་བའི་ཆོ་གའི་དོན་བསྟན་པར་བྱ་སྟེ། འཁོར་ལོ་རྡོ་རྗེ་རིན་ཆེན་དང། པདྨ་རལ་གྲི་མཚོན་ཆ་འཛིན། །བྱང་ཆུབ་སེམས་དཔའ་ཨི་སྤོ?་ཆེན ་རྣམས། །འཕྲོ་བར་བྱེད་པས་སྤྲོ?་བར་བྱ་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། འཁོར་ལོ་རྡོ་རྗེ་རིན་ཆེན་དང་ཞེས་པའི་མདུན་དུ་སྨོས་པའི་ཏིལ་འབྲུ་དང་ཚད་མཉམ་པའི་མི་བསྐྱོད་པ་ལ་སོགས་པ་སངས་རྒྱས་རྣམས་སྤྲིན་བཞིན་དུ་སྤྲོ་བར་བྱ་སྟེ། ་དེ་དག་གི་སྐུ་ཕྱག་རྒྱའི་ལས་བྱང་ཆུབ་སེམས་དཔའ་སྤྲིན?་བཞིན་དུ་སྒྲོ?་བར་བསྒོམ་ཏེ། དེའི་དོན་གསལ་བར་བསྟན་པར་བྱ་སྟེ། མི་བསྐྱོད་པའི་སྐུ་ཕྱག་རྒྱ་ལས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་འཕྲོ་བར་བསྒོམ་ཏེ། དེ་ནི་རྡོ་རྗེ་མི ་བསྐྱོད་བའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་དན་པ་ཅི་ལྟ་བ་བཞིན་དུ་སྦྱར་རོ། །གཞན་ཡང་དེས་སྒྲ་རྡོ་རྗེའི་ལྷ་མོ་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་དང་ལྡན་པའོ། །དེའི་ཕྱིར་ངོ་བོ་ལ་མི་བསྐྱོད་པ་སྐུ་ཕྱག་རྒྱས ་དབང་བསྐུར་བའི་ངོ་བོར་གནས་པར་གསུངས་སོ། །རྣམ་པར་སྣང་མཛད?་ཀྱི་སྐུ་ཕྱག་རྒྱ་ལས་བྱང་ཆུབ་སེམས་དཔའ་བའ་ཨི་སྙིང་བོའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་འཕྲོ་བར་བསྒོམ་སྟེ། དེ་ནི་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང ་ལྡན་པ་ཇི་ལྟ་བ་བཞིན་དུ་སྦྱར་རོ། །གཞན་ཡང་དེས་གཟུགས་རྡོ་རྗེའི་ལྷ་མོ་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བ་དང་ལྡན་པའོ། །དེའི་སྤྱི་བོ་ལ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱས་དབང་བསྐུར་བའི་ངོ་བོར་གནས་པར་གསུངས་སོ། །རིན་པོ་ཆེ ་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་ལས་བྱང་ཆུབ་སེམས་དཔའ་ནམ་མཁའ་ཨི་སྙིང་པོའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བསྒོམ་སྟེ། དེ་ནི་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་ཇི་ལྟ་བ་བཞིན་དུ་སྦྱར་རོ། །གཞན་ཡང་དེས ་དྲི་རྡོ་རྗེ་ལྷ་མོ་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བ་དང་ལྡན་པའོ། །དེའི་སྤྱི་བོ་ལ་རྡོ་རྗེ་མི་བསྐྱོད་པ་སྐུ་ཕྱག་རྒྱ་དབང་བསྐུར་བའི་ངོ་བོས་གནས་པར་གསུངས་སོ། །པདྨ་རལ་གྲི་མཚོན་ཆ་འཛིན་ཅེས་པ་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱའི ་ལས་བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་གི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བསྒོམ་སྟེ། དེ་ནི་སྨང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་ཇི་ལྟ་བ་བཞིན་དུ་སྦྱར་རོ། །གཞན་ཡང་དེས་རོ?་རྡེའི?་ལྷ ་མོ་གཉིས་སུ་མེད་པར་ལ་བྱུང་པའི་སྦྱོར་བ་དང་ལྡན་པའོ། །དེའི་སྤྱི་བོ་ལ་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱས་དབང་བསྐུར་བའི་ངོ་བོར་གནས་པར་གསུངས་སོ། །དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་ལས་བྱང་ཆུབ་སེམས་དཔའ་སྤྲིང?་བ་ཐམས་ཅད་རྣམ ་བར་སེལ་བའི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བསྒོམ་སྟེ། དེ་ནི་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་ཇི་ལྟ་བ་བཞིན་དུ་སྦྱར་རོ། །གཞན་ཡང་དེ་ལས་རེག་རྡོ་རྗེ་ལྷ་མོ་གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བ་དང་ལྡན་པའོ། ་དེའི་སྤྱི་བོ་ལ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱས་དབང་བསྐུར་བའི་ངོ་བོས་གནས་པར་གསུངས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚོན་ཆ་ནི་སོ་སོའི་བྱེ་བྲག་དུ་བསྟན་པར་བྱ་སྟེ། ཕྱག་ན་རྡོ་རྗེའི་ཕྱག་གཡས་དང་པོ་ན་རྡོ་རྗེ་རྩེ་ལྔ་པ་འཛིན་པར ་གསུངས་སོ། །སའི་སྙིང་པོ་ཕྱག་གཡས་དང་པོ་ན་འཁོར་ལོ་རྩིབས་བརྒྱད་པར་གསུངས་སོ། །ནམ་མཁའ་ཨི་སྙིང་པོ་ཕྱག་གཡས་དང་པོ་ན་རིན་པོ་ཆེ་འཛམ་བུ་ནཱ་ད་ཟུར་ལྔ་པ་འཛིན་པའོ། །འཇིག་རྟེན་དབང་ཕྱུག་གི་གཡས་དང་པོ་ན་པདྨ་འདབ་བརྒྱད་དམར ་པོ་འཛིན་པའོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ཕྱག་གཡས་དང་པོ་ན་རྡོ་རྗེ་རལ་གྲི་ཨུཏཔལ་སྔོན་པོའི་འདབ་མའི་ཁ་དོག་ལྟ་བུ་འཛིན་ཏོ། །དེ་ནས་མཚོན་ཆ་དེ་རྣམས་ལས་སོ་སོ་རིགས་ཀྱི་བྱེ་བྲག་རིམ་པར་སྤྲོ་བའི་ཆོ་ག་བསྟན་པར་བྱ་སྟེ། བྱང ་ཆུབ་སེམས་དཔའ་སྤྲིན་ཆེན་རྣམས་ཞེས་པ་མདུན་དུ་སྨོས་པའི་བྱང་ཆུབ་སེམས། སྤྲིན་ཆེན་པོ་རྣམས་མདུན་དུ་སྨོས་པའི་སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་ལས་སྤྲོས་ཏེ། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཡེ་ཤེས་ཀྱི་སྤྲིན་ཆེན་པོ་བཞིན་དུ་འཛིན ་པར་གསུངས་སོ། །སྤྲོ་བར་བྱ་ཞེས་པ་ནི་མདུན་དུ་སྨོས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་གཡས་དང་པོ་ན་ཡེ་ཤེས་ཀྱི་མཚོན་ཆ་འཛིན་པ་དེ་ལས་སངས་རྒྱས་ཀྱི་སྐུ་ཕྱག་རྒྱ་རྡུལ་ཕྲ་མོའི་ཚད་དང་མཉམ་པ་ཉིད་ཉིད་ཀྱི་ཤེས་རབ་ལྟ ་?་དང་གཉིས་སུ་མེད་པར་འཁྱུད་པ་དང་ལྡན་པ། མདུན་དུ་སྨོས་པའི་སོ་སོའི་སྐུ་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་སྤྲིན་ཆེན་པོ་བཞིན་དུ་སྒྲུབ་པ་པོ་སྤྲོ་བར་བྱ། བཤད་པར་བྱའོ། །མཆོན་ཆ་རྡོ་རྗེ་ལས་མི་བསྐྱོད་པའི་སྐུ་ཕྱག་རྒྱ་སྤྲིན་ཆེན་པོ ་བཞིན་དུ་སྤྲོ་བར་བསྒོམ། །མཚོན་ཆ་འཁོར་ལོ་ལས་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་སྤྲིན་ཆེན་པོ་བཞིན་དུ་བསྒྲོམ་ནོ?། །མཚོན་ཆ་རིན་པོ་ཆེ་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་སྤྲིན་ཆེན་པོ་བཞིན་དུ་སྤྲོ་བར་བསྒོམ། མཚོན་ཆ་པདྨ? ་ལས་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་སྤྲིན་ཆེན་པོ་བཞིན་དུ་སྤྲོ་བར་བསྒོམ་།མཚོན་ཆ་རལ་གྲི་ལས་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་སྤྲིན་ཆེན་པོ་བཞིན་སྤྲོ་བར་བསྒོམ་པར་བྱའོ། །སྤྲོ་བར་བྱེད་པས་ཞེས་པས་ནི་མདུན་དུ་སྨོས་པའི་བྱང་ཆུབ་སེམས ་དཔའ་སྤྲིན་རྣམས་ཀྱི་མདུན་དུ་སྨོས་པའི་ཉིང་ཀྱི་མཚོན་ཆ་རྣམས་ལས་སངས་རྒྱས་ཀྱི་སྐུ་ཕྱག་རྒྱ་སྤྲིན་བཞིན་དུ་སྤྲོ་བར་བསྒོམ་པ་པོས་བསྒོམ་པར་བྱ་བར་ཤེས་པར་བྱའོ། །གཞན་ཡང་མདོར་བསྡུས་པར་མདུན་དུ་སྨོས་པའི་སངས་རྒྱས་བྱང་ཆུབ ་སེམས་དཔའ་རྣམས་ཕྲ་མོ་བསྒོམ་པ་སྦྱོར་བ་སྤྲོ་བའི་སྡུ་ཕྱག་རྒྱ་སྤྲིན་ཆེན་པོ་བཞིན་དུ་སྤྲོས་པ་ངེས་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་མ་ལུས་པ་ཐམས་ཅད་ཇི་ལྟར་བྱིན་གྱིས ་བརླབས་པར་མཛད་པའི་ཆོ་གའི་རིམ་པའི་དོན་གསལ་བར་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་རྣམ་པར་སྣང་མཛད་དང་ཞེ་སྡང་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔས་ལྷ་ཚངས་པ་ལ་སོགས་པ་འཁོར་དང་བཅས་པ་ཐམས ་ཅད་བྱིན་གྱིས་བརླབ་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ་ཉིད་ཀྱི་སྐུ་ཕྱག་རྒྱ་ལ་ཇི་ལྟར་གཉིས་སུ་མེད་པར་བསྡུས་པས་དེ་བཞིན་དུ་འདིར་འགྱུར་བར་གསུངས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སྤྲིན། ཕྱག་ན་རྡོ་རྗེ་དང་སའི ་སྙིང་པོ་ལ་སོགས་པ་བྱིན་གྱིས་བརླབས་དང་བསྡུ་བར་བྱ་བ་བསྟན་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་སྐུ་ཕྱག་རྒྱ་སྤྲིན་གྱིས་གནོད་སྦྱིན་གྱི་རྒྱལ་པོ་ཐམས་ཅད་ལ་སོགས་པ་གནོད་སྦྱིན་གྱི་རིས་མ་ལུས་པ་ཐམས་ཅད་བྱིན་གྱིས ་བརླབ་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ་ཉིད་ཀྱི་སྐུ་ཕྱག་རྒྱ་ལ་གཉིས་སུ་མེད་པར་བསྡུ་བར་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་སྐུ་ཕྱག་རྒྱ་སྤྲིན་གྱིས་མིའི་རྒྱལ་པོ་ཐམས་ཅད་ལ་སོགས་པའི་མིའི་རིགས ་ཐམས་ཅད་བྱིན་གྱིས་བརླབ་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ་ཉིད་ཀྱི་སྐུ་ཕྱག་རྒྱ་ལ་གཉིས་སུ་མེད་པར་བསྡུས་པར་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་ཨི་སྙིང་པོའི་སྐུ་ཕྱག་རྒྱ་སྤྲིན་གྱིས་དྲི་བྲའི་རྒྱལ ་པོ་ཐམS་ཅད་ལ་སོགས་པ་དྲིའི་རིགས་ཐམས་ཅད་བྱིན་གྱིས་བརླབ་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ་ཉིད་ཀྱི་སྐུ་ཕྱག་རྒྱ་ལ་གཉིས་སུ་མེད་པར་བསྡུས་པར་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་གི་སྐུ ་ཕྱག་རྒྱ་སྤྲིན་གྱིས་དམྱལ་བ་དང་ཡི་དགས་དང་བྱོལ་སོང་གི་རྒྱལ་པོ་ཐམས་ཅད་ལ་སོགས་པ་དམྱལ་བ་དང་ཡི་དགས་དང་བྱའོ?་སོང་གི་རིས་ཐམས་ཅད་བྱིན་གྱིས་བརླབ་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ་ཉིད་ཀྱི་སྐུ་ཕྱག་རྒྱ་ལ ་གཉིས་སུ་མེད་པར་བསྡུ་བར་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་སྐུ་ཕྱག་རྒྱའི་སྤྲིན་གྱིས་ཀླུ་དང་ལྷ་མ་ཡིན་དང། སྲིན་པོའི་རྒྱལ་པོ་ཐམས་ཅད་ལ་སོགས་པའི་ལྷ་མ་ཡིན་དང་སྲིན་པོ་ལ ་སོགས་པའི་རིམ་པ་ལུས་པ་ཐམས་ཅད་བྱིན་གྱིས་བརླབ་པར་མཛད་དེ་བྱིན་གྱིས་བརླབས་མ་ཐག་དུ་ཉིད་ཀྱི་སྐུ་ཕྱག་རྒྱ་ལ་གཉིས་སུ་མེད་པར་བསྡུ་བར་གསུངས་སོ། །དེ་ལྟར་མཛད་པའི་འོག་ཏུ་གཞན་ཡང་བསྡུས་པའི་ཆོ་གའི་དོན་བསྟན ་པར་བྱ་སྟེ། མདུན་དུ་སྨོས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྤྲན་ནམས་སྤྲོ་བ་དེ་ནི། དང་པོ་ཕྱག་ན་རྡོ་རྗེ་དང་སའི་སྙིང་པོ་ལ་སོགསྤ་རྣམས་ཀྱི་ཕྱག་གཡས་དང་པོ་ན་བསྣམས་པའི་མཚོན་ཆའི་གནས་སུ་སངས་རྒྱས་ཀྱི་སྐུ་ཕྱག་རྒྱའི ་སྤྲིན་རྣམས་སོ་སོ་རིགས་ཀྱི་རིམ་པར་བསྡུ་བར་མཛད་དོ། །དེ་བཞིན་དུ་མ་ནོར་བའི་རིམ་པས་སངས་རྒྱས་ཀྱི་སྐུ་ཕྱག་རྒྱའི་གནས་སུ་བྱང་ཆུབ་སེམས་དཔའ་ཨི་སྐུ་ཕྱག་རྒྱ་སྤྲིན་རྣམས་སོ་སོ་རིགས་ཀྱི་རིམ་པར་བསྡུ་བར ་མཛད་དོ། །དེ་བཞིན་དུ་མདུན་དུ་སྨོས་པའི་ཕྲ་མོ་བསྐོམ་པ་སྦྱོར་བའི་གནས་ཀྱི་སྙིང་པོ་ཡེ་ཤེས་རིན་པོ་ཆེ་ཡུངས་ཀར་གྱི་འབྲུ་ཙམ་གྱི་གནས་སུ་སངས་རྒྱས་ཀྱི་སྐུ་ཕྱག་རྒྱའི་སྤྲིན་རྣམས་སོ་སོ་རིགས་ཀྱི་རིམ་པར་སྤྲོ་བར་མཛད་པ་དེ ་བཞིན་དུ་བསྡུ་བར་མཛད་དོ། །དེའི་འོག་ཏུ་མདུན་དུ་སྨོས་པའི་ཕྲ་མོ་སྦྱོར་བ་སྤྲོ་བ་དང་བསྡུ་བའི་གནས་ཡེ་ཤེས་རིན་པོ་ཆེའི་ངོ་བོ་ཡུངས་ཀར་གྱི་འབྲུ་ཙམ། ཉིད་ཀྱི་གསང་བའི་ཐུགས་ཀ་གསང་བའི་དབང་པོ་གཉིས་ཀྱི་དབུས་སྣའི ་རྩེ་མོར་མིང་བཏགས་པར་གནས་པ་དེ་ནི་མདུན་དུ་སྨོས་པའི་བསྡུ་བ་རྫོགས་པའི་འོག་ཏུ་སྟོང་བར་གྱུར་པར་ཤེས་པར་བྱའོ། །དེ་ལྟར་མདོར་བསྡུས་པ་ཕྲ་མོ་བསྒོམ་པའི་སྦྱོར་བའི་ཚུལ་གྱི་ཆོ་གའི་སྒྲའི་དོན་དུ་ཤེས་པར ་བྱའོ། །ད་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་དང་ལྡན་པ་དཀྱིལ་འཁོར་གྱི་ངོ་བའི་གསང་བའི་སྔགས་ཀྱི་བསྒོམ་པའི་བྱ་བའི་སྦྱོར་བའི་ཚུལ་གྱི་ཆོ་གའི་དོན་བསྟན་པར་བྱ་སྟེ། །ནམ་མཁའ་ ་དབྱིངས་གི་དབུས་གནས་པར། །འཁོར་ལོའི་དཀྱིལ་འཁོར་བསྒོམ་པར་བྱ། ཞེས་བྱ་བའི་སྒྲ་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། ནམ་མཁའ་དབྱིངས་ཀྱི་དབུས་གནས་པ་ནི། གོང་དུ་སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ ་བའི་དུས་སུ་ནམ་མཁའ་ཨི་ངོན་བྱེ་བྲག་རྣམ་པ་གསུམ་དུ་དེ་བཞིན་དུ་འདིར་སྦྱར་རོ། །དེ་ནི་དཀྱིལ་འཁོར་རྣམ་པ་ལྔ་བསྒོམ་པ་སྤྱིའི་གནས་ཕུན་སུམ་ཚོགས་པའོ། །དེ་ནས་འཁོར་ལོའི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་པ་ནི། དེ ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་བྱ་སྟེ། དང་པོ་སྒྲུབ་པ་པོས་ཇི་ལྟར་མདུན་དུ་སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ་བའི་དུས་སུ། །དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་སྐུ་ཕྱག་རྒྱ་བསྐྱེད་པའི་ཆོ་གའི་རིམ་པ་བཞིན་དུ ་དབུས་ཀྱི་གཙོ་བོ་བསྐྱེད་པར་བྱ་སྟེ། དེའི་ཆེ་བའི་ང་རྒྱལ་བྱ་སྟེ། དེའི་འོག་ཏུ་རྣམ་པར་སྣང་མཛད་ལ་སོགས་པ་དཀྱིལ་འཁོར་རྣམ་པ་ལྔ་ནང་དང་གསང་བའི་ཚུལ་གྱི་བསྒྲེད་བར་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི?་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡི ་གེ་ཨོཾ་ཁ་དོག་སེར་པོ་མེ་ཕུང་བཞིན་དུ་གཟི་བརྗིད་འབར་བར་བསམས་ཏེ། དེ་འོག་དུ་ཞུ་བའི་ས་བོན་ལས་འཁོར་ལོ་རྩིབས་བཞི་པར་གྱུར་པར་བསམ། དེའི་ལྟེ་བའི་དབུས་སུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ས་བོན་ཡིག་འདྲུ་ཧཱུཾ་ཁ་དོག་དཀར་པོ་ཟླ་བརྟོད ་གི་འོད་དར་མཉམ་པའི་གཟི་བརྗིད་ཀྱིས་འབར་བར་བསམ་ཏེ། དེའི་འོད་དུ་ཞུ་བའི་ས་བོན་ལས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་བསམ། །ཟླ་བའི་དཀྱིལ་འཁོར་དེའི་དབུས་སུ་ས་བོན་ཡིག་འབྲུ་ཨོཾ་ལས་གོང་དུ་སྨོས་པའི་ཚུལ ་དུ་རྣམ་པར་སྣང་མདད་ཀྱི་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་དང། ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པའི་སྐུ་ཕྱག་རྒྱའི་ཆ་ལུག་ཕུན་སུམ་ཚོགས་པ་དང་ལྡན་པའི་ཇི་ལྟར ་མདུན་དུ་སྨོས་པ་དེ་བཞིན་དུ་འདིར་སྦྱར་རོ། །གཞན་ཡང་རྣམ་པར་སྣང་མཛད་ཀྱི་འཁོར་གྱི་རིམ་པ་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་འཁོར་ལོ་རྩིབས་བཞི་པའི་ཤར་གྱི་རྩིབས་ལ་མི་བསྐྱོད་པ་ཉིད་ཀྱི་ས་བོན་ལས་ཉིད་ཀྱི་གདན་རྡོ་རྗེ་འམ?་ཡང ་ན་ཟླ་བའི་དཀྱིལ་འཁོར་བསྐྱེད་པར་བྱའོ། །དེའི་སྟེང་དུ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དེ་ལྟར་སྐུ་ཕྱག ་རྒྱའི་ཆ་ལུགས་ཐམས་ཅད་དང་ལྡན་པ་མདུན་དུ་སྨོས་པ་བཞིན་དུ་འདིར་སྦྱར་རོ། །དེ་ནས་ལྷོའི་རྩིབས་ལ་རིན་ཆེན་འབྱུང་ལྡན་བདུན་དུ་སྨོས་པའི་ཚུལ་དུ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་གདན་རིན་པོ་ཆེ་བསྐྱེད་པར་བྱ་སྟེ། དེའི་སྟེང ་དུ་ཉིད་ཀྱི་ས་བོན་ལས་སྐུ་ཕྱག་རྒྱ་བསྐྱེད་བར་བྱ་སྟེ། །དེའི་སྐུ་མདོག་དང་ཞལ་དང། ཕྱག་དང་ཕྱག་མཚན་དང། རྒྱན་རྣམས་དང། ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཐམས་ཅད་དང་ལྡན་པར་མདུན ་དུ་སྨོས་པ་བཞིན་དུ་འདིར་སྦྱར་རོ། །དེ་ནས་ནུབ་ཀྱི་ཕྱོགས་ཀྱི་རྩིབས་ལ་སྣང་བ་མཛའ་ཡས་མདུན་དུ་སྨོས་པའི་ཚུལ་དུ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་གདན་པདྨ་བསྐྱེད་པར་བྱ་སྟེ། དེའི་སྟེང་དུ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་སྐུ་ཕྱག་རྒྱ་བསྐྱེད ་པར་བྱ་སྟེ་།དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང་།རྒྱན་རྣམས་དང་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཐམས་ཅད་དང་ལྡན་པ་མདུན་དུ་སྨོས་པའི་བཞིན་དུ་འདིར་སྦྱར་རོ། །དེ ་ནས་བྱང་གི་རྩིབས་ལ་དོན་ཡོད་གྲུབ་པ་མདུན་དུ་སྨོས་པའི་ཚུལ་དུ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་གདན་རྡོ་རྗེ་རྒྱ་རམ་བསྐྱེད་པར་བྱ་སྟེ། དེའི་སྟེང་དུ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། །དེའི་སྐུ་མདོག་དང་ཞལ་དང ་ཕྱག་དང་ཕྱག་མཚན་དང། རྒྱན་རྣམས་དང། ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དེ་ལྟ་བུར་སྐུ་ཕྱག་རྒྱའི་ཆ་ལུགས་ཐམས་ཅད་མདུན་དུ་སྨོས་པ་བཞིན་དུ་འདིར་སྦྱར་རོ?། །གཞན་ཡང་རྡོ་རྗེ་དཀྱིལ་འཁོར་བསྐྱེད་པའི་ཚུལ ་གྱི་ཆོ་གའི་དོན་བསྟན་པར་བྱ་སྟེ། གསལ་བའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བའི་དོན་བསྟན་པར་བྱ་བ་སྟེ་།ཅི་ལྟར་ཡིན་ན་།དང་པོ་མེ་ལོང་ལྔ་བུའི་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡིག་འབྲུ་ཧཱུཾ ་ཁ་དོག་དཀར་པོ་ཟླ་བ་སྟོང་གི་འོད་དང་ཡེ་ཤེས་ཀྱི་གཟི་བརྗིད་ཀྱིས་མཉམ་པར་འོད་དུ་ཞུ་སྟེ། ས་བོན་དེ་ལས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དུ་གྱུར་ཏེ་།དེ་ལྟར་གསལ་བའི་དཀྱིལ་འཁོར་ཞེས་པ་ནི། ཟླ་བའི་དཀྱིལ་འཁོར་ཏེ་དེ་ནི་སྤྱིའི་གདན་དུ་བསྟན་པའོ། །དེའི་དབུས་སུ ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡིག་འབྲུ་ཨོཾ་ཁ་དོག་སེར་པོ་གཟི་བརྗིད་ཀྱིས་འབར་བར་བསམ་པ་སྟེ། དེ་འོད་དུ་ཞུ་བའི་ས་བོན་ལས་འཁོར་ལོ་རྩིབས་བརྒྱད་དུ་གྱུར་ཏེ། འཁོར་ལོ་ལྟེ་བའི་དབུས་སུ་གོང་དུ་སྨོས་པའི་ས་བོན་ཡིག ་འབྲུ་ཧཱུཾ་ལས་མི་བསྐྱོད་པའི་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང་།རྒྱན་རྣམས་དང་།ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ཐམས ་ཅད་དང་ལྡན་པ་ནི། མདུན་དུ་སྨོས་པ་དེ་བཞིན་དུ་འདིར་སྦྱར་རོ། །གཞན་ཡང་མི་བསྐྱོད་པ་གནས་པའི་ཆོ་གའི་རིམ་པ་བསྟན་པར་བྱ་སྟེ། ཤར་དུ་མདུན་དུ་སྨོས་པའི་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་རྣམ་པར་སྣང་མཛད་ཀྱི་ས་བོན ་ཡིག་འབྲུ་ལས་མཐུན་དུ་སྨོས་པའི་ཉིད་ཀྱི་གདན་བསྐྱེད་པར་བྱའོ། །དེའི་སྟེང་དུ་ས་བོན་ཀྱི་ཡིག་འབྲུ་ལས་ཉིད་ཀྱི་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ་།དེའི་སྐུ་མདོག་དང། ཞལ་དང་ཕྱག་དང་ཕྱག་མཚན་དང། རྒྱན་རྣམས་དང། ཉིད་ཀྱི་ཤེས་རབ་ལྷ ་མོ་འཁྱུད་བའི་སྦྱོར་པ་མཛད་པ་དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཐམས་ཅད་དང་ལྡན་པ་ནི་མདུན་དུ་སྨོས་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་ནས་ལྷོར་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་རིན་ཆེན་འབྱུང་ལྡན་ཀྱི་ས་བོན་ལས་ཉིད་ཀྱི་གདན ་བསྐྱེད་པར་བྱའོ། །དེའི་སྟེང་དུ་ཉིད་ཀྱི་ས་བོན་ལས་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། །དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་དང་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ?་མཛད་པའི་དེ་ལྟར་ཆ་ལུགས་ཐམས་ཅད་དང ་ལྡན་པ་ནི་མདུན་དུ་སྨོས་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་ནས་ནུབ་དུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་སྣང་བ་མཛའ་ཡས་ཀྱི་ས་བོན་ལས་ཉིད་ཀྱི་གདན་བསྐྱེད་པར་བྱ་སྟེ། དེའི་སྟེང་དུ་ས་བོན་ཡིག་འབྲུ་ལས་སྐུ་ཕྱག་རྒྱ ་བསྐྱེད་པར་བྱའོ། །དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་དང་ཉིད་ཀྱི་ཤེས་རབ་ཀྱི་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དེ་ལྟར་སྐུ་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པ་ནི་མདུན་དུ་སྨོས་པ་དེ་བཞིན ་དུ་འདིར་སྦྱར་རོ། །དེ་ནས་བྱང་དུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལ་དོན་ཡོད་གྲུབ་པའི་ས་བོན་ལས་ཉིད་ཀྱི་གདན་བསྐྱེད་པར་བྱ་སྟེ་།དེའི་སྟེང་དུ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། དེའི་སྐུ་མདོག་དང་ཞལ་དང་ཕྱག ་དང་ཕྱག་མཚན་རྒྱན་རྣམས་དང་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཐམས་ཅད་དང་ལྡན་པ་ནི་མདུན་དུ་སྨོས་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་ལྟར་རྡོ་རྗེ་དཀྱིལ་འཁོར་དེ་ནི་མི་བསྐྱོད་པའི་དཀྱིལ ་འཁོར་བསྒོམ་པའི་དོན་དུ་ཤེས་པར་བྱའོ།། །།གཞན་ཡང་པདྨའི་དཀྱིལ་འཁོར་བསྐྱེད་པའི་ཆོ་གའི་དོན་བསྟན་པར་བྱ་སྟེ་།པདྨའི་དཀྱིལ་འཁོར་འདྲ་བར་ནི། །པདྨའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བའི་དོན་བསྟན ་པར་བྱ་བ་སྟེ། ཅི་ལྟར་ཡིན་ན། དང་པོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡིག་འབྲུ་པཾ་ལས། ཡང་ན་བ་བསམ་ཡང་མི་འགལ་ཏེ་།དེ་ནི་ཁ་དོག་དམར་པོ་ཉི་མ་སྟོང་དང་མཉམ་པའི་གཟི་བརྗིད་འབར་བ་འོད་དུ་ཞུ་བའི་ས་བོན་ལས་པདྨ ་འདབ་མ་བཞི་པར་གྱུར་ཏེ། དེ་ལྟར་པདྨའི་དཀྱིལ་འཁོར་འདྲ་བར་ཞེས་པ་ནི་སྤྱིའི་གདན་དུ་བསྟན་པའོ། །དེའི་སྟེང་དུ་ས་བོན་ཡིག་འབྲུ་ཧཱུཾ་ཁ་དོག་དཀར་པོ་ཟླ་བ་ལྟ་བུའི་གཟི་བརྗིད་འབར་བར་བསམ་ཏེ་།དེའི་འོད་དུ་ཞུ་བའི་ས་བོན་ལས་བྱང་ཆུབ ་སེམས་ཟླ་བའི་དཀྱིལ་འཁོར་དུ་གྱུར་ཏེ། ཟླ་བའི་དཀྱིལ་འཁོར་དེའི་དབུས་སུ་མདུན་དུ་སྨོས་པའི་ས་བོན་ཡིག་འབྲུ་ལས་སྣང་བ་མཛའ་ཡས་ཀྱི་སྐུ་ཕྱག་རྒྱ་བསྐྱེད་དེ་།དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་དང་ཉིད ་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དེ་ལྟར་སྐུ་ཕྱག་རྒྱ་ཆ་ལུགས་ཐམས་ཅད་དང་ལྡན་པ་མདུན་དུ་སྨོས་པ་བཞིན་དུ་འདིར་སྦྱར་བར་བྱའོ། །གཞན་ཡང་སྣང་བ་མཛའ་ཡས་ཀྱི་འཁོར་གནས་པའི་ཆོ་གའི་རིམ་པ་བསྟན་པར་བྱ་ཏེ། ་མདུན་དུ་སྨོས་པའི་གདན་པདྨ་འདབ་མའི་ཤར་གྱི་དབུས་སུ་མི་བསྐྱོད་པ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་གདན་བསྐྱེད་པར་བྱ་སྟེ། དེའི་ནང་དུ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ་།དེའི་སྐུ་མདོག་དང་ཞལ་དང་ཕྱག་དང ་ཕྱག་མཚན་དང་རྒྱན་རྣམས་དང་།ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཐམས་ཅད་དང་ལྡན་པ་དེ་བཞིན་དུ་འདིར་སྦྱར་རོ། །དེ་ནས་ལྷོའི་པདྨའི་འདབ་མའི་དབུས་སུ་རྣམ་པར་སྣང་མཛད ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་གདན་བསྐྱེད་པར་བྱ་བ་སྟེ། དེའི་སྟེང་དུ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་དང་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི ་སྦྱོར་བ་མཛད་པ་དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཐམས་ཅད་དང་ལྡན་པ་མདུན་དུ་སྨོས་པ་བཞིན་དུ་འདིར་སྦྱར་རོ། །དེ་ནས་ནུབ་ཀྱི་པདྨ་འདབ་མའི་དབུས་སུ་རིན་པོ་ཆེ་འབྱུང་ལྡན་ཉིད་ཀྱི་ས་བོན་ལས་གདན་བསྐྱེད་པར་བྱ་སྟེ། དེའི་སྟེང་དུ་ཉིད་ཀྱི་ས ་བོན་ལས་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་དང་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དེ་ལྟར་སྐུ་ཕྱག་རྒྱ་ཆ་ལུགས་ཐམས་ཅད་དང་ལྡན་པ་མདུན་དུ་སྨོས་པ་བཞིན་དུ ་འདིར་སྦྱར་རོ། །དེ་ནས་བྱང་གི་པདྨའི་འདབ་མའི་དབུས་སུ་དོན་ཡོད་གྲུབ་པའི་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་ཉིད་ཀྱི་གདན་བསྐྱེད་པར་བྱ་སྟེ། དེའི་སྟེང་དུ་ཉིད་ཀྱི་ས་བོན་ལས་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། དེའི་སྐུ་མདོག ་དང་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་དང་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པ་མདུན་དུ་སྨོས་པ་བཞིན་དུ་འདིར་སྦྱར་རོ། །གཞན་ཡང ་རིན་པོ་ཆེའི་དཀྱིལ་འཁོར་བསྐྱེད་པའི་ཆོ་གའི་དོན་བསྟན་པར་བྱ་སྟེ། །རིན་ཆེན་དཀྱིལ་འཁོར་འདྲ་བར་ནི། །རིན་ཆེན་དཀྱིལ་འཁོར་བརྩོན་པར་བསྒོམ། །ཞེས་བྱ་བའི་དོན་བཤད་པར་བྱ་བ་སྟེ། ཅི་ལྟ་ཡིན་ན་།དང་པོ་མཉམ་པ་ཉིད་ཀྱི ་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡིག་འབྲུ་རམ་འམ་།ཡང་ན་སྭ་ཡང་མི་འགལ་ཏེ། ཁ་དོག་སེར་པོ་མེ་ཕུང་འདྲ་བར་གཟི་བརྗིད་ཀྱིས་འབར་བར་བསམ་ཏེ། དེ་འོད་དུ་ཞུ་བའི་ས་བོན་དེ་ལས་རིན་པོ་ཆེ་འཛམ་བུ་ནཱ་དབྱུང?