| Wylie | e-texts based on the ACIP/ALL Input |
བྲག་ཁུང་དུ་བིམ་ལ་མི་ཏྲས། །ཛྙཱ་ན་ཀུ་མ་རལ་བཀའ་སྩལ་ཏེ། བསྡུས་པ་ལ་མོས་པའི་དོན་དུ་བསྒྱུར་པའོ།། །།*། །ཁྲོ་བོ་ལས་ཀྱི་འཕྲེང་བསྡུས་པ་བཞུགས་སོ། །སྐལ་པར་གསང་སྔགས་སྐྱེན་མཛད་པའི། །ཁྲོ་བོའི ་ཚུལ་ཅན་ས་འཛིན་དྲེགས། །བཏུལ་བས་དེ་འདྲའི་སྒོ་བགག་ཕྱིར། །སངས་རྒྱ་ཐམས་ཅད་ཁྲོས་པའི་སྐུ། །རྡོ་རྗེ་སྲིན་པོ་ཧེ་རུ་ཀ་།མ་ལུས་བདག་ལ་གཉིས་མེད་འདུད། །སྒྱུ་འཕྲུལ་དྲ་བའི་རྒྱུད་དག་ལས། །སྤྲོས་ལ་མོས་ཐོབ་དོན་ཕྱིར་དུ། ་ཧེ་རུ་ཀ་དཔལ་ཕྲིན་ལས་མཆོག། ལས་ཀྱི་ཕྲེང་བ་ཅུང་ཟད་བསྡུ། །ང་ཡི་ཐུགས་ཀྱི་སྙིང་པོ་འདི། །སྤྱོད་དང་བསྒོམ་དང་བཟླས་པ་དང། །སྡོམ་པ་ཀུན་ལ་མཁས་པ་ཡི། །བསྒོམ་པ་སྲན་དང་ཆོས་ཕྱོཌ་དང། །བསྟན་པ་འཛིན་པར་ནུས་པ་ཡི། །མི་འཁྲུག ་བློ་ཟབ་རྐྱེན་ཐུབ་ཅིང། །ཟླ་དང་བཅས་པ་དམ་ཚིག་སྟེ། །སྦྱོར་བ་གཉིས་ཀ་མཁས་པ་དང། །ལུང་དང་ཚད་དུ་ལྡན་ཐུབ་དང། །གཞན་ལ་བརྙད་པར་མི་བྱེད་ཅིང། །བསྟན་པ་མཆོད་པ་བྱེད་པ་དང། །ཉེ་བའི་བསྙེན་པ་དམ་ཚིག་ལ། ། ་བསྒྲུབ་པ་བསྙེན་པ་ཉེ་བསྙན་པ། །ཅི་ནུས་པར་ནི་ཤིན་ཏུ་བརྩོན་ནོ། །སེམས་ཅན་དང་ཚུལ་ཀུན་པོར་ནས། །གང་གི་ཡིད་ཀྱང་མི་འཁྲུག་ཅིང། །མཆོད་བ་སྟོབ་ལ་ཚོགས་ལ་རུབ། །བུད་མེད་དགུག་ལ་གཙོ་ལ་འབུལ། །ཟུངས་ཐུབ་གསང་ལ་མཁས ་པ་ཡི། །ངེས་པ་ཅན་ལ་ཤིན་ཏུ་གཏད། །དམ་ཚིག་མི་ལྡན་སྤྱོད་པ་བརྩིང། །གཏིང་ནས་བསྟན་པར་མི་འཛིན་ལ། །འདོད་ཆགས་སྤེལ་བར་མི་བྱེད་ཅིང། །རིགས་ངན་ཕོ་མོ་འདོད་སྤྱོད་དང། །སྤྲོ་ཐུང ་འདོད་ཆགས་རབ་ཏུ་ཆེ། །བློ་ཞན་ཕྲག་དག་སྒྲོ་བཀུར་ཅན། །གཉིད་ཆེ་ཆང་དང་བརྩོན་འགྲུས་ཆུང། །སློབ་ལ་མི་གུས་ནན་ཏན་མེད། །སློབ་དཔོན་མི་དྲན་ཡུན་སེམས་ཆུང། །གལ་ཏེ་དམ་ལ་གནས་ན་ཡང། །ད་ཡི ་གསང་བ་འཛིན་པ་ལ། །མངོན་དུ་དགའ་བར་མི་ནུས་ཏེ། །ལྟ་ཞན་བཀའ་ལས་འདས་པ་དང། །གྲོལ་བར་དཀའ་ཞིང་ནུས་མཐུ་ཞན། །མུན་དང་ལྐོག་དང་སྐྱེ་བོ་ལ། །གར་དབེན་འཕྲད་པར་འདོད་སྤྱོད་ཅིང། །འདོད་ཆགས ་དགའ་ལམ་དེ་དག་ལ། །ཚིག་རྣམས་གསང་བ་སྨྲ་བྱེད་པ། །དངོས་ཀྱི་དོན་དང་མཐུན་པ་ལས། །སྐལ་པ་འཇིག་རྟེན་བར་དུ་ཡང། །ཐུགས་ཀྱི་བདེ་བ་མི་སྤྲོ་ཞིང། །ནམ་ཡང་བསྟན་པར་མི་བྱའོ། །གལ་ཏེ་རྨོངས་པས་བྱིན་པ་ན། ། ་རིམས་དང་ནང་ཀྱིས་སྲོག་གཅད་དེ། །རྩ་བ་ཡན་ལག་ཡངས་པ་ཡིན། །བསྲད་དང་སྦྲེ་བས་པར་ཡུན་རིང་གནས། །དུས་བརྟགས་ཚོགས་སྐོས་ཏིང་འཛིན་དྲོད། །ཏི་ར་གནས་འཕྲོག་དུར་ཁྲོད་ཉུལ། །མཆོད་པའི་ཕུད་དང་ཕུང་ཁ་འཛིན། ། ་གཟའ་སྐར་དུས་མངས་འཚོགས་མ་འཚོགས། །ཉམས་དང་མ་ཉམས་བསྒོམ་མི་བསྒོམ། །གིང་དཀར་གནས་སྟོབས་མ་སྟོབས་དང། །ཕྱི་བགེགS་ཐུལ་དང་མ་ཐུལ་དང། །མཆོད་པ་ཆེ་ཆུང་ཁྱེར་མ་ཁྱེད། །ཉུལ་ཕྱིར་ཤིན་ཏུ་ནན་ཏུར ་བྱ། །དེ་བས་གཞུང་དོན་ཡིད་འོད་གནས། །རྙེད་ནས་བྱ་བ་ཀུན་རྫོགས་བྱ་།ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བརྒྱད་དང་ཉི་ཤུལ་སོགས་དུས། །རྒྱུད་ལས་གསུངས་པའི་ཞག་གྲངས་དག་།གང་ལྟར་རིགས་པའི་ནན་ཏན་བྱ། ། ་སྐལ་ལྡན་འབྱོར་ལྡན་དགའ་ལྡན་ཚོགས། །དང་པོ་བསྒྲིབས་ཏེ་གསལ་བ་ནི། །སྡོམ་ལ་གནས་པའི་དཀའ་ཐུབ་ཅན་།ཟས་དང་ལོངས་སྤྱོད་མི་མཐུན་དང། །ལྟེ་སྤྱོད་མཐུན་ཡང་ནང་མི་མཐུན། །ཕྱི་ནང་ཅན་དང་གནོད་བྱེད་ཅན། །འདོད་པས་མྱོས ་དང་ཟས་ལ་སྐམ། །དད་མེད་བསྒོམ་བསྒྲུབ་མི་ནུས་པ། །འདི་དག་གསལ་བར་གསུངས་པའོ། །གསང་བའི་རྡོ་རྗེ་འཁྲུག་བྱེད་ཅིང། །ཛ་གང་བྱིན་གྱིས་མ་བརློབས་ལ། །གསང་བ་བསྒྲུབ་པ་མང་པོ་ལ། །ཡིན་དང་མ་ཡིན་དྲོད་དུ་བསྟེན། ། ་རྣལ་འབྱོར་ཆེ་བཙན་ཁྱད་པར་གྱིས། །སྤྱོད་ལམ་མི་རིགས་མི་གསལ་ཞིང། །ལྟ་སྤྱོད་དམན་པས་ལས་མི་འགྲུབ། །སྦྱོར་དང་བསྒྲོལ་བའི་སྒོ་འགེགས་ཤིང། །རྣལ་འབྱོར་འདི་ནི་ཞགས་པས་བཅིངས། །སློབ་མ་འདི་ནི་གཏི་མུག་འཕངས། །ཡེ་ཤེས ་ཆེན་པོའི་ཕན་དོན་གྱིས། །གྲུབ་པ་ཕོ་མོ་ཀུན་ནས་ཀྱང། །དམ་རྫས་མེད་ན་ལས་མི་འགྲུབ། །འདི་ནི་སངས་རྒྱས་ལུང་དང་འགལ། །དད་པས་རྐྱེན་དང་བསྔོ་ཕོད་ན། །བློ་རྣ་ཐོས་པ་འཛིན་པ་དང། །བརྩོན་འགྲུས་མེ་སྤྲུལ་བཞིན་འབད་དང།། ་བརྟུལ་ཞུགས་ཐོགས་པ་མེད་པ་དང། །ཡིད་རིངས་སྒྲུབ་པ་མི་གཏོང་དང། །ཕྱི་ནང་རྒྱུད་གཞུང་མཁས་པ་དང། །བརྡ་དང་ལན་གྱི་ཕྱག་རྒྱ་མཁས། །ལས་སུ་བྱ་བ་ཞུམ་མེད་བསྡུ། །སློབ་དཔོན་གཟུངས་འཁོར་ཚབ་དཀར་གིང། །རྡུལ་ཕྱག ་གནས་དང་རྫས་བརྟག་བསླབ། །མཁས་སློབ་མི་རྟོགས་ཉམས་པའི་བདུད། །ཀར་མ་བབ་ཅོལ་ལས་ཀྱི་བདུད། །འགའ་ན་སྤྱན་ཤོས་ལྷ་བུའི་བདུད། །སྟ་ན་མེ་བྲལ་སྲིན་བུའི་བདུད། །ཆོ་ག་ལྔ་ནི་རྫོགས་བྱས་ཤིང། །ཡོ་བྱད་ལྔ་ནི་རྫོགས་པར ་ལྡན་?་སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །མ་ཉམས་འཇུག་ལ་རབ་བརྩོན་ན། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲག་གིས། །དབང་བ་སྒྱུར་རིགས་ཀྱི་དམ་པ་འགྲུབ། །བདག་ཕྱིར་བཅུ་དྲུག་ཆུན་ཆད་ཀྱིས། ། ་སྐུ་ལྔ་ལྷུན་རྫོགས་ཐེ་ཚོམ་མེད། །ཅིག་ཤོས་ཕྱིར་ན་སྐལ་པ་ཡི། །གྲངས་མེད་གནས་ཀྱང་གཞོན་པའི་ཚུལ། །ཇི་ལྟར་འོས་ཤིང་རིག་པ་དང། །རང་གིས་འབྱོར་པ་རྗེས་འཐུན་པའོ། །མཁའ་འགྲོ་ལ་སོགས་ཐར་པའི ་མཆོག་།རོ་ལ་སོགས་པ་དཔའ་བོ་གཅིག་།ཟླས་རྒྱས་ལ་སོགས་ཡང་དག་ལྡན། །ཚེ་ནི་མཆོག་ཏུ་མཛེས་པའོ། །སྙིང་པོའི་ཚིམ་བྱེད་མཆོག་ཡིན་ཏེ། །དྲི་ཞིམ་དམར་པོ་ཉིད་དུ་འདོད། །འཇམ་པ་གོས་སུ་ཡང་དག་བཤད། །དབྱངས་ནི་སྙན་པར ་བྱ་བ་དང། །གཟི་བརྗིད་དྲི་ཞིམ་ཉིད་དུ་འདོད། །ཐར་པ་ཆེན་པོ་ཤིན་ཏུ་མཛེས། །བཙུན་མོ་ལ་སོགས་རེག་ཕྱུང་པ། །གཏོར་མ་འདི་ནི་ནང་གིར་བཤད། །མཁའ་འགྲོ་ལ་སོགས་སེམས་ཅན་ལྔ། །བསྒྲུབ་པའི་རྫས་སུ་གསུངས་པ་ཡང། །གྲུབ་བྱེད ་ཉེན་དང་བྲལ་བ་ཡི། །སྡིག་མེད་ཤ་ཁྲག་མཆོད་སྟོན་བྱ། །ཉ་ཤ་ཆང་དང་བུ་རམ་ཆང། །བཟའ་དང་སྲན་མའི་ཁུར་བ་དང། །དྲི་དང་མེ་ཏོག་ལ་སོགས་ལྡན། །གཏོར་མ་འདི་ནི་ཕྱི་རུ་བཤད། །ཕྱི་ནང་ཡོ་བྱད་ལྔ་རྣམས་ལ། །མཆོག་དང་མཆོག ་ཕྲན་དུང་ཆེན་རྣམས། །མཚན་དང་བརྟག་པ་རྣམ་བརྒྱད་བྱ། །བྱིན་བརླབས་སོ་སོའང་དག་པར་བྱ། །ཡན་ལག་ཕྲིན་ལས་སྦྱང་དང་གནས་།གཉིས་གཉིས་རྫོགས་བྱ་བསྐྲད་བསྲུངས་མས། །རིམ་པ་བཞིན་དུ་རྫོགས་པ་དང། རྟེན་དང་ལྡན ་པས་བྱིན་གྱིས་བརླབ། །དངོས་རྣམས་ཉིད་ན་དངོས་མེད་པས། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་དོ། །ལུས་དང་དག་སེམས་ཆོས་ཐམས་ཅད། གང་ནའང་མི་གནས་མི་དམིགས་པའི། ་རང་བཞིན་མཉམ་པའི་དཀྱིལ་འཁོར་ལ། །མིག་པོར?་ཚུལ་དུ་སྦྱོར་པ་ཡིས། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཕྱོགས་བཅུ་མ་ལུས་ཐམས་ཅད་ལ། །རང་བྱུང་ཆེན་པོས་ཀུན་ཏུ་ཁྱབ། །རང་བྱང་དེ་ཉིད་དངོས་མེད་པར། །ཀུན་གྱི་ཕྱག་རྒྱའི་རྒྱུ་ཡིན་ནོ། །སྔོན་པོ་ཧཱུཾ ་ཉིད་ཧེ་རུའི་དངོས། །ཡེ་ཤེས་མཁའ་ལ་ཤར་བ་དང། །ེ་ཡཾ་ར་ཀེཾ་རཾ་ཞེས་བརྗོད། །དུར་ཁྲོད་འབྱུང་པོའི་ས་གཞིར་གྱུར། །ཅིར་ཡང་འགྱུར་བའི་ཡིག་འབྲུ་ལས། །འཕྲོས་འདུས་རྒྱལ་བའི་བཞུགས་གནས་ཁང། །བྷྲུཾ་བི་ཤྭ་བི་ཤུད་དེ། བན་དྷ་ཙཀྲ་ཛྙཱན?་ད་ན་ནི། །སཱུརྱ་མནཌ ་ལ། དེ་བ་ཏིཥྛ་ནན། ཏི་ར་བི། འབར་བའི་འཁོར་ལོ་རྩིབས་བཞི་པ་།གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད། །འབར་བའི་ཕྲོ་བ་མང་པོས་འཁྲུག ་ཁྱུ་མཆོག་མ་ཧེ་གཟིག་དང་སྟག་།གཏུམ་པ་དོམ་གྱི་ཡར་བས་ནི། །དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང། །རྒྱུ་འབྲས་ཧེ་རུ་གདན་བཞུགས་པའི། །སྐུ་ཡི་དབྱིངས་ནས་ཡུམ་ཕྱུང་སྟེ། ཧི་ཧི་དགེས་པའི་?་ཀྱིས། །རིན་ཆེན་པདྨ་རྒྱས་མཛད་མS།། ་ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་ཀྲོ་དྷ་ཛཝ་ལ་མནཌ་ལ། ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུཾ། བརྗོད་པས་ཁྲོ་བོ་འཚོལ་པ་ཡིས། །གཡོས་འུར་ཤིག་གཏོར་གཏོར་པའང། །རིམ་པ་གསུམ་གྱུར་བདུད་བཏུལ་ཏེ། །ཡེ་ཤེས་ཕྱོགས་འདུས་ཡོངས་གྱུར་པས། །བདེ་གཤེགས་སྐུ་ལྔ ་ཡུམ་དང་བཅས། །བྱང་ཆུབ་སེམས་སྤྲིན་མཁའ་དབྱིངས་ལས། །ཉི་ཤུ་འཁོར་སྤྲོས་བསྡུས་གདན་བཞུགས། །ཚོན་གང་སྲིན་པོའི་ཚུལ་བཟུང་བ། །ཤར་སྒོར་ཐུགས་དམ་བསྐུལ་པའི་ཚིག་།ཧོ་སེམས་ཉིད་ཐེག་པ་རབ་ངེས་པའི། །དཀྱིལ ་འཁོར་བཞི་བཅུ་རྩ་གཉིས་རྫོགས། །སངས་རྒྱས་རྡོ་རྗེ་ཧེ་རུ་ཀའི། །ཚོམ་བུའི་དཀྱིལ་འཁོར་བསམ་ཡས་ཀྱིས། །སྐུ་གསུང་ཐུགས་སུ་བདག་སྦྱོར་ཅིག། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོ(རྒྱུད་འགྲེལ་མོངས?་གྱུར་ནས། །འབྲུ་གསུམ་གྱུར་པ་ཧཱུཾ་དངོས་ཏེ། །ཟླ་རླུང་ལས་ཀྱིས་མཁའ་ལ་ཕེབས། །རོལ་པས་ཀུན་ཀྱང་མ་འདྲེས་འོང། །ཐུགས་ཡིག་མཐིང་ནག་ཟུང་དུ་འབར། །ཆོ་ག་རིམ་པ་ཕྱག་རྒྱ་རྫོགས། །མཁའ་ ་གཉིས་བྱིན་གྱིས་བརླབ་བར་བྱ། །རོལ་པས་མཁའ་ལ་དཀྱིལ་འཁོར་རྫོགས། །སྔགས་ཀྱིས་བལྟམ་སྟེ་རང་སར་བགོད། །ོཾ་བཛྲ་མཧཱ་ཤྲཱི་ཧེ་རུ་ཀ། མ་ཧཱ་ཙནཌ་སརྦ་དུཥྚ་ན་ཏ་ཀ་ཧ་ན་ད་ཧ་ག་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། བཛྲ་ད་རམ་ཧཱ་ཀྲོ་དྷི་ཤྭ་རི་དྭ་ལི་ནི་ཧཱུཾ ་ཕཊ། ཨོཾ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ། མཧཱ་ཙནཌ་སརྦ་དུཥྚན། ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷི་ཤྭ་རི་སརྦ་དུཥྚན་ཧཱུཾ་ཕཊ། ཨོཾ་རཏན་མ་ཧཱ་ཤྲཱི་ཧེ་རུ་ཀ། །མ་ཧཱ་ཙནཌ་སརྦ་དུཤཊན། ཏ་ཀ་ཧ་ད་ད་ད་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སཱུརྱ་རཏན་ད་ར་མཧཱ་ཀྲོ་དྷི་ཤྭ་རཾ? ་བཾ་ད་མ་ཧཱུཾ་ཕཊ། ཨོཾ་པདྨ་མཧཱ་ཤྲིའི་ཧེ་རུ་ཀ་མཧཱ་ཙནཌ་སརྦ་དུཥྚན། ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་།ོཾ་ཧྲི:ཤད་ད་པདྨ་བ་མུ་ཀ་མཧཱ་ཀྲོདྷི་ཤྭ་ར་ལི་ཧི་ཧཱུཾ་ཕཊ། ཨོཾ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙནཌ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་ཨ་མོ་བྷ་མ ་ཧཱ་ཀྲོ་དྷི་ཤྭ་རི་བི་ཤ་ཧཱུཾ་ཕཊ་།ོཾ་བཛྲ་ཀཽ་རིཧ?། བཛྲ་ཙཽ་རིཧ།?