| Wylie | e-texts based on the ACIP/ALL Input |
དང་གཞོན་ནུ་དཔལ་གྱིས་བསྒྱུར་བའོ།། །།སློབ་དཔོན་ག་གོ་ལ་ཤྲཱི་ལས་མཛད་པའི་རྡོ་རྗེ་དྲིལ་ཐབས་ཀྱི་བསྟོད་པར་ཞུགས་སོ།། །།རྒྱ་གར་སྐད་དུ། བཛྲ་གྷནདེ་ནཱོ་པ་ཀི་པུ་རྩ་བི་དྷི། བོད་སྐད་དུ། རྡོ་རྗེ་དྲིལ་ཐབས་ཀྱི་མཆོད་པའི་ཆོ་ག་།བཅོམ་ལྡན་འདས ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སློབ་མ་ཚོགས་ཆེན་རྫོགས་བྱའི་ཕྱིར། །ཡོ་ག་རྡོ་རྗེ་ཁྲོ་བོ་དང། །འབུམ་པ་དག་ལ་བརྟེན་པ་ནི། །ཕན་གདགས་ཕྱིར་ནི་བྲི་བར་བྱ། །བྱང་ཆུབ་མཆོག་དང་ས་ལ་རེག་།མཆོག་སྦྱིན་ཏིང་འཛིན་མི ་འཇིགས་སྦྱིན། །རྡོ་རྗེ་རིན་ཆེན་པདྨ་དང་ནི་རྒྱ་ཁྲཾ་ཐབས། །རྡོ་རྗེ་ལྕགས་ཀྱུ་མདའ་གཞུ་དང་ནི་སེ་གོལ་ཐབས། །རིན་ཆེན་གཟི་བརྗིད་རྒྱལ་མཚན་དང་ནི་བཞད་པའི་ཐབས། །ཆོས་དང་རྣོན་པོ་འཁོར་ལོ་དང་རིགས་ལྔ་ནི་སྨྲ་བའི་ཐབས། །རྒྱ་ཁྲམ་གོ་ཆ་མཆེ་བ་དང ་ནི་བུ་ཚུ་ཐབས། ཡུམ་4?། སྒེག་མོ་ཕྲེང་བ་པི་ཝང་དང་ཤར་གྱི་སེམས་དཔའ་?་གར་མའི་ཐབས། །སྤོས་དང་མེ་ལྷོའི་གཞི་ཏོག་མར་མེ་དང་ནི་དྲི་ཆབ་ཐབས། །ལྕགས་ཀྱུ་ཞགས་ནུབ་ཀྱི་4་པ་ལྕགས་སྒྲོག་དང་ནི་དྲིལ་བུའི་ཐབས། །རྡོ་རྗེ་བྱང་གི?་དྲིལ་ཐབས་བརྗོད་པས་ནི། ་ཚོགས་ཆེན་དག་ནང་སྒེག་ནི་རྫོགས་པར་འགྱུར། །གར་སྐོར་རྡོ་རྗེ་གསོར་ནས་ནི། །ཕྱི་སྒེག་བཞི་རྡོ་རྗེ་སྟེང་ལ་དྲིལ་བུ་འོག་།གཉིས་ཀ་ཐུགས་ཁར་སྒོ་བ་བཞི་བསྟན་པར་བྱ།། བྱང་ཆུབ་མཆོག་གི་རྡོར་དྲིལ་ཐབས། །གར་བསྐོར་ཅེས་ཐམས་ཅད་ལ་འགྲེའི། ། ་རྡོ་རྗེས་ས་ལ་རེག་བྱས་ནས། །དྲིལ་བུ་གཡོན་རིགས་ལྔའི་གྱི་རླ་སྟེང་བཞག་།དེ་ནི་ས་གནོན་རྡོར་དྲིལ་ཐབས། །གར་X་རྡོ་རྗེ་མཆོག་སྦྱིན་ཚུལ་བྱས་ནས། །དྲིལ་བུ་རྣམ་སྣང་གཡོན་གྱི་བརླ་སྟེང་བཞག་།དེ་ནི་མཆོག་སྦྱིན་རྡོར་དྲིལ་ཐབས། །གར་X་རྡོ་རྗེ ་དང་ནི་དྲིལ་བུ་གཉིས། །གཉིས་ཀ་བཀན་ཏེ་ལྟེ་བར་བཞག་།དེ་ནི་ཏིང་འཛིན་རྡོར་མི་སྐྱོད་དྲིལ་ཐབས། །གར་X་རྡོ་རྗེ་མི་འཇིགས་ཚུལ་བྱས་ལ། །དྲིལ་བུ་གཡོན་གྱི་བརླ་སྟེང་བཞག་།དེ་ནི་མི་འཇིགས་རྡོར་དྲིལ་རིན་འབྱུང་གྲགས?། གར་X་རྡོ་རྗེ་ཐུགས་ཁར ་བསྟན་བྱས་ནས། །དྲིལ་བུ་ཐད་ཀའི་སྐུ་སྟེང་བཞག་།དེ་ནི་རྡོ་རྗེ་སྣང་མཛའ་རྡོར་དྲིལ་ཐབས། །སངས་རྒྱས་སྤྱན་གར་X་རྡོ་རྗེ་དཔྲལ་བའི་ཐད་ཀར་བཟུང། །དྲིལ་བུ་ཐད་ཀའམ་སྐུ་རུ་བཟུང། །དེ་དོན་གྲུབ་ནི་རིན་ཆེན་རྡོར་དྲིལ་ཐབས། མ་མ་ཀི། ཡུམ་བཞིའི་གར་X་རྡོ་རྗེ་མགྲིན ་པའི་ཐད་བཟུང་ནས། །དྲིལ་བུ་སྐུའི་ཐད་བཟུང་ལ། །དེ་ནི་པདྨའི་རྡོར་དྲིལ་ཐབས། །གར་X?་རྡོ་རྗེ་ནུམ་གཡོན་པར་བཟུང། །དྲིལ་བུ་ནུབ་གཡས་པར་བཀྲོལ། །དེ་ནི་རྒྱ་ཁྲམ་རྡོར་དྲིལ་ཐབས། །གར་X་རྡོ་རྗེ་ཐད་ཀར་བཟུང་བྱས་ནས། །དྲིལ་བུ་སྐུར་ནི་བསྟན་པར་བྱ། །དེ་ནི ་རྡོ་རྗེའི་རྡོར་དྲིལ་ཐབས། །གར་X་རྡོ་རྗེ་དཔུང་པའི་ཐད་ཀར་བཟུང། །དྲིལ་བུ་གོས་དཀར་མོ་ནུ་མའི་ཐད་ཀར་བཟུང། །དེ་ནི་ལྕགས་ཀྱུའི་རྡོར་དྲིལ་ཐབས། །གར་X། རྡོ་རྗེ་ནུ་མའི་ཐད་ཀར་བཟུང། །སྒྲོལ་མ། དྲིལ་བུ་སེམས་དཔའ་བཅུ་དྲུག་ལས་ཤར་གྱིས་བརྐྱང་སྟེ་བཟུང་བར་བྱ། །དེ་ནི་མདའ་གཞུའི ་སེམས་དཔའ་ཨི་རྡོར་དྲིལ་ཐབས། །གར་X་རྡོ་རྗེ་དང་ནི་དྲིལ་བུ་གཉིས། །གཉིས་ཀ་ཐུགས་ཁར་བསྟན་པར་བྱ། །དེ་ནི་རྡོ་རྗེ་སེ་གོལ་རྡོར་དྲིལ་ཐབས། །གར་X་རྡོ་རྗེ་དཔྲལ་བའི་ཐད་ཀར་བཟུང། །དྲིལ་བུ་ནུ་མའམ་སྐུ་རུ་བཟུང། །དེ་ནི་རིན་ཆེན་རྡོར་དྲིལ་ཐབས། །གར་X་རྡོ་རྗེ་དང་ནི་དྲིལ ་བུ་གཉིས།། རྡོ་རྗེ་ཆགས་པའི་གཉིས་ཀ་ཐུགས་ཁར་བསྐོར་བར་བྱ། །དེ་ནི་གཟི་བརྗིད་ཛར་དྲིལ་ཐབས། །གར་རྡོ་རྗེ་རྡོ་རྗེ་ལེགས་པའི་དང་ནི་དྲིལ་བུ་ལྟོའི་གཞི་ནི་གཉིས། །སྟེང་འོག་རྡོར་དྲིལ་དཔུང་གཡོན་ཐད། །དེ་ནི་རྒྱལ་མཚན་རྡོ་རྗེ་རྡོར་གྱི་དྲིལ་ཐབས། །གར་X་རྡོ་རྗེ་དང་ནི་དྲིལ ་བུ་གཉིས། །ཁ་འགྲམ་གཡས་གཡོན་བཟུང་བར་བྱ། །དེ་ནི་བཞད་རྡོ་རྗེ་པའི་རྡོར་ཀྱི་དྲིལ་ཐབས། །གར་X་རྡོ་རྗེ་སྟེང་ལ་དྲིལ་བུ་འོག་།ཐུག་ཁ་དག་ཏུ་བསྟན་པར་བྱ། །དེ་ནི་པདྨའི་རྡོར་དྲིལ་ཐབས། །རྡོ་རྗེ་གར་X་རྡོ་གྱི་རྗེ་དཔུང་གཡས་ཐད་བཟུང་ལ། །དྲིལ་བུ་ཐུགས ་ཁར་བཟུང་བར་བྱ། །དེ་ནི་རྣོན་པོའི་རྡོར་དྲིལ་ཐབས། །གར་X་རྡོ་རྗེ་རྡོ་རྗེ་དཔུང་པ་གཡས་པར་བཟུང། །ནུབ་ཀྱི་དྲིལ་བུ་སྙིང་ཁར་བཟུང་བར་བྱ། །དེ་ནི་འཁོར་ལོའི་རྡོར་དྲིལ་ཐབས། །རྡོ་རྗེ་ཆོས་ཀྱི་གར་X་རྡོ་རྗེ་དང་ནི་དྲིལ་བུ་གཉིས། །ཁའི་ཐད་ཀའི་གནས་སུ་དྲངས། །དེ་ནི་ས ་བའི་རྡོར་དྲིལ་ཐབས། རྡོ་རྗེ་བྱང་གི་4་གར་X་རྡོ་རྗེ་འགྲམ་ནས་སྤྱི་བོར་དྲངས། །ཡང་ན་རྒྱ་ཁྲམ་ཚུལ་དུ་བྱ། །དེ་ནི་རྒྱ་ཁྲམ་རྡོར་དྲིལ་ཐབས། རྡོ་རྗེ་ལས་ཀྱི། གར་X་རྡོ་རྗེ་རྡོ་རྗེ་རྒྱུའི་དང་ནི་དྲིལ་བུ་གཉིས། །ནམ་ཚོངས་གཉིས་སུ་བཟུང་བར་བྱ། །རྡོ་རྗེ་གསུང་བའི་དེ་ནི་གོ་ཚལ?་རྡོར་དྲི་རྡོ་རྗེ? ་ཐབས། །གར་X་རྡོ་རྗེ་དང་ནི་དྲིལ་བུ་གཉིས། །ཁ་འགྲམ་གཡས་གཡོན་བཞག་པར་བྱ། །དེ་ནི་མཆེ་བའི་རྡོར་དྲིལ་ཐབས། །གར་X་རྡོ་རྗེ་དང་ནི་དྲིལ་བུ་གཉིས། །སྐུ་གཉིས་ངག་ཏུ་བཞག་པར་བྱ། །དེ་ནི་ཁུ་ཚུར་?རྡོར་དྲིལ་ཐབས། །གར་X་རྡོ་རྗེ་དང་ནི་དྲིལ ་བུ་གཉིས། །དཔྱི་གཉིས་བཞག་ཅིང་མགོ་གཡོན་འདུད། །དེ་ནི་སྒེག་མོའི་རྡོར་དྲིལ་ཐབས། །གར་X་རྡོ་རྗེ་དང་ནི་དྲིལ་བུ་རྡོ་རྗེ་རྣོན་བོའོ་གཉིས། །དཔུང་པ་གཉིས་སུ་བཟུང་བར་བྱ། །དེ་ནི་ཕྲེང་བའི་རྡོར་དྲིལ་ཐབས། །གར་X་རྡོ་རྗེ་རྡོ་རྗེ་ནུ་གྱོ་གཡས་ཐད་དྲངས་སྙོམས?་བརྒྱད་ལ། །དྲིལ་བུ ་དཔུང་གཡོན་ཐད་ཀར་བཟུང། །དེ་ནི་པི་ཝང་རྡོར་དྲིལ་ཐབས། །གར་X་རྡོ་རྗེ་གཡོན་གྱི་གྲུབ་མོར་བརྟེན། །དྲིལ་བུ་གྱེན་དུ་བཟུང་བར་བྱ། །དེ་ནི་གར་མའི་རྡོར་དྲིལ་ཐབས། །གར་X་རྡོ་རྗེ་དང་ནི་དྲིལ་བུ་གཉིས། །ཐུར་དུ་ཕུབ་པཾ་འདག་པའི་ཚུལ། །དེ་ནི་བདུག་བའི་རྡོར་དྲིལ ་ཐབས། །གར་X་རྡོ་རྗེ་དང་ནི་དྲིལ་བུ་གཉིས། །ཐུར་དུ་པུབ་ཅིང་གྱེན་ལ་གཟིད། །དེ་ནི་མེ་ཏོག་རྡོར་དྲིལ་ཐབས། །གར་X་རྡོ་རྗེ་དན་ནི་དྲིལ་བུ་གཉིས། །མདུན་དུ་གཞིབས་ཏེ་བསྒྲེང་བར་བྱ། །དེ་ནི་མར་མའི་རྡོར་དྲིལ་ཐབས། །གར་X་རྡོ་རྗེ་སྟེང་དུ་བཟུང་བྱས་ནས།།། ་དྲིལ་བུ་འོག་ཏུ་བཟུང་བར་བྱ། །དེ་ནི་དྲི་ཆབ་རྡོར་དྲིལ་ཐབས། །གར་X་རྡོ་རྗེ་དང་ནི་དྲིལ་བུ་གཉིས། །བསྣོལ་ཏེ་ནུ་མའི་བྲང་བཟུང་ལ། །དེ་ནི་ལྕགས་ཀྱུའི་རྡོར་དྲིལ་ཐབས། །གར་X་རྡོ་རྗེ་དང་ནི་དྲིལ་བུ་གཉིས། །བསྣོལ་ཏེ་རྒྱབ་ནི་སྦྱར་བར་བྱ། །དེ་ནི་ཞགས་པའི་རྡོར ་དྲིལ་ཐབས། །གར་X་རྡོ་རྗེ་དང་ནི་དྲིལ་བུ་གཉིས། །སྤྲང་དེ་གྱེན་སྒོ་བ་བཞིའི་དུ་བསྟེན་པར་བྱ། །དེ་ནི་ལྕགས་སྒྲོག་རྡོར་དྲིལ་ཐབས། །གར་X་རྡོ་རྗེ་དང་ནི་དྲིལ་བུ་གཉིས། །སྦྱར་ཞིང་བརྟན་པར་བཟུང་བར་བྱ། །དེ་ནི་དྲིལ་བུའི་རྡོར་དྲིལ་ཐབས། །དེ་རྣམས་ལྷ་རྣམས ་སོ་སོ་ཡི། །རྡོ་རྗེ་དྲིལ་ཐབས་ཡིན་པར་བཤད། །ལྷ་ཀུན་ཐུན་མོང་དྲིལ་ཐབས་བཤད། །རྡོ་རྗེ་རྩེ་མོའི་ཐུགས་བརྟན་ཤིང། །དྲིལ་བུ་བཀྲོལ་བའི་ཐབས་རྣམས་བྱ། །གཡས་བརྟན་པའི་ཐབས་དང། །ཡོན་བརྟན་པའི་ཐབས་དང། གཉིས་ཀ་བརྟན ་པའི་ཐབས་དང། རོལ་བའི་ཐབས་དང། གདུང་ཐབས་ཀྱི་ཚུལ་དང། བསྐོར་བའི་ཚུལ་དང། གར་བསྐོར་བའི་ཚུལ་དང། པད་མའི་ཚུལ་དང། རིན་པོ་ཆེའི་ཐབས་དང། རྒྱ་ཁྲམ་གྱི་ཐབས་དང། འཁོར་ལོའི་ཚུལ་དང། རྡོ་རྗེ་གསོར་འཕེན ་ཐུགས་བསྟན་དང། །ཐུགས་བརྟན་འཕེན་ཅིང་ལག་གཉིས་གསོར། །བཟློག་ནས་ཐུགས་ཁར་སླར་ཡང་བསྐོར། །རྡོར་གསུམ་རྡོ་རྗེའི་འཕེན་ཐབས་དང། །དེ་ལ་སོགས་པའི་རྡོར་དྲིལ་ཐབས། །སུམ་བརྒྱ་དྲུག་བཅུ་རྒྱུད་དུ་གསལ། ། ་བློ་དམན་དོན་དུ་བསྡུས་ཏེ་བསྟན། །ཆོ་གེའི་སྡེབས་སུ་བསྟན་པའོ། །བསྟོང་པ་རྣམས་དང་རྡོར་དྲིལ་བསྟུན། །ཡང་ན་རྡོར་དྲིལ་གཉིས་ཀ་བ་སྡེབས། །རྡོ་རྗེའི་གླུ་བླངས་མཛེས་པར་བསྟན། །གོང་གི་སྔགས་རྣམས་ཐད་ཀ་རུ། །རྡོ་རྗེ ་གསོར་ཞིང་བཟུང་བར་བྱ། །དེ་རྣམས་བསྡུས་པའི་འཇུག་ཉིད་ལ། །རྡོ་རྗེ་གནས་སུ་བསྟན་པར་བྱ། །དྲིལ་བུ་གནས་ནས་མི་བསྐྱོད་པར། །ཤིན་ཏུ་བརྟན་བཟུང་བཀྲོལ་བར་བྱ། །དེ་དུས་རྡོ་རྗེའི་གྲུ་ཡིས་ནི། །རྡོར་བྲིལ་སྔགས་ཀྱིས ་མཆོད་པར་འབུལ། །རེ་རེའི་ཏིང་འཛིན་བརྟན་བྱས་ལ། །རྡོ་རྗེའི་གླུས་ནི་མཉེས་པར་བྱ?