་བཞི་བར་གྱུར་ཏེ། དེ ་ལྟར་རིན་ཆེན་དཀྱིལ་འཁོར་འདྲ་བའི་དོན་ནི་སྤྱིའི་གདན་དུ་བསྟན་ཏོ། །དེའི་དབུས་སུ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡིག་འབྲུ་པཾ་འམ་ཡང་ན་ཨཱ་ཡང་རུང་མི་འགལ་ཏེ། ཁ་དོག་དམར་པོ་ཉི་མ་འོད་དང་མཉམ་པར་གཟི ་བརྗིད་ཀྱིས་འབར་བ་བསམ་ཏེ། དེ་འོད་དུ་ཞུ་བའི་ས་བོན་ལས་པདྨ་འདབ་བརྒྱད་བསྐྱེད་དེ། པདྨའི་ལྟེ་བའི་དབུས་སུ་ས་བོན་ཡིག་འབྲུ་སྭ་ལས་རིན་པོ་ཆེ་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་བསྐྱེད་དེ་།དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག ་མཚན་དང་རྒྱན་རྣམས་དང་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པ་མདུན་དུ་སྨོས་པ་བཞིན་དུ་འདིར་སྦྱར་རོ། །གཞན་ཡང་རིན་ཆེན་འབྱུང ་ལྡན་གྱི་འཁོར་གནས་པའི་ཆོ་ག་རིམ་པ་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་རིན་པོ་ཆེ་འཛམ་བུ་ནཱ་དའི་ཤར་གྱི་དབུས་སུ་མདུན་དུ་སྨོས་པའི་ཚུལ་དུ་མི་བསྐྱོད་པ་ཉིད་ཀྱི་ས་བོན་ལས་ཉིད་ཀྱི་གདན་བསྐྱེད་དེ་།དེའི་སྟེང་དུ་ཉིད་ཀྱི་ས་བོན ་ཡིག་འབྲུ་ལས་ཉིད་ཀྱི་སྐུ་ཕྱག་རྒྱ་བསྐྱེད་དེ། དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་དང་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཐམས་ཅད་དང་ལྡན་པ་མདུན་དུ་སྨོས ་པ་བཞིན་དུ་སྦྱར་རོ། །དེ་ནས་རིན་པོ་ཆེ་འཛམ་བུ་ནཱ་དའི་ལྷོའི་དབུས་སུ་མདུན་དུ་སྨོས་པའི་ཚུལ་དུ་རྣམ་པར་སྣང་མཛད་ཀྱི་ས་བོན་ལས་ཉིད་ཀྱི་གདན་བསྐྱེད་པར་བྱ་སྟེ་།དེའི་སྟེང་དུ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། ་དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་དང་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ཐམས་ཅད་མདུན་དུ་སྨོས་པ་བཞིན་དུ་འདིར་སྦྱར་རོ། །དེ་ནས ་རིན་པོ་ཆེ་འཛམ་བུ་ནཱ་དའི་ནུབ་ཀྱི་དབུས་སུ་མདུན་དུ་སྨོས་པའི་ཚུལ་དུ་སྣང་བ་མཛའ་ཡས་ཉིད་ཀྱི་ས་བོན་ལས་ཉིད་ཀྱི་གདན་བསྐྱེད་པར་བྱ་སྟེ་།དེའི་སྟེང་དུ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། དེའི་སྐུ་མདོག་དང ་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་དང་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཐམས་ཅད་མདུན་དུ་སྨོས་པ་བཞིན་དུ་འདིར་སྦྱར་རོ། །དེ་ནས་རིན་པོ་ཆེ་འཛམ་བུ་ནཱ་ད་བྱང་ཕྱོགས ་ཀྱི་དབུས་སུ་མདུན་དུ་སྨོས་པའི་ཚུལ་དུ་དོན་ཡོད་གྲུབ་པ་ཉིད་ཀྱི་ས་བོན་ལས་ཉིད་ཀྱི་གདན་བསྐྱེད་པར་བྱ་སྟེ། དེའི་སྟེང་དུ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན ་དང་རྒྱན་རྣམས་དང་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཐམས་ཅད་མདུན་དུ་སྨོས་པ་བཞིན་དུ་འདིར་སྦྱར་རོ། །དེ་ལྟར་རིན་ཆེན་བརྩོན་པར་བྱ་ཞེས་པ་ནི་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་བསྒོམ ་པ་རྒྱུན་མི་འཆད་པར་བརྩོན་འགྲུས་ཀྱིས་མ་གྲུབ་ཀྱི་བར་དུ་སེམས་རྩེ་གཅིག་པས་བསྒོམ་པར་ཤེས་པར་བྱའོ། །གཞན་ཡང་སྦྱོར་བའི་དཀྱིལ་འཁོར་བསྐྱེད་པའི་ཆོ་གའི་དོན་བསྟན་པར་བྱ་སྟེ། སྦྱོར་བའི་དཀྱིལ་འཁོར་ལས་བྱུང་བ། །ནམ་མཁའ་ཨི་དབུས ་སུ་བསྒོམ་པར་བྱ། །ཞེས་བྱ་བའི་དོན་བསྟན་པར་བྱ་སྟེ། ཅི་ལྟར་ཡིན་ན་།དང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡིག་འབྲུ་ཁ་དོག་མཐིང་ཀ་ཅུང་ཟད་ལྗང་བ་བསྐལ་པའི་མེ་ཕུང་བཞིན་དུ་གཟི་བརྗིད་འབར་བ་འོད་དུ་ཞུ་བའི་ས་བོན་དེ་ལས་རྡོ་རྗེ ་རྒྱ་གྲམ་དུ་གྱུར་ཏོ། །དེ་ལྟར་སྦྱོར་བའི་དཀྱིལ་འཁོར་ལས་བྱུང་བ་ནི་སྤྱིའི་གདན་དུ་བསྟན་ཏོ། །དེ་ནས་རྡོ་རྗེ་རྒྱ་གྲམ་ཀྱི་དབུས་སུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡིག་འབྲུ་སྭ་ཁ་དོག་སེར་པོ་མེ་ཕུང་བཞིན་དུ་གཟི་བརྗིད་ཀྱིས་འབར་བ་བསམ ་དེ་འོད་དུ་ཞུ་བའི་ས་བོན་ལས་རིན་པོ་ཆེ་འཛམ་བུ་ནཱ་ད་ཟུར་བརྒྱད་པ་བསྐྱེད་དེ་།དེའི་དབུས་སུ་མདུན་དུ་སྨོས་པའི་ཚུལ་དུ་ས་བོན་ཡིག་འབྲུ་ཧ་ལས་དོན་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་བསྐྱེད་དེ། དེའི་སྐུ་མདོག་དང། ཞལ་དང་།ཕྱག་དང་ཕྱག་མཚན་དང ་རྒྱན་རྣམས་དང་ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དང། དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པ་མདུན་དུ་སྨོས་པ་བཞིན་དུ་འདིར་སྦྱར་རོ། །གཞན་ཡང་དོན་ཡོད་གྲུབ་པའི་འཁོར་གནས་པའི་ཆོ ་གའི་རིམ་པ་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་རྡོ་རྗེ་རྒྱ་གྲཾ་གྱི་ཤར་གྱི་དབུས་སུ་མདུན་དུ་སྨོས་པའི་ཉིད་ཀྱི་ས་བོན་གྱི་ཡིག་འབྲུ་ལས་མི་བསྐྱོད་པར་ཉིད་ཀྱི་གདན་བསྐྱེད་པར་བྱ་སྟེ། དེའི་སྟེང་དུ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ ་དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང་།རྒྱན་རྣམས་དང་།ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པར་མཛད་པ་དང་།དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ཐམས་ཅད་མདུན་དུ་སྨོས་པ་བཞིན་དུ་འདིར་སྦྱར་རོ། །དེ་ནས་རྡོ་རྗེ་རྒྱ་གྲམ ་གྱི་ལྷོ་ཕྱོགས་ཀྱི་དབུས་སུ་རྣམ་པར་སྣང་མཛད་ཉིད་ཀྱི་ས་བོན་ལས་ཉིད་ཀྱི་གདན་བསྐྱེད་པར་བྱ་སྟེ། དེའི་སྟེང་དུ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་ཉིད་ཀྱི་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་དང་ཉིད ་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དང། དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཐམས་ཅད་མདུན་དུ་སྨོས་པ་བཞིན་དུ་འདིར་སྦྱར་རོ། །དེ་ནས་རྡོ་རྗེ་རྒྱ་གྲམ་གྱི་ནུབ་ཀྱི་དབུས་སུ་རིན་ཆེན་འབྱུང་ལྡན་ཉིད་ཀྱི་ས་བོན་ལS་ཉིད་ཀྱི་གདན་བསྐྱེད་བར་བྱ་སྟེ། དེའི་སྟེང་དུ ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་ཉིད་ཀྱི་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ། དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་དང། ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དང། དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ ་ཐམས་ཅད་དང་ལྡན་པ་མདུན་དུ་སྨོས་པ་བཞིན་དུ་འདིར་སྦྱར་རོ། །དེ་ནས་རྡོ་རྗེ་རྒྱ་གྲམ་གྱི་བྱང་གི་དབུས་སུ་སྣང་བ་མཛའ་ཡས་ཉིད་ཀྱི་ས་བོན་ལས་ཉིད་ཀྱི་གདན་བསྐྱེད་པར་བྱ་སྟེ། དེའི་དསྟེང་དུ་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་ཉིད་ཀྱི་སྐུ་ཕྱག་རྒྱ་བསྐྱེད ་པར་བྱ་སྟེ། དེའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག་མཚན་དང་རྒྱན་རྣམས་དང། ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པའི་སྦྱོར་བ་མཛད་པ་དང། དེ་ལྟར་སྐུ་ཕྱག་རྒྱའི་ཆ་ལུགས་ཐམས་ཅད་དང་ལྡན་པ་མདུན་དུ་སྨོས་པ་བཞིན་དུ་འདིར་སྦྱར་རོ། །དེ་ལྟར ་སྦྱོར་བའི་དཀྱིལ་འཁོར་ལས་བྱུང་བ་ནི་བྱེ་བྲག་རྣམ་པ་གཉིས་སུ་བསྟན་པར་བྱ་སྟེ། །གདན་རྡོ་རྗེ་རྒྱ་གྲམ་གྱི་ངོ་བོ་དེ་ལས་ཀྱི་རིགས་ཀྱི་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་དང་སྦྱར་བར་བསྟན་པ་དང། གཞན་ཡང་སྦྱོར་བའི་དཀྱིལ་འཁོར་ལས་ ་བྱུང་བ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཐམས་ཅད་ཀྱི་དངོས་གྲུབ་གྲུབ་པར་བྱེད་པ་དོན་ཡོད་གྲུབ་པའི་ངོ་བོར་བསྟན་ཏེ། དེའི་དཀྱིལ་འཁོར་གྱི་སྐུ་ཕྱག་རྒྱ་བྱ་བ་ནན་ཏན་ཀྱི་ཡེ་ཤེས་ལས་བྱུང་བར་གསུངས་སོ། །ནམ ་མཁའ་ཨི་དཀྱིལ་དུ་བསྒོམ་པར་བྱ་ཞེས་པའི་དོན་ནི་མདུན་དུ་བཤད་པ་དང་མཐུན་པར་སྦྱར་རོ། །དེ་ལྟར་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་རྣམ་པར?་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་རྣམས་བསྒྲུབ་པ་པོས་བསྒོམ་པར་བྱ་ཞིང་སྤྲོ་བའི་དུས་སུ ་གཙོ་བོ་དང་འཁོར་ཐམས་ཅད་ཉིད་ཉིད་ཀྱི་ཡེ་ཤེས་ཀྱི་མེའི་འོད་དུ་རབ་ཏུ་འབར་བར་བསྒོམ་པར་བྱའོ། །གཞན་ཡང་མདུན་དུ་སྨོས?་པའི་དཀྱིལ་འཁོར་རྣམ་པ་ལྔ་བསྒོམ་པ་རྫོགས་པའི་འོག་ཏུ་བསྡུ་བའི་ཆོ་གའི་དོན་བཤད་པར་བྱ་སྟེ་།ཉིད་ཉིད་ཀྱི་སྐུ་ཕྱག ་རྒྱའི་ངོ་བོ་ལ་ཐམས་ཅད་ཐིམ་བར་གྱུར་པར་བསྒོམ་མོ། །དེའི་དོན་གསལ་བར་བསྟན་པར་བྱ་སྟེ། དང་པོ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་མི་བསྐྱོད་པའི་དཀྱིལ་འཁོར་ལ་ཐིམ་པར་བསམ་མོ། དེ་ལྟར་གཉིས་སུ་མེད་པའི་མི་བསྐྱོད་པའི་དཀྱིལ ་འཁོར་ནི། སྣང་བ་མཛའ་ཡས་ཀྱི་དཀྱིལ་འཁོར་ལ་ཐིམ་པར་གྱུར་པར་བསྒོམ་མོ། །དེ་ལྟར་གཉིས་སུ་མེད་པའི་སྣང་བ་མཛའ་ཡས་ཀྱི་དཀྱིལ་འཁོར་ནི་རིན་ཆེན་འབྱུང་ལྡན་ཀྱི་དཀྱིལ་འཁོར་ལ་ཐིམ་པར་གྱུར་པར་བསམ་མོ། །དེ་ལྟར་གཉིས ་སུ་མེད་པའི་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ནི་དོན་ཡོད་གྲུབ་པའི་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ། །དེ་ལྟར་གཉིས་སུ་མེད་པའི་དོན་ཡོད་གྲུབ་པའི་དཀྱིལ་འཁོར་ནི་མདུན་དུ་སྨོས་པའི་སྤྲོ་བའི་གནས་ཡེ་ཤེས་སེམས་དཔའ་དང ་གཉིས་སུ་མེད་པར་གཅིག་པའི་ངོ་བོར་གྱུར་པར་བསམ་མོ། །དེ་ལྟར་མདོར་བསྡུ་བའི་ཆོ་གའི་དོན་དུ་ཤེས་པར་བྱའོ། །ད་ནི་མདུན་དུ་སྨོས་པའི་སངས་རྒྱས་ལྔའི་དཀྱིལ་འཁོར་རྣམས་བསྒོམ་པའི་དངོས་གྲུབ་ཀྱི་འབྲས་བུ་བསྟན་བར་བྱ་སྟེ། འདི ་དག་སངས་རྒྱས་འགྱུར་པའི་མཆོག་།སྐུ་དང་གསུང་དང་ཐུགས་བསྒྲུབ་པའི། །དཀྱིལ་འཁོར་རྡོ་རྗེ་ལས་བྱུང་བའི། །ཐམས་ཅད་མཁྱེན་པའི་ཚུལ་འཐོབ་བོ་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན་།འདི་དག་སངས་རྒྱས་འགྱུར་པའི ་མཆོག་ཞེས་པ་ནི། ཡེ་ཤེས་ཀྱི་དངོས་གྲུབ་ཆེན་པོ་ཐམས་ཅད་ཀྱི་ངོ་བོའི་སྐུ་ཕྱག་རྒྱ་མདུན་དུ་སྨོས་པའི་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་རྣམ་པ་ལྔ་འཁོར་དང་བཅས་པ་ལ་བྱའོ། །སྐུ་དང་གསུང་དང་ཐུགས་བསྒྲུབ་པའི་ཞེས ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསུམ་དོན་དམ་པར་མི་ཕྱེད་པ་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་ངོ་བོ་སྒྲུབ་པ་པོས་བསྒོམས་ན་སྐུ་གསུང་ཐུགས་གསུམ་གྱི་དངོས་གྲུབ་ཀྱི་འབྲས་བུ་གྲུབ་པར ་གསུངས་སོ། །དཀྱིལ་འཁོར་རྡོ་རྗེ་ལས་བྱུང་པའི་ཞེས་པ་རྣམ་པ་གཉིས་ཏེ་ནང་དང་གསང་པའོ། །ནང་གི་དཀྱིལ་འཁོར་ལས་བྱུང་བ་ནི། མདུན་དུ་སྨོས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་རྣམ་པ་ལྔ་འཁོར ་དང་བཅས་པ་ཉིད་ཉིད་ཀྱི་ཡེ་ཤེས་ཀྱི་ས་བོན་ལས་རྡོ་རྗེར་མིང་བཏགས་པ་ལས་བྱུང་བས་དེ་ལྟར་ནང་གི་དཀྱིལ་འཁོར་རྡོ་རྗེ་ལས་བྱུང་བའི་དོན་དུ་ཤེས་པར་བྱའོ། །དེ་ནས་གསང་བའི་དཀྱིལ་འཁོར་ལས་བྱུང་བ་ནི་མདུན་དུ་སྨོས་པ་རྣམ་པར ་སྣང་མཛད་ལ་སོགས་པ་སངས་རྒྱས་རྣམ་པ་ལྔའི་དཀྱིལ་འཁོར་འཁོར་དང་བཅས་པ་སྒྲུབ་པ་པོས། བསྒོམ་པའི་དུས་སུ་མདུན་དུ་སྨོས་པའི་ཚུལ་དུ་ཉིད་དགའ་བའི་ལྷ་དང་གཉིས་སུ་མེད་པའི་ཆེ་བའི་ང་རྒྱལ་གྱི་ཉིད་ཀྱི་མདུན་དུ་སྨོས ་བའི་རིགས་ཀྱི་བྱེ་བྲག་གི་ཤེས་རབ་བཟུང་བ། མཚན་ཐམས་ཅད་དང་ལྡན་པ། གཞན་ཡང་དབང་ཐམས་ཅད་རྫོགས་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལྷ་མོ་དང་གཉིས་སུ་མེད་པའི་ངོ་བོར་བྱིན་གྱིས་བརླབས་པར་བྱ་སྟེ། དེའི་འོག་ཏུ་དེ་དང་ལྡན་པར ་འདོད་ཆགས་ཆེན་པོའི་སེམས་དགའ་བས་ཐབས་དང་ཤེས་རབ་རོལ་པ་བྱས་ནས་བདེ་བར་གྱུར་པའི་དུས་སུ་ཤེས་རབ་མའི་བྷ་གྲའི་དབུས་སུ་བྱང་ཆུབ་སེམས་འོད་དུ་ཞུ་སྟེ་།ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པར ་བསམ་སྟེ། དེ་ལྟར་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུ་ལ། མདུན་དུ་སྨོས་པའི་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་རྣམ་པ་ལྔའི་དཀྱིལ་འཁོར་དང་གནས་པ་ཉིད་ཉིད་ཀྱི་ཡེ་ཤེས་ཀྱི་ས་བོན་།ཉིད་ཉིད་ཀྱི་རིགས་ཀྱི་ཁ ་དོག་དྲང་ལྡན་པ་རྣམས་ཀྱིས་བྱིན་གྱིས་བརླབ་པར་བྱ་སྟེ། གཉིས་སུ་མེད་པའི་ངོ་བོར་བསམ་མོ། །དེ་ལྟར་མདོར་བསྡུས་པའི་ས་བོན་ལ་མིང་རྡོ་རྗེ་གསང་བར་བཏགས་པ་ལས་བྱུང་བ། དེ་ལྟར་དཀྱིལ་འཁོར་རྡོ་རྗེ་ལས་བྱུང་བའི་དུས་སུ ་ཤེས་པར་བྱའོ། །ཐམས་ཅད་མཁྱེན་པའི་ཚུལ་ཐོབ་པའོ། །ཞེས་པ་ནི། ཐམས་ཅད་མཁྱེན་པ་ནི་རྡོ་རྗེ་མི་བསྐྱོད་པ་སྟེ་།དེའི་སྒྲུབ་པ་པོ་བསྒྲུབ་པའི་དུས་སུ་གཉིས་སུ་མེད་པའི་ངོ་བོར་གྲུབ་པར་འགྱུར་རོ། །དེ་ལྟར་ཐམས་ཅད་མཁྱེན ་པའི་ཚུལ་འཐོབ་པའི་དོན་དུ་ཤེས་པར་བྱའོ།། །།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་།མཁས་པ་ཆེན་པོ་རྡོ་རྗེ་སློབ་དཔོན་འཕགས་པ་ཀུན་དགའ་ཨི་སྙིང་པོ་མཛད་པ། ། ་ལེའུ་གསུམ་པ་རྫོགས་སོ།། །།དེ་ནས་ལེའུ་གསུམ་པའི་འོག་ཏུ། ད་ནི་ལེའུ་བཞི་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ལེའུ་བཤད་པར་བྱ་སྟེ། །དེ་ནས་ཡང་བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་ནས། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ལ། །?་པའི་རྒྱལ་པོ་འདིས་གསོལ་བ་བཏབ་པོ། །ཞེས་བྱ་བའི་དོན་བཤད་པར་བྱ ་སྟེ། ཅི་ལྟར་ཡིན་ན། དེ་བཞིན་གཤེགས་པ་ནི། ལེའུ་གསུམ་རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་གྱི་ལེའུ་བཤད་པའི་འོག་ཏུ་ལེའུ་བཞི་པའི་དོན་མཚོན་པར་གསུངས་ཏེ། །བཅོམ་ལྡན་འདས་ཞེས་པ་ནི་མདུན་དུ་བཤད་པ་དང་མཐུན་པར་སྦྱར ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་ལ་བཅོམ་ལྡན་འདས་སྤྱིར་སྦྱར་བར་ཤེས་པར་བྱའོ། །ཡང་འདུས་ནས་ཞེས་པ་རྡོ་རྗེ་མི་བསྐྱོད་པ་ལེའུ་གསུམ ་པ་བཤད་པ་རྫོགས་མ་ཐག་ཏུ་མདུན་དུ་སྨོས་པའི་འཁོར་རྣམ་པར་སྣང་མཛད་ལ་སོགས་པ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་དང་ཐམས་ཅད་འདུས་པར་གསུངས་སོ། །གཞན་ཡང་འདུས་པའི་དོན་ལེའུ་དང་པོ་ལས་ཇི་ལྟར ་བཤད་པ་དང་སྦྱར་ཡང་མི་འགལ་ལོ། །ནས་ཞེས་པ་ནི་དུས་དང་གནས་གཅིག་པའོ། །བཅོམ་ལྡན་འདས་ཞེས་པ་ནི་མདུན་དུ་བཤད་པ་དང་མཐུན་པར?་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས ་ཀྱི་བདག་པོ་ཞེས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་བ་ལ་བྱའོ། །བསྟོད་པའི་རྒྱལ་པོ་འདིས་གསོལ་བ་བཏབ་པོ་ཞེས་པ། མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ ་གཅིག་ཏུ་འདུས་མ་ཐག་ཏུ་མགྲིན་གཅིག་ཏུ་བདག་པོ་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ལ་སྟོད་པའི་རྒྱལ་པོ་འདིས་གསོལ་བ་བཏབ་བོ། །དེ་ཅིའི་ཕྱིར་ཞེ་ན། བཤད་པར་བྱ་སྟེ་།སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དཀྱིལ་འཁོར་བཤད་པའི་ཕྱིར། བསྟོད་པའི་རྒྱལ་པོས་གསོལ་བ་བཏབ་བོ། །དེ་ནས་བསྟོང་པའི་རྒྱལ་པོའི་ངོ་བོ་བསྟན་པར་བྱ་བ་སྟེ། དེ་བཞིན་གཤེགས་པ་ཀུན་ཞི་པ། །དེ་བཞིན་གཤེཌ ་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་པའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། དེ་བཞིན་གཤེགས་པ་ཀུན་ཞི་བ་ཞེས་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ནི། དེ ་བཞིན་གཤེགས་པ་ཐམས་ཅད་དང་མི་ཕྱེད་པ་གཅིག་པའི་ངོ་བོར་གསུངས་སོ། །དེའི་དོན་གསལ་བར་བསྟན་པར་བྱ་སྟེ་ཞི་བ་ཞེས་པ་སྟོན་པ་རྡོ་རྗེ་མི་བསྐྱོད་པ་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་ཐུགས་རྗེ་ཆེན་པོས་ཐུགས་དགྱེས་པ་བསྐྱེད་དེ། ཞལ་རྣམས་རབ ་ཏུ་འཛུམ་པ་མཛད་པ་ལ་སོགས་པ་སྐུ་ཕྱག་རྒྱ་ཞི་བའི་ཚུལ་ཇི་སྙེད་པའི་རྩམ་པར་སྣང་མཛད་ཀྱི་ངོ་བོ་དེ་ལ་ཞི་བ་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས་ཞེས་པ་ནི་།སྟོན་པ་རྡོ་རྗེ་མི་བསྐྱོད་པས་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་པའི་ཕྱིར། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རིམ་པར་ཡེ་ཤེས་ཀྱི་ཆོ་འཕྲུལ་སྤྲོ་བ་དང་བསྡུ་བའི་ཚུལ་གྱི་ཆོ་ག་མཛད་པའི་བྱེ་བྲག་སྣ་ཚོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཇི་སྙེད་པ་ནི་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཡིན་པས། དེ་ལྟར་དེ་བཞིན་གཤེགས ་པ་ཀུན་གྱི་གནས་ཞེས་པའི་དོན་དུ་གསུངས་སོ། །ཆོས་ཀུན་བདག་མེད་པའི་མཆོག་ཞེས་པ་ནི་ཕྱི་དང་ནང་གི་ཚུལ་གྱིས་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་པ་དང། འདུལ་བ་མཛད་པ་དང། གཞན་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ ་ཐོབ་པར་བྱ་བའི་ཕྱིར་།ཐབས་ཀྱི་བྱེ་བྲག་སྣ་ཚོགས་ཆོས་ཐམས་ཅད་སྟོན་པ་དང་སྤྲུལ་པར་མཛད་པ་དང་སྟོན་པ་རྡོ་རྗེ་མི་བསྐྱོད་པ་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ཀྱི་ལམ་ལ་བཞུགས་པ་དང་འབྲས་བུ་ཐོབ་པར་བྱ ་བའི་ཕྱིར་འདོད་ཆགས་ཆེན་པོའི་དགྱེས་པས་ཐབས་དང་ཤེས་རབ་རོལ་པ་བདེ་བའི་སྤྱོད་པ་བསྟན་པའི་འདོད་ཆགས་ཆེན་པོ་དེ་ནི་སྣང་མཛའ་ཡས་ཀྱི་ངོ་བོ། །དེ་ལྟར་ཆོས་ཀུན་ཞེས་པའི་དོན་དུ་གསུངས་སོ། །དེ་ནས་བདག་མེད་པའི་ཞེས་པ་ནི་དོན་དམ ་པ་སྟེ། ཕྱི་དང་ནང་གི་ཚུལ་གྱི་ཆོས་ཐམས་ཅད་སྟོང་བའི་ངོ་བོ་དངོས་པོ་མེད་པ་དེ་ནི་བསྟན་པ་ངེས་པ། གཞན་ཡང་མ་རུངས་པ་གནོད་པ་བྱེད་པ་གང་གིས་ཀྱང་གཡོ་བ་དང་འཇིག་པར་མི་ནུས་པས་ཚུལ་དེ་ལྟར་དོན་དམ་པ་འབྲས་བུ་གཉིས་སུ་མེད་པ་སྒྲུབ་པ་པོ ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་བསྒྲུབ་པར་མཛད་པའི་ཕྱིར་སྟོན་པ་རྡོ་རྗེ་མི་བསྐྱོད་པས་ཐུགས་རྗེ་ཆེན་པོས་ཐུགས་བསྐྱེད་དེ། འཕྲིན་ལས་བྱེ་བྲག་སྣ་ཚོགས་མཛད་པའི་འཕྲིན་ལས་མཐར་ཕྱིན་པ་དོན་ཡོད་གྲུབ་པའི་ངོ་བོ། །དེ་ལྟར་བདག་མེད ་པའི་དོན་དུ་གསུངས་སོ།། །།དཀྱིལ་འཁོར་དམ་པ་བཤད་དུ་གསོལ་ཞེས་པ་ནི་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་རྣམ་པ་ལྔ་གཉིས་སུ་མེད་པའི་སྐུ་ཕྱག་རྒྱ་ངོ་བོ་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཁྱོད་ཐུགས་ཀྱི་དཀྱིལ་འཁོར་གྱི་བདག ་ཉིད་དོན་དམ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་དབྱེར་མེད་པས་དེའི་ཕྱིར་དམ་པ་ཞེས་པའི་དོན་དུ་བསྟན་ཏེ། ཐུགས་ཀྱི་དཀྱིལ་འཁོར་ཀྱི་ངོ་བོ་བདག་ཉིད་ལ་བཤད་དུ་གསོལ་ཞེས་པའོ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །ངན ་པའི་མཚན་ནི་ཐམས་ཅད་བྲལ། །ཐམས་ཅད་ཀུན་ཏུ་བཟང་པོ་སྐུ་ཡི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཞེས་པའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། མཚན་ཉིད་ཐམས་ཅད་ཡང་དག་རྫོགས་ནི་།སྟོན་པ་རྡོ་རྗེ་མི་བསྐྱོད་བའི ་མཚན་ཉིད་ཐམས་ཅད་རྫོགས་པར་ལྡན་ཏེ་།ཅི་ལྟར་ཕྱིའི་མདོ་སྡེ་ལས་འབྱུང་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་བཞིན་དུ་འདིར་སྦྱར་ཏེ་བཤད་པར་བྱའོ། །སྟོན་པ་རྡོ་རྗེ་མི་བསྐྱོད་པ་ལས་སྐུ་ཕྱག་རྒྱའི་སྐུ་མདོག་དང་ཞལ་དང་ཕྱག་དང་ཕྱག ་མཚན་དཔེ་རྒྱན་རྣམས་དང། ཉིད་ཀྱི་ཤེས་རབ་ལྷ་མོ་འཁྱུད་པ་དང། གཞན་ཡང་ཡེ་ཤེས་རྣམ་པ་ལྔའི་ངོ་བོ། །ཆོ་འཕྲུལ་གྱི་སྤྲོ་བསྡུས་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་པ་དང་འདུལ་བར་མཛད་ནས་གཉིས་སུ་མེད་པ་དང་ཐིམ་པར ་མཛད་དེ། དེ་ལྟར་མདོར་བསྡུས་པའི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཚུལ་གྱི་མཚན་ཉིད་ཐམས་ཅད་ཀྱི་དོན་བསྟོན་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ལ་རྫོགས་པར་ལྡན་པར་གསུངས་སོ། །མཚན་ཉིད་ངན་པ་ཐམས་ཅད་ཡང་དག་བྲལ ་ཞེས་པ་ནི། མདུན་དུ་སྨོས་པའི་མཚན་ཉིད་རྣམས་མ་ཡིན་པར་ཕྱིན་ཅི་ལོག་གང་ཡང་རུང་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ལ་མ་རྫོགས་མི་ལྡན་ཏེ་བཤད་པར་བྱའོ། །ཐོག་མ་མེད་པའི་དུས་ནས་མཚན་ཉིད་ངན་པ་ཇི་ལྟར་ཕྱིའི་བཟོད་པ་མ་བྱས ་པ་ལ་སོགས་པ་ཕྱིན་ཅི་ལོག་གི་ལས་ཐམས་ཅད་བྱས་པ་དེའི་འོག་ཏུ་རྣམ་པར་སྨིན་པའི་འབྲས་བུ་ཡང་ནས་ཡང་སྐྱེ་བ་དང། ཤི་པ་དང། འགྲོ་བ་རིས་དྲུག་དུ་འཁོར་ཏེ། ལྷ་དང་ཀླུ་དང་གནོད་སྦྱིན་དང། སྲིན་པོ་དང་ལྷ་མ་ཡིན་དང་འབྱུང་པོ་དང། ་གྲུལ་བུམ་དང། མཁའ་འགྲོ་མ་དང། མི་ལ་སོགས་པ་ཐམས་ཅད་ཀྱི་ལུས་ཀྱི་ཆ་ལུགས་ཕུན་སུམ་ཚོགས་པ་མཚན་ཉིད་བཟང་པོ་དང་མི་ལྡན་ཏེ། མཚན་ཉིད་ཕྱིན་ཅི་ལོག་ཐམས་ཅད་ཀྱིས་འཇིགས་པར་བྱེད་པ་དང་བཀྲ་མི་ཤེས་པར ་བྱེད་པའི་མཚན་ཉིད་དང་ལྡན་པར་མདོར་སྡུས་པ་དེ་དག་ཐམས་ཅད་དང་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཁྱོད་བྲལ་བ་མི་ལྡན་པ་མཚན་ཉིད་ཐམས་ཅད་ཡང་དག་བྲལ་ཞེས་བྱའོ། །དེ་ནས་ཀུན་ཏུ་བཟང་པོ་ཞེས་པ་བྱེ་བྲག་རྣམ་པ་གསུམ་དུ་བསྟན་ཏེ། གང ་ཞེ་ན། ཕྱིའི་གསང་བའི་ངོ་བོའི་ཚུལ་དང། གསང་བའི་ཡེ་ཤེས་ཀྱི་ངོ་བོའི་ཚུལ་དང། ཡེ་ཤེས་དོན་དམ་པའི་ངོ་བོ་ཚུལ་ལོ། །དེ་ལ་ཕྱིའི་གསང་བའི་ངོ་བོ་བཤད་པར་བྱ་སྟེ། གོང་དུ་སྨོས་པའི་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་དེ་བཞིན ་གཤེགས་པ་ཐམས་ཅད་གཉིས་སུ་མེད་པའི་ངོ་བོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེS་རབ་ལྷ་མོ་རྣམས་དང་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱི་ཤེས་རབ་མ་ལྷ་མོ་རྣམས་དང་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱི་ཤེས་རབ་མ་ལྷ་མོ་མཱ་མ་ཀཱི ་དང་ལྡན་པར་འདོད་ཆགས་ཆེན་པོའི་ཐུགས་དགྱེས་པས་ཐབས་དང་ཤེས་རབ་རོལ་པ་མཛད་པས་བདེ་བར་གྱུར་པ་ནི་ཕྱིའི་གསང་བའི་ངོ་བོའི་ཀུན་ཏུ་བཟང་པོ་ཞེས་བྱའོ། །དེ་ནས་གསང་བའི་ཡེ་ཤེས་ཀྱི་ངོ་བོ་ནི་མདུན་དུ་སྨོས་པ་རྡོ་རྗེ་མི་བསྐྱོད ་པ་ཉིད་ཀྱིས་གསང་བའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཨི་གནས་ནས་།ཉིད་ཉིད་ཀྱི་ས་བོན་ཡིག་འབྲུ་ལས་དཀྱིལ་འཁོར་གྱི་ལྷ་རྣམས་ཐབས་དང་ཤེས་རབ་རོལ་པ་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས ་ཅད་བྱིན་གྱིས་བརླབས་པའི་ཕྱིར་།སྤྲིན་བཞིན་དུ་སྤྲོ་བ་དང་བསྡུ་བའི་ཆོ་ག་མཛད་དེ། དེ་ནི་དོན་དམ་པར་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་ཉིད་ཀྱི་ངོ་བོ་ཡིན་པར་བསྟན་ཏོ། །དེ་བས་ན་གསང་བའི་ཡེ་ཤེས་ཀྱི་ངོ་བོ་ཀུན་ཏུ་བཟང་པོ་ཞེས་བྱའོ། །དེ་ནས ་ཡེ་ཤེས་དོན་དམ་པའི་ངོ་བོའི་ཚུལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་མ་སྐྱེས་པར་སྟོང་པ་ནམ་མཁའ་ལྟ་བུ་ཐམས་ཅད་ལ་ཁྱབ་ནས་གནས་པ་ཆོས་ཀྱི་སྐུ་ཡིན་པས་ན་ཡེ་ཤེས་ཀྱི་དོན་དམ་པའི་ངོ་བོ ་ཀུན་ཏུ་བཟང་པོ་ཞེས་བྱའོ། །སྐུའི་མཆོག་ཞེས་བྱ་བ་ནི་མདུན་དུ་སྨོས་པའི་ཀུན་ཏུ་བཟང་པོའི་དོན་བྱེ་བྲག་གསུམ་དུ་བཤད་པར་མདོར་བསྡུས་པ་ཡེ་ཤེས་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྐུའི་ནང་ནས་སྟོན་པ ་རྡོ་རྗེ་མི་བསྐྱོད་པའི་སྐུ་མཆོག་དུ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། སྟོན་པ་རྡོ་རྗེ་མི་བསྐྱོད་པ་ནི་ཡེ་ཤེས་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཡབ་བསྐྱེད་པར་མཛད་པ་དོན་དམ་པར་མི་ཕྱེད་པ་གཅིག་པའི་ངོ་བོར་གནས་པས ་དེའི་ཕྱིར་སྐུའི་མཆོག་ཅེས་བྱའོ། །དེ་ལྟར་དཀྱིལ་འཁོར་དམ་པ་བཤད་དུ་གསོལ་ཞེས་པ་ནི། སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཀུན་ཏུ་བཟང་པོའི་སྐུའི་མཆོག་ཁྱོད་ཀྱིས་བདག་ལ་དཀྱིལ་འཁོར་དམ་པ་བཤད་དུ་གསོལ་ཞེས་པའོ། །དཀྱིལ་འཁོར་ ་ཇི་ལྟ་བུ་ཞེ་ན། དོན་དམ་པར་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་པ་གཉིས་སུ་མེད་པའི་ཐུགས་དེ་སེམས་ཅན་ཐམས་ཅད་ཞུགས་ནས་དབང་བསྐྱུར་ནས་ཐེག་པ་ཆེན་པོ་གསང ་སྔགས་ཀྱི་སྤྱོད་པ་སྤྱད་ཅིང་བསྒོམ་པ་དང། བཟླས་པ་བྱས་པས་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་འབྲས་བུ་ཐོབ་སྟེ། དེའི་ཕྱིར་དཀྱིལ་འཁོར་དམ་པ་ཞེས་བྱའོ། །དེ་ནས་མདུན་དུ་བཤད་པའི་དོན་དེ་བཞིན་དུ་དཀྱིལ་འཁོར་གྱི་དོན་དུ་བཤད་པར ་བྱ་སྟེ། མཚན་ཉིད་ཐམས་ཅད་ཡང་དག་རྫོགས་ཞེས་པ་དཀྱིལ་འཁོར་གྱི་དབྱིབས་དང་ཚད་དེ། སྟོན་པ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཉིད་ཀྱི་རིགས་ཀྱི་རིམ་པའི་བྱེ་བྲག་གི་སྐུ་མདོག་དང། དེ་བཞིན་དུ ་ཕྱོགས་དང་གནས་དང། གདན་ཕུན་སུམ་ཚོགས་པ་དང། གདན་སྟེང་ན་ཕྱག་རྒྱ་ཕུན་སུམ་ཚོགས་པ་དང། རྒྱན་ཕུན་སུམ་ཚོགས་པ་དང། དེ་དག་མདོར་བསྡུས་པའི་དཀྱིལ་འཁོར་གྱི་མཚན་ཉིད་ཐམས་ཅད་རྫོགས་པར་ལྡན་པར ་གསུངས་སོ། །དེ་ནས་མཚན་མ་ཐམས་ཅད་ཡང་དག་བྲལ་ཞེས་པ་མདུན་དུ་སྨོས་པའི་དཀྱིལ་འཁོར་གྱི་མཚན་ཉིད་ཐམས་ཅད་ཀྱི་ནང་དུ་མ་རྫོགས་པ་མེད་པར་གསུངས་སོ། །ཀུན་ཏུ་བཟང་པོ་ཞེས་པ་ནི་དཀྱིལ་འཁོར་གྱི་དབྱིབས་དང ་ཚད་དང། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་མདོག་དང་གནས་དང་གདན་དང་ཕྱག་རྒྱ་དགོད་པ་དང། དེ་ལྟར་མདོར་བསྡུས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་མ་ནོར་བ་དང་མཉམ་པ་དང་མཛེས་པས་ན་ཀུན་ཏུ་བཟང་པོའི་དོན་ནོ། །སྐུའི ་མཆོག་ཞེས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པ་སྐུའི་མཆོག་གི་དོན་ཇི་ལྟར་བཤད་པ་དེ་བཞིན་དུ་དཀྱིལ་འཁོར་གྱི་དངོས་གྲུབ་ཐམས་ཅད་ཀྱི་ངོ་བོ་སྟེ། དེའི་ཕྱིར་སྐུ་མཆོག་ཞེས་བྱའོ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ་ཞེས་པ་ནི ་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཀུན་ཏུ་བཟང་པོ་སྐུའི་མཆོག་ཁྱོད་དཀྱིལ་འཁོར་དང་གཉིས་སུ་མེད་པའི་ངོ་བོར་བཞུགས་སོ། །དམ་པའི་དོན་ནི་མདུན་དུ་བཤད་པ་དང་མཐུན་པར་སྦྱར་རོ། །ཞི་བའི་ཆོས་ནི་མཆོག་ལས་བྱུང། ཡེ་ཤེས་སྤྱོད་པ་རྣམ་སྤྱོད ་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན་ཞི་བ་ཞེས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པ་སེམས་ཅན་ཐམས་ཅད་བསྐྱབ་བའི་ཕྱི་ཐུགས་རྗེ་ཆེན་པོ་བསྐྱེད ་པའོ། །ཆོས་ཀྱི་མཆོག་ཅེས་པ་ནི་ཕྱི་ནང་གི་ཆོས་མ་ལུས་པ་ཐམས་ཅད་ཀྱི་ནང་ན་གསུང་རྡོ་རྗེ་པདྨའི་རིགས་སོ་སོར་རྟོགས་པའི་ཡེ་ཤེས་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་བའི་གསུང་གཉིས་སུ་མེད་པའི་ངོ་བོར་གནས་པས་དེ་ཕྱིར་ཆོས་ཀྱིས ་མཆོག་ཞེས་གསུངས་སོ། །ལས་བྱུང་ཞེས་པ་ནི་མདུན་དུ་སྨོས་པའི་སོ་སོར་རྟོགས་པའི་ཡེ་ཤེས་ལས་བྱུང་བ་པདྨའི་རིགས་སྣང་བ་མཛའ་ཡས་བླ་ན་མེད་པའི་འདོད་ཆགས་ངོ་བོ་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཤེས་རབ་མ་ལྷ་མོ་མཱི་མ་ཀཱི་དང་གཉིས ་སུ་མེད་པའི་སྐུ་ཕྱག་རྒྱ་གསང་བའི་རོལ་པ་མཛད་པའི་ཚུལ་དུ་གནས་པའོ། །དེ་ནས་ཡེ་ཤེས་ཀྱི་སྤྱོད་པ་ཞེས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱེ་བྲག་སྣ་ཚོགས་ཀྱིས་ཡེ་ཤེས་ཀྱི་སྤྱོད་པ་མཛད་པ་བཤད ་པར་བྱ་སྟེ། ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱིས་འགྱིངས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོ་བ་དང་བསྡུ་བས་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་ནས་སྤྲོ་བའི་གནས ་སུ་སླར་བསྡུས་ཏེ། གཉིས་སུ་མེད་པར་མཛད་དོ། །དེ་ལྟར་མདོར་བསྡུས་པ་ཡེ་ཤེས་སྤྱོད་པའི་དོན་དུ་གསུངས་སོ། །གཞན་ཡང་ཇི་ལྟར་སྟོན་པ་རྡོ་རྗེ་མི་བསྐྱོད་བ་ཡེ་ཤེས་ཀྱི་སྤྱོད་པ་མཛད་པའི་དོན་བཤད་པ་དེ་བཞིན་དུ་སྒྲུབ་པ་པོ་རྣམས ་ཀྱིས་ཀྱང་ཡེ་ཤེས་ཀྱི་སྤྱོད་པ་བྱ་བར་གསུངས་སོ། །རྣལ་འབྱོར་པ་ཞེས་པ་ནི་མདུན་དུ་སྨོས་པའི་ཡེ་ཤེས་ཀྱི་སྤྱོད་པ་དེ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པས་སྦྱོར་བ་མཛད་དོ།། །།བཤད་པར་བྱ་སྟེ། བླ་ན ་མེད་པའི་འདོད་ཆགས་ཆེན་པོ་དེས་ནི་བླ་ན་མེད་པའི་འབྲས་བུ་ཐོབ་པར་མཛད་དོ། །སྤྱོད་པ་དེ་སྤྱད་པས་གནོད་པ་བྱེད་བ་རྣམ་པར་རྟོག་པ་ཆེན་པོ་ཉོན་མོངས་པའི་སྡིག་པའི་དྲི་མ་སྡུག་པོ་རང་གི་སེམས་ལས་བྱུང་ནས་གནས་བའི་བདུད་དགྲའི ་ངོ་བོ་དེ་སྟོན་པ་རྡོ་རྗེ་མི་བསྐྱོད་པ་རྣམ་པར་རྟོག་པ་མི་མངའ་བའི་ཐུགས་ཀྱི་བླ་ན་མེད་པའི་འདོད་ཆགས་ཆེན་པོའི་སྤྱོད་པ་ཐབས་དང་ཤེས་རབ་རོལ་པ་མཛད་ནས་བདེ་བར་གྱུར་པའི་དུས་སུ་ཤེས་རབ་ལྷ་མོ་མཱ་མ་ཀཱི་བྷ་གའི་དབུས་སུ ་རྡོ་རྗེ་ཁུ་བའི་ངོ་བོ་བྱང་ཆུབ་སེམས་འོད་དུ་ཞུ་སྟེ། ཟླ་བའི་དཀྱིལ་འཁོར་ལྟ་བུ་དཀར་བ་དྲི་མ་མེད་པ་གསལ་བ་གསང་བའི་ས་བོན་དེ་མདུན་དུ་སྨོས་པའི་ས་བོན་ཡེ་ཤེས་ཀྱི་ཡིག་འབྲུ་བྱིན་གྱིས་བརླབས་ཏེ། ས་བོན་དེ་ལས་མདུན ་དུ་སྨོས་པའི་ཡེ་ཤེས་ཀྱི་སྤྱོད་པའི་ཚུལ་གྱི་ཚོགས་བསྐྱེད་པར་མཛད་དོ། །དེ་ལྟར་ཆོ་གའི་ཐབས་ཀྱིས་གནོད་པ་བྱེད་པ་རྣམ་པར་རྟོག་པ་ཆེན་པོ་ཉོན་མོངས་པའི་སྡིག་པའི་དྲི་མ་སྟུག་པོ་རང་གི་སེམས་ལས་བྱུང་བ་བདུད་དགྲའི་ངོ་བོ ་དེ་བཅོམ་ནས་དག་པར་མཛད་པས་དེའི་ཕྱིར་སྦྱོང་ཞེས་བྱའོ། །གཞན་ཡང་མདུན་དུ་སྨོས་པའི་དོན་དེ་སྒྲུབ་པ་པོ་རྣམས་ཀྱིས་བྱ་བར་བསྟན་ཏོ། །ཀུན་ཏུ་བཟང་པོ་གསུམ་ཞེས་པ་དོན་དམ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་གསུང་གང་ཡིན་པ་ནི། སྟོན་པ་རྡོ་རྗེ་མི་བསྐྱོད་པར་གཉིས་སུ་མེད་པའི་ངོ་བོར་གནས་པར་གསུངས། སྟོན་པ་རྡོ་རྗེ་མི་བསྐྱོད་པའི་གསུང་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དང་ཡོན་ཏན་མཉམ་པ་གཉིས་སུ་མེད་པར་བསྟན་ཏོ། ། ་མཆོག་ཞེས་པ་ཕྱིའི་ལྷ་ཚངས་པ་དང་ཁྱབ་འཇུག་དང། དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་ཀྱི་སྐད་ཀྱི་ནང་ན་སྟོན་པ་རྡོ་རྗེ་མི་བསྐྱོད་པ་གསུང་མཆོག་ཡིན་པར་བསྟན་ཏོ། །ཅིའི་ཕྱིར་ན་ཕྱི་ནང་གི་རིག་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བའི ་གནས་ཀྱི་སྙིང་པོའི་ངོ་བོ། །གོང་དུ་སྨོས་པའི་ལྷ་ཚངས་པ་དང་ཁྱབ་འཇུག་དང། དབང་ཕྱུག་ཆེན་པོ་ལ་སོགས་པ་ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཕམ་པར་མཛད་པ་དེའི་ཕྱིར་མཆོག་ཅེས་གསུངས་སོ། །དཀྱིལ་འཁོར་དམ་པ་བཤད་དུ ་གསོལ་ཞེས་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཁྱོད་ཀྱིས་ཀུན་ཏུ་བཟང་པོ་གསུང་གི་མཆོག་གི་དཀྱིལ་འཁོར་དམ་པ་བདག་ཅག་ལ་བཤད་དུ་གསོལ་ཞེས་པའོ། །དོན་གཞན་ཡང་བཤད་པར་བྱ་སྟེ་ཞི་བ་ནི་དཀྱིལ་འཁོར་དུ་ཞུགས་ནས ་མཐོང་བས་དགའ་ཞིང་དད་པ་ཆེན་པོས་བྱང་ཆུབ་སེམས་སྐྱེས་པས་འཁོར་བ་མེད་པར་བྱེད་བས་དེའི་ཕྱིར་ཞི་བ་ཞེས་བྱའོ། །ཆོས་མཆོག་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡེ་ཤེས་དང་གཉིས་སུ་མེད་པའི ་དཀྱིལ་འཁོར་དེ་བསྒོམས་པས་གྲུབ་པའི་དུས་སུ་ཇི་ལྟར་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཕྱི་ནང་གི་རིགས་པ་ཐམས་ཅད་མཁྱེན་པ་དེ་བཞིན་དུ་སྒྲུབ་པ་པོས་ཡེ་ཤེས་པར་འགྱུར་བས་དེའི་ཕྱིར་ཆོས་མཆོག་ཅེས་བྱའོ། །གཞན་ཡང་ཕྱི་ནང་གི་ཆོས ་ཐམས་ཅད་ཀྱི་ནང་ན་དཀྱིལ་འཁོར་འདི་ནི་མཆོག་གི་ངོ་བོར་གསུངས་སོ། །ལས་བྱུང་པ་ཞེས་པ་ནི་མདུན་དུ་སྨོས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་ལ་དཀྱིལ་འཁོར་འདི་འབྱུང་བར་གསུངས་སོ། །ཡེ་ཤེས་ཀྱི་སྤྱོད་པ་ཞེས ་པ་ནི་དཀྱིལ་འཁོར་བསྒོམ་པ་དང་བཟླས་པ་དང་སྤྲོ་བ་དང་བསྡུ་བ་དང་སེམས་ཅན་བྱིན་གྱིས་བརླབ་པར་བྱ་སྟེ། བླ་ན་མེད་པའི་འབྲས་བུ་མ་གྲུབ་ཀྱི་བར་དུ་ཡེ་ཤེས་ཀྱི་སྤྱོད་པ་སྤྱད་པར་བྱ་བར་གསུངས་སོ། །རྣལ་འབྱོར་ཞེས་པ་ནི་མདུན་དུ་སྨོས ་པའི་ཡེ་ཤེས་ཀྱི་སྤྱོད་པ་སྤྱད་པས་དཀྱིལ་འཁོར་གྱི་དངོས་གྲུབ་གྲུབ་སྟེ། དེ་ལྟར་གྲུབ་པའི་འོག་ཏུ་སྒྲུབ་པ་པོ་དེ་བསྐལ་པ་གྲངས་མེད་པར་སྐྱེ་བ་བླངས་པ་དང། སྐྱེ་བ་འདི་ལ་ཉོན་མོངས་པའི་སྡིག་པའི་དྲི་མ་ཇི་སྙེད་པ་དེ་དག་ཐམས ་ཅད་དཀྱིལ་འཁོར་གྲུབ་པས་སྦྱངས་པར་གྱུར་པར་དེའི་ཕྱིར་སྦྱོང་ཞེས་བྱའོ། །ཀུན་ཏུ་བཟང་པོ་གསུང་ཞེས་པ་ནི་དཀྱིལ་འཁོར་ལྷ་ཐམས་ཅད་ཀྱི་སྔགས་ཀྱི་བཟླས་པ་བྱས་པས་སྒྲུབ་པ་པོ་ཕྱི་ནང་གི་རིག་པ་ཐམས་ཅད་ལ་མཁས་པའི་དངོས་གྲུབ ་ཐོབ་སྟེ། གསུང་རྡོ་རྗེ་སྣང་བ་མཛའ་ཡས་དང་གཉིས་སུ་མེད་པ་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་གསུང་གི་ངོ་བོ་དབྱེར་མེད་པས་ཀུན་ཏུ་བཟང་པོ་གསུངས་ཞེས་བྱའོ། །མཆོག་ཞེས་པ་ནི་མདུན་དུ་བཤད་པ་དང་མཐུན་པར་སྦྱར་རོ། །དཀྱིལ་འཁོར་དམ ་པ་བཤད་དུ་གསོལ་ཞེས་པ་ནི་གོང་དུ་སྨོས་པའི་ཡོན་ཏན་དང་ལྡན་པའི་དཀྱིལ་འཁོར་དམ་པ་དེ་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཀུན་ཏུ་བཟང་པོ་གསུང་གི་མཆོག་ཁྱོད་བདག་ལ་བཤད་དུ་གསོལ་ཞེས་པའོ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ།། ་རང་བཞིན་དག་པ་དྲི་མ་མེད། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག་།དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། ཞེས་པའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། སེམས་ཅན་ཀུན་གྱི་ཞེས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི ་ཁམས་ཐམས་ཅད་ན་གནས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་དང་ལྷ་མ་ཡིན་དང་མི་དང་མི་མ་ཡིན་པའི་སེམས་ཅན་མ་ལུས་པ་ཐམས་ཅད་དེའི། སེམས་ཆེན་པོ་ཞེས་པ་ནི་མདུན་དུ་སྨོས་པའི་སེམས་ཅན་ཐམས་ཅད་ཀྱི ་སེམས་རྩེ་གཅིག་ཏུ་མདོར་བསྡུས་པ་ནི་སེམས་ཆེན་པོ་ཞེས་བྱའོ། །དག་པ་ཞེས་པ་ནི་མདུན་དུ་སྨོས་པའི་སེམས་ཆེན་པོའི་སེམས་ཅན་ཐམས་ཅད་ལ་དོན་དམ་པར་བྱང་ཆུབ་སེམས་ཀྱི་ཆོས་ཀྱི་སྐུ་གཉིས་སུ་མེད་པའི་ངོ་བོ་རྣམ་པར་རྟོག ་པའི་ཉོན་མོངས་པའི་སྡིག་པའི་དྲི་མ་ཐམས་ཅད་ཀྱིས་མ་གོས་པ་ནམ་མཁའ་ལྟ་བུ་དབུས་སུ་ཁྱབ་ནས་གནས་པར་གསུངས་སོ། །རང་བཞིན་དག་པ་དྲི་མ་མེད་པ་ནི་རང་བཞིན་གདོད་མ་ནས་གོང་དུ་སྨོས་པའི་སེམས་ཅན་ཆེན་པོ་དེ་ནི་མ་སྐྱེས་པ་སྟོང ་བའི་ངོ་བོ་ནམ་མཁའ་ལྟ་བུ་མི་ཟད་པ་མདུན་དུ་སྨོས་པའི་དྲི་མ་རྣམས་དང་བྲལ་བས་དེའི་ཕྱིར་དྲི་མ་མེད་ཅེས་བྱའོ། །ཀུན་ཏུ་བཟང་པོ་ཐུགས་ཀྱི་ཞེས་པ་ནི་མདུན་དུ་སྨོས་པའི་དོན་དམ་པ་བྱང་ཆུབ་སེམས་ཅན་ཐམས་ཅད་ལ་ཁྱབ་ནས་གནས་པ ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གང་ཡིན་པ་དེ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་ཐུགས་དང་གཉིས་སུ་མེད་པའི་ངོ་བོ་ཡིན་ཏེ། བཤད་པར་བྱའོ། །སྟོན་པ་རྡོ་རྗེ་མི་བསྐྱོད་པའི་ཐུགས ་ཀྱིས་མདུན་དུ་སྨོས་པའི་སེམས་ཅན་གྱི་སེམས་དུས་གསུམ་དུ་བསམ་པ་དང་བསོད་ནམས་དང་སྡིག་པའི་ལས་བྱ་བ་དང་བྱེད་བ་ཅི་སྙེད་པ་སེམས་ལས་བྱུང་བ་དེ་དག་ཐམས་ཅད་ཉིད་ཀྱི་ཐུགས་ལས་བྱུང་བ་བཞིན་དུ་ས་ལེ་མཁྱེན་ཏོ། །དེ་ཅི་ལྟར ་མཁྱེན་ཞེ་ན། མདུན་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ཆོས་ཀྱི་སྐུ་དོན་དམ་པ་བྱང་ཆུབ་སེམས་ཁྱབ་ནས་གནས་པ་དེ་ནི་མདོར་བསྡུས་པ་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཉིད་ཀྱི་ཐུགས་ཡིན་པས་དེའི་ཕྱིར་ཀུན་ཏུ་བཟང་པོ་ཐུགས་ཞེས་བའི་དོན་དུ ་གསུངས་སོ། །མཆོག་ཞེས་པ་ནི་མདུན་དུ་སྤོས་པའི་ཡོན་ཏན་དང་ལྡན་པའི་དོན་དམ་པ་བྱང་ཆུབ་སེམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དེ་ནི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་འབྲས་བུའི་ངོ་བོ་ཡིན་ཏེ། དེའི་ཕྱིར་མཆོག་ཅེས་བྱའོ། །དཀྱིལ ་འཁོར་སྙིང་པོ་བཤད་དུ་གསོལ?་རྩ?་ཞེས་ལ་ཡིན?་པ?་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཁྱོད་འཁོར་བར་སྐྱེས་བའི་སྡུག་བསྔལ་གྱི་ལམ་དང་བྲལ་བར་མཛད་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་བསྟོན་པ། གཞན་ཡང་དངོས་གྲུབ་ཐམས་ཅད་ཀྱི་འབྲས་བུ་གྲུབ་པའི ་དུས་སུ་བླ་ན་མེད་པའི་བྱང་ཆུབ་ཡེ་ཤེས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་འབྲས་བུའི་ངོ་བོ་ཁྱོད་ཉིད་ཡིན་པས་བདག་ཅག་ལ་དཀྱིལ་འཁོར་གྱི་སྙིང་པོ་བཤད་དུ་གསོལ་ཞེས་བྱའོ། །དེ་ནས་དེའི་དོན་གཞན་ཡང་བཤད ་པར་བྱ་སྟེ། མདུན་དུ་སྨོས་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ན་གནས་པའི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལ་ལྷུང་བ་དེ་སྒྲོལ་བའི་གྲུ་ལྟ་བུར་དཀྱིལ་འཁོར་འདི་གསུངས ་སོ། །སེམས་ཆེན་པོ་ཞེས་པ་ནི་དོན་དམ་པར་ཆོས་ཀྱི་སྐུ་བྱང་ཆུབ་སེམས་དང་གཉིས་སུ་མེད་པའི་ངོ་བོ་དང། མདུན་དུ་སྨོས་པའི་སེམས་ཅན་ཐམས་ཅད་ལ་ཁྱབ་ནས་གནས་པ་སེམས་ཆེན་པོའི་དཀྱིལ་འཁོར་གྱི་ངོ་བོ་དེ་མདུན་དུ་སྨོས ་བའི་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་པོའི་རྒྱུད་ལ་རྟོགས་ནས་སེམས་དེ་བཞིན་གཤེགས་པ་དང་གཉིས་སུ་མེད་པའི་ཐུགས་ཀྱི་དཀྱིལ་འཁོར་གཉིས་སུ་མེད་པའི་དངོས་གྲུབ་གྲུབ་པར་གྱུར་ཏེ། དེའི་ཕྱིར་སེམས་ཆེན་པོ་ཞེས་བྱའོ། ། ་རང་བཞིན་དག་པ་དྲི་མ་མེད་ཞེས་པ་ནི་མདུན་དུ་བཤད་པ་དང་མཐུན་ནོ། །ཀུན་ཏུ་བཟང་པོ་ཐུགས་ཞེས་པ་ནི། སྒྲུབ་པ་པོ་རང་དགའ་བའི་ལྷ་དེ་བཞིན་གཤེགས་པ་དཀྱིལ་འཁོར་གྱི་གཙོ་བོ་བྱ་སྟེ། དེ་ཆེ་བའི་ང་རྒྱལ་དུ་བསྒོམས་ནས་དངོས ་གྲུབ་ཀྱི་འབྲས་བུ་གྲུབ་བའི་དུས་སུ་སྟོན་པ་རྡོ་རྗེ་མི་བསྐྱོད་བའི་ཐུགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡིན་པས་ན་ཡེ་ཤེས་ཐམས་ཅད་དང་གཉིས་སུ་མེད་པའི་དངོས་གྲུབ་ཀྱི་ངོ་བོ་ཀུན་ཏུ་བཟང་པོ་མཚན་བཏགས་པ་འགྲུབ ་པར་འགྱུར་ཏེ། དེ་བས་ན་ཀུན་ཏུ་བཟང་པོ་ཐུགས་ཞེས་པའི་དོན་དུ་གསུངས་སོ། །མཆོག་ཞེས་པ་ནི་མདུན་དུ་སྨོས་པའི་བླ་ན་མེད་པའི་དངོས་གྲུབ་ཆེན་པོའི་འབྲས་བུ་གྲུབ་པའི་ཡོན་ཏན་ལ་མཆོག་ཅེས་བྱའོ། །དཀྱིལ་འཁོར་སྙིང་པོ་བཤད་དུ ་གསོལ་ཞེས་པ་ནི་མདུན་དུ་བཤད་པ་དང་མཐུན་ནོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །འཇིག་རྟེན་གསུམ་པོ་ཁམས་གསུམ་པོ། །འཇིག་རྟེན་གསུམ་མཆོག་རྡོ་རྗེ་མཆོག་།འཇིག་རྟེན་གསུམ་མཆོག་སྟོན་པ་པོ་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ་ཇི་ལྟར་ཡིན་ན། དེ་ནས་ཞེས་པ་ནི་མདུན་དུ་སྨོས་པ་རྣམ་པར་སྣང་མཛད་ལ་སོགས་པ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བདག་པོ་སྟེན་པ་རྡོ་རྗེ་འཛིན་ལ་བསྟོང་པའི་རྒྱལ་པོས་བསྟེད་པའི་རྒྱལ་པོས་བསྟེད་ནས་ཐུགས་ཀྱི་དཀྱིལ ་འཁོར་བཤད་པར་གསོལ་བ་བཏབ་ཀྱང་ཅང་མི་གསུང་ནས། དེ་ནས་གོང་དུ་སྨོས་པ་རྣམ་པར་སྣང་མཛད་པ་ལ་སོགས་པ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་བཤད་པའི ་ཕྱིར་བསྟེད་པས་གསོལ་བ་འདེབས་པའོ། །སྟོན་པ་ཞེས་པ་ནི་རྡོ་རྗེ་མི་བསྐྱོད་པས་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐེག་པ་ཆེན་པོ་སྔགས་ཕྱི་ནང་གསང་བའི་ཚུལ་དུ་བཤད་པའི་ངོ་བོའི་ཆོས་ཀྱི ་འཁོར་ལོ་བསྐོར་བའི་ཐབས་ཀྱིས་སེམས་ཅན་མ་ལུས་པ་ཐམས་ཅད་བྱིན་གྱིས་བརླབས་པ་འདུལ་བར་མཛད་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་དབང་གིས་བསགས་པའི་སྡིག་པ་ཆེན་པོ་ཐམས་ཅད་མེད་པར་འགྱུར་ཏེ། དེ ་མེད་པ་བསོད་ནམས་ཆེན་པོའི་བསྐལ་བ་དང་ལྡན་པ་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བས་ན་སྟོན་པའོ། །རྡོ་རྗེ་འཛིན་ཞེས་པ་ནི་བྱེ་བྲག་རྣམ་པ་གསུམ་སྟེ། དོན་དམ་པའི་ནང་གི་རྡོ་རྗེ་འཛིན་པ་ནི། ནང་གི་ཡེ་ཤེས་ཀྱི་རྡོ་རྗེ་འཛིན་པ ་དང། ནང་གི་ཕྱིའི་རྡོ་རྗེ་འཛིན་ནོ། །དེའི་དོན་གསལ་བར་བསྟན་པར་བྱ་སྟེ། དོན་དམ་པའི་ནང་གི་རྡོ་རྗེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགS་གསུཾ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་སྐུ་ཕྱག་རྒྱའི་ངོ་བོར་གཉིས་སུ་མེད ་པར་འཛིན་པའོ། །ནང?་གི་ཡེ་ཤེས་ཀྱི་རྡོ་རྗེ་འཛིན་པ་ནི་སྟོན་པ་རྡོ་རྗེ་མི་བསྐྱོད་པ་ཉིད་ཀྱི་གསང་བའི་ཐུགས་ཀའི་གནས་ན་ཡེ་ཤེས་རྣམ་པ་ལྔའི་ངོ་བོ་ཡེ་ཤེས་སེམས་དཔའ་ཅིས་ཀྱང་མི་ཤིགས་པ་རྡོ་རྗེའི་ངོ་བོར ་འཛིན་པའོ། །ནང་གི་ཕྱིའི་རྡོ་རྗེ་འཛིན་པ་ནི་མདུན་དུ་བཤད་པའི་རྡོ་རྗེའི་དོན་རྣམ་པ་གཉིས་ཉིད། སྟོན་པ་རྡོ་རྗེ་འཛིན་ཀྱིས་མ་རུངས་པ་ཉིད་གནོད་པ་བྱེད་པའི་བདུད་དཔུང་ཐམས་ཅད་འཇིག་པར་མཛད་པ་དང་འཇོམས་པར་མཛད་པའི་མཚོན་ཀྱི ་ངོ་བོ་རྡོ་རྗེ་རྩེ་ལྔ་པ་ཕྱག་གཡས་དང་པོ་ན་འཛིན་དེ་དེ་ལྟར་རྡོ་རྗེ་འཛིན་ཀྱི་དོན་རྣམ་པ་གསུམ་དུ་ཤེས་པར་བྱའོ། །འཇིག་རྟེན་གསུམ་ཞེས་པ་ནི་ས་འོག་གི་འཇིག་རྟེན་དང། ས་སྟེང་གི་འཇིག་རྟེན་དང་ས་བླའི་དང་གསུམ་མོ། །ཁམས ་གསུམ་ཞེས་པ་ནི་འདོད་ཁམས་དང། གཟུགས་ཁམས་དང། གཟུགས་མེད་པའི་ཁམས་དང་གསུམ་མོ་བཤད་པར་བྱ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ་ལུས་པ་མདུན་དུ་སྨོས་པའི་འཇིག་རྟེན་གསུམ ་དང་ཁམས་གསུམ་གྱི་གྲངས་ཡིན་ཏེ། དེ་ལྟར་མདོར་བསྡུས་པ་མདུན་དུ་སྨོས་པའི་འཇིག་རྟེན་གསུམ་དང་ཁཾས་གསུཾ་ན་གནས་པ་དང་འབྱུང་བའི་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་རྡོ་རྗེ་མི་བསྐྱོད་པས་བྱིན་གྱིས་བརླབས་པ་དང་འདུལ་བར ་མཛད་དེ་།དེ་ལྟར་འཇིག་རྟེན་གསུམ་དང་ཁམས་ཀྱི་དོན་དུ་གསུངས་སོ། །འཇིག་རྟེན་གསུམ་མཆོག་ཅེས་པ་ནི་མདུན་དུ་སྨོས་པ་ས་འོག་དང་ས་སྟེང་དང་ས་བླའི་འཇིག་རྟེན་མ་ལུས་པ་ན་གནས་པ་དང་འབྱུང་བའི་སེམས་ཅན་ཐམས ་ཅད་ཀྱི་སོ་སོའི་རིགས་ཀྱི་བྱེ་བྲག་གི་རྒྱལ་པོ་རྣམས་ནི་མཆོག་ཅེས་བྱའོ། །དེའི་དོན་གསལ་བར་བཤད་པར་བྱ་སྟེ། ས་འོག་ན་གནས་པ་དང་འབྱུང་བ་ནི་ཀླུ་དང་ལྷ་མ་ཡིན་ཏེ་དེ་དག་གི་རྒྱལ་པོ་ནི་པདྨ་དང་པདྨ་ཆེན་པོ་དང། མཛའ་ཡས་དང ་ནག་པོ་ཆེན་པོ་ལ་སོགས་པ་ཀླུའི་རྒྱལ་པོ་གྲངས་མེད་པ་རྣམས་དང། འབའ་ལི་དང། ཛཱ་ར་སནདྷི་དང། ཤོ་ཤོ་པཱ་ལ་དང། པྲ་ལ་ཏ་ལ་སོགས་པ་ལྷ་མ་ཡིན་གྱི་རྒྱལ་པོ་གྲངས་མེད་པ་མདོར་བསྡུས་པ་ས་འོག་གི་འཇིག་རྟེན་གྱི་སེམས་ཅན་ཇི་སྙེད་པའི་ནང་ན ་རྒྱལ་པོ་རྣམས་ཀྱི་མཆོག་ཅེས་བྱའོ། །ས་སྟེང་ན་གནས་པ་དང་འབྱུང་བ་མིའི་འཁོར་ལོ་སྒྱུར་བའི་རྒྱལ་པོ་ལ་སོགས་པ་དང། གཞན་ཡང་སེམས་ཅན་ཇི་སྙེད་སྣང་བའི་བྱོལ་སོད་དང་མི་སྣང་བ་གནོད་སྦྱིན་དང། སྲིན་པོ་རྣམས་ཀྱི་ནང་ན་མདོར་བསྡུས ་པ་སོ་སོའི་རྒྱལ་པོ་རྣམས་ནི་ས་སྟེང་གི་འཇིག་རྟེན་གྱི་མཆོག་ཅེས་བྱའོ། །ས་བླ་ན་གནས་པ་དང་འབྱུང་བ་ནི་དྲི་ཟ་དང་མཁའ་འགྲོ་སོ་སོའི་རྒྱལ་པོ། །ཏམྦུ་ར་དང། ཚངས་པའི་དབྱངས་དང། ཟླ་བའི་འོད་ལ་སོགས་པ་དྲི་ཟའི་རྒྱལ་པོ་གྲངས ་མེད་པ་དང། གཞན་ཡང་འཇིགས་པར་བྱེད་པ་རྟའི་མགོ་བོ་ཅན་དང་མགྲིན་གཉིས་དང། རྔ་མོའི་སྐད་ཅན་ལ་སོགས་པ་མཁའ་འགྲོ་མའི་རྒྱལ་པོ་གྲངས་མེད་པ་སྟེ། སེམས་ཅན་ཇི་སྙེད་བའི་ནང་ན། མདོར་བསྡུས་པ་སོ་སོའི་རྒྱལ་པོ་རྣམས་ནི་ས་བླའི ་འཇིག་རྟེན་གྱི་མཆོག་ཅེས་བྱའོ། །འཇིག་རྟེན་གསུམ་མཆོག་གི་དོན་གཞན་ཡང་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་འཇིག་རྟེན་གསུམ་ན་གནས་པ་དང་འབྱུང་བའི་རྒྱལ་པོ་རྣམས་ཀྱི་ནང་ན་ཁྱད་པར་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ ་བརྒྱ་བྱིན་དང་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དང་ཉི་མ་དང་ཟླ་བ་དང་ཕུར་བུ་ལ་སོགས་པ་ལྷ་རྣམས་དང། གཟའ་དང་སྐར་མ་ལ་སོགས་པ་ཐམས་ཅད་ནི་ཁམས་གསུམ་ན་གནས་པ་དང་འབྱུང་བའི་མཆོག་ཏུ་གསུངས་སོ། །འཇིག ་རྟེན་གསུམ་མཆོག་གི་དོན་གཞན་ཡང་བཤད་པར་བྱ་སྟེ། མདུན་དུ་སྨོས་པའི་འཇིག་རྟེན་གསུམ་དང་ཁམས་གསུམ་ན་གནས་པ་དང་འབྱུང་བ་མདོར་བསྡུས་པའི་རྒྱལ་པོ་ཐམས་ཅད་ལ་མཆོག་ཅེས་བཏགས་པའི་ནང་ན་ཁྱད་པར་གྱིས་ཁྱད་པར ་གྱི་ཡེ་ཤེས་ཆེན་པོའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་སངས་རྒྱས་ཀྱི་བསྟན་པ་ལ་ཉིད་ཀྱི་ཡེ་ཤེས་ཀྱི་འབྲས་བུ་གྲུབ་པ། རང་གི་རིག་པ་ལ་རྟེན་ནས་རིམ་པ་བཞིན། ཉན་ཐོས་དང་རང་རྒྱལ་བ་དང་བྱང་ཆུབ་སེམས ་དཔའ་དང། ཐེག་པ་ཆེན་པོ་སྔགས་ཀྲི་ཡ་དང་ཡོ་ག་དང་གསང་སྔགས་ཀྱི་ཚུལ་དུ་རིགས་འཛིན་དང། །རིག་པ་འཛིན་པ་ལ་སོགས་པ་དང། གཞན་ཡང་དངོས་གྲུབ་ཀྱི་འབྲས་བུ་ཇི་སྙེད་པ་ཐོབ་པའོ། །དེ་ལྟར་མདོར་བསྡུས་པ་མདུན་དུ་སྨོས་པ ་ཕྱིའི་མཆོག་གི་མཆོག་ཐམས་ཅད་ལས་འདི་ནི་མཆོག་ཏུ་གསུངས་སོ། །རྡོ་རྗེ་མཆོག་ནི་རྡོན་རྣ་བར་སྣང་མཛད་ལ་སོགས་པ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་མདུན་དུ་སྨོས་པའི་ཕྱིའི?་འཇིག་རྟེན་གསུམ ་དང། ཁམས་གསུམ་གཞན་ཡང་སངས་རྒྱས་ཀྱི་བསྟན་པ་རིམ་པ་ཐམས་ཅད་མཆོག་ཏུ་བསྟན་ཏེ། དེའི་ནང་ན་མི་བསྐྱོད་རྡོ་རྗེ་འཛིན་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་འབྲས་བུ་ངོ་བོ་ཕུན ་སུམ་ཚོགས་པ་དང་ལྡན་པས་དེའི་ཕྱིར་ཁྱད་པར་མཆོག་གི་ཡང་མཆོག་ཏུ་བསྟན་ཏོ། །བཤད་པར་བྱ་སྟེ། དེ་ལྟར་མདུན་དུ་སྨོས་པའི་མཆོག་ཏུ་བཏགས་པ་མདོར་བསྡུས་པ་དེའི་ནང་ན་སྟོན་པ་རྡོ་རྗེ་མི་བསྐྱོད་པ་རྡོ་རྗེ་འཛིན་པ་ནི་རྡོ་རྗེ ་མཆོག་ཅེས་གསུངས། །དེ་ནས་རྡོ་རྗེ་གཅོ་མཆོག་ཟེར་དེའི་ཡོན་ཏན་གྱི་འཕྲིན་ལས་མཛད་པ་ཕུན་སུམ་ཚོགས་པ་བསྟན་པར་བྱ་སྟེ། འཇིག་རྟེན་གསུམ་མཆོག་ཞེས་པ་མདུན་དུ་སྨོས་པ་ཕྱི་དང། གཞན་ཡང་སངས་རྒྱས་ཀྱི་བསྟན ་པའི་རིམ་པ?་ཉན་ཐོས་དང་རང་རྒྱལ་བ་དང། བྱང་ཆུབ་སེམས་དཔའ་དང། གཞན་ཡང་རྣམ་པར་སྣང་མཛད་ལ་སོགས་པ་བརྗོད་དུ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་མདོར་བསྡུས་པ་ལ་སོགས་པ་མཆོག་ཅེས་གསུངས་སོ།། ་སྟོན་པ་པོ་ཞེས་པ་ནི་སྟོན་པ་མི་བསྐྱོད་རྡོ་རྗེ་འཛིན་པ་ནི་མདུན་དུ་སྨོས་པའི་འཇིག་རྟེན་གསུམ་གྱི་མཆོག་རྣམས་འདུལ་བར་མཛད་པས་འདུལ་བའི་ཡོན་ཏན་ཏེ། འདུལ་བར་མཛད་བའི་ཐབས་ཀྱི་བྱེ་བྲག་རྣམ་པ་དྲུག་བསྟན་པར་བྱ་སྟེ། ལྷ་དང་མི་དང ་དྲི་ཇ་དང་མི་འམ་ཅི་ལ་སོགས་པ་ཞི་བའི་ངོ་བོའི་སེམས་ཅན་རྣམས་ཞི་བའི་ཚུལ་གྱིས་འདུལ་བྲར་མཛད་དོ། །གཞན་ཡང་གནོད་སྦྱིན་དང་སྲིན་པོ་དང་ལྷ་མ་ཡིན་དང་འབྱུང་པོ་དང་ཀླུ་ལ་སོགས་པ་གནོད་པ་བྱེད་པའི་བདུད་དཔུང་མ་རུངས་པ་རྣམས་ནི ་འགྲོ་བའི་ཚུལ་ཀྱིས་འདུལ་བར་མཛད་དོ། །གཞན་ཡང་སངས་རྒྱས་ཀྱི་བསྟན་པ་ལ་གནས་པའི་སྒྲུབ་པ་པོས་མ་ལུས་པ་རྣམས་ལ་ནི་ཡེ་ཤེས་ཀྱི་དངོས་གྲུབ་བསྩལ་བས་འདུལ་བར་མཛད་དོ། །ཐེག་པ་ཆེན་པོ་མདོ་སྡེ་སྤྱོད་པ་རྣམས་ལ ་ནི་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ལ་སོགས་པའི་རིམ་པ་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཁྱད་པར་ཅན་བརྩོལ་བས་འདུལ་བར་མཛད་དོ། །གཞན་ཡང་ཐེག་པ་ཆེན་པོ་སྔགས་གསང་བའི་ཚུལ་གྱིས་རྣམ་པར་སྣང་མཛད་ལ་སོགས་པ ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་བརྗོད་དུ་ཡང་པ་དང་བརྗོད་དུ་མེད་པའི་ཐམས་ཅད་སྟོན་པ་རྡོ་རྗེ་འཛིན་གྱིས་བསྐྱེད་ནས་དབང་བསྐུར་བའི་ཚུལ་གྱིས་འདུལ་བར་མཛད་དོ། །གཞན་ཡང་མ་འོངས་པའི་སེམས་ཅན་ཐམས་ཅད ་འཁོར་བ་སྤོང་ཞིང་བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་སྔགས་ཀྱི་རྒྱུད་ཐམས་ཅད་བཤད་པས་འདུལ་བར་མཛད་དོ། །དེའི་དོན་གསལ་བར་བསྟན་པར་བྱ་སྟེ། སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱིས་ཐུགས་རྗེ་ཆེན ་པོ་ཞི་བའི་ཐུགས་བསྐྱེད་དེ། དེ་ཉིད་ཀྱི་གསང་པའི་ཐུཌ་?་ཡེ་ཤེས་སེམས་དཔའ་ཨི་གནས་ནས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་ཐམས་ཅད་རིམ་པར་ཉིད་ཉིད ་ཀྱི་ས་བོན་ཡིག་འབྲུ་ལས་སྤྲོ་བར་མཛད་དེ། ལེའུ་གསུམ་པ་ལས་བྱུང་བ་བཞིན་དུ་ཉིད་ཉིད་ཀྱི་སྐུའི་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པ་སྤྲོས་ཏེ་སྤྲོས་མ་ཐག་ཏུ་འཇིག་རྟེན ་གྱི་ཁམས་ཐམས་ཅད་ན་གནས་པའི་ལྷ་དང་མི་དང་དྲི་ཟ་དང་མི་འམ་ཅི་ལ་སོགས་པ་ཆུང་མ་དང་བཅས་པ་དེ་དག་ཐམས་ཅད་བྱིན་གྱིས་བརླབས་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ་ཉོན་མོངས་པའི་སྡིག་པ་བསགས་པ ་ཐམས་ཅད་མེད་པར་གྱུར་ཏེ། དེ་ལྟར་ཞི་བའི་ངོ་བོའི་སེམས་ཅན་རྣམས་ཞི་བའི་ཐབས་ཀྱིས་འདུལ་བར་མཛད་པའི་དོན་དུ་གསུངས་སོ། །དེ་ནས་གནོད་སྦྱིན་དང། སྲིན་པོ་དང། ལྷ་མ་ཡིན་དང། ཀླུ་ལ་སོགས་པ་མ་རུངས་པ ་གནོད་པ་བྱེད་པ་བདུད་དཔུང་ཆུང་མ་དང་བཅས་པ་ཐམས་ཅད་ནི། སྟོན་པ་མི་བསྐྱོད་རྡོ་རྗེ་འཛིན་གྱི་ཐུགས་རྗེ་ཆེན་པོ་ཞེ་སྡང་གི་ངོ་བོའི་ཐུགས་བསྐྱེད་དེ། གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ཡ་མཱནྟ་ཀ་?