་བཛྲ་པྲ་མོ་ཧ། བཛྲ་བེ་ཏ་ལི་ཧ། བཛྲ་པུཀྐ་སི་ཧ། བཛྲ་གྷསྨ་རི་ཧ། བཛྲ་སྨ་ཤ་ནི་ཧ། བཛྲ་ཙནཌ་ལི་ཧ། བཛྲ་སིང་ཧ་མུ་ཁ་ཧེ། བཛྲ་བྱ་ཀླི་མུ་ཁ་ཧེ། བཛྲ་སྲིང་ག་ལ་མུ་ཁ་ཧེ། བཛྲ་ཤྭ་ན་མུ་ཁ་ཧེ། བཛྲ ་བྷི་ཌ་མུ་ཁ་ཧེ། བཛྲ་ཀང་ཀ་མུ་ཁ་ཧེ། བཛྲ་ཁ་ཁ་མུ་ཁ་ཧེ། བཛྲ་ཨུ་ལུ་ཁ་མུ་ཧེ། བཛྲ་ཨརྱ་ཏེ་ཛ་ཏེ་ང་ཛ(རྒྱུད་འགྲེལ་བྷཡོ་བྷཡོ་བྷཡོ། འཇིགས་བྱེད་ཚོམ་བུ་བསམས་ཡས་པ། གཅིག་གསུམ་ལྔ་ལ་སོགས་པ་ཡང། །འཁོར་ལོ་བར་ཁྱམས་སྒོ་རྣམས་སུ། །འཇིགས་བྱེད་རྡོ་རྗེ་རིགས་ཀྱི་གཙོ། །བཙུན་མོ་འཛིན་མའི་ཚོགས་དང་བཅས། །ཁྲོ་མོའི་ཚོགས་དང་ལྡན་པར་བསྒོམ། །འཁོར་ལོ ་བར་ཁྱམས་སྒོ་རྣམས་སུ། །འཇིགས་བྱེད?་འཁོར་ལོ་རིགས་བྱི་གཙོ། །བཙུན་མོ་འཛིན་མའི་ཚོགས་དང་བཅས། །ཁྲོ་མོའི་ཆགས་དང་ལྡན་པར་བསྒོམ། འཁོར་ལོ་བར་ཁྱམས་སྒོ་རྣམས་སུ། །འཇིགས་བྱེད་རཏན་རིགས་ཀྱི་གཙོ། བཙུན་མོ་འཛིན་མའི་ཚོགས་དང ་དང་བཅས། ཁྲོ་མོའི་ཚོགས་དང་ལྡན་པར་སྒོམ། །འཁོར་ལོ་བར་ཁྱམས་སྒོ་རྣམས་སུ། །འཇིགས་བྱེད་པདྨ་རིགས་ཀྱི་གཙོ། བཙུན་མོ་འཛིན་མའི་ཚོགས་དང་བཅས། ཁྲོ་མོའི་ཚོགས་དང་ལྡན་པར་བསྒོམ། །འཁོར་ལོ་བར་ཁྱམས་སྒོ་རྣམས་སུ། འཇིགས་བྱེད་ལས་ཀྱི ་རིགས་ཀྱི་གཙོ། །བཙུན་མོ་འཛིན་མའི་ཚོགས་དང་བཅས། །ཁྲོ་མོའི་ཚོགས་དང་ལྡན་པར་བསྒོམ། །འཇིགས་བྱེད་ལྔ་རྫོགས་དཀྱིལ་འཁོར་ནི། ཉི་ཤུ་རྩ་ལྔ་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རྫོགས་པར་བསྒོམ། །སྔོ་ནག་སྨུག་ནག་སེར་ནག་དང།། ་དམར་ནག་ལྗང་ནག་འཇིགས་པའི་སྐུ།། དབུ་གསུམ་ཕྱག་དྲུག་ཞབས་བཞིར་དགྲང། །ཀོ་རློན་གོས་ནི་སྣ་ཚོགས་གོན། །རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོགས། །སྦྲུལ་དང་ཐོད་ཕྲེང་ཉི་ཟླས་འརྗིང?། །དབུས་ཀྱི་ཧེ་རུའི་ཕྱག་རྒྱ་ནི། །ཏིར་ཆེན་པོའི་དབྱུག་པ་དང། །རྡོ་རྗེ ་ཆེན་པོ་རབ་ཏུ་འབར། །མི་མགོ་དམར་གྱིས་བསྐང་བ་གསོལ། །ཤར་གྱི་ཧེ་རུའི་ཕྱག་རྒྱ་ནི། །ཏི་རའི?