། །རྡོ་རྗེའི་གླུ་ནི་ཧཱུཾ་རིང་གི་གླུ་དང། ཧཱུཾ་ཐུང་གི་གླུ་དང། དྲུག་ལྡན་གྱི་གླུ་དང། ཁྲི་ཤར་གྱི་གླུ་དང། སུམ་ཕྲུགས་འགྱུར་དང། ཨོཾ་ལས་འགྱུར་དང། ་ཧོ་ལས་འགྱུར་དང། ཨ་ལས་འགྱུར་དང། དེ་ལས་འགྱུར་དང། ལོ་ལས་འགྱུར་དང། ལ་ལས་འགྱུར་དང། ལོ?་ལས་འགྱུར་དང། ཀོ་དང་ཤ་ལ་སོགས་པ་སུམ་བརྒྱ་དྲུག་ཅུ། ཡོ་གའི་ཁྲོ་བོའི་རྒྱུད་ལས་གསལ་ལོ། །འདི ་ནི་བློ་དམན་དོན་དུ་བསྡུས། །སྔགས་ཀྱིས་ཀྱང་ནི་མཆོད་པ་བྱ། །དེ་ལྟར་རྡོ་རྗེ་དྲིལ་ཐབས་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཤིན་ཏུ་ནན་ཏན་ཆེར་བྱས་ན། །བསོད་ནམས་དཔག་མེད་ཐོབ་པར་འགྱུར། །བདག་གིས་རྡོ་རྗེ་དྲིལ་ཐབས་ཀྱིས།། ་མཆོད་པ་དམ་པ་འདི་བྱས་པས། །མཛའ་ཡས་སེམས་ཅན་མ་ལུས་ཀུན། །བླ་མེད་བྱང་ཆུབ་ཐོབ་པར་ཤོག་། །རྒྱ་གར་ཤར་ཕྱོགས་ཀྱི་སློབ་དཔོན་ག ་ག་ན་ཤཱི་ལས་མཛད་པ་རྫོགས་ཤོ།། །།རྡོ་རྗེ་བྲིལ་ཐབས་ཀྱི་སྐབས་སུ། །བཅའ་བའི་དུས་སུ་མི་གསོར། གཅུ་བའི་དུས་སུ་མི་བསྡམ། འགྱིང་བའི་དུས་སུ་མི་འཚོམ། །བསྡུ ་བའི་དུས་སུ་མི་སྤྲོ། སྟེང་ཚངས་བ་ལྷའི་ཞལ་མི་ལྟ། འོག་ཀླུའི་གྲོང་ཁྱེར་མི་གཞོམ། ཕྱོགས་བཞིའི་རྒྱལ་ཆེན་གྱི་རྒྱལ་ས་མི་འཕྲོག་།ཕྱག་རྒྱ་དངོས་ཀྱི་སྐབས་སུ་སློབ་དཔོན ་ག་གོ་ལ་ཤཱི་ལས་མཛད་པའི་བསྟན་བཅོས་འདི་འམ། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས། ཀོ་ས་ལ་ལ་སོགས་པར་བསྟན་པ་ལྟར། བྱང་ཆུབ་མཆོག་དང། ས་ལ་རེག་པ། ་ལ་སོགས་པའོ། །འཇམ་དབྱངས་དགེའོ། །མན་ལུངས་དུས་འཁོར་བ་རང་ན་ཤཱི་ལའི་ཕྱག་དཔེ་ལས་གཏུགས་ཤིང་དག་པར་བྱས་སོ།། ་མངྒ་ལཾ་བྷ་ཝན་ཏུ། ཞུས་སོ་དག་གོ་།ཤུ་དྷཾ?། ་