་ལ ་སོགས་པ་ཁྲོ་བོ་རྒྱལ་པོ་སྐུའི་ཕྱག་རྒྱ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་ཐམས་ཅད་ས་བོན་ཡིག་འབྲུ་ཧཱུཾ་ལས་སྤྲོ་བར་མཛད་དེ། ཉིད་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི ་དང་ལྡན་པ་སྤྲོས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་མ་རུངས་པ་གནོད་པ་བྱེད་པ་གོང་དུ་སྨོས་པ་རྣམས་དགུག་པ་དང། བཅིང་བ་དང་མནན་པ་ལ་སོགས་པ་ཁྲོ་བོ་ཆེན་པོ་བྱེ་བྲག་ལྔ་ཀྱི་བྱེ་བྲག་སྣོགས ་མཛད་པས་འཇོམས་པར་མཛད་དོ། དེ་ལྟར་བཅོམ་མ་ཐག་ཏུ་བསོད་ནམས་ཀྱི་བསྐལ་པ་དང་ལྡན་པར་མཛད་དོ། །དེ་ལྟར་སེམས་ཅན་མ་རུངས་པ་ཁྲོ་བ་ཅན་རྣམས་ནི་ཁྲོ་བོའི་ཚུལ་གྱི་འདུལ་བར་མཛད་དོ། །དེ་ནས་སངས ་རྒྱས་ཀྱི་བསྟན་པ་ལ་གནས་ནས་སྒྲུབ་པ་ཉིད་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱི་ཐེག་པ་ཆེན་པོ་སྔགས་ཀྱི་གསང་བའི་རྒྱུད་རྣམས་བཤད་དེ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བའི་དུས་སུ་གསང་བའི་ཐུགས་ཀ ་ཡེ་ཤེས་ཁྱད་པར་ཅན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོའི་འོད་ཟེར་གྱི་འཕྲེང་བའི་ཚོགས་སྤྲོ་བར་མཛད་དེ། དེ་བཞིན་དུ་འབར་བ་དང་འོད་དང་གསལ་བར་སྤྲིན་བཞིན་དུ་སྤྲོས་མ་ཐག་ཏུ་ཉན་ཐོས་དང་རང་རྒྱལ་བ་རྣམས་བྱིན་གྱིས་བརླབས་པར་མཛད་དེ། ་དེ་ཐག་ཏུ་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་མཛད་དོ། །དེ་ལྟར་ཉན་ཐོས་དང་རང་རྒྱལ་བ་རྣམས་ལ་ཡེ་ཤེས་ཁྱད་པར་ཅན་གྱི་འབྲས་བུ་བརྩོལ་བས་འདུལ་བར་མཛད་དོ། །དེ་ནས་ཐེག་པ་ཆེན་པོ་མདོ་སྡེ་ལས་གནས་པའི་བྱང་ཆུབ་སེམས་དཔའ་ ་རྣམས་ནི་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་ཀྱིས་མདུན་དུ་སྨོས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཁྱད་པར་ཅན་གྱི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་ཡེ ་ཤེས་རྣམ་པ་ལྔ་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་མདུན་དུ་སྨོས་པའི་ཚུལ་དུ་ཉིད་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གི་ཁ་དོག་དང་ལྡན་པ་འོད་ཟེར་གྱི་ཕྲེང་བའི་ཆོགས་སྤྲོ་བར་མཛད་དེ། དེ་བཞིན་དུ་འབར་བ་དང། འོད ་དང་གསལ་བ་སྤྲིན་བཞིན་དུ་སྤྲོས་ཏེ་མདུན་དུ་སྨོས་པའི་བྱང་ཆུབ་སེམས་དཔའ་རྣམས་བྱིན་གྱིས་བརླབས་པར་མཛད་དེ། བྱིན་གྱིས་བརླབས་མ་ཐག་ཏུ་ཅི་ལྟར་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག ་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་མཛད་པ་དེ་བཞིན་དུ་གཉིས་སུ་མེད་པའི་ངོ་བོར་སྤྱོད་པར་འགྱུར་རོ། །དེ་ལྟར་ཐེག་པ་ཆེན་པོ་མདོ་སྡེ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་བསོད་ནམས་དང་ཡེ་ཤེས་ཀྱི ་འབྲས་བུ་ཁྱད་པར་ཅན་སྩོལ་བར་མཛད་པས་འདུལ་བའི་དོན་དུ་གསུངས་སོ། །དེ་ནས་ཐེག་པ་ཆེན་པོ་སྔགས་ཀྱི་གསང་བའི་ཚུལ་གྱི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་ཐམས་ཅད་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱིས་མདུན་དུ་སྨོས་བ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ཉིད་ཀྱི་ས་བོན་ཡེ་ཤེས་ཀྱི་ཡིག་འབྲུ་ལས ་ཐབས་དང་ཤེས་རབ་ལྷ་མོ་རོལ་པས་བདེ་བར་གྱུར་བས། ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་བྷ་གའི་དབུས་སུ་བྱང་ཆུབ་སེམས་འོད་དུ་ཞུ་བ་ཟླ་བའི་དཀྱིལ་འཁོར་ལྟ་བུ་སྟེ། མདུན་དུ་སྨོས་བའི་ས་བོན་ཡེ་ཤེས་ཀྱི་ཡིག་འབྲུ་བྱིན་གྱིས་བརླབས ་ཏེ། དེའི་འོག་ཏུ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་འོད་དུ་ཞུ་བའི་ས་བོན་དེ་ལས་ཉིད་ཉིད་ཀྱི་རིགས་ཀྱི་བྱེ་བྲག་གི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང། ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་རྣམས་དང་ལྡན་པར་རྣམ་པར་སྣང་མཛད་ལ་སོགས ་བ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་སྤྲོ་བར་མཛད་དེ། ཡེ་ཤེས་ཀྱི་གཞལ་ཡས་ཁང་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་སུ་རིམ་པ་མ་ནོར་བར། ཉིད་ཉིད་ཀྱི་རིགས་ཀྱི་ཆོ་གའི་བྱེ་བྲག་གི་ཕྱོགས ་བཞིར་བཀོད་དེ། བཤད་པར་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་བོ་ལ་ཡེ་ཤེས་སེམས་པ་སྟོན་པ་མི་བསྐྱོད་བ་རྡོ་རྗེ་འཛིན་གྱིས་ཉིད་ཀྱི་སྐུ་ཕྱག་རྒྱ་སྤྲུལ་ཏེ། དབང་བསྐུར་བའི་ངོ་བོར་གནས་པར ་བསྟན་ཏོ། །དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་ཀྱི་རིགས་གསུམ་གྱི་ཚུལ་དུ་བྱེ་བྲག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཉིད་ཉིད་ཀྱི་བདག་པོས་སྤྱི་བོར་དབང་བསྐུར་བའི་ཚུལ་དུ་གནས་སོ། །དེ་ནས་ཐམས་ཅད་མདོར་བསྡུས་པའི ་འཁོར་མཛད་པའི་འོག་ཏུ་སྟོན་པ་མི་བསྐྱོད་པའི་རྡོ་རྗེ་འཛིན་ཉིད་ཀྱི་འཁོར་གྱི་ནང་དུ་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱི་འགྱིངས་བ་བྱེ་བྲག་སྣ་ཚོགས་སུ་སྤྲོ་བ་དང་བསྡུ་བ་མཛད་ཅིང་འཁོར་ལོ་ཆེན་པོ་བཞི་བསྒྱུད་བའི་ངོ་བོའི་ཚུལ་དུ་གནས་པར་གྱུར་ཏེ་དེ་ལྟར་བསྐྱེད་ནས་དབང ་བསྐུར་བའི་ཚུལ་གྱིས་འདུལ་བར་མཛད་པའི་དོན་དུ་གསུངས་སོ། །དེ་ནས་མ་འོངས་པའི་སེམས་ཅན་མི་ལ་སོགས་པ་ཐམས་ཅད་ཀྱི་དོན་དུ། སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱིས་ཐེག་པ་ཆེན་པོ་སྔགས་ཀྱི་རྒྱུད་རིམ་པར་བཤད་པར་མཛད་པ་ལ་བརྟེན་ནས། ་རྡོ་རྗེ་སློབ་དཔོན་ལས་དབང་ཐོབ་པ་དང། གནང་བ་ཐོབ་པ་དང། ལུང་དང་མན་ངག་ཐོབ་ནས་དེའི་འོག་ཏུ་བསྒོམ་པ་དང་བཟླས་པ་ལ་སོགས་པ་སྒྲུབ་པའི་བྱེ་བྲག་སྣ་ཚོགས་བྱ་བར་བསྟན་ཏོ། །དེ་ལྟར་བྱས་ནས་བླ་ན་མེད་པའི་འབྲས་བུ་ཐོབ་པར་འགྱུར་ཏེ། ་དེ་ལྟར་མ་འོངས་པའི་སེམས་ཅན་མི་ལ་སོགས་པ་ཐམས་ཅད་སྔགས་ཀྱི་ཐེག་པ་ཆེན་པོ་རྒྱུད་ཐམས་ཅད་བཤད་པར་བརྟེན་ནས་འདུལ་བར་མཛད་པའི་དོན་དུ་གསུངས་སོ། །བཤད་པར་བྱ་སྟེ། མདོར་བསྡུས་པ་མདུན་དུ་སྨོས་པའི་བྱེ་བྲག་དྲུག་གི་འདུལ ་བར་མཛད་པས། དེའི་ཕྱིར་བསྟོན་པ་མི་བསྐྱོད་རྡོ་རྗེ་འཛིན་ལ་འདུལ་བ་བོ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་ཀྱི་དཀྱིལ་འཁོར་འཁོར་འདྲ་བ། །དཀྱིལ་འཁོར་རབ་ཏུ་ཉམས་དགའ་བཤད ་ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན་།དེ་བཞིན་གཤེགས་པ་ཀུན་གྱི་གནས་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་ཐམས་ཅད་འབྱུང་བའི་གནས་ཀྱི་ངོ་བོ་ཡེ་ཤེས་ཀྱི་དཀྱིལ ་འཁོར་བསྐྱེད་བའི་འོག་ཏུ་དབང་བསྐུར་བའི་ཕྱིར་?་མཚོན་གྱི་དཀྱིལ་འཁོར་གནས་ཀྱི་དབྱིངས་ཀྱི་ངོ་བོའི་དེའི་ནང་དུ། མདུན་དུ་སྨོས་པའི་ཚུལ་དུ་སྐུ་ཕྱག་རྒྱ་ཤེས་རབ་མ་ཡེ་ཤེས་ཀྱི་ལྷ་མོ་དང་གཉིས་སུ་མེད་པ་ཆ་ལུགས་ཕུན་སུམ་ཚོགས་པ་ཐམས ་ཅད་དང་ལྡན་པའི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པའི་གནས་སོ། །བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་གཙར་བསྟན་པ་སྟེ། ཅི་ལྟར་དེ་བཞིན་གཤེགས་པ་ཀུན་གྱི་གནས་སུ་བསྟན་པ་དེ་བཞིན་དུ ་བྱང་ཆུབ་སེམས་དཔའ་ཐམས་ཅད་སྨོས་སོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས་སུ་བསྟན་པ་དེ་བཞིན་དུ་ཁྲོ་བོའི་རྒྱལ་པོ་ཐམས་ཅད་ཀྱི་ཡང་སྨོས་ཏེ། དེ་དག་ཐམས་ཅད་མདོར་བསྡུས་པ་དོན་དམ་པར་ཡེ་ཤེས་ཀྱི་ངོ་བོར་རོ་གཅིག་པ་ཡིན་ནོ།། ་དེ་ལྟར་དེ་བཞིན་གཤེགས་པ་ཀུན་གྱི་གནས་ཀྱི་དོན་དུ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ཞེས་པ། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་བརྗོད་དུ་ཡོད་པ་དང་བརྗོད་དུ་མེད་པ་ཐམས་ཅད་ཀྱི་ཐུགས ་ཀྱི་དམ་པར་གཅིག་པའི་ངོ་བོ་ཡེ་ཤེས་སེམས་པའི་དངོས་གྲུབ་ཀྱི་འབྲས་བུ་དང་གཉིས་སུ་མེད་པ་ཡིན་ཏེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དོན་དམ་པར་དཀྱིལ་འཁོར་གྱི་ངོ་བོར་གསུངས་སོ། །འཁོར་འགྲ་བར ་ཞེས་པ་ནི་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དོན་དམ་པའི་བྱང་ཆུབ་སེམས་དཀྱིལ་འཁོར་གྱི་ངོ་བོ་དེ་སེམས་ཅན་རྣམས་ཀྱི་མ་རྟོགས་མ་མཐོང་བས་དེའི་ཕྱིར། ཀུན་རྫོབ་དབྱིབས་དང་ཚད་ལྷ་རྣམས་ཀྱི་བཞུགས་པའི་གནས ་ཏེ། དེ་དག་མདོར་བསྡུས་པ་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པ་ཐུགས་ཀྱི་དཀྱིལ་འཁོར་གྱི་དབྱིབས་ཀྱི་དོན་དུ་གསུངས་སོ། །ཉམས་དགའ་ཞེས་པ་ནི་རྡོ་རྗེ་སློབ་དཔོན་ལ་སློབ་མ་དབང་ནོས་པའི་དུས་སུ་དཀྱིལ་འཁོར་དུ་ཞུགས་པས་།མཐོང་མ ་ཐག་ཏུ་སེམས་དགའ་བས་ནད་པ་ཆེན་པོ་སྐྱེས་ཏེ། དེ་ལྟར་ཉམས་དགའ་བའི་དོན་དུ་གསུངས་སོ། །དཀྱིལ་འཁོར་བཤད་དུ་གསོལ་ཞེས་པ་ནི་གོང་དུ་སྨོས་པའི་ཕྱི་ནང་གི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པ་འཇིག་རྟེན་གསུམ་གྱི་མཆོག ་རྡོ་རྗེ་གཙོ་བོའི་ངོ་བོ་འདུལ་བ་བོ?་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་ཁྱོད་ཀྱིས་བདག་ཅག་ལ་དཀྱིལ་འཁོར་བཤད་དུ་གསོལ་ཞེས་པའོ། །དེ་ལྟར་དཀྱིལ་འཁོར་བཤད་དུ་གསོལ་ཞེས་པའི་དོན་ཏུ་གསུངས་སོ། །དེ་ལྟར་མདུན་དུ་སྨོས་པའི་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྟོད་པའི་ཚུལ་གྱི་ཐུཌ་ཀྱི་དཀྱིལ་འཁོར་བཤད་པར་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་ལ་གསོལ་བ་བཏབ་ཏེ། དེ་ལྟར་གསོལ་བ་བཏབ་པའི་འོག་ཏུ་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱི་ཐུགས་རྗེ་ཆེན་པོའི་ཐུགས ་དགྱེས་པ་བསྐྱེད་ནས་ཞལ་ཅུང་ཟད་འཛུམ་པ་མཛད་དེ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་པའི་གནས་ནས་ཡེ་ཤེས་ཀྱི་ཆོ་འཕྲུལ་གྱི་བྱེ་བྲག་སྣ་ཚོགས་ཀྱིས་འགྱིངས་པ་དང་སྤྲོ་བ་དང་བསྡུ་བའི་ཐུགས་ཀྱི་དཀྱིལ་འཁོར་འཆད་པའི་དོན་བསྟན་པར ་བྱ་སྟེ། དེ་ནས་ཐུགས་ཀྱི་དཀྱིལ་འཁོར་མཆོག་།ཐུགས?་ཀྱི་རྡོ་རྗེ་རབ་འདྲ་བ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །དཀྱིལ་འཁོར་རབ་ཏུ་བཤད་པར་བྱ། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཅི་ལྟར་ཡིན་ན། དེ་ནས་ནི་མདུན་དུ་སྨོས་པ་རྣམ་པར ་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟོད་པའི་ཚུལ་གྱི་གསོལ་བ་བཏབ་པ། བཤད་པར་མཛད་པའི་མཚོན་པའོ། །ཐུགས་ཀྱི་དཀྱིལ་འཁོར་མཆོག་ནི་མདུན་དུ་སྨོས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི། སྟོན ་?་བསྟོད་པ་རྡོ་རྗེ་འཛིན་ཀྱི་ཐུགས་དང་གཉིས་སུ་མེད་པའི་ངོ་བོ་སྟེ། དེ་ལྟར་ཐུགས་ཀྱི་དཀྱིལ་འཁོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་ཐམས་ཅད་ཀྱི་ངོ་བོ་སྟེ། དེ་ལྟར་མཆོག་ཅེས་གསུངས་སོ། ། ་ཐུགས་ཀྱི་རྡོ་རྗེ་རབ་འདྲ་བ་ཞེས་པ་ནི་རྡོ་རྗེ་སེ་དའི་ཉིད་སྟོན་པ་རྡོ་རྗེ་འཛིན་མི་བསྐྱོད་པ་ཉིད་ཡིན་ཏེ་བཤད་པར་བའོ། །རྣཾ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་གཞན་ཡང་འཁོར་ཕུན་སུམ་ཚོགས་པ་ཐམས་ཅད་དང་གཉིས་སུ་མེད་པ ་ཐུགས་རྡོ་རྗེའི་སྐུ་ཕྱག་རྒྱར་བསྟན་ཏེ་།དེ་དང་འདྲ་བར་མཉམ་པ་བསོད་ནམས་དང་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པ་དངོས་གྲུབ་ཀྱི་འབྲས་བུ་ཐམས་ཅད་དང་གཉིས་སུ་མེད་པའི་ངོ་བོ་དཀྱིལ་འཁོར་འདི་ཡིན་པར་གསུངས་སོ། ། ་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ཞེས་པ་ནི། མདུན་དུ་སྨོས་པའི་ཐུགས་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་གསུམ་མི་ཕྱེད་པའི་ངོ་བོ་ཡིན་པ་དེ་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་དང་མི་ཕྱེད་པར་ལྡན ་པའི་ངོ་བོ་བས་།དེའི་ཕྱིར་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །རབ་ཏུ་བཤད་པར་བྱ་ཞེས་པ་ནི་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱི་དཀྱིལ་འཁོར་གྱི་དོན་གསལ་བར་བཤད་པར་བྱའོ། །ཞེས་འཁོར་གྱི་ནང་དུ་གསུང་དང་པོ་བརྗོད་པའོ། ་སྐུ་དང་གསུང་དང་ཐུགས་རབ་བསྒོམ་པའི། །ཤེས་རབ་ཅན་གྱི་ཐིག་གདབ་པ། །ཐིག་སྐུད་སར་པ་རབ་ཏུ་གཙང། །ཚད་མ་རབ་ཏུ་མཛེས་པ་ཡིན། །ཞེས་བྱ་བའི་དོན་བཤད་པར་བྱ་སྟེ། ཇི་ལྟར་ཡིན་ན། སྐུ་དང་གསུང་ཐུགས་རབ་བསྒོམས་པ ་ནི། དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་ཐིག་གདབ་པའི་དུས་སུ་སྐུ་དང་གསུང་དང་ཐུགས་གསུམ་བྱེ་བྲག་རྣམ་པ་བཞི་བསྒོམ་པར་བྱའོ། །དེ་གསལ་བར་བསྟན་པར་བྱ་སྟེ། དོན་དཾ་བའི་ཚུལ་དག་གཟུཌ་ཀྱི་ཚུལ་དང། ཡེ་ཤེས་ཀྱི་ཚུལ་དང། གསང ་པའི་ཚུལ་ལོ། །དེ་ལ་དོན་དམ་པའི་ཚུལ་ནི་སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པའི་ངོ་བོ་ཆོས་ཀྱི་སྐུའོ། །གཟུགས་ཀྱི་སྐུའི་ཚུལ་ནི་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱི་སྐུ་ཕྱག་རྒྱ་རྣམ་པར་ཐར་པ་གསུམ་གྱི་ངོ་བོ་ཞལ་གསུམ་དང་ལྡན་པ ་སྐུ་དང་གསུང་དང་ཐུགས་གསུམ་གཉིས་སུ་མེད་པ་དང་ལྡན་པ་དེ་དང་གཉིས་སུ་མེད་པའི་ང་རྒྱལ་དུ་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་ཞུགས་ནས་ཆོས་ཀྱི་སྐུ་ལ་བྱུང་པར་བསྒོམ་པར་བྱ་བར་བསྟན་ཏོ། །ཡེ་ཤེས་ཀྱི་ཚུལ་ལ་ནི་མདུན་དུ་སྨོས་པ ་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱི་སྐུ་ཕྱག་རྒྱ་གཉིས་སུ་མེད་པའི་ང་རྒྱལ་གྱི་བསྒོམ་པའི་དུས་སུ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་སུ་སྐུ་དང་གསུང་དང་ཐུགས་དང། རིགས་གསུམ་གྱི་ཡེ་ཤེས་ཀྱི་ས་བོན་སྔགས་ཀྱི་ཡིག་འབྲུ?་ཨོཾ ་ཨཱ:ཧཱུཾ་གསུམ་བསམ་སྟེ་།དེ་ལས་སོ་སོའི་རིགས་ཀྱི་རིམ་པ་ཁ་དོག་དང་ལྡན་པའི་ཡེ་ཤེས་ཀྱི་འོད་ཟེར་གྱི་དྲ་བ་རྣམས་སྤྲིན་བཞིན་དུ་སྤྲོ་བར་བྱ་སྟེ། སྐུ་གསུང་ཐུགས་དང་གཉིས་སུ་མེད་པའི་ངོ་བོ་ཡེ་ཤེས་ཀྱི་འོད་ཟེར་གྱི་དྲ་བ་སྦྲིན་བཞིན་དུ་སྤོས་པ་དེ་དཀྱིལ ་འཁོར་གྱི་གནས་ཀྱི་ས་བཞི་ལ་ཐིམ་པར་གྱུར་པར་བསྒོམ་པར་གསུངས་སོ། །གསང་བའི་ཚུལ་ནི་ཤེས་རབ་དང་ལྡན་པར་འདོད་ཆགས་ཆེན་པོ་སེམས་དགའ་བ་ཐབས་དང་ཤེས་རབ་རོལ་པ་མཛད་པས་བདེ་བར་གྱུར་པའི་བྱང་ཆུབ་སེམས་འཁུ་བའི ་ངོ་བོ་ཤེས་རབ་ཀྱི་བྷ་གའི་དབུས་སུ་འོད་དུ་ཞུ་བའི་བྱང་ཆུབ་སེམས་སྐུ་གསུང་ཐུགས་གསུམ་གྱི་ཡེ་ཤེས་ཀྱི་སྔགས་ཀྱི་ཡིག་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ཏེ། དེ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་འཁུ་བའི་ངོ་བོར་ཐིམ་པར་བསམ་མོ། །དེ་ལྟར་གསང ་བའི་རྫས་བྱང་ཆུབ་སེམས་སུ་མིང་བཏགས་པ་སྐུ་གསུང་ཐུགས་དང་གཉིས་སུ་མེད་པའི་ངོ་བོར་བསྒོམས་ནས་ལོངས་སྤྱོད་པར་གསུངས་སོ། །དེ་ལྟར་མདོར་བསྡུས་པ་རྣམ་པ་བཞི་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ཐིག ་བཏབ་པའི་དུས་སུ། སྐུ་གསུང་ཐུགས་གསུམ་བསྒོམ་པར་བྱ་བའི་དོན་དུ་གསུངས་སོ། །ཤེས་རབ་ཅན་ཞེས་པ་ནི་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་ཤེས་རབ་ཆེན་པོ་ཟབ་པ་དང་ལྡན་པའོ། །བཤད་པར་བྱ་སྟེ། ཕྱི་དང་ནང་དང་གསང་པའི ་དཀྱིལ་འཁོར་རྣམས་ཀྱི་ལས་ཀྱི་ཆོ་ག་མ་ནོར་བར་ཤེས་པའོ། །གང་ཡིན་ན། མཚམས་བཅད་པ་དང་ཁྲོ་བོའི་སྟང་སྟབས་ཀྱིS?་ཚུལ་བསྒོམ་པ་དང། བསྐྱེད་ནས་ཐིག་བཏབ་པ་དང། ཚོན་སྒྱེ་བ་དང། ལྷ་རྣམས་དགོད་པ་དང། དཀྱིལ་འཁོར་གྱི ་གཙོ་བོ་བསྒོམ་པ་དང། བཟླས་པ་བྱ་བ་དང། དཀྱིལ་འཁོར་བྱིན་གྱིས་བརླབ་པ་དང། ཕྱི་དང་ནང་དང། གསང་བའི་མཆོད་པ་བྱ་བ་དང། སློབ་མ་གཞུག་པ་དང། དབང་བསྐུར་བ་དང། རྨད་དུ་བྱུང་བ་གཏོར་མ་དབུལ་བ་དང། ཚོགས་ཀྱི ་རོལ་པ་དང། ནང་གི་སྦྱིན་སྲེག་གི་མཆོད་པ་བྱིན་གྱིས་བརླབ་པའི་ཆོ་ག་དང། དཀྱིལ་འཁོར་བསྡུ་བ་བསྒོམ་པའོ། །མདོར་བསྡུས་པ་དེ་དག་གང་གིས་ཤེས་པ་དེ་ཤེས་རབ་ཅན་ཡིན་པར་ཤེས་པར་བྱའོ། །ཐིག་བཏབ་པ་ཞེས་པ་ནི་ཤེས་རབ་མས་བཀལ ་པའི་ཐིག་གི་རྡུལ་ཚོན་གྱི་དཀྱིལ་འཁོར་ཐིག་གདབ་པར་གསུངས་སོ། །ཐིག་སྐུད་སར་པ་ཞེས་པ་ནི་བྱེ་བྲག་གཉིས་ཏེ་ཕྱི་དང་ནང་ངོ། །ཕྱིའི་དཀྱིལ་འཁོར་གྱི་ཐིག་ནི། རས་བག་ལེ་པ་སར་པ་ལ་ཐིག་སྐུད་བྱའོ། །ནང་གི་ནི་ཐུགས་རྡོ་རྗེ་རིགས་ཀྱི་ཚུལ་གྱི་ཁྲུས ་མཁན་གྱི་བདག་ཉིད་ཀྱི་བུ་མོ་འམ། ཡང་ན་རིགས་དན་ཙན་ད་ལི་བུ་མོ་གཟུང་ཡང་མི་འགལ་ལོ། །དེ་ཡང་ཨུཏཔལ་སྔོན་པོའི་འདབ་མའི་ཁ་དོག་འདྲ་བ་མཚན་ཐམས་ཅད་དང་ལྡན་པ། དབང་ཐམས་ཅད་རྫོགས་པ། གནང་བ་ཐོབ་པ། གསང་སྔགས ་ཀྱི་སྤྱད་པ་སྤྱོད་པ། བྱིན་ཅི་ལོག་གི་རྣམ་པར་རྟོག་པ་སྤངས་པའོ། །བཤད་པར་བྱ་སྟེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་ཤེས་རབ་མ་རྡོ་རྗེ་དགའ་མ་མཱ་མ་ཀཱི་དང་གཉིས་སུ་མེད་པའི་ངོ་བོར་བརྟག་གོ། དེ་ལ་བན་སྐད་སར་པ་བཏགས་པ་སྐྱེས་བུ་མ ་སྤྱད་པ་མདུན་དུ་སྨོས་པའི་ཕྱིའི་དཀྱིལ་འཁོར་གྱི་ཐིག་བཏབ་པའི་དོན་དུ་འགལ་བར་གསུངས་སོ། །གཙང?་མ་ཞེས་པ་ནི་བྱེ་བྲག་གཉིས་སུ་བསྟན་པ་སྟེ། ཐིག་སྐུད་མ་སྙིངས་པ་རིང་བ་སྦོམ་ཕྲ་དང་འཇུར་མདུད་མེད་པའོ། །གཞན་ཡང་མདུན་དུ ་སྨོས་པའི་ཤེས་རབ་མ་རིག?་འཁལ་མཁན་དེས་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ན་མེ་ལོང་ལྟ་བུའི་ཡེ་ཤེས་གྱི་ངོ་བོ་ས་བོན་ཡི་གེ་ཧཱུཾ་རིན་པོ་ཆེ་ཨའིནྡྲ་ནཱི་ལའི་ཁ་དོག་ལྟ་བུ་ལས་ཡེ་ཤེས་ཀྱི་ཐིག་སྤྲོས་ཏེ། ཕྱིའི་ཐིག་ལ ་ཐིམ་པར་བསམ་མོ། །དེ་ལྟར་སེམས་གཡེང་བ་སྤངས་པ་མཉམ་པ་བསྒོམ་པས་ཐིག་བྱ་བ་གཙང་བའི་དོན་དུ་གསུངས་སོ། །ཚང་མ་ཞེས་བ་ནི་བྱེ་བྲག་གཉིས་ཏེ། ཕྱིའི་ཐིག་ནི་དཀྱིལ་འཁོར་གྱི་ལྡབ་མའི་ཚད་དུ་བྱ་བར་བསྟན་ཏོ། །མདུན་དུ་སྨོས་པའི ་ཐིག་མཁལ་མཁན་ཤེས་རབ་མ་ལུས་ཚད་དང་ལྡན་པ། ཡན་ལག་དང་ཉིད་ལག་ཐམས་ཅད་ཚད་དང་ལྡན་པས་དེ་ལྟར་ཚད་མ་ཞེས་བྱའོ། །རབ་ཏུ་མཛེས་ཞེས་པ་ནི་བྱེ་བྲག་གཉིས་ཏེ། ཕྱིའི་ཐིག་ནི་མདུན་དུ་སྨོས་པའི་ཡོན་ཏན་དང་ལྡན་པ་ལ་མཛེས ་ཞེས་བྱའོ། །གཞན་ཡང་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་གྱིས་མདུན་དུ་སྨོས་པའི་ཡོན་ཏན་དང་ལྡན་པའི་ཐིག་མཁའ་མཁན་གཉིས་སུ་མེད་པར་འཁྱུད་ནས་གསང་བའི་དབང་པོ་གཉིས་སུ་མཉམ་པར་སྦྱར་ནས་གནས་པ་དང་མཛེས་ཞེས་བྱའོ། །གཞན ་ཡང་གསང་བའི་དཀྱིལ་འཁོར་ཐིག་གདབ་པའི་ཚུལ་གྱི་ཆོ་གའི་དོན་བསྟན་པར་བྱ་སྟེ་།སྐུ་གསུང་ཐུགས་ནི་རབ་བསྒོམས་པའི་ཞེས་པའི་དོན་ནི་བདེ་སྟེ་བཤད་མི་དགོས་སོ། །ཤེས་རབ་ཅན་ཞེས་པ་ནི་མདུན་དུ་སྨོས་པའི་ཡོན་ཏན་དང་ལྡན་པ་དེས་གསང ་དའི་ཐིག་གདབ་པཱི་དུས?་སུ་སྐུ་གསུང་ཐུགས་སུ་བསྒོམ་པར་གསུངས་སོ། །ཐིག་གདབ་ཞེས་པ་ནི་ཐབས་དང་ཤེས་རབ་སོ་སོར་འཁྱུད་ནས་གསང་བའི་དབང་པོ་གཉིས་མཉམ་པར་སྦྱར་བའི་ཐབས་ཀྱི་རོལ་པ་བྱས་ཏེ། བདེ་བའི་དུས་སུ་གསང་བའི་ཁུ་བ་བྱང་ཆུབ ་སེམས་ཀྱི་ངོ་བོ་ལུས་གཉིས་སྒྲིན?་ལྟ་བུའི་ཡན་ལག་དང་ཉིད་ལག་ལ་ཁྱབ་ནས་གནས་པ། ནམ་མཁའ་ལྟ་བུའི་རྩ་ཐམས་ཅད་ནས་འོ་མའི་རྒྱུན་ལྟ་བུ་འོད་དུ་ཞུད་དེ་ཐིག་གི་ངོ་བོར་བསྟན་ཏོ། །བཤད་པར་བྱ་སྟེ། ཅི་ལྟར་ཕྱིའི་རྡུལ་ཚོན་གྱི་ཐིག་བཏབ་པ ་བཞིན་དུ་གསང་བའི་དབང་པོ་གཉིས་ཀྱི་ལམ་སྒོ་ནས་གོང་དུ་སྨོས་པའི་གསང་བའི་ཁུ་བ་བྱང་ཆུབ་སེམས་འོ་མའི་རྒྱུན་ལྟ་བུ་ཐིག་གི་ངོ་བོ་འོད་དུ་ཞུ་ནས་འབབ་པའི་དུས་སུ་ཤེས་རབ་མའི་བྷ་གའི་གསང་བ་དཀྱིལ་འཁོར་གྱི་ས་བཞི་ལྟ་བུའི་གནས་སུ ་ཏིང་ངེ་འཛིན་གྱིས་ཆོ་གའི་རིམ་པ་མ་ནོར་བ་ཐིག་བཏབ་པ་བསྟན་ཏོ། །ཐིག་སྐུད་སར་པ་ཞེས་པ་གོང་དུ་སྨོས་པའི་ཁྲུས་མཁན་དང་རིགས་ངན་གྱི་བུ་མོ་བཟུང་བ་ཡང་གོང་དུ་བསྟན་ཏེ། སྐྱེས་བུས་མ་སྤྱད་པ་ལ་སར་པ་ཞེས་བྱའོ།། ་རབ་ཏུ་གཙང་ཞེས་པའི་ཤེས་རབ་མ་མཱ་མ་ཀཱི་དང་གཉིས་སུ་མེད་པའི་ངོ་བོ་དེ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་སྤངས་པས། འདོད་ཆགས་ཆེན་པོ་སེམས་དགའ་བས་གསང་བའི་དཀྱིལ་འཁོར་ཐིག་གདབ་པའི་ཕྱིར་ཐིག་བཀལ་མཁན་དཀྱིལ་འཁོར ་གྱི་རྡོ་རྗེ་སློབ་དཔོན་དང་ལྡན་སེམས་རྩེ་གཅིག་པ་ཐབས་དང་ཤེས་རབ་རོལ་པའི་སྟབས་ཀྱི་ཐིག་བཏབ་པས་རབ་ཏུ་གཙང་ཞེས་གསུངས་སོ། །ཚད་མ་ཞེས་པ་ནི་ཤེས་རབ་མའི་ལུས་ཀྱི་ཚད་དེ་གོང་དུ་བསྟན་པ་དང་འདིར་སྦྱར་རོ། །གཞན་ཡང་ཤེས ་རབ་མན་ཆུང་གི་བྷ་ག་ཐབས་དང་ཤེས་རབ་རོལ་པ་བྱེད་པའི་དུས་སུ་བདེ་བ་ཡངས་པ་ལ་ཚང་མ་ཞེས་བྱའོ། །མཛེས་ཞེས་པ་ནི་མདུན་དུ་སྨོས་པ་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་གྱིས་ཤེས་རབ་འཁྱུད་པའི་འོག་ཏུ་རྡོ་རྗེ་གཞུག་པའི་སྦྱོར་བ་རྡོ་རྗེ་པདྨར ་བཅུག་པ་འདོད་ཆགས་ཆེན་པོའི་སེམས་དགའ་བ་བསྐྱོད་པའི་ཐབས་ཀྱི་རོལ་བྱེད་པའི་གཉི་གའི་སྦུའི་མྱུ་གུ་འཁོར་བར་འདྲེས་པ་རྒྱན་བཞིན་དུ་མཛེས་པས་མཛེས་ཞེས་བྱའོ། །གཞན་ཡང་ཕྱིའི་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་གནས་ཀྱིས་གཞི་དང་པོ་ས ་གཟུང་བ་དང་སྦྱང་བའི་ལམ་གྱི་ཆོ་གའི་ཚུལ་བསྟན་པར་བྱ་སྟེ། རྡོ་རྗེ་རིགས་ཀྱི་ཐུགས་ཀྱི་དཀྱིལ་འཁོར་བྲི་བའི་ཕྱིའི་གནས་ནི་དབེན་པ་ཆེན་པོར་བསྟན་ཏོ། །ཡང་ན་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་གྱི་སེམས་གང་དུ་མོས་པར་བྱས་ཀྱང་མི་འགལ་ལོ།། ་གཞན་ཡང་དཀྱིལ་འཁོར་གྱི་གནས་ཡོན་ཏན་ཕུན་སུམ་ཚོགས་པ་མཛེས་པར་བརྒྱན་པར་བྱས་ན་དངོས་གྲུབ་ཀྱི་འབྲས་བུ་གྲུབ་པར་བྱེད་དོ། །དེའི་དོན་གསལ་བར་བསྟན་པར་བྱ་སྟེ། དགོན་པ་ཆེན་པོའི་གནས་སུ་བྱེད་ན། རྩ་སྣུམ་པ་དང་འཇམ ་པ་དང། སྔོ་བ་དང་སྟུག་པ་དུར་བ་ལ་སོགས་པ་རྩ་ཕུན་སུམ་ཚོགས་པ་དང་ལྡན་པ་དང། གཞན་ཡང་ས་བཞི་མེ་ཏོག་གི་བྱེ་བྲག་སྣ་ཚོགས་ཁ་དོག་དང་དྲི་ཕུན་སུམ་ཚོགས་པ་ཞེས་སྐྱེ་བ་དང། གཞན་ཡང་འབབ་ཆུ་དང། མཚེའུ་དང། ཆུ་མིག་ལ ་སོགས་བཅུ་ཕུན་སུམ་ཚོགས་པ་དྲི་མ་མེད་པ་དངས་པ་ཞིམ་པ་དང་ལྡན་པའོ། །གཞན་ཡང་ས་གཞི་ཕྱོགས་ཀུན་མཉམ་པ་ཚེར་མ་མེད་པ་དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པས་བརྒྱན་པའི་དགོན་པ་ཆེན་པོའི་གནས་སུ་བྱས་ན་ཞི་བལ ་སོགས་པའི་ལས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །གཞན་ཡང་སྐྱེད་མོས་ཚལ་གྱི་གནས་སུ་བྱེད་ན་ཡང། ཤིང་ཨ་འབྲ་དང་ཙམ་པ་ཀ་དང། ན་ལི་ཀི་རི་དང། པ་ན་ས་དང། ཏ་ལ་དང། སཱ་ལ་ལ ་སོགས་པ་ཤིང་གི་བྱེ་བྲག་སྣ་ཚོགས། མེ་ཏོག་དང། ཤིང་ཏོག་དང། ལོ་མ་དང། ཡལ་ག་ལ་སོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དང། གཞན་ཡང་བྱ་སྐྲ་ཀ་དང། ནེ་ཙོ་དང་ཁུ་བྱུག་དང། རྨ་བྱ་ལ་སོགས་པ་སྐད་སྙན་པ་ཀླུའི་ངོ་བོ ་ལྟ་བུ་སྣ་ཚོགས་སྒྲ་སྒྲོགས་པ་དང། གཞན་ཡང་མཚོ་དང་མཚེའུ་དང། ལྟེང་ཀ་ལ་སོགས་པ་ཕུན་སུམ་ཚོགས་པ་དྲི་མ་མེད་པ་།།དངས་པ་ཞིམ་པ་དངལྡན་པའོ། །གཞན་ཡང་མདུན་དུ་སྨོས་པ་ལྟར་ས་གཞི་ཚེར་མ་མེད་པ ་ཕྱོགས་ཀུན་མཉམ་པ་དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་བརྒྱན་པའི་སྐྱེས་མོལ་ཚལ་བུ་གནས་བྱས་ན། །རྒྱས་པའི་ལས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་གྲུབ་པར་འགྱུར་རོ། །གཞན་ཡང་གནས་གྲོང་ཁྱེར་དང་གྲོང་བརྡལ་དུ་བྱེད་ན ་ཡང་མིའི་རིགས་ཕུན་སུམ་ཚོགས་པ་འབྱོར་པར་བདེ་བར་གྱུར་པ་དང་ལྡན་པའི་གནས། གཞན་ཡང་རང་གི་རྒྱལ་པོ་དང། རྒྱལ་པོ་གཞན་གྱི་སྒྲ་རྣམས་ཀྱིས་འཇོམས་པ་དང། འཇིགས་པ་དང། ཉམ་ཐག་པར་མི་འགྱུར་བ་དེ་ལྟ ་བུའི་ཕུན་སུམ་ཚོགས་པ་སྐྱོན་མེད་པ་དང་ལྡན་པའོ། །དེ་ལྟར་ཡོན་ཏན་ཕུན་སུམ་ཚོགས་པས་བརྒྱན་པ་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་ལ་སོགས་པར་གནས་བྱས་ན། སེམས་ཅན་ཐམས་ཅད་བྲན་བཞིན་དུ་ལས་བྱེད ་པ་དབང་གི་ལས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་གྲུབ་པར་འགྱུར་རོ། །གཞན་ཡང་གནས་ལྷ་གང་དུ་བྱེད་ན། ཞིག་པ་དང་འགྱེལ་བ་ལ་སོགས་པའི་གནས་སུ་དཀྱིལ་འཁོར་མི་བྱ་སྟེ། དགེ་སློང་དང། དགེ་སློང་མ་ལ་སོགས་པ་མང་པོ་དག ་བ་བྱེད་པ་གཡོག་དང་བཅས་པ་རྣམས་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྐུ་ཕུན་སུམ་ཚོགས་པ་གང་བའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་གནས་སུ་བྱས་ན། དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་སློབ་མ་དང་བཅས ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡེ་ཤེས་བྱིན་གྱིས་བརླབ་པར་མཛད་པས་མངོན་པར་ཤེས་པ་ལྔའི་དངོས་གྲུབ་ཀྱི་འབྲས་བུ་གྲུབ་པར་འགྱུར་རོ། །གཞན་ཡང་དུར་ཁྲོད་དུ་གནས་བྱེད་ན་ཡང་དུས་རྟག་ཏུ་རྒྱུན་མི་འཆད་པར་སེམས ་ཅན་གྱི་རིགས་སྣ་ཚོགས་སྲེག་པར་བྱེད་པ་ཕུན་སུམ་ཚོགས་པ་དང་ལྡན་པ། གཞན་ཡང་དུར་ཁྲོད་ཀྱི་བདག་པོ་ནག་པོ་ཆེན་པོ་དང་།ལྷ་མོ་རྒྱལ་བ་དང། ལྷ་མོ་རྣམ་པར་རྒྱལ་བ་དང། གཞན་གྱིས་མི་ཐུབ་མ་དང། འཇིགས ་མར་བྱེད་པ་དང། རིད་མ་དང། ཙ་མུཎྜི་ལ་སོགས་པ་མ་མོའི་གཟུགས་གྲངས་མེད་པ་དང་ལྡན་པ། གཞན་ཡང་སྤྱང་གི་དང། ཁྱི་དང། ཝ་དང། ཀང་ཀ་དང། བྱ་རྒོད་ལ་སོགས་པ་བྱའི་རིགས་མ་རུངས་པའི་ཚོགས་མང་པོ་རྣམས་ཀྱིས་ཤ་ཆེན ་ལ་སོགས་པ་གཏོར་མའི་རྫས་རྣམས་ཟས་སུ་?་བསྐད?་འཚེར་བ་འཇིགས་པའི་སྒྲ་སྒྲོགས་པ། དེ་ལྟ་བུའི་སེམས་ཅན་ཕུན་སུམ་ཚོགས་པ་གནས་པར་དཀྱིལ་འཁོར་བྱས་ན། དེའི་ཡོན་ཏན་གྱིས་མི་ལ་སོགས་པ་སེམས་ཅན་མ་?་པ ་གནོད་པ་བྱེད་པའི་བདུད་དཔུང་རྣམས་མེད་པར་བྱེད་པའི་དྲག་པོའི་ལས་གྲུབ་པར་འགྱུར་རོ། །དེ་ལྟར་མདོར་བསྡུས་པ་བདག་པོ་སྟོན་པ་རྡོ་རྗེ་འཛིན་གྱི་ཐུགས་ཀྱི་དཀྱིལ་འཁོར་མདུན་དུ་སྨོས་པའི་གནས་ཕུན་སུམ་ཚོགས་པའི་ནང་ནས། དཀྱིལ་འཁོར་གྱི ་རྡོ་རྗེ་སློབ་དཔོན་ཉིད་ཀྱི་སེམས་མོས་པ་གང་དུ་གཟུང་ཡང་མི་འགལ་ལོ། །དེ་ནས་དཀྱིལ་འཁོར་ཀྱི་ས་གཞི་སྦྱང་བའི་ཆོ་ག་བཤད་པར་བྱ་སྟེ། དང་པོ་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་ས་གཞི་ཤར་ཕྱོགས་སུ་ཕྱི་ནང་གསང་བ་གསུམ་གྱི ་སྟན་བདེ་བའི་སྟེང་དུ་སྨོས་པའི་དཀྱིལ་མོས་བཞུགས་ཏེ། དེའི་འོག་ཏུ་ལེའུ་གསུམ་པ་ལས་འབྱུང་བའི་ཆོ་གའི་ཚུལ་དུ་རྡོ་རྗེ་སེམས་དཔའ་ཨི་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་སྟེ་། བསྐྱེད་མ་ཐག་ཏུ་ཞེ་སྡང་རྡོ་རྗེའི་ངོ་བོར་གྱུར་པར་བསམས་ཏེ། བཤད་པར ་བྱའོ། །སྐུ་མདོག་ནག་པོ་ཕྱག་གཡས་དང་པོ་ན་ཁྲོ་བོའི་རྡོ་རྗེ་རྩེ་དགུ་པ་བསྣམས། །ཕྱག་མཚན་ཕྱི་མ་རྡོ་རྗེ་སེམས་དཔའ་དང་མཐུན་ནོ། །མཱ་མ་ཀཱི་གྱུར་པའི?་ངོ་བོ་ཁྲོ་མོ་རྡོ་རྗེ་ཞེ་སྡང་དགའ་མ་ཤེས་རབ་མ་ལྷ་མོ་དང་གཉིས་སུ་མེད་པར་མཉམ ་པར་སྦྱོར་བ་དང་ལྡན་པའོ། །དེ་ལྟར་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་གྱིས་ཞེ་སྡང་རྡོ་རྗེའི་སྐུ་ཕྱག་རྒྱ་བདག་ཡིན་ནོ་བར་ཆེ་བའི་ང་རྒྱལ་བསྒོམས་ལ། མདུན་དུ་སྨོས་པའི་ཁྲུས་མཁན་གྱི་བདག་ཉིད་ཀྱི་བླ་མོ་ལ་སོགས་པ་རིགས་ངན་གྱི་བུ་མོ་གང་ཡང ་རུང་བ་བཟུང?་བ་།ཞེས་?་རྡོ་རྗེ་དགའ་མ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་ཏེ་།དེ་དང་ཐབས་དང་ཤེས་རབ་རོལ་པ་བྱས་ཏེ། བདེ་བར་གྱུར་པའི་དུས་སུ་ཞེ་སྡང་རྡོ་རྗེའི་མར་མིང་བརྟགས་པའི་བྷ་གའ་དབུས་སུ་གསང་བའི་ཁུ་བའི་ངོ་བོ་བྱང་ཆུབ་སེམས ་སྦྱིན་ལྟ་བུ་ཆར་བཞིན་དུའོ། ?་།རྒྱ་མཚོ་ཆེན་པོ་དང་མཉམ་པར་གྱུར་པའི་སྟེང་དུ་ས་བོན་ཡིག་འབྲུ་ཧཱུཾ་ཀ་དོག་སྤྲིན་ལྟེ་བ་ཉི་མ་སྟོང་དང་མཉམ་པར་རབ་ཏུ་འབོང་བར་བསམས་ཏེ་།དེ་འོད་དུ་ཞུ་ནས་བྱང་ཆུབ་སེམས་རྒྱ་མཚོ་ལྟ་བུ་ལ་གཉིས ་སུ་མེད་པར་ཐིམ་པར་བསམས་ཏེ་ས་བོན་དེ་ལས་འཕགས་པ་བདུད་རྩི་འཁྱིལ་བ་རྡོ་རྗེ་གནོད་སྦྱིན་གྱི་ངོ་བོ་སྐུ་ཕྱག་བསྐྱེད་དེ། སྐུ་མདོག་སྤྲིན་ནག་པོ་ལྟ་བུ་ཞལ་གསུམ་ཞལ་དབུས་མ་སྐུ་དང་མཐུན། ཞལ་གཡས ་དམར། གཡོན་དཀར། རལ་བ་གྱེན་དུ་རྗེས་པ། སྤྲུལ་གྱིས་བཅིངས་པ། སྐུ་བསྐལ་པའི་མེ་བཞིན་དུ་རབ་ཏུ་འབར་བ། སྤྱན་གསུམ་པ་ཕྲོས་པ་ཏེ་སྨིན་མ་བསྐོར་ཞིང་བསྐྱོད་པ། རྡོ་རྗེ་མཆེ་བ་གཉིས་པ། རྒྱན་ཞི་ཁྲོ་ཐམས་ཅད་ཀྱིས་བརྒྱན་པ། ་སྐུ་དང་གསུས?་པ་ཤིན་ཏུ་ཆེ་བ། ཕྱག་དྲུག་པ། ཕྱག་གཡས་གཡོན་དང་པོ་གཉིས་རྡོ་རྗེ་མཆེ་བའི་ཕྱག་རྒྱ་མཛད་པ། གཡས་པར་མན་རལ་གྲི་ཐ་མ་ནི་རྡོ་རྗེ་གཏུར་ཤིང་བརྡག་པའི་སྟབས་སུ་འཛིན་པ། གཡོན་པར་མན་རྡོ་རྗེ་དགྲ་སྟེ། ཐ་མ་ན ་སྡིགས་འཛུབ་ཞགས་པ་དང་བཅས་པ་ཐུགས་ཀར་འཛིན་པ། ཁྲོ་མོའི་རྒྱལ་མོ་རལ་པ་གཅིག་མ་དང། གཉིས་སུ་མེད་པར་འཁྱུད་པའི་སྦྱོར་བའོ། །དེའི་སྐུའི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་གཙོ་བོ་དང་མཐུན་པར་སྦྱར་རོ། །དེ་ལྟར ་བདུད་རྩི་འཁྱིལ་པ་རྡོ་རྗེ་གནང་སྦྱིན་གྱི་ངོ་བོ་བསྐྱེད་མ་ཐག་ཏུ་དེའི་སྤྱི་བོ་ལ། སྐྱེད་མཁན་ཞེ་སྡང་རྡོ་རྗེ་དབང་བསྐུར་བ་ངོ་བོར་གནས་པར་བསམ་མ། །དེ་ལྟར་བསྐྱེད་པའི་འོག་ཏུ་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་བདུད་རྩི་འཁྱིལ་པ་རྡོ་རྗེ་གནོད ་སྤྱི?་གྱི་ངོ་བོ་བདག་ཡིན་ནོ་བར་གཉིས་སུ་ཨེད་པ་ང་རྒྱལ་བྱས་ཏེ། དེ་མ་ཐག་ཏུ་མདུན་དུ་ཇི་ལྟར་རྡོ་རྗེའི་?་པའི་ང་རྒྱལ་གྱིས་ཐབས་དང་ཤེས་རབ་རོལ་པ་མཛད་པ་དེ་བཞིན་དུ་འདིར་སྦྱར་རོ། །གཞན་ཡང་ཇི་ལྟར་མདུན་དུ་གསང་བའི་ཁུ་བའི་ངོ་བོ ་བྱང་ཆུབ་སེམས་རྒྱ་མཚོ་ཆེན་པོ་དང་མཉམ་པ་ཞེ་སྡང་རྡོ་རྗེ་དགའ་མའི་བྷ་གའི་དབུས་སུ་འོད་དུ་ཞུ་བ་དང་ས་བོན་ཡིག་འབྲུ་ཧཱུཾ་གིས་བྱིན་གྱིས་བརླབས་ནས། གཉིས་སུ་མེད་པར་གྱུར་པ་དེ་བཞིན་དུ་ཁྲོ་མོའི་རྒྱལ་མོ་རལ་པ་གཅིག་མའི་བྷ་གའི ་དབུས་སུ་གྱུར་པར་བྱ་སྟེ། ས་བོན་དེ་ལས་བདུད་རྩི་འཁྱིལ་པ་རྡོ་རྗེ་གནོད་སྦྱིན་ཉིད་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་ལྟ་བུའི་ཁྲོ་བོ་ཆེན་པོ་ངོ་བོ་རྡོ་རྗེ་གནོད་སྦྱིན་གྱིས་ཚོགས་སྤྲོ་བར་བྱ་སྟེ། དེ་དག་ཐམས་ཅད་ནི་རྡོ་རྗེ་མེ་འབར་བས་འབར ་བ། དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་གྱིས་གཙོ་བོ་ལ་སོགས་པ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱི་ཚོགས་ཐམས་ཅད་དང་བཅས་པས་དུས་ཅིག་དུ། ཁྲོ་བོ་ཆེན་པོ་འཇིགས་པའི་སྒྲས་སྟགས་བརྗོད་པར་བྱས་ཏེ། ན་མ་ས་མནྟ་ཀཱ་ཡ་བཀྩིཏྟ་བཛྲ་ཎཱཾ?། ན་མོ ་བཛྲ་ཀྲོ་དྷཱ་ཡ་མ་ཧཱ་དཾ་སྟྲོཏཀ?་ཏ་བེ་ར་བཱ་ཡ། ཨ་ཏི་མུ་ས་ལ་པ་རི་ཤ་པ་ཤ་ཏ་སྟཱ་ཡ། ཨོཾ་ཨ་མྲི་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏི་སྟ་ཏི་སྟེ། བནདྷ་བནདྷ། ཧ་ན་ཧ་ན། ད་ཧ་ད་ཧ། གཱ་རྫ་གཱ་རྫ། པི་བོ་ཏ་ཡ་བི་པོ་ཏ་ཡ། སརྦ་བིགྷཱཾ?། བི་ན་ཡ་ཀ་།མ་ཧཱ ་ག་ན། པ་ཏི་ཛི་པི་ཏཾ་ཏ་ཀ་རཱ་ཡ། བཛྲ་ཨཀཤ་ཀྲོ་དྷ་ཁ་ད་ཁ་ད། སརྦ་པཱ་པ་བིགྷྣཾ་ཤྭ་ཧཱུཾ་མཱ་ར་ཡ། ཞེས་བརྗོད་ཅིང་དཀྱིལ་འཁོར་བྱ་བའི་ས་གཞིའི་གནས་སུ་ཁྲོ་བོ་གནོད་སྦྱིན་གྱི་ཚོགས་རྣམས་ཐིམ་པར་གྱུར་པར་བསམ་མོ། །དེའི་འོག་ཏུ་ས་གཞི ་དཀྱིལ་འཁོར་གྱིས་འདབ་ཀྱི་ཚང་དུ་བྱ། འོག་ཏུ་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་གྱི་སྟེ་འདས་བ་ཙམ་བསྐོ་། ཡང་ན་ལྟེ་བ་ཙམ་ཡང་ན་སྐེད་བཙམ་བསྐོ་སྟེ། རྡོ་དང་གྱོ་མོ་དང་རུས་པ་དང་ཐལ་བ་དང་སོལ་བ་དང་ཆོས་མ་ལ་སོགས་བ་མི་གཙང་བའི ་དྲུག་རྣམས་བསལ་བར་བྱའོ། །དེའི་འོག་ཏུ་རྒྱུན་མི་འཆད་པར་གཞན་ནས་ས་སར་པ་དཀར་པོ་རྡོ་དང་སོལ་བ་ལ་སོགས་པ་མི་གཙང་བའི་རྫས་མེད་པས་དང་པོ་བརྐོས་པའི་ནང་དུ་དགང་བར་བྱའོ། །མདུན་དུ་སྨོས་པའི་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱི ་ཚོགས་ས་འོག་ན་གནས་པའི་ཀླུ་དང་ལྷ་མ་ཡིན་ལ་སོགས་པ་གནོད་པ་བྱེད་པ་མ་རུངས་པ་རྣམས་གཞོམ་པར་བྱ་བའི་ཕྱིར་ཐིམ་པ་དེ་དག་ཐམས་ཅད་སླར་གཙོ་བོའི་ངོ་བོ་བདུད་རྩི་འཁྱིལ་པའི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི ་གནས་སུ་གཉིས་སུ་མེད་པར་མཁས་པས་བསྡུ་བར་བྱའོ། །དེ་ལྟར་བསྒོམས་བའི་ཆོ་ག་སྟོད་པའི་ངོ་བོར་གྱུར་པར་བསམ་མོ། །གཞན་ཡང་གསང་བའི་དཀྱིལ་འཁོར་གྱི་གནས་ཀྱི་ས་གཞི་ཕུན་སུམ་ཚོགས་པ་བྱེ་བྲག་རྣམ ་པ་གཉིས་ཏེ། གཟུགས་ཀྱི་ཕུང་པོའི་ངོ་བོའི་གསང་བའི་ཕྱག་རྒྱ་དཀྱིལ་འཁོར་བསྐྱེད་པའི་གནས་ཡིན་ཏེ། དེ་སྦྱང་བའི་ཆོ་གའི་ཚུལ་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་ཁྲུས་མཁན་གྱི་བདག་ཉིད་ཀྱི་བུ་མོ་ཡོན་ཏན་ཕུན་སུམ་ཚོགས་པ་དང ་ལྡན་པའི་ཤེས་རབ་མ་དེའི་གཟུགས་ཀྱི་ཕུང་པོའི་གནས་ལྔར་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་ལྔའི་ས་བོན་ཡིག་འབྲུ་བྱིན་གྱིས་བརླབ་པར་བྱ་སྟེ། བཤད་པར་བྱའོ། །ནུ་མའི་བར་ནས་ཀླད་པ་རྒྱས་པའི་བར། །ཆོ་ག་ཤེས་བསམ་རྐང ་པའི་བར། །ལྟེ་བ་རྐེད་པ་གསང་བ་རྒྱལ་བའི་གནས། །རིགས་ང་རྣམས་ནི་རབ་ཏུ་དགོད་པར་བྱ། །ཞེས་པས་གནས་དེ་ལྔ་རིམ་པས་བྱིན་གྱིས་བརླབ་པར་བྱ་སྟེ། དང་པོ་སྤྱི་བོའི་གནས་སུ་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་ཀྱི་ས་བོན་ཡི་གེ་ཨོཾ་ཁ ་དོག་དཀར་པོ་གཟི་བརྗིད་ཀྱི་ཕུན?་པོའི་ངོ་བོ་ཐིམ་པར་གྱུར་པར་བསམ། དེ་ནས་ནུ་མའི་བར་གྱི་གནས་སུ་སྣད་བ་མཛའ་ཡས་ཀྱི་ས་བོན་ཡེ་ཤེས་ཀྱི་ཡི་གེ་ཨ་ཁ་དོག་དམར་པོ་གཟི་བརྗིད་ཀྱི་ཕུད་པོའི་ངོ་བོ་ཐིམ་པར་གྱུར་པར་བསམ། དེ་ནས་ལྟེ ་བ་སྐེད་པའི་བར་གྱི་གནས་སུ་རིན་ཆེན་དབྱུང་ལྡན་གྱི་ས་བོན་ཡེ་ཤེས་ཀྱི་ཡི་གེ་སྭ་ཁ་དོག་སེར་པོ་གཟི་བརྗིད་ཀྱི་ཕུང་པོའི་ངོ་བོ་ཐིམ་པར་བསམ་མོ། །དེ་ནས་གསང་ང་རྒྱལ་བ་སྐྱེ་གནས་ཀྱི་དབུས་སུ་མི་བསྐྱོད་པའི་ས་བོན་ཡེ་ཤེས་ཀྱི ་ཡི་གེ་ཧཱུཾ་ཁ་དོག་མཐིང་ནག་ཨ་?་བནདྷི?་ཀྱི་ཕུང་པོའི་ངོ་བོ་ཐིམ་པར་གྱུར་པར་བསམ། དེ་ནས་རྐང་པ་གཉིས་ཀྱི་མཐིལ་གྱི་གནས། སུ་དོན་ཡོད་གྲུབ་པའི་ས་བོན་ཡེ་ཤེས་ཀྱི་ཡི་གེ་ཧ་ཁ་དོག་ལྗང་གུ་གཟི་བརྗིད་ཀྱི་ཕུང་པོའི་ངོ་བོ་ཐིམ་པར་གྱུར ་པར་བསམ་མོ། །དེ་ལྟར་བྱིན་གྱིས་བརླབ་པའི་ཆོ་ག་བྱས་པས་ཤེས་རབ་མ་ལྷ་མོའི་ཉོན་མོངས་པ་ཐམས་ཅད་སྡིག་པའི་རྣམ་པར་རྟོག་པའི་དྲི་མ་ལ་སོགས་པ་ནད་རྣམས་དང་མ་རུངས་པའི་གནོད་པའི་འཇིགས་པ་སྐྱོན་ཐམས་ཅད་བཅོམ་ནས་བྱས་པར ་འགྱུར་བར་གསུངས་སོ། །དེ་ནས་ཤེས་རབ་མ་ལྷ་མོ་གསང་བའི་ཕྱག་རྒྱའི་དཀྱིལ་འཁོར་བསྐྱེད་པའི་གནས་སྦྱང་བའི་ཆོ་གའི་ཚུལ་བསྟན་པར་བྱ་སྟེ། ཤེས་རབ་མ་ལྷ་མོའི་བྷ་གའི་དབུས་སྟོན་པ་མི་བསྐྱོད་པ་རྡོ་རྗེ་འཛིན་གྱི་ཡེ་ཤེས་ཀྱི་ས་བོན་ཡིག་འབྲུ ་ཧཱུཾ་ཁ་དོག་མཐིང་ཀ་ཉི་མ་སྟོང་དང་མཉམ་པར་རབ་ཏུ་འབར་བར་བསམ་སྟེ། ས་བོན་ཡིག་འབྲུ་ཧཱུཾ་དེ་ལས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔའི་ཡེ་ཤེས་ཀྱི་ཡིག་འབྲུ་རྣམས་ཉིད་ཉིད་ཀྱི་རིགས་ཀྱི་ཁ་དོག་དང་ལྡན་པ ་ཡེ་ཤེས་ཀྱི་མེའི་གཟི་བརྗིད་ཀྱི་འབར་བ་བྷ་གའི་གནས་སུ་སྤྲིན་བཞིན་དུ་སྤྲོ་བར་བྱ་སྟེ། དེའི་འོག་ཏུ་བྷ་གའི་གནས་སུ་ཐིམ་པར་གྱུར་པར་བསམ་མོ། །དེ་ལྟར་བྱིན་གྱིས་བརླབས་པས། ཅི་ལྟར་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱིའི་རང་བཞིན་གྱིས་རྡོ་རྗེའི ་ས་གཞིའི་ངོ་བོ་ཡིན་པ་དེ་བཞིན་དུ་འགྱུར་རོ། །བཤད་པར་བྱ་སྟེ། སེམས་ཅན་ཉོན་མོངས་པའི་མོའི་མཚན་མར་མིང་བཏགས་པ་མི་གཙང་བ་འཛག་པའི་གནོད་ཀྱི་ངོ་བོ་ཕྱིན་ཅི་ལོག་གི་འདོད་ཆགས་ཀྱི་སྦྱོང་པ་སྤྱད་པས་སྡིག་པའི་དྲི་མས ་གོས་པ་དེ་དག་ཐམས་ཅད་བཅོམ་ནས་སྦྱངས་བར་འགྱུར་རོ། །དེ་ལྟར་མདོར་བསྡུས་པ་རྣམ་པ་གཉིས་ནི་གསང་བའི་དཀྱིལ་འཁོར་བསྐྱེད་ཅིང་བསྒོམ་པར་བྱ་བའི་ཤེས་རབ་ཀྱི་བྷ་གའི་ཕྱག་རྒྱས་གཞིའི་ངོ་བོ་སྤྱད་པའི་དོན་དུ་ཤེས་པར་བྱའོ།། ་དེ་ནས་སའི་ལྷ་མོ་དབང་དུ་གསོལ་བའི་ཆོ་གའི་ཚུལ་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་བསྟེན་བདེ་བ་ལ་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་ཐུགས་བདེ་བར་འདུག་སྟེ། རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པའི?་ཆེ་བའི་ང་རྒྱལ ་བསྒོམ་པར་བྱ་སྟེ། དེ་ལྟར་བསྒོམས་པའི་སྦྱོར་བའི་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡི་གེ་བྷཾ་ཁ་དོག་སེར་པོ་འབར་བ་ལས། སངས་རྒྱས ་སྤྱན་གྱི་ངོ་བོ་ཡེ་ཤེས་ཀྱི་སྤྲུལ་པའི་ལྷ་མོ་སྐུ་ཕྱག་རྒྱ་བསྐྱེད་དོ། །བཤད་པར་བྱ་སྟེ། སྐུ་མདོག་སེར་བ་དབུ་སྐྲ་འཁྱིལ་པའི་ཚུལ་རིན་པོ་ཆེ་ཕྲེང་བས་བཅིངས་པ། ཞལ་འཚུམ་པ། ཞལ་གཅིག་པ། ཕྱག་གཉིས་པ། རིན་པོ་ཆེ་སྣ ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་པ་ན་རྡོ་རྗེ་ལྕགས་སྐྱུ། གཡོན་པ་ན་རྡོ་རྗེ་ཞགས་པ་འཛིན་པ་བསྐྱེད་དེ། དེ་མ་ཐག་ཏུ་དཀྱིལ་འཁོར་ཀྱིས་གཞིའི་དབུས་སུ་ཐིམ་པར་བསམ་སྟེ། དེའི་ཕྱིའི་སའི་ལྷ་མོ་སྤྱི་བོ་ལ་ཐིམ་སྟེ། ཐིམ་མ ་ཐག་ཏུ་རྡོ་རྗེ་ལྕགས་ཀྱུས་སྙིང་ནས་བཀུལ་ཏེ། དེས་སའི་ལྷ་མོ་སྐྲག་ནས་མྱུར་དུ་དང་པ་ཆེན་པོའི་སེམས་དགའ་བས་དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་ལྟེ་བ་ཡན་ཆད་ཕྱུང་སྟེ། དེའི་ལུས་ཀྱི་ཆ་ལུགས་ཕུན་སུམ་ཚོགས་པ་ཐམས་ཅད ་བཤད་པར་བྱ་སྟེ། དེའི་སའི་ལྷ་མོ་ནི་གདོད?་མ་ནས་ས་བོན་ཡིག་འབྲུ་སྟི་ལས་བྱུང་བ་ཁ་དོག་སེར་པོ་སྐྲ་འཁྱིལ་བ། རིན་པོ་ཆེའི་ཕྲེང་བ་ཅིངས་པ། ཅུང་ཟད་འཛུམ་པ། འབར་བ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། མགོ་གཅིག ་ལག་གཉིས་མ་ལག་པ་གཉིས་ཀྱིས་གསལ་གྱི་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་གདབ?་གཏེར་བའི་ངོ་བོ་སྙིང་གར་འཛིན་པ་དེ་ལྟ་བུའི་སའི་ལྷ་མོ་བསམ་སྟེ། དེ་ནས་སའི་ལྷ་མོ་དབང་དུ་གསོལ་བའི་ཕྱིར་རྒྱུད་གཞན་ནས་ཇི་ལྟར ་འབྱུང་བའི་བདེན་པའི་ཚིག་བརྗོད་པ་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་གྱིས་འདིར་བྱས་ཀྱང་མི་འགལ་ལོ། །བཤད་པར་བྱ་སྟེ། དང་པོ་སེམས་དགའ་བའི་སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་བཟླས་པར་བྱ་སྟེ། ཧཱུཾ་ཨོཾ་ཨ། སེམས་བརྟེན་པས ་གསལ་བར་འཛུམ་ཞིང་ལུས་འགྱིང་བག་གི་ཚུལ་གྱིས་ལན་མང་དུ་བཟླ་ཞིང་ལག་པ་གཡས་པས་རྡོ་རྗེ་རྩེ་ལྔ་གསོར། གཡོན་པ་རྡོ་རྗེ་དྲིལ་བུ་སྒྲ་སྙན་པ་དཀྲོལ་ཏེ། དེའི་འོག་ཏུ་གསལ་བ་དང། སྙན་པ་དང། ཟབ་པའི་དབྱངས་ཀྱིས་ཆོས་བདེ་བའི ་ཚིག་བརྗོད་པར་བྱ་སྟེ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པ་ཚུལ་གྱི་ཁྱད་པར་དང། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཇི་ལྟར་ཤཱཀྱ་སེང་གེ་ཡིས། །བདུད་རྣམས་བཅོམ་ནས་རྒྱལ་བ་ལྟར། །དེ་བཞིན་བདག ་གི་བདུད་ལས་ནི། །རྒྱལ་པར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་བརྗོད་ཅིང། དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་གྱི་ལག་པ་གཡས་པས་རྡོ་རྗེ་གཟུང་བས་ས་གཞི་ལ་མནན་པར་བྱ། གཡོན་པ་རྡོ་རྗེ་དྲིལ་བུ་དཀུར་བརྟེན། དེའི་འོག་ཏུ་ཉིད་ཀྱི་སློབ་མ་ལས ་ཀྱི་རྡོ་རྗེ་བདག་ཉིད་ཀྱི་དྲི་དང། མེ་ཏོག་ལ་སོགས་པ་རྫས་ཀྱི་མཆོད་པ་ཆེན་པོའི་ཚོགས་ཀྱི་སའི་ལྷ་མོ་མཆོད་པར་བྱའོ། །མཆོད་པ་རྫོགས་པའི་འོག་ཏུ་གོང་དུ་སྨོས་པའི་ཡེ་ཤེས་ཀྱི་སའི་ལྷ་མོས། སའི་ལྷ་མོའི་སེམས་བསྐུལ་བའི་ཕྱིར་ལུས་ལ ་གནས་པ་དེ་ནི་དང་པོ་བསྐྱེད་པའི་གནས་སུ་སླར་བསྡུ་བར་བྱའོ། །ཕྱིའི་སའི་ལྷ་མོ་ནི་གནས་སུ་ཐིམ་པར་འགྱུར་རོ། །བཤད་པར་བྱ་སྟེ། དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་གྱི་སེམས་ལ་ཕྱིའི་སའི་ལྷ་མོས་གནོད་པ་བྱེད་པའི་རྣམ་པར་རྟོག་པ་སྐྱེ ་ན་དེའི་ཕྱིར་གོང་དུ་བསྟན་པའི་ཆོ་ག་བྱས་ཀྱང་མི་འགལ། སའི་ལྷ་མོས་རྟོག་པ་བྱེད་པའི་རྟོག་པ་མི་སྐྱེན། སའི་ལྷ་མོ་དབང་དུ་གསལ་བའི་ཆོ་ག་རྒྱུད་འདི་ལས་མི་འབྱུང་བ་མི་བྱའོ། །གཞན་ཡང་དཀྱིལ་འཁོར་གྱིས་གཞི་གྲུ་བཞི་མཉམ་པར ་བྱས་པའི་འོག་ཏུ། ཕྱི་དང་ནང་གི་མཆོད་པ་?་གོན་ལ་གནས་པའི་ཚུལ་གྱི་ཆོ་ག་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་ཚུལ་དུ་སྟན་བདེ་བའི་སྟེང་དུ་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་སེམས་བདེ་བས་འདུག་ནས། དེའི་འོག་ཏུ་ཕྱིའི་མཆོད་པ ་རྣམ་པ་ལྔ་བྱ་སྟེ། མེ་ཏོག་དང་སྤོས་དང། མེ་མར་དང། དྲི་དང་རོ་ཡི་མཆོད་རྫས་ཀྱི་ངོ་བོ། །སོ་སོའི་མིང་དང་བཅས་པའི་སྔགས་བརྗོད་ཅིང་དཀྱིལ་འཁོར་གྱི་བདག་པོ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དཀྱིལ ་འཁོར་གྱི་ལྷ་མ་ལུས་པ་ཐམས་ཅད་ལ། སེམས་དགའ་བའི་དད་པ་ཆེན་པོས་དུས་གཅིག་ཏུ་དབུལ་བར་བྱའོ། །དེའི་དོན་གསལ་བར་བསྟན་པར་བྱ་སྟེ། དང་པོ་ནི་པདྨ་དང། ཨུཏཔ་ལ་དང། ཙམ་པ་ཀ་ལ་སོགས་པ་?་ཞིམ་པོ་མེ་ཏོག་སྣ ་ཚོགས་ཀྱིས་སྙིམ་པ་བཀང་སྟེ། ཧཱུཾ་ཨོཾ་ཨཱ་བཛྲ་པུཥཔ་གྲི་ན་ཏོ། །ཞེས་སྔགས་བརྗོད་དེ་སྙིམ་པའི་མེ་ཏོག་གཏོར་བར་བྱའོ། །དེ་ནས་སྤྲོས་དྲི་ཞིམ་པ་སྣ་ཚོགས་དང་ལྡན་པ་ག་བུར་དང། གུར་གུམ་དང། ཙན་དན་དང། ཨ་ག་རུ་ལ་སོཌ ་པ་ཐམས་ཅད་གཅིག་ཏུ་སྲེག་ནས་སྤོས་པོར?་ལག་པ་གཡས་པས་སྙིང་གར་བཟུང་ཏེ། བསྲེག་ཅིང། ཧཱུཾ་ཨོཾ་ཨ་བཛྲ་དྷཱུ་པ་གྲིན་ཏོ། །ཞེས་སྔགས་བརྗོད་དོ། །དེ་ནས་མར་མེ་ནི། བ་མར་དང་ཏིལ་མར་དང་ཡུངས་ཀར་གྱི་མར་ལ་སོཌ ་པ་མར་སྣ་ཚོགས་ཀྱིས་མར་མེའི་སྣོད་བཀང། རས་བག་ལེ་སར་པ་གཙང་མས་སྙིང་པོ་བྱས་ཏེ་མར་མེའི་སྣོད་ལག་པ་གཡས་པར་བླངས། འགྱིང་བག་གི་ཚུལ་དུ་བཟུང་སྟེ། ཧཱུཾ་ཨོཾ་ཨཱ་བཛྲ་དཱི་པ་གྲི་ན་ཏོ། །ཞེས་སྔགས་བརྗོད་དེ ་སྦྱར་བར་བྱའོ། །དེ་ནས་དྲི་ནི་མེ་ཏོག་དྲི་ཞིམ་པོ་དང། ལྡན་པ་ཐམས་ཅད་ཀྱི་ཟེའུ་འབྲུ་དང། གཞན་ཡང་གུར་གུམ་དང། བླ་ཙི་ལ་སོགས་བ་དྲི་ཞིམ་པོ་ཐམས་ཅད་བརྟགས་ལ་ཆུ་དང་སྦྱར་བས་དུང་ཕོར་བཀང་ལ། ལག་པ་གཡོན་པས ་?་གར་བཟུང་སྟེ། ཧཱུཾ་ཨོཾ་ཨཱ་བཛྲ་གནདྷ་གྲི་ན་ཏོ། །ཞེས་སྔགས་བརྗོད་ཅིང་ལག་པ་གཡས་པ་གར་གྱི་སྟབས་ཀྱིས་འབུལ་བར་བྱའོ། །དེ་ནས་རོ་ནི་ཞལ་ཟས་ཀྱི་བྱེ་བྲག་ཐམས་ཅད་དེ། མངར་བ་དང་སྒྱུར་བ་དང། ཚ་བ་ལ་སོགས་པ་རོ ་དྲུག་དང་ལྡན་པ་རྣམས་ཀྱིས་དུང་པོར་ཆེན་པོ་བཀང་ལ། ཧཱུཾ་ཨོཾ་ཨཱ་བཛྲ་ས་རཾ་གྲིན་ཏོ། །ཞེས་སྔགས་བརྗོད་ཅིང་ལག་པ་གཉིས་ཀས་བཟུང་ལ་གར་གྱི་སྟབས་ཀྱིས་དབུལ་བར་བྱའོ། །དེ་ལྟར་ཕྱིའི་མཆོད་པ་བྱས་པ་དཀྱིལ་འཁོར་གྱི་ས་གཞི་སྟ་གོན་ལ་གནS་པའི ་ཆོ་གའི་ཚུལ་གྱི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་བསྟན་པར་བྱ་སྟེ། སྐྱེས་བུ་གཞོན་ནུ་གཟུགས་བྱང་དང་ལྡན་པ། སྡིག་ཅན་མ་རུངས་པ་གཡུལ་དུ་མཚོན་གྱིས་ཕོག་ནས་ཤི་བའི་བན་དྷ་བླངས་ཏེ། བན་དྷ་དུམ་བུ་གཅིག་པ། གསུམ་པ་བཞི་པ་ལྔ་པའོ། ། ་དེ་ལས་མང་ན་བླང་བར་མི་བྱའོ་བྱུང་ངོ། །གཞན་ཡང་སྟུག་པ་དཀའ་བ། མཉམ་པ་ནང་ན་རི་མོ་དཔག་བསམ་གྱི་ཤིང་ལྟ་བུ་ཡོད་པ། གཞན་ཡང་རི་མོའི་སྨིག་པ་ལྟ་བུ་ཡོད་པ། གཞན་ཡང་དུང་གི་རི་མོ་ལྟ་བུ་ཡོད། གཞན་ཡང་རི་མོ་པདྨ་ལྟ་བུ་ཡོད་པ ་སྟེ། དེ་ལྟར་གསུངས་པ་དང་ལྡན་པའི་བནདྷ་ནི་སྔགས་ཀྱི་དངོས་ཀྱི་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་དོ། །བན་དྷཱའི་སྣོད་དེར་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་གྱིས་བདུད་རྩི་རྣམ་པ་ལྔ་གཅིག་ཏུ་བསྲེག་པས་བཀང་ལ་བཞག་གོ་།དེའི་འོག་ཏུ་བདུད་རྩི་ནི? ་བ་ལྔ་དེ་བཞིན་གཤེཌ་མ་ལྷའི་ཡེ་ཤེས་རྣམ་པ་ལྔའི་སྔགས་ཀྱི་ས་བོན་ཡིག་འབྲུ་བྱིན་གྱིས་བརླབ་པར་བྱའོ། །བཤད་པར་བྱ་སྟེ། བནཌཧའི?་སྣོད་བདུད་རྩི་རྣམ་པ་ལྔས་བཀང་བའི་རྫས་ཀྱི་སྟེང་དུ་དང་པོ་ས་བོན་ཡིག་འབྲུ་ཨོཾ་བསམ་སྟེ། དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི ་ངོ་བོ་ཤེས་རབ་རིན་པོ་ཆེའི་ཁ་དོག་ལྟར་དཀར་བ་གཟི་བརྗིད་འབར་བའི་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་འོད་དུ་ཞུ་ནས་རྫས་བདུད་རྩི་ལྔ་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་ཏོ། །དེའི་འོག་ཏུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཨ་བསམས་ཏེ། སོ་སོར་རྟོག་པའི ་ཡེ་ཤེས་ཀྱི་ངོ་བོ་རིན་ཆེ་པདྨ་རཱ་གའི་ཁ་དོག་ལྟར་དམར་བ་གཟི་བརྗིད་ཀྱི་ཕུང་པོ་འབར་བ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་འོད་དུ་ཞུ་ནས་རྫས་བདུད་རྩི་ལྔ་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་ཏོ། །དེའི་འོག་ཏུ་ས་བོན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་བསམས་ཏེ། མེ ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཁ་དོག་ལྟར་མཐིང་ཀ་གཟི་བརྗིད་འབར་པ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་འོད་དུ་ཞུ་ནས་རྫས་བདུད་རྩི་ལྔ་ལ་གཉིས་སུ་མེད་པར་ཐིམ་པར་འགྱུར་རོ། །དེའི་ལོག་ཏུ་ས་བོན?་སྔགས ་ཀྱི་ཡིག་འབྲུ་སྭ་བསམས་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ནི་རིན་པོ་ཆེ་འཛམ་བུ་ནཱ་དའི་ཁ་དོག་ལྟར་སེར་བ་གཟི་བརྗིད་འབར་བ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་འོད་དུ་ཞུ་ནས་རྫས་བདུད་རྩི་ལྔ་ལ་ཐིམ་པར་འགྱུར་རོ། །དེའི་འོག་ཏུ་ས་བོན་སྔགས ་ཀྱི་ཡིག་འབྲུ་ཧ་བསམ་ཏེ། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་རིན་པོ་ཆེ་བཻ་ཌཱུརྱའི་ཁ་དོག་ལྟར་ལྗང་གུ་གཟི་བརྗིད་འབར་བ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་འོད་དུ་ཞུ་ནས་རྫས་བདུད་རྩི་ལྔ་ལ་གཉིས་སུ་མེད་པར་ཐིམ་པར་འགྱུར་རོ། །དེ་ལྟར་བྱིན་གྱིས ་བརླབས་པའི་འོག་ཏུ་བདུད་རྩི་རྣམ་པ་ལྔ་ཡེ་ཤེས་ཀྱི་ཁུ་བ་འབར་ཏེ། དེའི་མི་གཙང་བའི་དྲི་མ་མེད་པར་གྱུར་ནས། ལྟའི་དྲི་ཞིམ་པོ་ཐམས་ཅད་དང་ལྡན་པར་གྱུར་པར་བསྒོམ་མོ། །དེའི་འོག་ཏུ་ལག་པ་གཡོན་པ་བན་དྷ་བདུད་རྩི་རྣམ་པ་ལྔས ་བཀང་བ་སྙིང་ཀར་བཟུང་ལ། ལག་པ་གཡས་པས་རྡོ་རྗེ་རྩེ་ལྔ་པ་བླངས་ཏེ། དེ་བཞིན་གཤེགས་པ་རྣམ་པ་ལྔའི་ཡེ་ཤེས་རྣམ་པ་ལྔ་སྔགས་?་ཡིག་འབྲུ་ལན་མང་པོར་བརྗོད་པར་བྱའོ། །ོཾ་ཨཱ་ཧཱུཾ་སྭཱཧཱ་ཞེས་བརྗོད་ཅིང་བན་དྷའི་བདུད་རྩི་རྣམ་པ ་ལྔ་རྡོ་རྗེས་དཀྲུག་པར་བྱའོ། །དེ་ལྟར་བྱས་ནས་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་གྱི་ས་དང་པོ་སེམས་དགའ་བ་ཆེན་པོ་རྣམ་པར་རྟོག་པ་སྤངས་ནས་སྔགས་ཀྱི་ཚིག་འདི་བརྗོད་དོ། །ོཾ་སྭ་བྷཱ་བ་ཤུདྡྷོ་ཧཾ་ཞེས་བདུད་རྩི་རྣམ་པ་ལྔ་ཅི་ནུས་པ་བཟའ་བར་བྱའོ།། ་དེའི་འོག་ཏུ་མདུན་དུ་སྨོས་པའི་སྔགས་ཀྱི་ཡིག་འབྲུ་ལྔ་བཟླ་ཞིང་བརྡྷའི་ནང་གི་བདུད་རྩི་རྣམ་པ་ལྔ་ཆུས་བསྲེས་ལ་དང་པོ་དཀྱིལ་འཁོར་གྱི་ས་གཞི་དབུས་ནས་གཡས་སུ་བསྐོར་ཞིང་མ་ལུས་པར་བྱུག་པར་བྱའོ། །དེའི་ཕྱི་དང་ནང་གི་མཆོད་པ་བྱས ་པས་དཀྱིལ་འཁོར་གྱི་ས་གཞི་སྟ་གོན་ལ་གནས་པའི་ཆོ་ག་རྫོགས་པའི་འོག་ཏུ་དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་སེམས་པ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ཐུགས་དགྱེས་པས་ཉིད་ཉིད་ཀྱི་ཡེ་ཤེས་ཀྱི ་དཀྱིལ་འཁོར་གྱི་ས་གཞི་བྱིན་གྱིས་བརློབ་པར་མཛད་དོ། །གཞན་ཡང་གསང་བའི་དཀྱིལ་འཁོར་བསྐྱེད་པའི་གནས་ཀྱི་ངོ་བོ་མདུན་དུ་སྨོས་པའི་ཤེས་རབ་ལྷ་མོ་ལུས་ཀྱི་ཕྱི་དང། ནང་གི་མཆོད་པ་ལྟ་གོན་ལ་གནས་པའི་ཆོ་ག་བསྟན་པར་བྱ་སྟེ། ་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་མདུན་དུ་སྨོས་པའི་བསྟན་བདེ་བ་ལ་འདུག་ནས། དེས་དཀྱིལ་འཁོར་གྱི་བདག་པོ་དཔལ་རྡོ་རྗེ་སེམས་དཔར་གཉིས་སུ་མེད་པའི་ང་རྒྱལ་གྱིས་བསྒོམ་པར་བྱས་ཏེ། ཉིད་ཀྱི་མདུན་དུ་གཡོན་ཕྱོགས་སུ་ཤེས ་རབ་མ་ལྷ་མོ་བཞག་གོ་།དེའི་མདུན་དུ་སྨོས་པའི་རྡོ་རྗེ་དགའ་མ་ཡེ་ཤེས་ཀྱི་ལྷ་མོ་མཱ་མ་ཀཱི་ཡིན་པར་བརྟག་གོ་།དེའི་འོག་ཏུ་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་ཉིད་ཀྱིས་པདྨ་དང། ཀུ་མུ་ཏ་དང། ཨུཏཔ་ལ་དང། ཙམ་པ་ཀ་དང། མ་ལི་ཀ ་དང། ཡུ་ཏི་ཀ་དང། པ་ཏ་ལི་དང། བྷ་ཀྲུ་ལ་ལ་སོགས་པ་དྲི་ཐམས་ཅད་དང་ལྡན་པའི་མེ་ཏོག་གི་ཕྲེང་བ་ཤེས་རབ་མའི་མགོ་ལ་སོགས་པ་ཡན་ལག་དང་ཉིད་ལག་ཐམས་ཅད་ལ་རྒྱན་གྱི་ངོ་བོར་བཅིང་པར་བྱའོ། །དེ་ལྟར་ཕྱིའི ་མཆོད་པ་བྱ་བས་བསང?་བའི་དཀྱིལ་འཁོར་བསྐྱེད་པའི་གནས་ཀྱི་ངོ་བོ་ཤེས་རབ་ལྷ་མོའི་ལུས་སྟ་གོན་ལ་གནས་པའི་ཚུལ་གྱི་ཆོ་གའི་དོན་དུ་ཤེས་པར་བྱའོ། །དེ་ནས་ནང་གི་བཤད་པར་བྱ་སྟེ། གོང་དུ་སྨོས་པའི་ནང་གི་བདུད་རྩི ་ལྔའི་རྫས་ཀྱི་གང་བ་དེ་མདུན་དུ་ཇི་ལྟར་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་རྣམ་པ་ལྔའི་ས་བོན་སྔགས་ཀྱི་ཡིག་འབྲུ་བྱིན་གྱིས་བརླབས་པ་དེ་བཞིན་དུ་བྱས་ཏེ། དེ་ལྟར་བྱས་པ་དེ་བཞིན་དུ་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་གྱིས ་བཅུའི?་ནང་གི་རྫས་བདུད་རྩི་རྣམ་པ་ལྔ་དྲི་མ་ངན་པ་མེད་པར་བྱ་བའི་ཕྱིར། ག་པུར་དང། གུམ་གུམ་དང། ཙན་དན་ལ་སོགས་པ་རྫས་དྲི་ཞིམ་པོ་ཐམས་ཅད་དང་བསྲེ་བར་བྱ་སྟེ། དེའི་འོག་ཏུ་དེ་བཞིན་གཤེཌ་པ་ལྔའི་ཡས་རྣཾ?་བ ་ལྔའི་ས་བོན་སྔགས་ཀྱི་ཡིག་འབྲུ་ལྔའི་འདོད་ཆགས་ཆེན་པོ་སེམས་དགའ་བས་ལན་མང་དུ་བཟླ་བར་བྱའོ། །འོཾ་ཨཱ་ཧཱུཾ་སྭཱཧཱ་ཞེས་ཟླ་ཞིང་བཅུའི?་ནང་གི་རྫས་ཀྱིས་ཤེས་རབ་ལྷ་མོའི་ལུས་ཀུན་བསྐུལ་བར་བྱའོ། །གཞན་ཡང་མདུན་དུ་སྨོས་པའི་དྲི་ཞིམ་པོ ་རྫས་ཀྱི་མ་སྲེས་པར་བརྫས་བདུད་རྩི་ལྔ་ཤེས་རབ་ལྷ་མོ་སྔགས་ཀྱི་ཚིག་བརྗོད?་ཅིང་ཅི་ནུས་སུ་བཟླ་བར་བྱའོ། །ོཾ་སྭ་བྷཱ་པོ་ཤུ་དྡྷ་སརྦ་དྷརྨ་སྭ་བྷཱ་བ་ཤུདྡྷཾ་ཧཾ། དེ་ལྟར་ཕྱི་ནང་གི་མཆོད་པ་བྱས་པས་གསང་བའི་དཀྱིལ་འཁོར་བསྐྱེད་པའི་གནས་ཀྱི་ངོ ་བོ་ཤེས་རབ་ལྷ་མོ་ལུས་སྟ་གོན་ལ་གནས་པའི་ཚུལ་གྱི་ཆོ་ག་རྫོགས་པའི་འོག་ཏུ་དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ཐུགས་དགྱེས་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལྷ་མོ་མཱ ་མ་ཀཱི་དང་གཉིས་སུ་མེད་པའི་ངོ་བོར་གྱུར་པ་བྱིན་གྱིས་བརླབ་པར་མཛད་དོ། །དེ་ལྟར་བྱིན་གྱིས་བརླབ་པར་མཛད་པས་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་སློབ་མ་དང་བཅས་པ་ཀུན་དང་ལ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དང ་གཉིས་སུ་མེད་པ་དེ་དང་གཉིས་སུ་མེད་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་གསུངས་སོ། །དེའི་འོག་ཏུ་བདུད་ཀྱི་དཔུང་མ་རུངས་པ་གནོད་བ་བྱེད་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་དཔལ་རྡོ་རྗེ་སེམས་དཔའ་བསྒོམ་པ་གལ་ཏེ་གཡལ ་པར་གྱུར་པའི་སྐབས་སུ་སྣ་ཚོགས་ཀྱི་བྱེ་བྲག་གིས་གནོད་པ་བྱེད་པ་རྣམས་ཀྱི་གཉེན་པོའི་དོན་དུ་དགུག་པ་དང། ཕུར་བུས་གདབ་པ་དང། བསང་པར་བྱ་བའི་ཐབས་ཁྲོ་བོའི་རྒྱལ་པོ་ཆེན་པོ་བཅུ་བསྐྱེད་དེ་།བསྲུང་པ་འཁོར་ལོའི་ངོ་བོ་བསྒོཾས? ་པས། དཀྱིལ་འཁོར་གྱི་ཕྱོགས་བཅུ་རིམ་པར་ཁྲོ་བོའི་སྟང་སྟབས་བྱ་བའི་ཚུལ་གྱི་ཆོ་ག་བསྟན་པར་བྱ་སྟེ། དང་པོ་མ་རུངས་པ་གནོད་པ་བྱེད་པའི་བྱེ་བྲ?་ཤེས་པར་བྱ་བཤད་པར་བྱ་སྟེ། གནོད་པ་ཕྲ་མོ་ཅན་གྱིས་རིམས་ལ་སོགས་པ་ནད་ཀྱིས་གནོད་པར་བྱེད ་ངོ། །བགེགས་ཀྱི་རྒྱལ་པོ་བ་ནི་ཡགས་སྨྱོ་བར་བྱེད་པ་གྱུར་པའི་གནོད་པ་བྱེད་དོ། །ནམ་མཁའ་ལ་གནས་པའི་ཀླུ་རྣམས་ཀྱི་ཆར་ཆེན་པོ་དང་སེང་བ་དབབ་པ་དང་ཐོག་ལྷུང་བའི་གནོད་པ་བྱེད་དོ། །ས་འོག་ན་གནས་པའི་ཀླུ་རྣམས་ཀྱིས་དཀྱིལ་འཁོར་གྱི་ས་གཞིའི ་གནས་སུ་ཆུ་འབྱུང་བའི་གནོད་པ་བྱེད་དོ། །ལྷ་མ་ཡིན་རྣམས་ཀྱིས་དཀྱིལ་འཁོར་གྱི་ལས་བྱེད་པའི་ལེ་ལོ་བྱེད་པའི་གནོད་པ་བྱེད་དོ། །སྲིན་པོ་རྣམས་ཀྱིས་ལུས་ཀྱི་སྟོབས་འཕྲོག་པའི་གནོད་པ་བྱེད་དོ། །དྲི་ཟ་རྣམས་ཀྱི་གསང་བའི་རོལ་པའི་བྱང་ཆུབ ་སེམས་ལ་སོགས་པ་དམ་རྫས་ཟ་བ་ལ་རྟོག་པ་སྐྱེ་བའི་གནོད་པ་བྱེད་དོ། །མི་འམ་ཅི་རྣམས་ཀྱིས་མྱོས་པར་བྱེད་པར་འགྱུར་བའི་གནོད་པ་བྱེད་དོ། །ལྷ་རྣམས་ཀྱི་སེམས་ཅན་གྱི་བཟའ་བཏུད་ལ་སོགས་པ་སྤྱིའི་ལོངས་སྤྱོད་ཐམས་ཅད་ལ་ཆགས ་པའི་གནོད་པ་བྱེད་དོ། །མཁའ་འགྲོ་མ་དང་མཁའ་འགྲོ་ལ་སོགས་པ་ཐམས་ཅད་ལུས་བསྐུམས་པར་འགྱུར་བའི་གནོད་པ་བྱེད་དོ་ཞེས་གནོད་སྦྱིན་རྣམས་ཀྱིས་སྨྱོ་བའི་ངོ་བོས་དུས་རྟག་ཏུ་ངག་འཁྱལ་པ་སྣ་ཚོགས་སྨྲ་བའི་གནོད་པ་བྱེད་དོ། །གཟའ ་?་ཀྱི་ཐམས་ཅད་ཀྱི་གནས་སུ་འདུག་མི་འདོད་དེ་དོན་མེད་པར་ཡུལ་ཐམས་ཅད་དུ་འགྲོ་འདོད་པའི་གནོད་པ་བྱེད་དོ། །དེ་དག་ལ་སོགས་པ་གནོད་པ་བྱེད་པ་མ་རུངས་པ་བདུད་ཀྱི་ཚོགས་ཀྱིས་གནོད་པ་བྱེད་བའི་བྱེ་བྲག་སྣ་ཚོགས་བྱེད་དོ། །དེ་དག་གི ་གནོད་པའི?་ཚོགས་མེད་པར་བྱ་བའི་ཕྱིར་བས་དཔའ་ཨི་ཐབས་ཀྱི་ཆོ་གའི་ཚུལ་བརྩམ་པར་བྱ་སྟེ། དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་གྱིས་དང་པོ་བསྟན་པ་དེ་བའི་སྟེང་དུ་སེམས་དཔའ་དཀྱིལ་མོར་འདུག་ཏེ། རྡོ་རྗེ་སེམས་དཔའ་ཨི་སྐུ་ཕྱག་རྒྱ་བསྐྱེད་དེ། བསྐྱེད་མ ་ཐག་ཏུ་ཞེ་སྡང་རྡོ་རྗེའི་ངོ་བོ་གྱུར་པར་བསམ་སྟེ། ཞེ་སྡང་རྡོ་རྗེའི་སྐུའི་ཆ་ལུགས་ཕུན་སུམ་ཚོགས་པ་ནི་མདུན་དུ་བསྟན་པ་དང་མཐུན་པར་སྤྱད་དོ། །བཤད་པར་བྱའོ། །ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་དུ་གནས་ཏེ། ཞེ་སྡང་རྡོ་རྗེ་བདག་ཡིན ་ནོ་བར་གཉིས་སུ་མིང་པའི་ང་རྒྱལ་བྱ་སྟེ། དེའི་འོག་ཏུ་ཁྲུས་མཁན་གྱི་བདག་ཉིད་ཀྱི་བུ་མོ་ལ་སོགས་པའི་རིགས་ངན་གྱི་བུ་མོ་གང་ཡང་རུང་སྟེ། མདུན་དུ་སྨོས་པའི་ཡོན་ཏན་གྱི་མཚན་རྣམས་དང་ལྡན་པ་གཟུང་སྟེ། ཞེ་སྡང་དགའ་མ་དང་གཉིས་སུ ་མེད་པར་བྱིན་གྱིས་བརླབས་ཏེ། ཐབས་དང་ཤེས་རབ་ཀྱི་རོལ་པ་བྱས་ཏེ། བདེ་བར་གྱུར་པའི་དུས་སུ་ཞེ་སྡང་དགའ་མར་མིང་བཏགས་པའི་ཤེས་རབ་ལྷ་མོའི་བྷ་གའི་གསང་བའི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་སྤྲིན་ལས་ཆར་བཞིན་དུ་ཕབ་ཏེ། རྒྱ? ་མཚོ་ཆེན་པོ་དང། མཉམ་པར་གྱུར་པའི་སྟེང་དུ་ས་བོན་ཡིག་འབྲུ་ཧཱུཾ་ཁ་དོག་ནག་པོ་སྤྲིན་ལྟ་བུ་ཉི་མ་སྟོང་དང་མཉམ་པར་རབ་ཏུ་འབར་བར་བསམ་སྟེ། དེ་འོད་དུ་ཞུ་ནས་བྱང་ཆུབ་སེམས་རྒྱ་མཚོ་ཆེན་པོ་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་ཏེ། ་གང་བུ་ལྟར་འདུས་པའི་ས་བོན་ངེས་ཁྲོ་བོའི་རྒྱལ་པོ་ཆེན་པོ་བཛྲ་ཧཱུཾ་ཀར། །བྲོ་བོའི་རྒྱལ་ངོ་ཡ་མཱནྟ་ཀ་དང། པྲཛྙཱནྟ་ཀྲེ་ལ་སོགས་པ་སྐུ་བསྐྱེད་པར་མཛད་པའི་བདག་པོར་བསྲུང་བའི་འཁོར་ལོའི་སྐབས་འདིར་བསྐྱེད་པར་བསམ་མོ། །དེ ་བསྐྱེད་མ་ཐག་ཏུ་བསྐྱེད་མཁན་ཞེ་སྡང་རྡོ་རྗེ་བཛྲ་ཧཱུཾ་ཀ་རའི་སྤྱི་བོའི་གནས་སུ་དབང་བསྐུར་པའི་ངོ་བོར་བསམ་པར་བྱའོ། །གཞན་ཡང་ཞེ་སྡང་རྡོ་རྗེའི་སྐུ་ཕྱག་རྒྱ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་གྱི་དྲ་བ་ཀུན་ནས་འཕྲོ་བར་བསམ་མོ། ། ་གཞན་ཡང?་བཛྲ་ཧཱུཾ་ཀ་རའི་སྐུ་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པ་བསྟེན་པར་བྱ་སྟེ། སྐུ་མདོག་ནག་པོ་ཞལ་གསུམ་པ་རལ་པ་གྱེན་དུ་བརྫེས་པ་སྦྲུལ་གྱིས་བཅིངས་པ་འབར་བའི་ཚོགས་ཀྱིས་འབར་བ་དེ་ཞལ་དབུས་མ་སྐུ་དང་མཐུན་པར ་ཞལ་གཡས་གཡོན་གཉིས་ཞེ་སྡང་རྡོ་རྗེ་དང་མཐུན། སྤྱན་གསུམ་པ། ཞལ་གསུམ་བསྐྱོད་པའི་ཚུལ། སྨིན་མ་བསྐྱོད་པས་འཇིགས་པར་བྱེད་པ། ཤངས་ཉག་པ། མཆེ་བའི་ཕྲེང་བ་བསྣོལ་བ། ཁྲོ་བོའི་ཐུགས་རྗེའི་བརྩོན་འགྲུས་ཀྱིས ་ཕྱོགས་བཅུང་གཟིགས་པ། ཡན་ལག་དང་ཉིད་ལག་ཐམས་ཅད་ཀྱང་སྤྲུལ་གྱིས་བརྒྱན་པ། ཞལ་གསུམ་ལྡང་པའི་ཐབས་མཛད་པ། ཕྱག་དྲུག་པ་ཕྱག་གཡས་གཡོན་དང་པོ་གཉིས་ཧཱུཾ་ཀ་རིལ་ཕྱག་རྒྱ་རྡོ་རྗེ་བཅིང་མཛད་པའི་གཡས་ན་རྡོ་རྗེ་རྩེ ་དགུ་འཛིན་པ། གཡོན་ན་རྡོ་རྗེ་བྲིལ་བུའོ། །གཡས་གཉིས་ན་ལྕགས་ཀྱུ་རང་རལ་གྲི་འཛིན། གཡོན་གཉིས་ན་དགྲ་སྟ་དང་ཞགས་པའོ། །གདན་ཉི་མའི་སྟེང་ན་གཡས་བརྐྱང་གཡོན་བསྐུམ་པའི་སྟབས་ཀྱིས་གནས་བར་བསྒོམ་མོ། །གཞན ་ཡང་ངེས་ཁྲོ་བོའི་ཐུགས་རྗེ་དབང་ཕྱུག་མ་འཁྱུད་ནས་ཁྲོ་བོ་ཆེན་པོ་འདོད་ཆགས་ཀྱི་ཐུགས་དགྱེས་པས་གཉིས་སུ་མེད་པར་མཉམ་པར་སྦྱོར་བ་ཐུགས་རྗེའི་ཁྲོ་མོ་དབང་ཕྱུག་མའི་ཕྱག་གཡས་གཡོན་དང་པོ་གཉིས་ཀྱིས་བཛྲ་ཧཱུཾ་ཀ་ར་བརྟན་པར་འཁྱུད ་པ། གཞན་སྐུ་མདོག་དང། ཕྱག་དང་ཕྱག་མཚན་དང་རྒྱན་དང་ཆ་ལུགས་ཕུན་སུམ་ཚོགས་པ་ཐམས་ཅད་བཛྲ་ཧཱུཾ་ཀར་དང་མཐུན་ནོ། །དེ་ལྟར་བཛྲ་ཧཱུཾ་ཀ་རའི་ངོ་བོ་བསྐྱེད་མ་ཐག་ཏུ་བཛྲ་ཧཱུཾ་ཀ་ར་བདག་ཡིན་ནོ་ཞེས་བཛྲ་ཧཱུཾ་ཀར་དང་གཉིས་སུ་མེད་པའི ་རྒྱལ་བྱ་བ་སྟེ་དེ་ལྟར་ང་རྒྱལ་བྱས་པའི་འོག་དུ་མདུན་སྨོས་པའི་ཁྲུས་མཁན་གྱི་དུ་མོ་ལ་སོགས་པ་བ་སུངས་པ་ཏེ། ཐུགས་རྗེའི་ཁྲོ་མོ་དབང་ཕྱུག་མ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་ནས་བཟུང་སྟེ། ཐབས་དང་ཤེས་རབ་རོལ ་པ་བྱས་པས་བདེ་བར་གྱུར་བའི་དུས་སུ་ཐུགས་རྗེ་ཁྲོ་མོ་དབང་ཕྱུག་མར་མང?་བཏགས་པའི་ཤེས་རབ་མ་ལྷ་མོའི་བྷ་གའི་དབུས་སུ་གསང་བའི་ཁུ་བའི་ངོ་བོ་བྱང་ཆུབ་སེམས་སྤྲིན་ལས་ཆར་འབབ་པ་བཞིན་དུ་རྒྱ་མཚོ་ཆེན་པོ་དང་མཉམ་པ་ཉིད་དུ ་ཞུ་སྟེ། དེའི་སྟེང་དུ་ས་བོན་ཡིག་འབྲུ་ཧཱུཾ་ཁ་དོག་སྤྲིན་ནག་པོ་འདྲ་བ་།བསྐལ་པའི་མེ་བཞིན་དུ་ཡེ་ཤེས་ཀྱི་མེ་འབར་བ་བསམ་སྟེ། དེ་འོད་དུ་ཞུ་ནས་བྱང་ཆུབ་སེམས་རྒྱ་མཚོ་དང་མཉམ་པ་ལ་གཉིས་སུ་མེད་པར་ཐིམ ་པར་གྱུར་པར་བསམ་མོ། །དེ་ལྟར་མདོར་བསྡུས་པ་ཡེ་ཤེས་དང་གསང་བའི་རྫས་ཀྱི་ས་བོན་ལ་ཁྲོ་བོའི་རྒྱལ་བ་སྐུ་བསྐྱེད་པར་བྱ་སྟེ་།དེ་དག་གི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་མཉམ་པའི་ངོ་བོ་དུས་གཅིག་པ་བསྟན་པར ་བྱ་སྟེ། ཡ་མནྟ་ཀ་ལ་སོགས་པ་ཡེ་ཤེས་ཀྱི་མེ་སྐུ་ཐམས་ཅད་ལས་བསྐལ་པའི་མེ་བཞིན་དུ་རབ་ཏུ་འབར་བ། གཞན་ཡང་དེ་རྣམས་ཀྱི་སྐུ་དང་མཉམ་པའི་འོད་ཀྱི་དཀྱིལ་འཁོར་ཟླུམ་པོའི་ཚུལ་དུ་རྡོ་རྗེ་འབར་བས་འབར་བ། དེ ་རྣམས་ཀྱི་སྐུ་མདོག་གི་བྱེ་བྲག་བཤད་དེ། བདག་པོ་བཛྲ་ཧཱུཾ་ཀ་ར་མ་གཏོགས་པ་ཡ་མནྟ་ཀ་ལ་སོགས་པ་དགུལ། པྲཛྙཱནྟ་ཀའི་སྐུ་མདོག་ནི། དཀར་པོའོ། །པདྨ་ཏ་ཀའི་དམར་པོའོ། །ཕྱི་མ་བདུན་གྱི་སྐུ་མདོག་ནི་ཆར་སྤྲིན་ནག་པོ་ལྟ ་བུའོ། །འཇིགས་པར་བྱེད་པ་གཏུམ་པོ། །སྐྲ?་གྱེན་དུ་བརྫེས་པ། མཆེ་བའི་ཕྲེང་བ་གདངས་པའི་ཆུལ། །སྨིན་མ་ཟླུམ་པོའི་ཚུལ་དུ་བསྐོར་ཞིང་བསྐྱོད་པ་གང་མོ་བཞད་པ། སྐུ་ནི་ཤིན་ཏུ་ཆེ་བ། གསུས་པ་ཆེ་ལ་འཕྱང་བ། སྤྲུལ? ་ཀྱི་རྒྱན་གྱིས་བརྒྱན་པ། སྐུ་སྤྱོད་པར་མཛད་པ། ཉིད་ཉིད་ཀྱི་གནས་ནས་ཐུགས་རྗེ་ཆེན་པོས་ཁྲོས་ཏེ། ཞེ་སྡང་གི་ཕྱོགས་བཅུར་གཟིགས་པའོ། །ཡ་མཱནྟ་ཀའི་སྨད་གཡོགས་ནི་སྟག་གི་ཕགས་པར་བརྟག་གོ་།གཞན་གཙོ་བོ་བཛྲ ་ཧཱུཾ་ཀ་ར་ལ་སོགས་པ་དགུའི་སྨད་གཡོགས་ནི་ཇི་ལྟར་སྨོས་པའོ། །དེ་དག་ཀུན་ཀྱང་ཕྱག་དྲུག་འཛིན་པའོ། །ཕྱག་མཚན་དྲུག་གི་བྱེ་བྲག་བསྟན་པར་བྱ་སྟེ། ཕྱག་གཡས་དང་པོ་ཐམས་ཅད་ན་རྡོ་རྗེ་ལྕགས་ཀྱུ་བསྣམས། གཡོན ་དང་པོ་ན་རྡོ་རྗེ་ཞགས་པ་བསྣམས་པའོ། །དེ་ནས་ཡ་མཱནྟ་ཀའི་གཡས་པར་མན་རྡོ་རྗེ་རལ་གྲི་།ཐ་མ་ན་རྡོ་རྗེ་གཏུན་ཤིང། གཡོན་པར?་མན་རྡོ་རྗེ་འཁོར་ལོ་རྩིབས་བརྒྱད། ཐ་མན་རྡོ་རྗེ་དགྲ་སྟའོ། །པྲཛྙཱནཊ?་ཀའི་གཡས་པར་མ་ན་རྡོ་རྗེ་དབྱུག ་པ། གཡས་ཐ་མ་ན་རྡོ་རྗེ་རལ་གྲི། གཡོན་པར་མ་ན་རྡོ་རྗེ། གཡོན་ཐ་མ་ན་རྡོ་རྗེ་དགྲ་སྟ། པདམཱནྟ?་ཀའི་གཡས་པར་མན་རྡོ་རྗེ་རལ་གྲི་།གཡས་ཐ་མ་ན་རྡོ་རྗེ་གཏུན་ཤིང་།གཡོན་བར་མ་ན་པདྨ་དམར་པོ་འདབ་མ་མཛའ་ཡས་པ། གཡོན་ཐ ་མ་ན་རྡོ་རྗེ་དགྲ་སྟའོ། །བི་གྷཱཾ?་ཏ་ཀའི་གཡས་པར་མ་ན་རྡོ་རྗེ་རལ་གྲི་།གཡས་ཐ་མ་ན་རྡོ་རྗེ་གཏུན་ཤིང། གཡོན་པ་རིམ?་ན་རྡོ་རྗེ་རྒྱ་གྲམ་གཡོན་ཐ་མ་ན་རྡོ་རྗེ་དགྲ་སྟའོ། །ཊཊཀྐི་རཱ་ཛའི་ཕྱག་གཡས་པར་མ་ན་རྡོ་རྗེ། གཡས་ཐ་མ་ན་རྡོ་རྗེ ་མངའ་། གཡོན་པར་མ་ནི?་འཁོར་ལོ་རྩིབས་བརྒྱད། གཡོན་ཐ་མ་ན་རྡོ་རྗེ་གཞུའོ། །ནཱི་ལ་དཎྜིའི་ཕྱག་གཡས་པར་མ་ན་རྡོ་རྗེ་རལ་གྲི། གཡས་ཐ་མ་ན་རྡོ་རྗེ་།གཡོན་པར་མ་ན་དབྱུག་པ་སྔོན་པོ་རྡོ་རྗེ་རྩེ་གསུམ། གཡོན་ཐ་མ་ན་རྡོ་རྗེ ་དགྲ་སྟའོ། །མཧཱ་པཱ་ལའི་ཕྱག་གཡས་པར་མ་ན་རྡོ་རྗེ། །གཡས་ཐ་མ་ན་རྡོ་རྗེ་རལ་གྲི་།གཡོན་པར་མ་ན་མཚོན་རྩེ་གསུམ། གཡོན་ཐ་མ་ན་རྡོ་རྗེ་དགྲ་སྟ་།ཨཱརྱ་ཨ་ཙ་ལའི་ཕྱག་གཡས་པར་མ་ནི་རིན་པོ་ཆེ་འཛམ་བུ་ནཱ་ད་ཟུར ་བརྒྱད་པ། གཡས་ཐ་མ་རྡེག་པའི་སྟབས་སོ། །གཡོན་པར་མ་ན་རྡོ་རྗེ་རལ་གྲི་།གཡོན་ཐ་མ་ན་པདྨ་སྔོན་པོའོ། །པདྨ་ཀུན་ད་ལའི་ཕྱག་གཡས་བར་མ་ན་རྡོ་རྗེ་ཁུ་ཚུར་རྡོ་རྗེ་དང་བཅས་པས་བརྡེག་པའི་སྟབས་།གཡས་ཐ་མ?་ན་པདྨ་སྡེར? ་པོ། གཡོན་བར་མ་ན་?་ལོ་རྩིབས་བརྒྱད། །གཡོན་ཐ་མ་ན་རྡོ་རྗེ་དགྲ་སྟའོ། །དེ་ལྟར་མདོར་བསྡུས་པ་བདག་པོ་བཛྲ་ཧཱུཾ་ཀ་ར་ལ་སོགས་པའི་ཁྲོ་བོའི་རྒྱལ་པོ་བཅུའི་མཉམ་པའི་གདན་གྱི་ངོ་བོ་འཁོར་ལོ་རྩིབས་བརྒྱད་བསྐྱེད་པའི? ་ཚུལ་གྱི་ཆོ་ག་བསྟན་པར་བྱ་སྟེ། ཁྲོ་བོའི་རྒྱལ་པོ་རྣམས་མ?་བསྐྱེད་པའི་གོང་དུ་བདག་པོ་བཛྲ་ཧཱུཾ་ཀ་རའི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ས་བོན་ཡིག་འབྲུ་བྷྲུཾ?་ཁ་དོག་སེར་པོ་ཅུང་ཟད་དམར་པ ་བསམ་སྟེ། དེ་ཡོད་དུ་ཞུ་ནས་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་གྱུར་པའི་ས་བོན་ལས་འཁོར་ལོ་རྩིབས་བརྒྱད་པ་ཁ་དོག་རྣམ་པ་ལྔའི་ཡེ་ཤེས་ཀྱི་འོད་ཟེར་འཁྲུག་པ་བསྐྱེད་པར་བསམ་མོ། །གཞན་ཡང་འཁོར་ལོ་ལྟེ་བའི་དབུས་སུ་ས་བོན་ཡིག ་འབྲུ་ཧཱུཾ་ཁ་དོག་དམར་པོ་མེ་ཕུང་ལྟ་བུ་བསམ་ཏེ། དེ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་ཁུ་བའི་ངོ་བོ་གྱུར་པའི་ས་བོན་དེ་ལས་ཉི་མའི་དཀྱིལ་འཁོར་ཆེན་པོ་བསྐྱེད་པར་བསམ་མོ། །འཁོར་ལོ་དེ་ནི་ཀུན་ཏུ་མཉམ་པ་བསྐལ་པའི་མེ་བཞིན་དུ་མེ་ལོང་ལྟ ་བུའི་ཡེ་ཤེས་ཀྱིས་འབར་བ་འཁོར་ལོའི་ལྟེ་བ་ལ་སོགས་པ་རྩིབས་བརྒྱད་པ་དང། ལྟེ་བའི་འོག་གི་གནས་དང་བཅུར་གོང་དུ་སྨོས་པའི་ཚུལ་དང་ས་བོན་ཡིག་འབྲུ་ཧཱུཾ་ལས་ཉི་མའི་དཀྱིལ་འཁོར་བཅུ་བསྐྱེད་ན་ཡང་མི་འགལ་ལོ། །བཤད་པ་དེ ་བྱ་སྟེ། དེ་ལྟར་གདན་ཕུན་སུམ་ཚོགས་པ་གནས་འཁོར་ལོ་ལྟེ་བའི་སྟེང་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་དང་པོ་བདག་པོ་།ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་ར་དང་མདུན་དུ་སྨོས་པ་བཞིན་གཉིས་སུ་མེད་པའི་ང་རྒྱལ་གྱི་ཏིང་ངེ་འཛིན་དུ ་གནས་ཏེ། དེའི་དུས་སུ་ཉི་མའི་དཀྱིལ་འཁོར་གྱི་གདན་དེ་མདུན་དུ་སྨོས་པའི་ཉི་མའི་དཀྱིལ་འཁོར་ལ་གཉིས་སུ་མེད་པའི་ངོ་བོར་ཐིམ་པར་གྱུར་པར་བསམ་མོ། །དེའི་འོག་ཏུ་མདུན་དུ་སྨོས་པའི་ཡ་མནྟ་ཀ་ལ་སོགS་པ་ཁྲོ་བོའི་རྒྱལ་པོ་དགུ་བསྐྱེད་པའི ་རིམ་པའི་ཚུལ?་དུ་སོ་སོའི་གནས་ནང་ཕྱོགས་དང?། གང་ན་བསྟན་པར་བྱ་སྟེ། འཁོར་ལོའི་ཤར་གྱི་རྩིབས་ཀྱི་དབུས་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཡ་མཱནྟ་ཀ་གཡས་བརྐྱང?་གཡོན་བསྐུམ་པའི་ཚུལ་དུ་དགོད་པར་བྱའོ། །འཁོར་ལོའི་ལྷོའི་རྩིབས ་ཀྱི་དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་བྲཛྙནྟ་ཀ་གཡོན་བརྐྱང་གཡས་བསྐུམ་པའི་ཚུལ་དུ་དགོད་པར་བྱའོ། །འཁོར་ལོའི་ནུབ་ཀྱི་རྩིབས་ཀྱི་དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་པདམཱནྟ་?་གཡས་བརྐྱང་གཡོན་བསྐུམ་པའི་ཚུལ་དུ་དགོད་པར་བྱའོ།། ་འཁོར་ལོའི་བྱང་གི་རྩིབས་ཀྱི་དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་བགྷྣིཾ?་ཏ་ཀ་གཡོན་བརྐྱང་གཡས་བསྐུམ་པའི་ཚུལ་དུ་དགོད་པར་བྱའོ། །འཁོར་ལོའི་ཤར་ལྷོའི་རྩིབས་ཀྱི་དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཊཊཀྐི་ར་ཛ་གཡས་བརྐྱང་གཡོན ་བསྐུམ་བའི་ཚུལ་དུ་དགོད་བར་བྱའོ། །འཁོར་ལོའི་ལྷོ་ནུབ་ཀྱི་རྩིབས་ཀྱི་དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ནཱི་ལ་?་གཡོན་བརྐྱང་གཡས་བསྐུམ་པའི་ཚུལ་དུ་དགོད་པར་བྱའོ། །འཁོར་ལོའི་ནུབ་བྱང་གྱི་རྩིབས་ཀྱི་དབུས་སུ་ཉི་མའི་དཀྱིལ་འཁོར ་གྱི་གདན་ལ་?་མཧཱ་བ་ལ་གཡས་བརྐྱང་གཡོན་བསྐུམ་པའི་ཚུལ་དུ་དགོད་པར་བྱའོ། །འཁོར་ལོའི་བྱང་ཤར་གྱི་རྩིབས་ཀྱི་དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཨཱརྱ་ཨ་ཙ་ལ་གཡོན་བརྐྱང་གཡས་བསྐུམ་པའི་ཚུལ་དུ་དགོད་པར་བྱས?་འཁོར? ་ལོའི་ལྟེ་བ་འོག་གི་གནས་སུ་ཉི་མའི་དཀྱིལ་འཁོར་གྱི་ཕྲད?་ན་ལ་པདྨའི་ཀུན་ད་ལའི་གཡས་གཡོན་གཉིས་ཀ་བརྒྱད་བསྐུམ་པའི་ཚུལ་དུ་དགོད་པར་བྱའོ། །དེ་ལྟར་གདན་ཕུན་སུམ་ཚོགS་པ་ལ་བཞུགས་པའི་འོག་ཏུ་ཉིད་ཉིད་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས ་ཐམས་ཅད་ན་གནས་པའི་བགེགས་ཀྱི་དབུང་མ་རུངས་པ་དཀྱིལ་འཁོར་གནོད་བ་དགུག་པར་བྱའོ། །དེའི་ས་བོན་གསལ་བར་དགུག་པའི་རིམ་པའི་ཆོ་གའི་ཚུལ་བཤད་པར་བྱ་སྟེ། དང་པོ་བདག་པོ་བཛྲ་ཧཱུཾ་ག་རས་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས ་སེམས་དཔའ་ཨི་གནས་ནས་གོང་དུ་སྨོས་པའི་ཚུལ་དུ་ས་བོན་ཡིག་འབྲུ་ཧཱུཾ་ལས་ཉིད་ཀྱི་སྐུ་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་ལྟ་བུའི་ཁྲོ་བོའི་རྒྱལ་པོ་སྤྲིན་བཞིན་དུ་སྤྲོས་ཏེ་དེ་དག་ཐམས་ཅད་ཀྱི་སྟེང་གི་ཕྱོགས་ཀྱི་ནམ་མཁའ་ཨི ་གནས་ཐམས་ཅད་ན་གནས་པ་ཚངས་པ་འཁོར་ལོ་དང་བཅས་པ་ལ་སོགས་པ་གཟའ་དང་སྐད་མ་དང་ཀླུ་དང་ཀླུ་མོ་དང། མཁའ་འགྲོ་མཁའ་འགྲོ་མ་ཐམས་ཅད་རྡོ་རྗེ་ལྕགས་ཀྱུས་སྙིང་ནས་བཟུང་།རྡོ་རྗེ་ཞགས་བས་མགུལ ་ནས་བཅིངས་ཏེ་བཀུག་ནས་བདག་པོ་བཛྲ་ཧཱུཾ་ཀ་རའི་མདུན་དུ་བཞག་གོ་།དེ་ནས་ཚངས་པའི་ལུས་ཀྱི་ཆ་ལུགས་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ་།མདོག་སེར་བ། གདོང་བཞི་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། གསེར་གྱི་བསྐུད ་པ་སེ་ར་ལ་ཁ། ལག་བ་གཉིས་ཏེ། གཡས་པ་ན་པདྨ་དཀར་པོ་ཕྲེང་བ་དང་བཅས་པ་འཛིན་པ། གཡོན་པས་གསེར་གྱི་རིལ་བ་འཛིན་པ། བྱ་དང་པ་ལ་ཞོན་པའོ། །དེ་ནས་ཡ་མཱནྟ་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་གོང་དུ་སྨོས་པའི་ཚུལ ་དུ་ས་བོན་ཡི་གེ་ཧཱུཾ་ལས་ཉིད་ཀྱི་སྐུ་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པ་ལྟ་བུའི་ཁྲོ་བོའི་རྒྱལ་པོ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། ཤར་ཕྱོགས་ཀྱི་གནས་ཐམས་ཅད་ཀྱི་འཆི་བདག་གཤིན་རྗེ་འཁོར་དང་བཅས་པ་ཐམས་ཅད་རྡོ་རྗེ་ལྕགས་ཀྱུས་སྙིང ་ལ་བཟུང། རྡོ་རྗེ་ཞགས་པ་མགུལ་དུ་བཅིངས་ཏེ། བཀུག་ནས་ཡ་མཱནྟ་ཀའི་མདུན་དུ་བཞག་གོ། དེ་ནས་འཆི་བདག་གི་ལུས་ཀྱི་ཆ་ལུགས་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། འཆི་བདག་མདོག་ནག་པ། མགོ་གཅིག་པ་རལ་པ ་གྱེན?་དུ་བརྫེས་པ། འཇིག་རྟེན་གྱི་སེམས་ཅན་ཐམས་ཅད་འཇིགས་པར་བྱེད་པ། རྒྱན་མེད་པ། མིག་དམར་བ། ལག་པ་གཉིས་ཏེ་གཡས་ན་དབྱུག?་པ་ནག་པོ་འཛིན། གཡོན་ཁྲོ་བོའི་ཁུ་ཚུར་སྡིགས་འཛུབ་བསྒྲེང་བ་ལྟེ་བའི་སྟེང་དུ ་བཞག་པ། མ་ཧོ་ནན་བའོ། །དེ་ནས་པྲཛྙཱནྟ་ཀ་ས་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་མདུན་དུ་སྨོས་པའི་ཚུལ་དུ་ས་བོན་ཡིག་འབྲུ་ཧཱུཾ་ལས་ཉིད་ཀྱི་སྐུ?་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པ་ལྟ་བུ་ཁྲོ་བོའི་རྒྱལ་པོ ་སྤྲིན་བཞིན་སྤྲོ་བར་མཛད་དེ། ལྷོ་ཕྱོགས་ཀྱི་གནས་ཐམས་ཅད་ཀྱི་ཁྱབ་འཇུག་འཁོར་དང་བཅས་པ་ཐམས་ཅད་རྡོ་རྗེ་ལྕགས་ཀྱུས་སྙིང་ནས་བཟུང་རྡོ་རྗེ་ཞགས་པས་མགུལ་ནས་བཅིངས་ཏེ། བཀུག་ནས་པྲཛྙཱནྟ་ཀའི་མདུན་དུ་བཞག་གོ་།དེ་? ་ཁྱབ་འཇུག་གི་ལུས་ཀྱི་ཆ་ལུགས་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། མདོག་ནག་པ། མགོ་གསུམ་ལ་གཡས་པ། ཕག་མགོ་ལྗང་ཀུ། གཡོན་པ་སེང་གེའི་མགོ་དཀར་པོ་རལ་པ་ཐོར་ཅོག་ཏུ་བརྒྱན་པ། ཅུང་ཟད་འཛུམ་པ། ་སྨད་གཡོགས་སེར་པོ་གོས་དམར་པོ། སེ་རལ་ཁའི་ཚུལ་དུ་གྱོན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱི་བརྒྱན་པ། ལག་པ་བཞི་པ་གཡས་དང་པོ་ན་འཁོར་ལོ་རྩིབས་བརྒྱད་པ། གཡས་གཉིས་པ་པདྨ་དམར་པོ། གཡོན་དང་པོ་ནི? ་དུད། གཉིས་པ་དབྱུག་ཏོ། །ཁྱུད་ལ་ཞོན་པའོ། །ངེས་པདམཱནྟ་ཀས་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་གནས་ནས་མདུན་དུ་སྨོས་པའི་ཚུལ་དུ་ས་བོན་ཡིག་འབྲུ་ཧཱུཾ་ལས་ཉིད་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས ་ལྟ་བུ་དང་ལྡན་པ་ཁྲོ་བོའི་རྒྱལ་པོ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། ནུབ་ཕྱོགས་ཀྱི་གནས་ཐམས་ཅད་ཀྱི་བརྒྱན་བྱིན་འཁོར་དང་བཅས་པ་ཐམས་ཅད་རྡོ་རྗེ་ལྕགས་ཀྱུས་སྙིང་ལ་བཟུང། རྡོ་རྗེ་ཞགས་པ་མགུལ་ནས་བཅིངས་ཏེ། བཀུག་ནས ་པདམཱནྟ་ཀའི་མདུན་དུ་བཞག་གོ། དེ་ནས་བརྒྱ་བྱིན་གྱིས་ལུས་ཀྱི་ཆ་ལུགས་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། ཁ་དོག་དཀར་པོ། མགོ་གཅིག་པ་།སྐྲ་ཐོར་ཚུགས་ཀྱི་ཚུལ་དུ་ལུས་ཀྱི་ཡན་ལག་ཉིད་ལག་ཐམས་ཅད་ལ་མིག་སྟོད ་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་རྒྱན་གྱིས་རྒྱན་པ། ལག་པ་གཉིས་ཏེ་གཡས་པས་མཚོན་རྩེ་གཅིག་འཛིན་པ། གཡོན་གྱི་རྐེད་པ་ལ་བརྟེན་པ་།གླང་པོ་ཚེ་རབ་བརྟན་དཀར་པོ་མཆེ་བ་དྲུག་པ་ལ་ཞོན་པའོ།། །། ་དེ་ནས་བིགྷྣཱིཾ?་ཏ་ཀ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་མདུན་དུ་སྨོས་པའི་ཚུལ་དུ་ས་བོན་ཡིག་འབྲུ་ཧཱུཾ་ལས་ཉིད་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ལྟ་བུ་དང་ལྡན་པའི་ཁྲོ་བོའི་རྒྱལ་པོ་སྦྲིན ་བཞིན་དུ་སྤྲོ་བར་མཛད་དེ། བྱང་ཕྱོགས་ཀྱི་གནས་ཐམས་ཅད་བྱིན?་པདྨ?་འཁོར་དང་བཅས་པ་ཐམས་ཅད་རྡོ་རྗེ་ལྕགས་ཀྱུས་སྙིང་ལ་བཟུང། རྡོ་རྗེ་ཞགས་པས་མགུལ་ནས་བཅིངས་ཏེ། བཀུག་ནས་བིགྷྣཱིཾ་ཏ་ཀའི་མདུན་དུ་བཞག་གོ་།དེ་ནས་བི་ན་ཡ ་ཀའི་ལུས་ཀྱི་ཆ་ལུགས་ཕུན་སུམ་ཚོགས་པ་བཤད་པར་བྱའོ། །ཁ་དོག་ཁམ་པ་གླང་པོ་ཆེའི་མགོ་ཅན་སྐྱོད་པར་བྱེད་པ། མཆེ་བ་གཙིགས་པ། སྐྲ་གྱེན་དུ་བརྫེས་པ། རྐྱན་ཐམས་ཅད་ཀྱིས་བརྐྱན་པ། ལག་པ་གཉིས་ཏེ་གཡས་པས་རང་གི ་མཆེ་བ་འཛིན་།གཡོན་པ་མུ་ད་ཀ་འཛིན། མི་ལ་ཞོན་པའོ། །དེ་ནས་?ཀྐི་རཱ་ཛས་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་གནས་ནས་མདུན་དུ་སྨོས་པའི་ཚུལ་དུ་ས་བོན་ཡིག་འབྲུ་ཧཱུཾ་ལས་ཉིད་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ ་ཚོགས་པ་ལྟ་བུའི་ཁྲོ་བོའི་རྒྱལ་པོ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། ཤར་ལྷོའི་ཕྱོགས་ཀྱི་གནས་ཐཾས་ཅད་ཀྱི་དྲང་སྲོང་མེ་ལྷ་ཆུང་མ་དང་འཁོར་དང་བཅས་པ་ཐམས་ཅད་རྡོ་རྗེ་ལྕགས་ཀྱུས་སྙིང་ནས་བཟུང། རྡོ་རྗེ་ཞགས་པས་མགུལ་ནས་བཅིངས་ཏེ ་བཀུག་ནས་ཊཊཀྐི་རཱ་ཛའི་མདུན་དུ་བཞག་གོ་།དེ་ནས་མེ་ལྷའི་ཆ་ལུགས་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། ཁ་དོག་དམར་པོ། མགོ་གཅིག་པ་དབང་གྱེན་དུ་བརྫེས་པ། ལུས་ཀུན་འབར་བའི་ཕྲེང་བ་རབ་ཏུ་འབར་བ། རྒྱན་མེད་པ། ལག ་པ་གཉིས་ཏེ་གཡས་ན་གསེར་གྱི་ཕྲེང་བ། གཡོན་ན་གསེར་གྱི་རིལ་པ། ར་ལ་ཞོན་པའོ། །དེ་ནས་མཱི་ལ་དཎྜ་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་མདུན་དུ་སྨོས་པའི་ཚུལ་དུ་ས་བོན་ཡིག་འབྲུ་ཧཱུཾ་ལས་ཉིད ་ཉིད་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ལྟ་བུའི་ཁྲོ་བོའི་རྒྱལ་པོ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། ལྷོ་ནུབ་ཀྱི་ཕྱོགས་ཀྱི་གནས་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོ་དང། མ་ཧཱ་ཀཱ་ལ་དང། ནནྟི?་ཀི་ཤྭ་ར་དང། གཞོན་ནུ་ཞལ་དྲུག་དང ་འབྲིང་གི་རི་ཏི་ལ་སོགས་པ་མང་པོ་དང་།མ་མོའི་ཚོགས་ཀྱི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་ཀྱི་རྡོ་རྗེ་ལྕགས་ཀྱུས་སྙིང་ཀ་ནས་བཟུང། རྡོ་རྗེ་ཞགས་པས་མགུལ་ནས་བཅིངས་ཏེ། བཀུག་ནས་ནི་ལན་དཎྜའི་མདུན་དུ་བཞག་གོ། ་དེ་ནས་དབང་ཕྱུག་ཆེན་པོའི་ལུས་ཀྱི་ཆ་ལུགས་ཕུན་སུམ་ཚོགས་པ་ཐམས་ཅད་བཤད་པར་བྱ་སྟེ། ཁ་དོག་ཟླ་བ་ལྟར་མཛེས་པ། མགོ་གཅིག་པ་རལ་པའི་ཐོར་ཚུགས་ཅན་མིག་གསུམ་པ། གཟི་བརྗིད་ཀྱིས་འབར་བ། ལུས་ཀྱི ་འགྱིང་བག་གི་ཚུལ་།རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་པ་གཉིས་ཏེ་གཡས་ནི་ཏྲི་ཤུ་ལ་འཛིན། གཡོན་ལྟེ་བའི་སྟེང་དུ་བཞག་པ། ཁྱུ་མཆོག་ལ་གཞོན་པའོ། །དེ་ནས་མཧཱ་བ་ལས་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས ་དཔའ་ཨི་གནས་ནས་མདུན་དུ་སྨོས་པའི་ཚུལ་དུ་ས་བོན་ཡིག་འབྲུ་ཧཱུཾ་ལས་ཉིད་ཀྱི་སྐུ་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་ལྟ་བུའི་ཁྲོ་བོའི་རྒྱལ་པོ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། ནུབ་བྱང་ཕྱོགས་ཀྱི་གནས་ཐམས་ཅད་ན། ་ས་འགན་གནས་པ་བ་རུ་ན་འཁོར་ཀླུ་ཐམས་ཅད་ཀྱི་བསྐོར་བ་ཐམས་ཅད་རྡོ་རྗེ་ལྕགས་ཀྱུས་སྙིང་ཁ་ནས་བཟུང་།རྡོ་རྗེ་ཞགས་པས་མགུལ་ནས་བཅིངས་ཏེ། བཀུག་ནས་མཧཱ་བ་ལའི་མདུན་དུ་བཞག་གོ་།དེ་ནས་ཀ་རུ་ཎའི་ཆ་ལུགས་ཕུན ་སུམ་ཚོགས་པ་བཤད་པར་བྱ་སྡེ། མགོ་གཅིག་པ་སྐྲ་ཐོར་ཚུགས་སྦྲུལ་གྱིས་བཅིངས་པ། ཅུང་ཟད་ཁྲོས་ཏེ་རྒོད་པ། །རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། ལག་པ་གཉིས་པ་གཡས་པས་ཞག་ཡལ་འཛིན། གཡོན་པ་ཆང ་པར་རིན་པོ་ཆེ་ཤེལ་འཛིན། སྦྲུལ་གྱི་སྟེང་ན་འདུག་པའོ། །དེ་ནས་ཨཱརྱ་ཨ་ཙ་ལས་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ས་བོན་ཡིག་འབྲུ་ཧཱུཾ་ལས་ཉིད་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན ་སུམ་ཚོགས་པ་ལྟ་བུའི་ཁྲོ་བོའི་རྒྱལ་པོ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། བྱང་ཤར་གྱི་ཕྱོགས་ཀྱི་གནས་ཐམས་ཅད་ཀྱི་ལྷ་མ་ཡིན་གྱི་རྒྱལ་པོ་འབའ་ལི་དང། ཤི་ཤ་བ་དང། པྲ་ལ་ད་ལ་སོགས་པ་ལྷ་མ་ཡིན་འཁོར་དང་བཅས ་པ་ཐམས་ཅད་རྡོ་རྗེ་ལྕགས་ཀྱུས་སྙིང་ལ་བཟུང། རྡོ་རྗེ་ཞགས་པས་མགུལ་ནས་བཅིངས་ཏེ་བཀུག་ནས་ཨཱརྱ་ཨ་ཙ་ལའི་མདུན་དུ་བཞག་གོ་།དེ་ནས་ལྷ་མ་ཡིན་གྱི་རྒྱལ་པོ་རྣམS་ཀྱི་ལུས་ཀྱི་ཆ་ལུགས་ཕུན་སུམ་ཚོགས་པ་བཤད་པར ་བྱ་སྟེ། ལྷ་མ་ཡིན་གྱི་རྒྱལ་པོ་འབའ་ལི། མདོག་དམར་ནག་རལ་པ་གྱེན་དུ་བརྫེས་པ། ཁྲོས་ཏེ་རྒོད་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་པ་གཉིས་ཏེ། གཡས་ན་ལྕགས་ཀྱི་ཐོ་བ་རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲས་པ་འཛིན་པ། ་གཡོན་ན་ཅི་ཡང་མི་འཛིན། །མ་ཧེ་ཞོན་པའོ། །ལྷ་མ་ཡིན་གྱི་རྒྱལ་པོ་ཤི་ཤོ་ཀ་པཱ་ལ་ཁ་དོག་དུ་དག་།མགོ་གཅིག་པ་སྐྲ་འཁྱིལ་བ། ལུས་རྟག་ཏུ་བསྐྱོད་པ། ཡན་ལག་ཐམས་ཅད་ག་སེར་གྱི་རྒྱན་ཀྱིས་བརྒྱན་པ། ལག་པ ་གཉིས་ཏེ་གཡས་པ་ན?་རལ་གྲི། གཡོན་ན་མཚོན་མི་སྨོས་སོ། །གླང་པོ་ཆེ་ཞོན་པའོ། །ལྷ་མ་ཡིན་གྱི་རྒྱལ་པོ་བྲ་ལ་ད། ཁ་དོག་དམར་སེར། མགོ་གཅིག་པ། སྐུ་ཐོད་ཚུགས་རིན་པོ་ཆེའི་ཕྲེང་བ་བཅིངས་པ། སྨིན་མ་སྐྱོད་པ། རྒྱན་མེད་པ། ་ལག་པ་གཉིས་ཏེ་གཡས་པས་ཏྲི་ཤུལ་འཛིན། གཡོན་ན་མཚན་མི་སྨོས། ཁྱུ་མཆོག་ལ་ཞོན་པའོ། །དེ་ནས་པདྨ་ཀུ་ད་ལིས་ཉིད་ཀྱི་གསང་བའི་ཐུགས་ཡེ་ཤེས་སེམས་དཔའ་ཨི་གནས་ནས་གོང་དུ་སྨོས་པའི་ཚུལ་དུ་ས་བོན ་ཡིག་འབྲུ་ཧཱུཾ་ལས་ཉིད་ཀྱི་སྐུ་ཕྱག་རྒྱའི་ཆ་ལུགས་ཕུན་སུམ་ཚོགས་པ་ལྟ་བུའི་ཁྲོ་བོའི་རྒྱལ་པོ་སྤྲིན་བཞིན་དུ་སྤྲོ་བར་མཛད་དེ། བསྲུང་བའི་འཁོར་ལོའི་ས་འོག་གི་ཕྱོགས་ཀྱི་གནས་ཐམས་ཅད་ཀྱི་ཕྱིའི་མཁའ་འགྲོ་དང། གནོད་སྦྱིན་དང། ་འབྱུང་པོ་དང། གྲུལ་བུམ་དང། ཡི་དགས་དང། གཞན་ཡང་ས་འོག་ན་གནས་པའི་སེམས་ཅན་གང་ཡང་རུང་བ་མ་རུངས་པ་ཐམས་ཅད་མདོར་བསྡུས་པ་རྡོ་རྗེ་ལྕགས་ཀྱུས་སྙིང་ལས་བཟུང། རྡོ་རྗེ་ཞགས་པ་མེ་བུལ་ནས་བཅིངས་ཏེ། བཀུག་? ་པདྨ་ཀུན་ད་ལིའི?་མདུན་དུ་བཞག་གོ་།དེ་ནས་ས་འོག་ན་གནས་པའི་མཁའ་འགྲོ་དང་གནོད་སྦྱིན་ལ་སོགས་པ་སེམས་ཅན་མ་རུངས་པའི་ལུས་ཀྱི་ཆ་ལུགས་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། མཁའ་འགྲོ་ཐམས་ཅད་མདོག་སེར་ནག་།མགོ ་སྣ་ཚོགས་ཅན། རལ་པ་གྱེན་དུ་བརྗེས་པ། ལ་ལ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལ་ལ་རུས་པའི་བརྒྱན་གྱིས་བརྒྱན་པ། ལ་ལ་རྒྱན་མེད་པ། ལག་པ་གཉིས་པ་སྟེ། ལ་ལའི་ལག་པ་གཡས་ན་མིའི་རྐང་པ་འཛིན་ལ་ལས་མགོ་འཛིན ་ལ་ལས་མི་ཕུང་འཛིན། ལ་ལ་བྱི་ལ་ལ་ཞོན། ལ་ལ་བོད་བུ་ལ་ཞོན། ལ་ལ་རུལ་སྦལ་ལ་ཞོན་པའོ། །གནོད་སྦྱིན་མགོ་གཅིག་པ། ལ་ལ་ཁ་དོག་ཁམ་པ། ལ་ལ་ཁ་དོག་དཀར་པོའོ།། །།ལ་ལ་ཁ་དོག་སྔོན་པོའོ ་ཀུན་བསྐའ?་བཤིག་པ། ལ་ལ་གསེར་གྱི་རྒྱན་གྱིས་བརྒྱན་པ། ལེ་ལ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ལ་ལ་རྒྱན་མེད་པ། ལ་ལའི་ལག་པ་གཡས་ན་རལ་གྲི་འཛིན། ལ་ལ་དབྱུག་པ་འཛིན། ལ་ལ་འདའ་གཞུ་འཛིན། ལ་ལ ་ཁྱུ་མཆོག་ཞོན། ལ་ལ་རྟ་ཞོན། ལ་ལ་ཞོན་པ་མེད་པའོ། །འབྱུང་པོ་ནི་ཁ་དོག་ཐལ་བ་ལྟ་བུ། ལ་ལ་ནི་མའི་མགོ་ཅན། ལ་ལ་ནི་འུག་པའི་མགོ་ཅན། ལ་ལ་ཕག་མགོ་ཅན། ལ་ལ་ནི་རལ་པ་གྱེན་དུ་བརྫེས་པ། ལ་ལ་ནི་རལ ་པ་བཤིག་པ། ལ་ལ་ནི་སྐྲ?་ནང་བུ་མེད་པ། དེ་དག་ཀུན་རྒྱན་མེད་པ། ལག་པ་གཉིས་པ་སྟེ། ལ་ལའི་ལག་པ་གཡས་ན་སྤྲུལ་འཛིན། ལ་ལ་དབྱུག་པ་འཛིན་པ། ལ་ལ་མདུད་འཛིན་པའོ། །ལ་ལ་སྤྲུལ་ལ་ཞོན་པའོ། །ལ ་ལ་བྱ་རྒོད་ཞོན། ལ་ལ་འུག་པ་ཞོན། ལ་ལ་ཞོན་པ་མེད་པའོ། །གྲུལ་བུམ་ནི་ཁ་དོག་སྣ་ཚོགས་ཏེ། ལ་ལ་གླང་པོ་ཆེའི་མགོ་ཅན། ལ་ལ་བོང་བུའི་མགོ་ཅན། ལ་ལ་མིའི་མགོ་ཅན། ལ་ལ་རལ་པ་གཅིག་པ། ལ་ལ་རལ་པ་གྱེན་དུ་བརྫེས་པ། ་ལ་ལ་རལ་པ་བཤིག་པའོ། །ལ་ལ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལ་ལ་དུས་པའི་རྒྱན་གྱིས་བརྒྱན་པ། ལ་ལ་རྒྱན་མེད་པའོ། །ལ་ལའི་ལག་པ་གཡས་ན་འཁོར་ལོ་འཛིན། ལ་ལ་ཤ་ག་ཏི་འཛིན། ལ་ལ་ཤིང་གི་ཡལ་ག་འཛིན་བའོ། །ལ ་ལ་ལ་རྔ་མོ་ཞོན། ལ་ལ་བྱི་བ་ཞོན། ལ་ལ་ཞོན་པ་མེད་པའོ། །ཡི་དགས་ནི་ཁ་དོག་ནག་པོ་སྐབས་སུ་འགྱུར་བའོ། །ཀུན་ཁ་ཁབ་མིག་ཙམ། ལུས་ཆེ་བ། གསུས་པ་ཆེ་བ། ཡན་ལག་ཕྲག་རྒྱན་མེད་པ། ལག་པ་གཉིས་པ ་མཚོན་དང་ཞོན་པ་མེད་པའོ། །དེ་དག་ཐམས་ཅད་དགུག་པ་ནི་སོ་སོའི་ཆུང་མ་དང་བཅས་པར་ཤེས་པར་བྱའོ། །གཞན་ཡང་མདུན་དུ་སྨོས་པའི་བདུད་ཀྱི་དཔུང?་མ་རུངས་པ་གནོད་པ་བྱེད་པ་བཀུག་པའི་དུས་སུ། །ཡ་མཱནྟ་ཀ་དང། པྲ་ཛཱནྟ་ཀ ་ལ་སོགས་པའི་ཁྲོ་བོ་རྣམས་ལ་དང་པོ་བདག་པོ། སུཾ་བྷ་བཛྲ་ཧཱུཾ་ཀ་རས་སྔགས་ཀྱི་ངོ་བོར་བཀའ་སྩལ་པའི་དོན་དུ་བསྟན་པར་བྱ་སྟེ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲིཧྣ་གྲིཧྣཱ་ཧཱུཾ། གྲི་ཧྣཱ་བ་ཡ་གྲི་ཧྣ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བ་ག་པཾ། བི་དྱ་རཱ་ཛ་ཧཱུཾ་ཕཊ། ་ཡི་གེ་ཨོཾ་བརྗོད་མི་ཐག་ཏུ་མདུན་དུ་སྨོས་པའི་ཁྲོ་བོའི་རྒྱལ་པོ་ཧཱུཾ་ཀ་ར་ལ་སོགས་པ་ཁྲོ་བོ་ཐམས་ཅད་ལ། བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ། སེམས་སྐྲག་ནས་རབ་ཏུ་གུས་པར་ཕྱག་འཚལ་བར་བྱེད་དོ། །དེ་ལྟར་ཨོཾ་གྱི་དོན་དུ་གསུངས་སོ། ། ་སུཾ་བྷ་ཞེས་པ་ནི་བདུད་རྩི?་དཔུང་མ་རུངས་པ་གནོད་པ་བྱེད་པ་རྣམས་ཀྱིས་སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ལ་གནོད་པ་དང། མྱོས་པ་?། །དགུག་པ་དང་བཅིང་བ་དང། སེམས་ཀྱི་སྟོབས་འཕྲོག་པ་དང། བརྡེག་པ་དང། མེད་པར་བྱ་བའི་ཕྱིར། བྱེ ་བྲག་སྣ་ཚོགས་ཀྱིས་མ་རུངས་པ་ཞེ་སྡང་གི་ངོ་བོ་ལས་རྣམས་བྱེད་པས། དེ་ལྟར་སུཾ་བྷའི་དོན་དུ་གསུངས་སོ། །ནི་སུཾ་བྷའི་སྒྲ་ནི་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་རས། བཀའ་སྩལ་པས། མདུན་དུ་སྨོས་པའི་བདུད་ཀྱི་དཔུང་མ་རུངས་པ་གནོད་པོ་བྱེད་པ་རྣམས ་ཀྱིས་མདུན་དུ་སྨོས་པའི་གནོད་པ་ཇི་ལྟར་བྱས་པ་དེ་བཞིན་དུ་དེ་དག་ལ་མཛད་དེ། མནན་པ་དང་མྱོས་པ་དང་དགུག་པ་དང། བཅིང་བ་དང། སེམས་ཀྱི་སྟོབས་འཕྲོག་པར་བྱེད་པ་དང། བརྡེག་པ་དང་མེད་པར་བྱ་བའི་ཕྱིར་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀར་ལ ་སོགས་པ་ཐམས་ཅད་ཀྱི་ཁྲོ་བོའི་ཚོགས?་སྤྲིན་རྣམས་ཀྱིས་སྣ་ཚོགས་ཀྱི་བྱེ་བྲག་གི་ཐུགས་རྗེ་ཆེན་པོ་ཞེ་སྡང་གི་ངོ་བོའི་འཕྲིན་ལས་མཛད་དོ། །དེ་ལྟར་ནི་སུཾ་བྷའི་དོན་ནི་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་རའི་བཀའ་ཐོས་མ་ཐག་ཏུ་ཡ་མནྟ་ཀ་ལ་སོགས་པ ་ཁྲོ་བོའི་ཚོགས་སྤྲིན་རྣམས་ཀྱིས་བཀའ་ཨི་དོན་བྱ་བའི་ཕྱིར་ཚིག་འདི་བརྗོད་པར་གསུངས་སོ། །དེ་ནས་ཧཱུཾ་གི་སྒྲ་ནི་ཡ་མན་ཏ་ཀ་ལ་སོགས་པ་ཁྲོ་བོའི་ཚོགས་ཐམས་ཅད་ཀྱི་མཉམ་པར་དུས་གཅིག་ཏུ་ཐུགས་རྗེ་ཆེན་པོ་ཁྲོས་ཏེ་ཞེ་སྡང་གིས་ལྟ་ཞིང་ཁྲོ ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་?་ཐོས་བས་ཐུགས་བསྐུལ་བར་གྱུར་ཏེ། འཇིགས་པའི་སྒྲ་ཆེན་པོས་ཡི་གེ་ཧཱུཾ་བརྗོད་པ་མདུན་དུ་སྨོས་པའི་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་ཀྱི་ཐོས་མ་ཐག་ཏུ་སེམས་འཇིགས་པར་གྱུར་པས། དེའི ་འོག་ཏུ་གནོད་པ་དང་མྱོས་པར་?་ཏོ། །དེ་ལྟར་ཡི་གེ་ཧཱུཾ་གི་དོན་ནི་ཁྲོ་བོའི་རྒྱལ་པོ་བཛྲཾ་ཧཱུཾ་ཀ་རའི་བཀའ་སྟར། ཡ་མཱནྟ་ཀ་ལ་སོགས་པ་ཁྲོ་བོའི་ཚོགས་སྤྲིན་རྣམས་ཀྱིས་མཛད་པའོ། །དེ་ནས་གྲི་ཧྣའི་སྒྲ་ནི་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་རས། ཡ་མཱ་དྷ ་ཀ་ལ་སོགས་པ། ཁྲོ་བོ་དགུ་བདག་པོའི་ངོ་བོར་གནས་པ་རྣམས་ལ་བཀའ་སྩལ་པ་ཏེ། བཤད་པར་བྱའོ། །གོང་དུ་སྨོས་པའི་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་སོ་སོའི་ཕྱོགས་ཀྱི་གནས་ན་གནས་པ་ཐམས་ཅད་ཟུང ་ཅིག་པའོ། །དེ་ལྟར་གྲི་ཧྣའི་དོན་ནི་མདུན་དུ་སྨོས་པའི་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་ཟུང་གཅིག་པའི་ཕྱིར་བཀའ་སྩལ་པའོ། །དེ་ནས་གྲི་ཧྣ་གཉིས་པའི་སྒྲ་ནི་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་རའི་བཀའ་ཐོས་མ་ཐག་ཏུ་ཡ་མཱནྟ ་ཀ་ལ་སོགས་པ་ཁྲོ་བོ་དགུ་བདག་པོའི་ངོ་བོར་གནས་པ་རྣམས་ཀྱི། ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་ར་དགྱེས་པར་བྱ་བའི་ཕྱིར་གཟུང་བར་བགྱིའོ། །ཞེས་བརྗོད་པའོ། །དེ་ལྟར་གྲི་ཧྣ་གཉིས་པའི་དོན་དུ་གསུངས་སོ། །དེ་ནས་ཧཱུཾ་གི་སྒྲ་ནི་བཛྲ་ཧཱུཾ་ཀ་རས། ་དང་པོ་ཐུགས་རྗེ་ཆེན་པོ་ཞེ་སྡར་གི་ཐུགས་ཀྱིས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་ཧཱུཾ་ཉི་མ་སྟོད་དང་མཉམ་པར་རབ་ཏུ་འབར་པ་འཇིགས་པ་ཆེན་པོའི་སྒྲ་བརྗོད་པར་མཛད་དེ། བརྗོད་མ་ཐག་ཏུ་ཡ་མཱནྟ་ཀ་ལ་སོགས་པ་ཁྲོ་བོའི་ཚོགས ་སྤྲིན་ཐམས་ཅད་ཀྱི་ཐུགས་བསྐུལ་བར་གྱུར་ཏེ། ཇི་ལྟར་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་རས་ཡིག་འབྲུ་ཧཱུཾ་གི་སྒྲ་བརྗོད་པར་བསམ་མོ། །དེ་ལྟར་སྒྲ་བརྗོད་པས་མདུན་དུ་སྨོས་པ་ཕྱོགས་བཅུ་ན་གནས་པའི་བདུད་དཔུང་མ་དུངས་པ་གནོད་པ་བྱེད་པ་ཐམས ་ཅད་ཀྱི་ཡི་གེ་ཧཱུཾ་སྒྲ་ཐོས་མ་ཐག་ཏུ་སེམས་འཇིགས་པ་ཆེན་པོར་གྱུར་ཏེ། གནོད་པ་བྱེད་པའི་ཐབས་དང་སྒྱུ་མའི་སྦྲུལ་བའི་ཐབས་བཅོམ་པར་གྱུར་ཏོ། །དེ་ལྟར་ཡིག་འབྲུ་ཧཱུཾ་གཉིས་པའི་དོན་མཛད་པར་གསུངས་སོ། །དེ་ནས་གྲི་ཧྣཱ་པ་ཡི་སྒྲ ་ནི་ཁྲོ་བོ་རྒྱལ་པོ་བཛྲ་ཧཱུཾ་ཀ་རས་གོད་དུ་སྨོས་པའི་ཕྱོགས་བཅུ་ན་གནས་པའི་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པའི་སྦྱོར་བས་བཟུང་བར་བྱ་བའི་ཕྱིར་ཡ་མཱ་ནྟ་ཀ་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་བདག ་པོའི་ངོ་བོར་བཞུགས་པ་དགུ་ལ་བཀའ་སྩལ་པའོ། །དེ་ལྟར་གྲི་ཧྣ་པ་ཡའི་དོན་དུ་གསུངས་སོ། །དེ་ནས་གྲི་ཧྣཱ་པ་ཡ་གཉིས་པའི་སྒྲ་ནི་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་རའི་བཀའ་ཐོས་མ་ཐག་ཏུ་ཡ་མཱནྟ་ཀ་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་དགུ་བདག་པོའི ་ངོ་བོར་བཞུགས་པ་རྣམས་ཀྱི་མདུན་དུ་སྨོས་པ་ཉིད་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ཁྲོ་བོའི་རྒྱལ་པོ་སྦྱིན་བཞིན་དུ་སྤྲོ་བར་མཛད་པ་རྣམས་ལ་དུས་གཅིག་དུ་ཇི་ལྟར་གོང་དུ་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་རས་བཀའ་སྩལ་པའི ་ཚུལ་དུ་བཀའ་སྩལ་པའོ། །དེ་ལྟར་གྲི་ཧྣ་པ་ཡ་གཉིས་པའི་དོན་དུ་གསུངས་སོ། །དེ་ནས་ཧཱུཾ་གི་སྒྲ་ནི་ཡ་མཱནྟ་ཀ་ལ་སོགས་པ་ཁྲོ་བོ་དགུ་བདག་པའི་ངོ་བོར་བཞུགས་པ་རྣམས་ཀྱི་དུས་གཅིག་ཏུ་ཐུགས་རྗེ་ཆེན་པོ་ཁྲོས་པའི་ཞེ་སྡང་གི་ཐུགས་ཀྱི ་ཉིད་ཉིད་ཀྱི་ཕྱོགས་ཀྱི་གནས་སུ་སྦྱན་དམར་པོའི་གཟིགས་ཤིང་ཡིག་འབྲུ་ཧཱུཾ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཉི་མ་ཁྲི་དང་མཉམ་པ་རབ་ཏུ་འབར་བ་ལན་མང་པོ་འཇིགས་པ་ཆེན་པོའི་སྒྲ་རབ་ཏུ་བརྗོད་དོ། །དེ་བརྗོད་མ་ཐག་ཏུ་མདུན་དུ་སྨོས་པ་ཁྲོ ་བོའི་རྒྱལ་པོ་སྤྲིན་བཞིན་དུ་སྤྲོ་བར་མཛད་པ་དེ་དག་ཐམས་ཅད་ཀྱི་ཐུགས་བསྐུལ་བར་གྱུར་ཏེ། དེའི་འོག་ཏུ་ཡ་མཱནྟ་ལ་སོགས་པ་ཁྲོ་བོ་དགུས་བདག་པོའི་ངོ་བོར་ཧཱུཾ་གི་སྒྲ་ཅི་ལྟར་སྒྲོགས་པ་དེ་བཞིན་དུ་བརྗོད་པ་བསམ་མོ། །དེ་ལྟར་སྒྲ ་བརྗོད་པ་གོང་དུ་སྨོས་པ་ཕྱོགས་བཅུ་ན་གནས་པའི་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་ཀྱིས་ཡིག་འབྲུ་ཧཱུཾ་གི་སྒྲ་ཐོས་མ་ཐག་ཏུ་སེམས་འཇིགས་པ་ཆེན་པོར་གྱུར་པའི་སྡུག་བསྔལ་གྱི་སྨྲེ་སྔགས་སྣ་ཚོགས་འདོན་ཅིང ་ཕྱོགས་ཀུན་ཏུ་ལྟས་ཀྱང་སྐྱབས་བྱེད་པ་མེད་པར་མཐོང་ངོ། །དེའི་འོག་ཏུ་སྒྲ་ཆེན་པོས་དུ་བར་བསམ་མོ། །དེ་ལྟར་ཡིག་འབྲུ་ཧཱུཾ་གསུམ་པའི་དོན་མཛད་པར་གསུངས་སོ། །དེ་ནས་ཨཱ་ན་ཡའི་སྒྲ་ནི་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་ར་ལ ་སོགས་པ་བཅུས་མཉམ་པར་དུས་ཅིག་ཏུ་ཁྲོ་བོ་ཆེན་པོའི་བརྩོན་འགྲུས་ཁྱེར་ལ་ཤོག་ཅེས་བཀའ་སྩལ་པའོ། །བཤད་པར་བྱ་སྟེ། མདུན་དུ་སྨོས་པའི་ཕྱོགས་བཅུ་ན་གནས་པའི་བདུད་ཀྱི་དཔུང་མ་རུངས་པ་གནོད་པ ་བྱེད་པ་ཐམས་ཅད་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པས་བཟུང་ལ་བསྲུང་བའི་འཁོར་ལོའི་གནས་མེད་པར་བྱ་ཁུ་གཅིག་པའོ། །དེ་ལྟར་ཨཱ་ན་ཡའི་དོན་དུ་གསུངས་སོ། །དེ་ནས་ཧོའི་སྒྲ་ན་མདུན་དུ་སྨོ་སོ། །དེ་ནས་ཧོའི་སྒྲས་མདུན་དུ་སྨོས་པ ་སྤྲུལ་པའི་ཁྲོ་བོའི་རྒྱལ་པོ་སྤྲིན་ལྟ་བུ་དེ་དག་གིས་བཀའ་ཐོས་མ་ཐག་ཏུ། མྱུར་བར་ཉིད་ཀྱི་བདག་པོའི་ཐུགས་མཉེས་པར་བྱ་བའི་ཕྱིར་ཧོ་ཞེས་པའི་ཚིག་སྒྲ་ཆེན་པོར་བརྗོད་དེ། །བཤད་པར་བྱ་སྟེ། ཧོ་ཞེས་ཞེS་བའི་ཚིག་སྒྲ་ཆེན ་པོར?་བརྗོད་མ་ཐག་ཏུ་དེའི་དུས་སུ་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་ར་ལ་སོགས་པ་བཅུ་ཉིད་ཉིད་ཀྱི་ཐུགས་མཉེས་པར་གྱུར་པས་སྤྲུལ་པའི་ཁྲོ་བོའི་རྒྱལ་པོའི་སྐུ་སྤྲིན་དང་མཉམ་པ། བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད ་དགུག་པའི་ཕྱིར་བཏང་བར་བསམ་མོ། །དེ་ལྟར་བཏང་མ་ཐག་ཏུ་མདུན་དུ་སྨོས་པའི་སྤྲུལ་པའི་སྐུ་ཁྲོ་བོ་རྒྱལ་པོ་སྤྲིན་དང་མཉམ་པས་ཉིད་ཉིད་ཀྱི་གསང་བའི་ཐུགས་ཁ་ཡེ་ཤེས་སེམས་དཔའ་ཨི་གནས་ནས། ས་བོན་ཡིག་འབྲུ་ཧཱུཾ ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་བསྐལ་པའི་མེ་བཞིན་དུ་འབར་བའི་ཕྲེང་བ་ཕྱོགས་བཅུའི་གནས་སུ་སྤྲོ་བར་མཛད་དེ། རབ་ཏུ་འཇིགས་པར་བྱེད་པའི་འཇིགས་པའི་ངོ་བོའི་སྐུ་ཕྱག་རྒྱ་ཆ་ལུགས་ཕུན་སུམ་ཚོགས་པ་ཆོག་རིམ ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་དང་ཞགས་བའི་སྦྱོར་བ་བཟུང་སྟེ། ལྷ་ཚངས་པ་ལ་སོགས་པ་འཁོར་དང་བཅས་པ་མ་ལུས་པ་ཐམས་ཅད་སོ་སོ་ལག་པའི་མཚོན་ཤོར་བ་དང། གོས་དང་བྲལ་བར་གྱུར་ཏེ། ལུས་ལ་རྡུལ་ཆུ་བཞིན་དུ་འབབ ་ཏེ། ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་རའི་རྗེས་སུ་དྲན་ཏེ། བསྐྱབ་དུ་གསོལ་ཞེས་བརྗོད་པ་བཀུག་པར་མཛད་དོ། །དེ་ལྟར་བཀུག་མ་ཐག་ཏུ་ཡ་མཱནྟ་ཀ་ལ་སོགས་པ་ཁྲོ་བོ་དགུ་བདག་པོའི་ངོ་བོར་བཞུགས་པ་དང། གཞན་ཡང་ཉིད་ཉིད་ཀྱི་སྤྲུལ་པའི་ཁྲོ་བོའི ་རྒྱལ་པོ་སྤྲིན་དང་མཉམ་པ་དེ་དག་ཐམས་ཅད་ཀྱིས། མཉམ་པར་དུས་གཅིག་ཏུ་འདུལ་སྒྲ་ཆེན་པོ་ཕྱུང་ཏེ། ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་ར་ལ་ཡོན་ཏན་གྱི་ངོ་བོ་ཚིག་བརྗོད་པ་བསྟན་པར་བྱ་སྟེ། བྷ་ག་བན་བི་བྱ་རཱ་ཛའི་སྒྲ་ནི། བཅོན་ལྡན ་འདས་བཤད་པའི་དོན་ནི་མདུན་རྡོ་རྗེ་སེམས་དཔའ་ལ་བཤད་པར་དེ་བཞིན་དུ་འདིར་སྦྱར་རོ། །བི་དྱ་རཱ་ཛའི་དོན་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་རའི་མཚན་ཡོན་ཏན་གྱི་ངོ་བོའི་བྱེ་བྲག་གསུམ་སྟེ། ཡེ་ཤེས་ཀྱི་ཐབས་ཀྱི་ངོ་བོ་དང། སྐུ་ཕྱག་རྒྱའི་ངོ་བོ་དང ་ཐུགས་རྡོ་རྗེ་ཁྲོ་བོའི་དབང་ཕྱུག་མ་ཤེས་རབ་ཀྱི་ངོ་བོའོ། །དེའི་དོན་གསལ་བར་བཤད་པར་བྱ་སྟེ། ཡེ་ཤེས་ཀྱི་ཐབས་ཀྱི་ངོ་བོ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒྲུབ་པ་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་བསྲུང་བ་བྱ་བའི་ཕྱིར་ཁྲོས་ཏེ། ཞེ ་སྡང་གི་ཐབས་ཀྱི་འཕྲིན་ལས་ཀྱི་བྱེ་བྲག་སྣ་ཚོགས་ཀྱི་བདུད་ཀྱི་དཔུང་མ་རུངས་བ་གནོད་པ་བྱེད་པ་ཐམས་ཅད་འཇོམས་པ་དང་མེད་པར་མཛད་པ་དེའི་ཕྱིར་བི་བྱ་རཱ་ཛའི་དོན་དུ་གསུངས་ཏེ། གཅིག་?་དེ་ནས་སྐུ་ཕྱག་རྒྱའི་ངོ་བོ་ནི་ཕྱི་ནང ་གི་རིག་པ་མ་ལུས་པ་ཐམས་ཅད་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ག་རའི་སྐུ་ཕྱག་རྒྱའི་ངོ་བོ་ཉིད་དུ་གནས་པས་དེའི་ཕྱིར་བི་དྱ་རཱ་ཛའི་དོན་དུ་གསུངས་ཏེ། གཉིས། དེ་ནས་ཐུགས་རྡོ་རྗེའི་ཁྲོ་མོ་དབང་ཕྱུག་མ་ཤེས་རབ་ཀྱི་ངོ་བོ་ནི། ཁྲོ་བོ་རྒྱལ ་པོ་ཐམས་ཅད་ཀྱི་ཁྲོ་མོའི་རྒྱལ་མོ་ཤེ་རབ་མ། རིག་པའི་ངོ་བོ་རྣམས་དོན་དམ་པ་དབྱེར་མེད་པ་གཅིག་པ་ཐུགས་རྡོ་རྗེའི་ཁྲོ་བོ་དབང་ཕྱུག་མའི་སྐུ་ཕྱག་རྒྱ་རིག་པའི་ངོ་བོ་རང་བཞིན་དུ་གནས་པའོ། །དེ་ནི་ཁྲོ་བོ་ཐམས་ཅད་སྤྲུལ་པའི་ཡུམ་རྒྱལ་མོ་ ་ཡིན་ཏེ། ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་རས་ཐབས་དང་ཤེས་རབ་རོལ་པ་མཛད་པའི་ལོངས་སྤྱོད་ཀྱི་གནས་ཏེ། དེའི་ཕྱིར་རིག་པའི་རྒྱལ་པོས་དོན་དུ་གསུངས་ཏེ། གསུམ་མོ། །དེ་ལྟར་ཡོན་ཏན་གྱི་ངོ་བོའི་ཚིག་བརྗོད་མ ་ཐག་ཏུ་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་བཛྲ་ཧཱུཾ་ཀ་རའི་ཐུགས་མཉེས་པར་འགྱུར་རོ། །དེ་ནས་ཧཱུཾ་ཕཊ་ཀྱི་སྒྲ་ནི་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་བཛྲ་ཧཱུཾ་ཀ་ར་ཐུགས་མཉེས་མ་ཐག་ཏུ་ཐུགས་རྗེ་ཞེ་སྡང་གི་ཁྲོ་བོས་ཧཱུཾ་མེ་ལོང་ལྟ་བུའི ་ཡེ་ཤེས་ཀྱི་ངོ་བོ། །ཕ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སོ་སོར་རྟོགས་པའི་ཡེ་ཤེས་དང། ཆོས་ཀྱི་དབྱིངས་དང་ཡེ་ཤེས་གསུམ་གྱི་ངོ་བོའོ། །ཏ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ། དེ་ལྟ་བུ་ཡེ་ཤེས་ཀྱི་ངོ་བོ་དང་ལྡན་བའོ། ། ་ཧཱུཾ་ཕཊ། སྔགས་སྒྲ་ཆེན་པོ་བརྗོད་པར་བསམ་མོ། །དེ་ལྟར་བརྗོད་མ་ཐག་ཏུ། དེ་བཞིན་དུ་ཡ་མཱནྟ་ཀ་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་དགུ་བདག་པོའི་ངོ་བོར་གནས་པ་རྣམས་ཀྱིས་བརྗོད་བར་བསམ་མོ། །དེ་ལྟར་བརྗོད་མ་ཐག ་ཏུ་སྔ་མ་བཞིན་བཅོམ་ལྡན་འདས་རིག་བའི་རྒྱལ་པོ་བཛྲ་ཧཱུཾ་ཀ་ར་ལ་སོགས་པ་དགུའི་སྤྲུལ་པའི་ཁྲོ་བོའི་རྒྱལ་པོ་སྤྲིན་ལྟ་བུས་བརྗོད་ཅིང་རང་རང་གི་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པའི་སྦྱོར་བས་བཟུང་ནས་ཉིད་ཉིད་ཀྱི་བདག་པོ་རྣམས་ཀྱི ་ཞབས་དྲུང་དུ་ཁྲོ་བོ་ཆེན་པོ་ཞེ་སྡང་གིས། བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་བསྒྲལ་ཏེ། སྟེང་གི་ཕྱོགས་སུ་བལྟ་བར་བསམ་མོ། །གཞན་ཡང་སྔགས་ཧཱུཾ་ཕཊ་ཀྱི་དོན་བཤད་པར་བྱ་སྟེ། ཡི་གེ་ཧཱུཾ་གིས་བདུད ་ཀྱི་དཔུང་མ་རུངས་པ་གནོད་པ་ཐམས་ཅད་ཀྱི་སྒྱུ་མ་དང་སྟོབས་དང་ཆོ་འཕྲུལ་གྱི་སྤྲུལ་པ་འཇིག་པར་འགྱུར་རོ། །ཡི་གེ་པས་སེམས་འཇིག་པར་འགྱུར་རོ། །ཡི་གེ་ཏས་སྲོག་འཕྲོག་པར་འཇིག་པར་འགྱུར་རོ། །དེ་ལྟར་ཧཱུཾ་ཕཊ་ཀྱི་སྔགས ་ཀྱི་ལས་གྲུབ་པར་བྱེད་པའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་རྡོ་རྗེ་ཕུར་བུ་དང་རྡོ་རྗེ་ཐོ་བ་བྱིན་གྱིས་བརླབས་པས་འགྲུབ་བར་འགྱུར་བའི་ཆོ་གའི་ཚུལ་བསྟན་པར་སྟེ། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་བཛྲ་ཧཱུཾ་ཀ་ར་ལ་སོགས་པ་བཅུ་དང། མདུན ་དུ་སྨོས་པ་སྤྲུལ་པའི་ཁྲོ་བོ་སྤྲིན་དང་མཉམ་པ་མ་ལུས་པ་ཀུན་གྱི་ཕྱག་གཡས་གཡོན་དང་པོ་གཉིས་ན་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་འཛིན་པ། སྔགས་ཀྱི་བྱིན་གྱིས་བརླབས་ནས་རྡོ་རྗེ་ཕུར་བུ་དང། ཐོ་བར་གྱུར་བའི་སྦྱོར་བ་བྱ་སྟེ། དེའི་དོན་གསལ་རང ་བསྟན་བར་བྱའོ། །རྡོ་རྗེ་ལྕགས་ཀྱུ་ས་བོན་ཡིག་འབྲུ་ཧཱུཾ་གིས་བྱིན་གྱིས་བརླབ་པར་བྱ་སྟེ། ཧཱུཾ་མེ་ཕུང་ལྟ་བུ་རྡོ་རྗེ་ལྕགས་ཀྱུ་ལ་གཉིས་སུ་མེད་པར་ཐིམ་པར་བསམ་སྟེ། ཐིམ་ཐག་ཏུ་འགྱུར་བའི་སྦྱོར་བས་རྡོ་རྗེ་ཐོ་བའི་ངོ་བོ་ཡེ་ཤེས་རྣམ་པ་ལྔའི་མེ་? ་གྱུར་པར་བསམ་མོ། །དེ་ལྟར་ཐོབ་བསྐྱེད་བ་ལེའུ་བཅོ་ལྔ་པ་ལས་འབྱུང་ངོ། །རྡོ་རྗེ་ཞགས་པ་ནི་ས་བོན་ཡིག་འབྲུ་ཨོཾ་དང་ཧཱུཾ་གཉིས་ཀྱིས་བྱིན་གྱིས་བརླབས་པར་བྱ་སྟེ། དང་པོ་ཨོཾ་དེའི་འོག་ཏུ་ཧཱུཾ་མེ་ཕུང་ལྟ་བུའི་རྡོ་རྗེ་ཞགས་པ་ལ་གཉིས་སུ་མེད་པར ་ཐམ་པར་བསམ་སྟེ། ཐིམ་མ་ཐག་ཏུ་འགྱུར་བའི་སྦྱོར་བ་རྡོ་རྗེ་ཕུར་བུ་ངོ་བོ་ཡེ་ཤེས་རྣམ་པ་ལྔའི་མེ་འབར་གྱུར་བར་བསམ་མོ། །གཞན་ཡང་རྡོ་རྗེ་ཕུར་བུའི་རིགས་དང། མཚན་དང་ཆ་ལུགས་ཕུན་སུམ་ཚོགས་པ་ངོ་བོའི་དོན་བསྟན་པར་བྱ་སྟེ། ་ཕུང?་བུ་ཐུགས་རྡོ་རྗེའི་?་སོ། །མཚན་ནོ་རྡོ་རྗེ་རྒྱལ་པོའོ། །ཆ་ལུགས་ཀྱི་ངོ་བོ་ནི་ཨ་མྲི་ཏ་ཀུནཌ་ལི་ལྟ་བུའོ། །བཤད་པར་བྱ་སྟེ། སྐུ་སྟོད་ཁྲོ་བོ་ལྟ་བུ་ཞལ་གསུམ་པ། སྐུ་མདོག་མཐིང་ཀ་ཨུཏཔ་ལ་སྔོན་པོའི་འདབ་མ་ལྟ་བུ། སྐྲ་གྱེན་དུ་བརྫེས ་?་བ། མཆེ་བའི་ཕྲེང་བ་གདེངས་པ། ལྡད་པའི་སྟབས། སྨིན་མ་བསྐྱོད་པ། ཞལ་རྣམས་གཡོ་བ། སྤྱན་དམར་བ། སྤྲུལ་གྱི་རྒྱན་གྱིས་བརྒྱན་པ། ཕྱག་དྲུག་སྟེ། གཡས་དང་པོ་ནི་རྡོ་རྗེ་རྒྱ་གྲམ། གཡས་བར་མ་ན་རྡོ་རྗེ་རལ་གྲི། ་ཐ་མན་གཏུན་ཤིང་བརྡུང?་བའི་ཐབས། གཡོན་དང་པོ་ན་རྡོ་རྗེ་དྲིལ་བུ། བར་མ་ན་རྡོ་རྗེ་དགྲ་སྟ། ཐ་མ་ན་ནི་ཞགས་པ་སྡིགས་འཛུབ་སྙིང་གར་འཛིན་པ། ཡང་ན་གོང་དུ་སྨོས་པའི་ཚུལ་དུ་ཕྱག་གཡོན་དང་པོ་གཉིས་རྡོ་རྗེ་ལྕགས ་ཀྱུ་དང་ཞགས་པ་ཡང་མི་འགལ་ཡོ། །དེ་ལྟར་ཕུར་བུའི་ལྟེ་བ་མན་ཆད་རྡོ་རྩེ་མོ་ལྟར་རྣོ་བར། བསམ་མོ། །དེས་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་ལ་འོག་ཏུ་གཟིགས་པས་མེད་པར་བྱེད་དོ། །དེ་ལྟར་རྡོ་རྗེ་ཕུར་བུ་བསྐྱེད་པའི ་ཚུལ་ནི་ལེའུ་བཅུ་བཞི་བ་ལས་འབྱུང་ངོ། །དེ་ལྟར་རྡོ་རྗེ་ཐོ་བ་དང་རྡོ་རྗེ་ཕུར་བུ་སྦྱོར་བའི་ཚུལ་གྱི་བདུད་ཀྱི་དཔུང་མ་རུངས་པ། གནོད་བ་བྱེད་པ་ལ་ཕུར་བུ་གདབ་པ་བཤད་པར་བྱ་སྟེ། དང་པོ་ཁྲོ་བོའི་རྒྱལ་པོ་བཅོམ་ལྡན་འདས་རིག་པའི་རྒྱལ ་པོ་བཛྲ་ཧཱུཾ་ཀ་རས་བདག་པོ་ལ་ཕུར་བུས་གདབ་བོ། །སྤྲུལ་བའི་ཁྲོ་བོ་འཁོར་ལ་གདབ་པོ། །དེའི་འོག་ཏུ་ཡ་མཱནྟ་ཀས་བདག་པོ་ལ་ཕུར་བུས་གདབ་པོ། །སྤྲུལ་པའི་ཁྲོ་བོ་འཁོར་ལ་གདབ་བོ། །དེའི་འོག་ཏུ་པྲཛྙཱ?་ནྟ་ཀས་བདག་པོ་ལ་ཕུར ་བུས་གདབ་བོ། །སྤྲུལ་པའི་ཁྲོ་བོས་འཁོར་ལ་ཕུར་བུས་གདབ་བོ། །དེའི་འོག་ཏུ་པདམཱནྟ་ཀས་བདག་པོ་ལ་ཕུར་བུས་གདབ་པོ། །སྤྲུལ་པའི་ཁྲོ་བོས་འཁོར་ལ་གདབ་བོ། །དེའི་འོག་ཏུ་བིགྷྣཱཾ?་ཏ་ཀས་བདག་པོ་ལ་ཕུར་བུས་གདབ་པོ། །སྤྲུལ ་བའི་ཁྲོ་བོས་འཁོར་ལ་གདབ་བོ། །དེའི་འོག་ཏུ་ཊཊ་ཀི་རཱ་ཛས་བདག་པོ་ལ་ཕུར་བུས་གདབ་བོ། །སྤྲུལ་པའི་ཁྲོ་བོས་འཁོར་ལ་གདབ་བོ། །དེའི་འོག་ཏུ་ནཱི་ལ་དཎྜས་ས་བདག་པོ་ལ་ཕུར་བུས་གདབ་བོ། །སྤྲུལ་པའི་ཁྲོ་བོས་འཁོར་ལ ་གདབ་པ། །དེའི་འོག་ཏུ་མ་ཧཱ་པཱ་ལས་བདག་པོ་ལ་ཕུར་བུས་གདབ་པོ། །སྤྲུལ་པའི་ཁྲོ་བོས་འཁོར་ལ་གདབ་བོ། །དེའི་འོག་ཏུ་ཨཱརྱ་ཨ་ཙ་ལས་བདག་པོ་ལ་ཕུར་བུས་གདབ་པོ། །སྤྲུལ་པའི་ཁྲོ་བོས་འཁོར་ལ་གདབ་པོ། །དེའི་འོག ་ཏུ་པདྨ་ཀུཎྜ་ལིས་བདག་པོ་ལ་ཕུར་བུས་གདབ་བོ། །སྤྲུལ་པའི་ཁྲོ་བོས་འཁོར་ལ་གདབ་པོ། །ཕུར་བུ་གདབ་པའི་ཚུལ་གྱི་ཆོ་ག་ཚུལ་དེ་ལྟར་ཤེས་བར་བྱའོ། །གཞན་ཡང་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་ལ་གོང་དུ་སྨོས ་པའི་ཚུལ་དུ་ཕུར་བུས་གདབ་པའི་དུས་སུ་སྔགས་བསྟན་པར་བྱ་སྟེ་།ོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུ་སྟན་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་བཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ་ཡ་བཛྲ་ད་རོ། ཨཛྙཱ་པ་ཡ་ཏི། ཀཱ་ཡ་དཀྩི ་ཏྟ། བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། སྔགས་དེའི་དོན་བཤད་པར་བྱ་སྟེ། ཨོཾ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་སྟེ། དེ་བརྗོད་པས་ཕུར་བུའི་ལས་ཀྱི་དངོས་གྲུབ་མངོན་དུ་གྱུར་པར་གསུངས་སོ། །གྷ་ནི་གོང་དུ་སྨོས་པའི་བདུད་ཀྱི་དབུང?་མ ་རུངས་པ་གནོད་པར་བྱེད་བ་ཐམས་ཅད་ནི་སྡིག་པའི་ལས་ཀྱི་མྱུ་གུ་ལས་སྐྱེས་པའོ། །གྷ་ནི་བདུད་ཀྱི་དཔུང་མ་རུངས་པ་གནོད་བར་བྱེད་པ་ཐམས་ཅད་གཟུགས་ཀྱི་ཕུང་པོར་ལུས་ངག་ཡིད་གསུམ་དང། གཉིས་སུ་མེད་པར་ལྡན་པར ་གསུངས་སོ། །གྷཱ་ཏ་ཡ་ནི་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་རས། ཡ་མཱནྟ་ཀ་ལ་སོགས་པ་ཁྲོ་བོའི་བདག་པོ་ངོ་བོ་དགུ་ལ་བཀའ་སྩལ་པ། རྡོ་རྗེ་ཐོབས་རྡོ་རྗེ་ཕུར་བུའི་སྤྱི་བོ་རྡུངས་ཤིག་ཞེས་པ་ཏེ། དེ་ལྟར་སྦྱོར་བ་བདུད་ཀྱི་དབུང་མ་རུངས་པ ་གནོད་བ་བྱེད་པ། ཐམས་ཅད་བརྡུང་བའི་དོན་དུ་གསུངས་སོ། །གྷཱ་ཏ་ཡ་ནི་མདུན་དུ་སྨོས་པའི་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་རས་བཀའ་སྩལ་བའི་འོག་ཏུ་ཡ་མཱནྟ་ཀ་ལ་སོགས་པའི་ཁྲོ་བོའི་བདག་པོ་ཁྲོ་བོར་གནས་པ་དགུས་ཐོས་མ་ཐག་ཏུ ་ཉིད་ཉིད་ཀྱི་སྤྲུལ་པའི་ཁྲོ་བོའི་རྒྱལ་པོ་སྤྲིན་ལྟ་བུ་ལ་མདུན་དུ་སྨོས་པའི་དོན་གྱི་ཚུལ་དུ་བཀའ་སྩལ་པའོ། །སརྦ་དུ་སྟམ་ནི་མདུན་དུ་སྨོས་པྲ་ནི་མ་རུངས་པ་ཆིངས་པ་དང་གཤིན་རྗེ་ལ་སོགས་པ་འཁོར་དང་བཅས་པ་མ་ལུས་པའོ། ། ་ཕཊ་ནི་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་ར་ལ་སོགས་པའི་སྤྲུལ་པའི་སྐུ་ཁྲོ་བོ་སྤྲིན་དང་མཉམ་པ་མ་ལུས་པ་མཉམ་པར་དུས་གཅིག་ཏུ་འཇིགས་པ་ཆེན་པོའི་སྒྲ་བརྗོད་པར་བསམ་ཏེ། བཤད་པར་བྱའོ། །ཡི ་གེ་ཕ་ནི་མདུན་དུ་སྨོས་པ་ལྟར་མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སོ་སོར་རྟོགས་བའི་ཡེ་ཤེས་དང། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་སྟེ། དེས་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་ཀྱི་དབང་པོ་ཐམས་ཅད་ཀྱི ་སྟོབས་མེད་པར་བྱེད་དོ། །ཡི་ཤེས་ཏ་ནི་གོང་དུ་སྨོས་པ་ལྟར་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་སྟེ། དེས་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་ཀྱི་སེམས་ཀྱི་ཆོ་འཕྲུལ་དང་སྒྱུ་མའི་སྤྲུལ་པ་བྱེད་པ་ཉམས་པར་བྱེད་དོ། །ཡང ་ཡི་གེ་ཕས་ནི་གཟི་བརྗིད་ཉམས་པར་བྱེད་དོ། །ཡི་གེ་ཏས་ནི་ལུས་ཀྱི་ཆ་ལུགས་ཕུན་སུམ་ཚོགས་པ་མེད་པར་བྱེད་དོ། །ཀཱི་ལ་ཡ་ནི་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་ཀྱི་སྤྱི་བོ་མན་ཆད་རྐང་པ་ཡན་ཆད་ཡན་ལག ་དང་ཉིད་ལག་མ་ལུས་པ་ཐམས་ཅད་ཕུར་བུས་ཐོབ་ཤིག་པའོ། །ཡང་ཀཱི་ལ་ཡ་ནི་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་དཀྱིལ་འཁོར་གྱི་རྒྱུད་འཆད་པའི་ཕྱིར་ཕུར་བུས་གདབ་པས ་རྣམ་པར་ཤེས་པའི་སེམས་རྡོ་རྗེ་ཕུང་བུ་ལ་གཉིས་སུ་མེད་པའི་ངོ་བོར་ཐིམ་པར་འགྱུར་བར་བསམས་སོ། །སརྦ་པཱ་པ་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་སྔོན་སྐལ་པ་གྲངས་མེད་པར་སྐྱེ་བ་བླངས་པའི་མ་རིག་པ ་ལས་བྱུང་བའི་མི་དགེ་བའི་བྱེ་བྲག་སྣ་ཚོགས་ཀྱིས་མ་རུངས་པའི་ལས་ཆེན་པོ་བྱས་པའི་ས་བོན་གྱིས་སྡིག་པའི་ཕུང་པོ་ཚད་མེད་པ་བསོད་ནམས་མ་ཡིན་པའི་འབྲས་བུ་ངོ་བོ་བསགས་པ་དེ་ལྟར་སརྦ་པཱ་པཾ་ཀྱི་དོན་དུ་གསུངས་སོ། ། ་ཕཊ་ནི་གོང་དུ་སྨོས་པའི་ཚུལ་དུ་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་ར་ལ་སོགས་པ་སྤྲུལ་པའི་ཁྲོ་བོ་མ་ལུས་པ་འཇིགས་པ་ཆེན་པོའི་སྒྲས་དུས་གཅིག་དུ་བརྗོད་པར་བསམ་མོ། །བཤད་པར་བྱ་སྟེ། ཡིག་འབྲུ་པ་ནི་གོང་དུ་སྨོས་པ་ལྟར་ཡེ་ཤེས་གསུམ ་གྱི་ངོ་བོ་སྟེ། དེས་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་ཀྱི་སྡིག་པའི་ཕུང་པོ་གོང་དུ་སྨོས་པ་དེ་མེད་པར་བྱེད་པའོ། །ཡི་གེ་ཏ་ནི་གོང་དུ་སྨོས་པ་ལྟར་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་སྟེ། གོང་དུ་སྨོས་པའི་ཡི་གེ་ཏས་སྡིག་པའི ་ཕུང་པོ་མེད་པར་བྱ་བའི་འོག་ཏུ་ནམ་མཁའ་བཞིན་དུ་ངོ་བོ་མེད་པ་ཕྱིས་སྒྲིབ་པ་གཅོད་པར་བྱེད་པས་ཏའི་དོན་དུ་གསུངས་སོ། །ཕཊ་ཀྱི་སྔགས་ཀྱི་ཡི་གེ་འབྲུ་གཉིས་ཀྱི་གོང་དུ་བདུད་ཀྱི་དཔུང་མ་རུངས་པ་ཉིད་གནོད་པ་བྱེད་པ་ཐམས་ཅད་ཀྱི་སྡིག་བའི་ཕུང་པོ ་ཉིད་བྱས་པ་དེ་བཞིན་དུ་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་གྱི་དཀྱིལ་འཁོར་དུ་འཇུག་པ་སློབ་མ་དང་བཅས་པ་ལ། གལ་ཏེ་སྡིག་པ་ཡོད་ན་དེ་དག་ཐམས་ཅད་མ་ལུས་པར་མེད་པར་འགྱུར་རོ། །བཤད་པར་བྱ་སྟེ། མདུན་དུ་སྨོས་པའི་བདུད་ཀྱི ་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་ལ་ཕུར་བུ་གདབ་པ་སྔགས་ཀྱི་བྱིན་གྱི་བརླབས་ཀྱི་སྡིག་པ་མེད་པར་མཛད་པ། བསོད་ནམས་ཀྱི་ངོ་བོ་སྔགས་ཀྱི་ཡིག་འབྲུ་ཕཊ་ཀྱི་སྦྱོར་བའི་བྱིན་གྱིས་བརླབས་ཀྱིས་སྡིག་པ་ཐམས་ཅད་མེད་པར་འགྱུར ་བར་གསུངས་སོ། །ཧཱུཾ་ནི་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་ལ། །ཧཱུཾ་གྱི་སྒྲ་ཁྲོ་བོ་ཆེན་པོས་བརྗོད་པར་བྱ་སྟེ། དེ་བརྗོད་མ་ཐག་ཏུ་ལུས་ཀྱི་ཚོགས་མང་པོ་མེད་པར་འགྱུར་རོ། །ཡང་ན་སྔགས་ཀྱི་ཡིག་འབྲུ་ཧཱུཾ་གི་སྒྲ་གོང ་མ་བཞིན་དུ། ཁྲོ་བོ་ཆེན་པོས་བརྗོད་པར་བྱ་སྟེ། དེ་བརྗོད་མ་ཐག་ཏུ་དག་གི་ཚོགས་མེད་པར་གསུངས་སོ། །ཡང་སྔགས་ཀྱི་ཡིག་འབྲུ་ཧཱུཾ་གི་སྒྲ་གོང་མ་བཞིན་དུ་ཁྲོ་བ་ཆེན་པོ་བརྗོད་པར་བྱ་སྟེ། བརྗོད་མ་ཐག་ཏུ་སེམས་ཀྱི་ཚོགས་མེད་པར ་གསུངས་སོ། །སྔགས་ཀྱི་ཡིག་འབྲུ་ཧཱུཾ་གསུམ་གྱི་དོན་གཞན་ཡང་བསྟན་པར་བྱ་སྟེ། མདུན་དུ་སྨོས་པའི་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་ཀྱི་ལུས་?་ཡིད་གསུམ་གྱི་ཚོགས་མེད་པར ་བྱས་པས་དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་དུ་འཇུག་པའི་སློབ་མ་དང་བཅས་པའི་ལུས་ངག་ཡིད་གསུམ་རྒྱས་བར་འགྱུར་བར་གསུངས་སོ། །བཛྲ་ཀཱི་ལ་ཡིན?་ཐུགས་རྡོ་རྗེའི་རིགས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས ་ཀྱི་ངོ་བོ་ལ་རྡོ་རྗེ་ཕུར་བུའི་དོན་དུ་བསྟན་ཏོ། །བཛྲ་ད་རོ་ཨ་ཛྙཱ་པ་ཡ་ཏི་ནི་སྐབས་འདིར་བཛྲ་ད་རོ་ནི་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་ར་ལ་བཀའ་སྩལ་པ་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་མེད་པར་བྱ་བའི་ཕྱིར་ཕུར་བུ ་གདབ་པའི་སྦྱོར་བའི་ལས་བྱེད་པ་རྡོ་རྗེ་ཕུར་བུའི་ངོ་བོ་ཨ་མྲི་ཏ་ཀུཎྜ་ལི་ཉིད་ཡིན་ཏེ། ཀཱ་ཡ་བཀྩིཏྟ་བཛྲ་ཀཱི་ལ་ཡ་ནི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གཉིས་སུ་མེད་པ་མི་བྱེད་པ་ཕུང་བུའི་ངོ་བོ་གསུངས་སོ། །གཞན་ཡང་ཀཱ་ཡ ་བིགཙ་ཏྟ་བཛྲའི་སྒྲ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཕུར་བུ་སྦྱོར་བའི་ལས་འདིས་འཇིགས་པར་འགྱུར་ན། འཁོར་བའི་སེམས་ཅན་ལྟ་ཅི་སྨོས་སོ། །ཧཱུཾ་ཕཊ་ནི་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་ར་ལ་སོགས་པ་ཁྲོ་བོའི ་བདག་པོའི་ངོ་བོ་དགུ་དང། གཞན་ཡང་སྦྲུལ་པའི་ཁྲོ་བོའི་རྒྱལ་པོ་སྤྲིན་དང་མཉམ་པས་དུས་གཅིག་ཏུ་བརྗོད་པར་བསམ་མོ། །བཤད་པར་བྱ་སྟེ། ཡི་གེ་ཧཱུཾ་ནི་མེ་ལོང་ལྟ་བུའིཡེ་ཤེས་ཀྱི་ངོ་བོ་བསྐལ་པའི་མེ་བས་ཆེར ་འབར་བའི་ཡེ་ཤེས་ཀྱི་མེས་མདུན་དུ་སྨོས་པའི་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་ཀྱི་ལུས་ཀྱི་ཚོགས་རབ་ཏུ་འབར་བར་གསུངས་སོ། །ཡིག་འབྲུ་ཡིན་གོང་དུ་སྨོས་པ་ལྟར་མཉམ་པ་ཉིད་ཀྱི་ཡེ་ཤེས ་དང་ད?་སོ་སོར་རྟོགས་པའི་ཡེ་ཤེས་དང། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གསུམ་ནི་ངོ་བོས་བདུད་ཀྱི་དཔུང་མ་རུངས་པ་ཉིད་གནོད་པ་བྱེད་པ་ཐམས་ཅད་ཡི་གེ་ཧཱུཾ་གིས་རབ་ཏུ་འབར་བར་མཛད་པའི་ལུས་ཀྱི་ཚོགས་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་ར་ལ ་སོགས་པ་སྤྲུལ་པའི་ཁྲོ་བོའི་རྒྱལ་པོ་སྤྲིན་དང་མཉམ་པ་མ་ལུས་པ་ཐམས་ཅད་ཀྱི་ཉིད་ཉིད་ཀྱི་སྐུའི་རིམ་པ་ཡིག་འབྲུ་ཕའི་ངོ་བོར་གཉིས་སུ་མེད་པར་མཛད་ནས་བསྡུ་བར་བསམ་མོ། །ཡིག་འབྲུ་ཏ་ནི་མདུན་དུ་སྨོས་པའི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་བདུད ་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་པ་ཐམས་ཅད་ཀྱི་ལུས་ཀྱི་ཚོགས་ཡིག་འབྲུ་ཕས་གཉིས་སུ་མེད་པའི་ངོ་བོར་བསྡུས་པ་སྟེ། བསྡུས་མ་ཐག་ཏུ་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་ར་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་མ་ལུས་པ་སྤྲིན་དང་མཉམ་པ་ཐམས་ཅད་ཀྱི་སོ་སོའི་སྐུ ་ཕྱག་རྒྱ་བསྐལ་པའི་མེ་བས་ལྷག་པར་འབར་བར་ཡིག་འབྲུ་ཏའི་ངོ་བོར་བསམ་པར་བསྟན་ཏོ། །གཞན་ཡང་བསྲུང་བའི་འཁོར་ལོ་བསྡུ་བའི་དོན་བསྟན་པར་བྱ་སྟེ། དང་པོ་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་རས་ཉིད་ཀྱི་གསང་བའི་ཐུགས་ཀ་ཡེ་ཤེས་སེམས་པ་གནས ་ནས་ཉིད་ཀྱི་ཁྲོ་བོའི་རྒྱལ་པོ་སྦྲིན་དང་མཉམ་པ་གང་སྤྲོ་བར་མཛད་པ་དེ་གཉིས་སུ་མེད་པར་བསྡུས་པར་བསམ་མོ། །དེའི་འོག་ཏུ་ཡ་མཊཏ?་ཀ་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་བདག་པོའི་ངོ་བོར་གནས་པ་དགུས་ཉིད་ཉིད་ཀྱི་རིམ་པས་མདུན་དུ་སྨོས་པའི་གནས ་ཕུན་སུམ་ཚོགས་པ་བསྡུ་བར་མཛད་པར་བསམ་མོ། །བསྡུ་བར་མཛད་པའི་དོན་གཞན་ཡང་བསྟན་པར་བྱ་སྟེ། །དང་པོ་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་རས་མདུན་དུ་སྨོས་པའི་གནས་སུ་ཡ་མནྟ་ཀ་ལ་སོགས་པ་བདག་པོའི་ངོ་བོར་གནས་པ་ཁྲོ་བོ་དགུ་རིམ་པར ་བསྡུ་བར་མཛད་པར་བསམ་མོ། །དེའི་འོག་ཏུ་མདུན་དུ་སྨོས་པའི་གནས་དང། གདན་གྱི་ངོ་བོ་འཁོར་ལོ་དང། ཉི་མའི་དཀྱིལ་འཁོར་གཉིས་ཁྲོ་བོའི་རྒྱལ་པོ་བཛྲ་ཧཱུཾ་ཀ་རའི་སྐུ་ཕྱག་རྒྱ་དང་བཅས་པ་བསྐལ་པའི་མེ་ཆེན་པོ་བཞིན་དུ། འབར་བའི་འོད་ཀྱི་ངོ་བོར་ ་གྱུར་པའོ་།བཤད་པར་བྱ་སྟེ། རྡོ་རྗེ་མེ་ཀློག་གི་ངོ་བོ་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་མ་ལུས་པར་སྤྲོ་བར་བསམ་མོ། །ངོ་ཅིའི་ཕྱིར་ཞེ་ན། གལ་ཏེ་མ་འོངས་པའི་བདུད་ཀྱི་དཔུང་མ་རུངས་པ་གནོད་པ་བྱེད་འབྱུང་ན་དེ་དག་ཐམས་ཅད ་གོང་དུ་སྨོས་པའི་རྡོ་རྗེ་མེས་ཚིག་པར་ཕྱོགས་བཅུར་འཕྲོས་པར་བསམ་མོ། །དེ་ལྟར་བྱས་པའི་འོག་ཏུ་རྡོ་རྗེ་འབར་བའི་འོད་དེ། དཀྱིལ་འཁོར་གྱི་ས་གཞི་གནས་སུ་ཐིམ་པར་གྱུར་པར་བསམ་མོ། །དེ་ལྟར་བསྒོམ་པའི་སྦྱོར་བ་བྱས་པས་ཡེ ་ཤེས་ཀྱི་ས་གཞིར་གྱུར་པར་གསུངས་སོ། །དེའི་འོག་ཏུ་སྐད་ཅིག་ཙམ་དོན་དམ་པའི་དོན་བསྒོམ་པར་བྱའོ། །བཤད་པར་བྱ་སྟེ། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ངོ་བོ་མེད་པ་ནམ་མཁའ་བཞིན་དུ་བསྒོམ་པར་བྱའོ། །དེ་དག་ཐམས་ཅད་མདོར་བསྡུས ་པའི་བསྲུང་བའི་འཁོར་ལོ་བསྒོམ་པའི་དོན་དུ་ཤེས་པར་བྱའོ། །ད་ནི་དཀྱིལ་འཁོར་གྱི་ཕྱི་ནང་གི་ཚང་ནི་བྱེ་བྲག་གི་དོན་བསྟན་པར་བྱ་སྟེ། ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །ཁྲུ་ནི་བཅུ་གཉིས་ཚང་དུ་བྱ། །ངོས་གཞི་ངང་ནི་གྲཝ་བཞིར་ལྡན། ། ་སྒོ་བཞི་བར་ནི་རབ་ཏུ་བརྟག་ཞེས་བྱ་བའི་དོན་བསྟན་པར་བྱ་སྟེ། ཅི་ལྟར་ཡིན་ན། ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི་མདུན་དུ་སྨོས་པའི་དོན་དབྱིངས་དང་ཡོན་ཏན་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དམ་པར་གསུངས་སོ། །ཁྲུ་ནི་བཅུ་གཉིས་ཚད་དུ ་བྱ་ཞེས་བྱ་ནི། ནང་གི་དཀྱིལ་འཁོར་རེའུ་མིག་དགུའི་ཕྱོགས་བཞི་ཀ་ཁྲུ་བཅུ་གཉིས་བཅུ་གཉིས་ཚད་དུ་བྱའོ། །དེའི་ཕྱིའི་ནི་ཟླུམ་པོའི་ཚུལ་རྡོ་རྗེ་ར་བས་བསྐོར་བར་བསྟན་ཏོ། །བཤད་པར་བྱ་སྟེ། དཀྱིལ་འཁོར་གྱི་ནང་རེའུ་མིག་དགུའི་རྡོ་རྗེ་ར ་པས་བསྐོར་རོ། །དེའི་ཕྱིའི་ཁྲུ་བཞི་ལྡབ་ཀྱི་ཚད་དུ་ཁྲུ་ཉི་ཤུ་རྩ་བཞིར་བྱའོ། །གྲུ་བཞིར་དེའི་ཕྱི་མཆོད་རྟེན་བཞིའི་ཚུལ་གྱི་མཆོད་རྟེན་གྱི་རྩེ་མོ་ནས་བཟུང་བ་ནང་གི་སུམ་ལྡབ་ཁྲུ་སུམ་ཅུ་རྩ་དྲུག་གི་ཚད་དུ་བྱའོ། །དེ་ནི་དཀྱིལ་འཁོར་ཆེན་པོའི ་ཚང་དུ་གསུངས་སོ། །གཞན་ཡང་ཡོན་བདག་གི་དཀྱིལ་འཁོར་ཆེན་པོ་མི་ལྕོགས་ན། ཅི་ལྟར་བྱ་བ་བཤད་པར་བྱ་སྟེ། མདུན་དུ་སྨོས་པ་ནང་གི་དཀྱིལ་འཁོར་རེའུ་མིག་དགུ་པའི་ཕྱོགས་བཞི་ཀ་ཁྲུ་དྲུག་དྲུག་དུ་བྱའོ། །ཡང་ན་གསུམ་ཡོད་ན ་གཅིག་གོ་།དེའི་རིམ་པ་བར་མ་དང་ཕྱི་མ་ཡང་གོང་དུ་སྨོས་པའི་ཚང་དུ་བྱའོ། །ཚད་དེ་ལས་ཆུང་ན་དངོས་གྲུབ་ཉམས་པར་འགྱུར་རོ། །དེ་ནས་དབྱིབས་ཀྱི་དོན་བཤད་པར་བྱ་སྟེ། ངོས་བཞི་ནི་ཕྱོགས་བཞི་ཀ་ཆེ་ཆུང་མེད་པར་མཉམ་པའོ། ། ་གྲཝ་བཞི་ནི་ངོས་གཉིས་རྩེ་མོ་སྦྱར་བ་མཉམ་པར་བྱ་བའོ། །དེ་ནས་སྒོ་བཞི་ཞེས་པ་ནི་རིམ་པ་བར་མ་གྲུ་བཞིའི་དབུས་སུ་སྒོ་བཞི་ཚང་མཉམ་པ་བྱ་བའོ། །རབ་ཏུ་བརྟག་ཞེས་པ་ནི་བདེ་བ་སྟེ་བཤད་མི་དགོས་སོ། །དེ་ནས་ནང་གི་ཚ་ཀྱི་དོན་བསྟན་པར ་བྱ་སྟེ། མདུན་དུ་སྨོས་པའི་ཐུགས་རྡོ་རྗེའི་རིགས་བསྟན་པ་ཁྲུས་མཁན་གྱི་བདག་ཉིད་ཀྱི་བུ་མོ་འམ། ཡང་ན་རིགས་ངན་གྱི་བུ་མོ་ཡང་མི་འགལ་ཏེ། །མདུན་དུ་སྨོས་པའི་མཚན་དང་ཡན་ཏན་ཐམས་ཅད་དང་ལྡན་པ་ལོ་བཅུ་གཉིས་ལོན་པ། ་ཡང་ན་ལོ་གྲངས་ཅུང་མང་ཡང་མི་འགལ་ཏེ། དེ་ལྟར་ཚང་ནི་དོན་དུ་གསུངས་སོ། །དེ་ནས་ཐུགས་ཀྱི་དཀྱིལ་འཁོར་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ཞེས་པ་ནི་ཤེས་རབ་ལྷ་མོ་མཱ་མ་ཀཱི་ཡེ་ཤེས་ཀྱི་གཞལ་ཡས་ཁང་དཀྱིལ་འཁོར་གྱི་ངོ་བོ་དེ ་ཁྲུས་མཁན་གྱི་བདག་ཉིད་ཀྱི་བུ་མོ་དེ་ཡིན་པར་བརྟག་གོ། །།དམ་པ་ཞེས་པ་ནི། མདུན་དུ་སྨོས་པའི་མཚན་ཉིད་དང་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ལ་དམ་པ་ཞེས་བྱའོ། །དེ་ནས་དབྱིབས་ཀྱི་ངོ་བོ ་བཤད་པར་བྱ་སྟེ། ངོས་བཞི་ཞེས་པ་ནི་བརྡའ་སྐད་དེ། མཱ་མ་ཀཱི་དང་གཉིས་སུ་མེད་པའི་ངོ་བོ་ཁྲུས་མཁན་གྱི་བདག་ཉིད་ཀྱི་བུ་མོ་སྟེ། དེ་ནི་དེ་བཞིན་གཤེགས་པ་བཞིའི་ལྷ་མོ་བཞིའི་ཡེ་ཤེས་དང་གཉིས་སུ་མེད་པའི་སྐུ་ཕྱག་རྒྱ་ལ་ངོས ་བཞིའི་དོན་དུ་བསྟན་ཏོ། །གྲཝ་བཞིའི་ཞེས་པ་ནི། མདུན་དུ་སྨོས་པ་དེ་བཞིན་གཤེགས་པ་བཞིའི་ཤེས་རབ་ལྷ་མོ་བཞི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་དེ། རྡོ་རྗེ་སེམས་དཔའ་མི་ཕྱེད་པས་མཚན་ཉིད་ཀྱི ་ཚུལ་གྱིས་འཁྱུད་ནས་སྦྱོར་བ་མཛད་པ་ལ་གྲཝ་བཞི་ཞེས་བྱའོ། །དེ་ནས་སྒོ་བཞི་པ་ནི་རབ་ཏུ་བརྟག་ཞེས་པ་ནི། མདུན་དུ་སྨོས་པའི་ཐབས་དང་ཤེས་རབ་སོ་སོར་འཁྱུད་པའི་འོག་ཏུ་གཉིས་ཀས་སེམས་ཀྱིས་དེ་བཞིན་གཤེགས་པ ་བཞིའི་ཡེ་ཤེས་རྗེས་སུ་དྲན་པས། སྤྲོ་ཞིང་བྱིན་གྱིས་བརླབ་པ་དང་བསྡུ་བའི་ཚུལ་གྱི་ཆོ་ག་བྱའོ། །དེའི་དོན་གསལ་བར་བསྟན་པར་བྱ་སྟེ། ཉིད་ཀྱི་གསང་བའི་ཐུགས་ཁ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་དང་པོ་ཆོས་ཀྱི་དབྱིངས ་གྱི་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡིག་འབྲུ་ཨ་ཁ་དོག་དཀར་པོ་ཡེ་ཤེས་ཀྱི་ཁུ་པའི་ངོ་བོ་འབར་བར་བསམས་ཏེ། ས་བོན་དེ་ལས་ཡེ་ཤེས་ཀྱི་འོད་ཟེར་གྱི་ཕྲེང་བ་ཁ་དོག་དཀར་པོ་གྲངས་མེད་པ་བ་སྤུའི་བུ་གའི་ལམ་ནས་སྒྲོས་པས ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། ཁྱབ་མ་ཐག་ཏུ་སེམས་ཅན་མ་ལུས་པ་ཐམས་ཅད་བྱིན་གྱིས་བརླབས་པས། ཉོན་མོངས་པའི་གཏི་མུག་སྡིག་པ་ཅི་བསགས་པ་དེ་དག་ཐམས་ཅད་མེད་པར་བྱས་ནས་ཡེ་ཤེས ་ཀྱི་འོད་ཟེར་གྱི་ཕྲེང་བ་རྣམས་སྤྲོ་པའི་གནས་སུ་སླར་བསྡུ་བར་བྱའོ།། །།དེ་ལྟར་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་རྗེས་སུ་དྲན་པར་ཤར་གྱི་སྒོའི་ངོ་བོར་བརྟག་གོ་།དེ་ནས་གོང་དུ་སྨོས་པའི་གནས ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་སྭ་ཁ་དོག་སེར་པོ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་འོད་དུ་ཞུ་བར་བསམ་སྟེ། ས་བོན་དེ་ལས་ཡེ་ཤེས་ཀྱི་འོད་ཟེར་གྱི་དྲ་བ་ཁ་དོག་སེར་པོ་གྲངས་མེད་པ་བ་སྤུའི་བུ་གའི་ལམ་ནས་སྤྲོ་བར ་བྱ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། ཁྱབ་མ་ཐག་ཏུ་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་ནས་ཉོན་མོངས་པ་ང་རྒྱལ་གྱིས་སྡིག་པ་བྱས་པ་ཐམས་ཅད་མེད་པར་བྱས་ནས་ཡེ་ཤེས་ཀྱི་འོད་ཟེར་གྱི་དྲ་བ་རྣམས་སྤོ ་བའི་གནས་སུ་སླར་བསྡུ་བར་བྱའོ། །དེ་ལྟར་རིན་འབྱུང་ལྡན་གྱི་ཡེ་ཤེས་སེམས་པའི་རྗེས་སུ་དྲན་པ་ལྷོ་ཕྱོགས་ཀྱི་སྒོའི་ངོ་བོར་རྟག་གོ་།དེ་ནས་གང་དུ་སྨོས་པའི་གནས་ནས་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡིག་འབྲུ་ཨ་ཁ་དོག ་དམར་པོ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་འོད་དུ་ཞུ་བར་བསམས་ཏེ། ས་བོན་དེ་ལས་ཡེ་ཤེས་ཀྱི་འོད་ཟེར་གྱི་དྲ་བ་ཁ་དོག་དམར་པོ་དྲངས་མེད་པ་བསྡུའི་བུ་གའི་ལམ་ནས་སྤྲོ་བར་བྱ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ?་སྟེ། ་ཁྱབ་མ་ཐག་ཏུ་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་ནས་ཉོན་མོངས་པ་འདོད་ཆགས་ཀྱི་དབང་གིས་སྡིག་པ་ཅི་སྙེད་པ་བྱས་པ་ཐམས་ཅད་མེད་པར་བྱས་ནས་ཡེ་ཤེས་ཀྱི་འོད་ཟེར་གྱི་དྲ་བ་རྣམས་སྤྲོ་པའི་སླར?་བསྡུ? ་བར་བྱའོ། །དེ་ལྟར་སྣང་པ་མཛའ་ཡས་ཀྱི་ཡེ་ཤེས་རྗེས་སུ་དྲན་པ་ནུབ་ཕྱོགས་ཀྱི་སྒོའི་ངོ་བོར་བརྟག་གོ་།དེ་ནས་གོང་དུ་སྨོས་པའི་གནས་ནས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ས་བོན་ཡིག་འབྲུ་ཁ་དོག་ལྗང་ཁུ་ཡེ་ཤེས་ཀྱིས་? ་པོར་འོད་དུ་ཞུ་བར་བསམ་སྟེ། ས་བོན་དེ་ལས་ཡེ་ཤེས་ཀྱི་འོད་ཟེར་གྱི་ཕྲེང་བ་ཁ་དོག་ལྗང་ཀུ་གྲངས་མེད་པ་བ་སྤུའི་བུ་གའི་ལམ་ནས་སྤྲོ་བར་བྱ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། ཁྱབ་མ་ཐག་ཏུ་སེམས་པ? ་མ་ལུས་པ་ཐམས་ཅད་བྱིན་གྱིས་བརླབས་པ་ནས་ཉོན་མོངས་པ་ཕྲག་དོག་གི་དབང་གིས་སྡིག་པ་ཇི་ལྟ་པ་བྱས་པ་ཐམས་ཅད་མེད་པར་བྱས་ནས། ཡེ་ཤེས་ཀྱི་འོད་ཟེར་གྱི་ཕྲེང་བ་རྣམས་སྒྲོ་བའི་གནས་སུ་སླར་བསྡུས་བར་བྱའོ། ། ་དེ་ལྟར་དོན་ཡོད་གྲུབ་པའི་ཡེ་ཤེས་རྗེས་སུ་དྲན་པ་བྱང་ཕྱོགས་ཀྱི་སྒོའི་ངོ་བོར་བརྟག་གོ་།དེ་ལྟར་ནང་གི་སྒོ་བཞིའི་དོན་དུ་ཤེས་པར་བྱའོ། །གཞན་ཡང་ནང་གི་དཀྱིལ་འཁོར་གཞལ་ཡས་ཁང་གི་ངོ་བོའི་ས ་བོན་ལས་གདན་བཀསྱེད་པ་དང། ས་བོན་ལས་ས་བོན་བསྐྱེད་པའི་ལེའུ་བཅུ་གཅིག་པ་ལས་འབྱུང་བའི་ཚུལ་གྱི་ཆོ་ག་བསྟན་པར་བྱ་སྟེ། ཐུགས་ཀྱི་དཀྱིལ་འཁོར་ཡེ་ཤེས་ཀྱི་གཞལ་ཡས་ཁང་གི་གདན་བསྐྱེད་པ་ནི་གསང་བའི ་ཐུགས་ཁ་ཡེ་ཤེས་སེམས་དཔའ་ཨི་གནས་ནས་ས་བོན་ཡིག་འབྲུ་པ་མ་འམ་ཡང་ན་ཨཱ་ཡང་མི་འགལ་ཏེ། ཁ་དོག་དམར་པོ་ལས་པདྨ་ཆེན་པོའི་འདབ་མ་གྲངས་མེད་པ་ཆོས་ཀྱི་དཀྱིལ་འཁོར་དུ་མིང་བཏགས་པ་བསྐྱེད་པར་བྱའོ། ། ་དེའི་སྟེང་དུ་ས་བོན་ཡིག་འབྲུ་ཧཱུཾ་གཟུགས་ཆེ་བ་ཡེ་ཤེས་ཀྱི་ཁུ་བའི་ངོ་བོར་འོད་དུ་ཞུ་སྟེ། གསེར་ལྟ་བུ་བརྒྱ་མཚོ་ཆེན་པོ་དང། མཉམ་པར་གྱུར་པར་བསམ་སྟེ། ས་བོན་དེ་ལས་ས་བོན་ཡི་གེ་བྷྲུཾ་དུ་གྱུར་ཏེ། དེ་ནི་སངས་རྒྱས་སྤྱན ་ལ་སོགས་པ་དེ་བཞིན་གཤེགས་པ་བཞིའི་ལྷ་མོ་བཞི་ཡེ་ཤེས་དང་གཉིས་སུ་མེད་པ་ཁ་དོག་བཞི་དང་ལྡན་པར་བསམ་མོ། །བཤད་པར་བྱ་སྟེ། ས་བོན་ཡི་གེ་བྷྲུཾ་ལས་མེ་ལོང་ལྟ་བུ་ཡེ་ཤེས་ལ་སོགས་པ་ཡེ་ཤེས་རྣམ་པ ་ལྔའི་ངོ་བོ་རིགས་སོ་སོ་ཁ་དོག་དང་ལྡན་པའི་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་སྤྲིན་བཞིན་དུ་འཕྲོ་བར་བསྒོམས་ཏེ། ས་བོན་དེ་ལས་དཀྱིལ་འཁོར་ཡེ་ཤེས་ཀྱི་གཞལ་ཡས་ཁང་གོང་བུ་གྱུར་པར་གསུངས་སོ། །གཞན་ཡང་དཀྱིལ ་འཁོར་ཡེ་ཤེས་ཀྱི་གཞལ་ཡས་ཁང་གི་ངོ་བོ་ཚང་དང་དབྱིབས་དང། གཟུགས་དང་ཁ་དོག་དང་མཛེས་པའི་རྒྱན་ཕུན་སུམ་ཚོགས་པ་ལ་ལེའུ་བཅོ་བརྒྱད་པ་ལས་འབྱུང་བའི་ཚུལ་གྱི་ཆོ་ག་བསྟན་པར་བྱ་སྟེ། དཔག་ཚད ་བྱེ་བ་བཅུའི་ཁྱོན། །གྲུ་བཞི་ཤིན་ཏུ་མཛེས་པའི། །མཆོད་རྟེན་རིན་ཆེན་སྣ་བཞི་པ། །གསལ་ཞིང་རང་བཞིན་དྲི་མ་མེད་ཞེས་འབྱུང་སྟེ། ཆེ་ཆུང་གི་ཚད་ཀུན་དཔག་ཚད་བྱེ་བ་བཅུའོ། །དེའི་འོག་ཏུ་སློབ་མ་རྣམས་ཀྱི་དད་པ་ཆེན་པོའི་སེམས་དགའ་བས་བཟའ་བ་དང ་བཏུང་བ་ལ་སོགས་པ་ཚོགས་ཀྱི་མཆོད་པ་ཆེན་པོ་བྱའོ། །དེའི་འོག་ཏུ་དཀྱིལ་འཁོར་གྱི་ཚོན་ཇི་ལྟར་བཀྱེ་བའི་རིམ་པ་དེ་བཞིན་དུ་བསྡུ་བར་བྱའོ། །བཤད་པར་བྱ་སྟེ། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་མི་བསྐྱོད་པ་དང་གཉིས་སུ་མེད་པའི ་ང་རྒྱལ་དུ་བསྒོམས་པས། སྐུ་དང་གསུང་དང་ཐུགས་ཀྱི་སྔགས་ཧཱུཾ་ཨོཾ་ཨཱ་ཟླ་ཞིང་བསྡུ་བར་བྱ་བ་སྟེ། དཀྱིལ་འཁོར་གྱི་ཚོན་རྩི་བནདྷའི་ནང་དུ་བཞག་ལ། བནདྷ་དེ་ལག་པ་གཡོན་པས་བཟུང། ལག་པ་གཡས་པས་རྡོ་རྗེ་རྩེ་ལྔ་པ་བཟུང་སྟེ། ཁྲོ་བོའི་རྒྱལ ་པོས་ཨ་མྲི་ཏ་ཀུཎྜ་ལི་སྔགས་རིངས་བཟླ་ཞིང་རྡོ་རྗེ་གསོར་ཞིང། ས་གཙང་མ་མཐོན་པོ་མེ་ཏོག་དྲི་ཞིམ་པོ་དང། ཤིང་ཏོག་དང་ལྡན་པ་དང། དེ་བཞིན་རྩཝ་འཇམ་པ་དང། སྣུམ་པ་བསྐྱེ་བ་དང། ཆུ་དང་ལྡན་པ། དེ་ལྟར་ཕུན་སུམ་ཚོགས་པ་དང ་ལྡན་པའི་གནས་སུ་སྤངས་ཏེ། བཞག་པར་བྱའོ། །ཡང་ན་ཆུ་ཀླུང་གི་ནང་དུ་བླུགས་ཀྱང་མི་འགལ་ལོ།། །།གཞན་ཡང་འཕགས་པ་ཡེ་ཤེས་ཞབས་ཀྱིས་འགྲེལ་པ་མཛད་པའི་ནང་ནས་དཀྱིལ་འཀ་ཨོར་བསྡུ་བའི་དོན་བཤད་པ ་དྲངས་ནས་བཤད་པར་བྱ་སྟེ། དང་པོ་མདུན་དུ་ཅི་ལྟར་སྨོས་པའི་རྡུལ་མཚོན་གྱི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ། དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཉིད་ཀྱི་གསང་བའི ་ཐུགས་ཁ་ཡེ་ཤེས་སེམས་དཔའ་ཨི། གནས་ནས་བསྐྱེད་པ་དེ་དེའི་འོག་ཏུ། །ཐིམ་པར་མཛད་པ་དེ་བཞིན་དུ། ཆོ་གའི་རིམ་པ་མ་ནོར་བར་སྔར་ཕྱུད་བའི་གནས་སུ་བསྡུས་ཏེ་གཉིས་སུ་མེད་པའི་ངོ་བོར་གྱུར་པར་བསམ་མོ། །དེ་ལྟར་དཀྱིལ ་འཁོར་གྱི་ལྷ་རྣམས་བསྡུས་པའི་འོག་ཏུ། མདུན་དུ་སྨོས་པ་བཞིན་དུ་ལས་ཀྱི་རྡོ་རྗེས་ཚོན་རྩི་ཕྱིའི་གནས་སུ་བསྐྱལ་བར་བྱའོ། །དེ་ལྟར་བྱས་པའི་འོག་ཏུ་དཀྱིལ་འཁོར་བྲིས་པའི་གནས་ས་གཞི་རྫས་དྲི་ཞིམ་པོ་ཐམས་ཅད ་བསྲེག་ནས་ཕྱེ་མ་བྱས་ནས་ཆུ་དང། བསྲེས་ཏེ་སྣོད་གང་ཡང་རུང་བར་བླུགས་ལ་ལས་ཀྱི་རྡོ་རྗེས་བསྐུ་བར་བྱའོ། །དེའི་དུས་སུ་ཁྲོ་བོའི་རྒྱལ་པོ་ཨ་མྲི་ཏ་ཀུཎྜ་ལི་སྔགས་རིངས་ཁྲོ་བོ་ཆེན་པོ་བཟླ་བར་བྱའོ། །གཞན་ཡང་དཀྱིལ་འཁོར་གྱི་གནས ་ས་གཞི་བསྐུ་བའི་དུས་སུ་སློབ་མ་རྣམས་ཀྱི་སྣ་ཚོགས་ཀྱི་བྱེ་བྲག་གི་མཆོད་པ་ཆེན་པོ་བྱའོ། །དཀྱིལ་འཁོར་དེ་ལ་མཆོད་པའི་རྫས་ཀྱི་ངོ་བོ་ཕུན་སུམ་ཚོགས་པ་ཇི་སྙེད་སློབ་མ་རྣམས་ཀྱི་ཕུལ་བ་དེ་དག་ཐམས་ཅད་ཀྱི་བདག་པོ་དཀྱིལ་འཁོར ་གྱི་རྡོ་རྗེ་སློབ་དཔོན་གྱི་ཡིན་པར་ཤེས་པར་བྱའོ།། །།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གསང་བ་འདུས་པའི། །རྒྱ་ཆེར་འགྲེལ་པ། །མཁས་པ་ཆེན་པོ། །རྡོ་རྗེ་སློབ་དཔོན་འཕགས་པ་ཀུན་དགའ་ཨི་སྙིང་པོས་མཛད་པ། ལེའུ་བཞི ་པ་རྫོགས་སོ།། །།གསང་འདུས་ཀུན?་སྙིང་གི་འགྲེལ་ཆེན་དུམ་བུ་གཉིས་པ་བཞུགས་སོ།། །།དེ་ནས་ད་ནི་ལེའུ་བཞི་པའི་འོག་དུ་།ལེའུ་ལྔ་པ་སྤྱོད་པ་ཀུན་གྱི་མཆོག་གི་ལེའུ་བཤད་པར་བྱ་སྟེ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །གནས་ཀྱི་དབང ་