་དབྱུག་ཐོ་ཆེན་པོ་དང། །འཁོར་ལོ་ཆེན་པོ་རབ་ཏུ་འབར། །དུང་ཆེན་དམར་གྱིས་བཀང་བ་ནི། །རྡོ་རྗེས་འཁྲུག་ཅིང་རབ་ཏུ་གསོལ། །ལྷོ་ཡི་ཁྲོ་བོ་ཕྱག་རྒྱ་ནི།། ་ཏི་ར་ཆེན་པོའི་དབྱུག་པ་དང། །ཡིད་བཞིན་ནོར་བུའི་རིན་ཆེན་དང། །ཡིད་བཞིན་ནོར་བུ་གཞལ་ཡས་སུ། །དམར་གྱི་ཨརྒ་རབ་ཏུ་གསོལ། །ནུབ་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། །ཏི་ར་ཆེན་པོའི་དབྱུག་པ་དད། །པདྨ་ཆགས་མེད་རབ་ཏུ་འབར།།དུང་ཆེན་དམར་གྱིས ་བཀང་བ་གསོལ། །བྱང་གི་ཁྲོ་བོའི་ཕྱག་རྒྱ་ནི། །ཏིར་ཆེན་པོའི་དབྱུག་པ་དང། །རྡོ་རྗེ་རྒྱ་གྲམ་རབ་ཏུ་འབར། །དུད་ཆེན་དམར་གྱིས་བཀང་བ་གསོལ། །ཁྲོ་མོ་རྣམས་ཀྱང་ཁྲོ་དང་མཐུན། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ། །རྒྱུད་གཞན་དག་དང་མཐུན་པར ་བཤད། །?་མོ་རྣམས་ཀྱི་ཕྱག་རྒྱ་ནི། །འཇིག་རྟེན་འདས་མདོ་ཆ་ལས་བཤད། །ལྷག་པའི་ལྷ་དགུ་བསྒོམ་བྱས་ཏེ། ཆེ་བའི་ང་རྒྱལ་ལྡན་པར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙཱིཏྟ་བཛྲ་སྭ་བྷ་ཝ་ཨཏ་མ་ཀོ་ཧི། ཨོཾ་མཧཱ་ཤུ་ནྱ་ཏ་ཨ་ཏ་རི་ཤ། ་ས་མནྟ་པྲ་ཏ་བེ་ཤ་། ནུ་ཏ་ཛྙན་བཛྲ་སྭ་བྷ་ཝ་ཨཏྨཀོཧཾ། ཧཱུཾ་རྡོ་རྗེ་སྙིང་པོ་སྲིད་གསུམ་མགོན། །ཚོགས་རྗེ་ཚོགས་བདག་དཔལ་དང་ལྡན། །འཇིགས་བྱེད་འདུལ་བ་འཇིགས་པའི་གཙོ། །རྡོ་རྗེ་ཁྲག་མཐུང་གཤེགས་སུ་གསོལ། །ཐོད་དུས ་འབར་བའི་དཀྱིལ་འཁོར་ནས། །མཁའ་འགྲོའི་ཚོགས་དང་ལོངས་སྤྱོད་ཅིང། །གདུགས་པ་མ་ལུས་འདུལ་མཛད་པ། །ཚོགས་ཀྱི་སློབ་དཔོན་གཤེགས་སྐུ་གསོལ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པ། །གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །ཡེ་ཤེས་རྟོག ་པའི་ཁྱད་པར་ལས། །སྤྲུལ་པ་མང་པོའི་ཚོགས་དང་གཤེགས། །ོཾ་རུ་ལུ་རུ་ལུ་ཧཱུཾ་བྷཡོ་ཧཱུཾ། ཨེ་ཧ་ཧི་ཨ་ན་ཡ་ཛ(རྒྱུད་འགྲེལ་བྱིན་རླབས་རྨང?་པོ་ཆེ། །ད་ལྟ་ཉིད་དུ་བདག་ལ་སྩོལ། །ོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟཝཾ?། ཨོཾ་བཛྲ་ཀྲོ་དྷ་སམ་ཡ་ཧོ། །ོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨ་ལི་ཨུ་ལི། ཏ་ལི། ཏ་པ་ལི། དཥྚཾ་ཀཽ་ན་རཽ་ཏྲི། ཁ་རཾ་ཡོ་ཀི་ནི། ཁ་ཧི་ཧོ་།རྡོ་རྗེ་བསྟིམ་གླུ་དྲུག་བསྟོད་བྱ་།ཧཱུཾ་ཧ་ཧེ་ཕཊ ་བྷཡོ་རཾ། ཀ་ཡ་པཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཨོཾ་ཤྲི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚ་ན་ས་མ་ཡ་དཾཥྚཾ་ཨ་བ་སྟཾ་པ་ཡ་ཀ་ཧཱུཾ། ཨོཾ་བཛྲ་གྷུ་ཧེ་ཏྲི་ཤ་ས་མ་ཡ་སྟཝཾ། ཨོཾ་བཛྲ་གྷུ་ཧེ་ཏྲི་ཤ་ས་མ་ཡ་ཧོ། ཨོཾ་བཛྲ་གྷུ་ཧེ་ཏྲི་ཤ་ས་མ་ཡ་ཕཊ། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བ་ཛྲི་ས་རྦ་དུཥྚ ་ས་མ་ཡ་མུ་ཏྲ་མ་རཾ་པྲ་བན་ཙཀྲ། བག་ཤ་ཡ་བག་ཤ་ཡ། བི་ཏྭ་ས་ཡ་བི་ཏོ་ས་ཡ། ཧཡ་བྷ་ག་བཱན། འབུ་དྷ་ག་ཤྲེ་ཏྲི་པྲ་ཏི་སྟཾ་པ་ཡ་ཀ་ཧཱུཾ་ཕཊ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང། །བྱམས་དང་སྙིང་རྗེ་དགྲ་ཟིན་མི་མངའ་ཡང། །གདུགས ་པ་འདུལ་ཕྱིར་དུས་ལས་མི་འདའ་བའ་ཨི། །འཇིགS་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཁྲོ་མོ་དབང་ཕྱུག་སྐུ་ལ་གཉེར་གནས་ཤིང། །ཐབས་དང་ཤེས་རབ་འབྲེལ་པའི་དཀྱིལ་འཁོར་ནས། །མཁའ་འགྲོ་མི་ཟད་འདར་བའི་སྤྲིན་འཕྲོ་བའི། །གདུག་པ་འདུ་པ ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ནམ་མཁའ་ཨི་ལུས་ཅན་གང་ཡང་ཐོགས་མེད་ཅིང། །འདོད་དགུར་བསྒྱུར་བའི་གཟུགས་ཅན་རྫུ་འཕྲུལ་ཅན། །མ་སྲིང་བྱམས་མའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། ། ཏི་པུ་ཧོ། །པྲ་ཧཾ ་བྷ?་ཧོ། མཉམ་པའི་གྲུབ་རྫས་ཆེན་པོ་དག། བདག་དང་མཉམ་པའི་ཚོགས་ལ་དབུལ། །ོཾ་ཨཾ་ཧཱུཾ་སུ་ར་ཏོ། ཀ་མ་ལ། མ་ཧཱ་སུ་ཀ། མ་ལེ། མ་ནུས་མན། ཛཾ་ལི་ནི་ད་ན། ཨ་པ་ཡོ་ཁ་ཧི། ཨ་ལ་ལ་ཧོ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་པཉྩ་ཤྲི་ཧེ་རུ་ཀ་མནད་ཛའ་ལ་མ ་དྲ?་མན་ལ། ཀ་ཡ་བཱ་ཀ་ཙིཏྟ། ཨོཾ་ཨོཾ་ཨོཾ། ཧཱུཾ་ཧཱུཾ་ཧཱུཾ། སྭཾ་སྭཾ་སྭཾ། ཨཾ་ཨཾ་ཨཾ་།ཧཾ་ཧཾ་ཧཾ་།བཛྲ་མ་ཧཱ་ཀ་པ། ལ། ཁ་ར་ཀ་ངན་དེ་ན་ཛཝ་ལ་སིདྡྷ། མ་ཧཱ་ཤྲི་ཧེ་རུ་ཀ་ཨ་མེ་དུ་མེ་སིད་ཏོན་བྷ་བྷེ། སཾ་ཧ་ར་ན་ཧཱུཾ་ཧཱུཾ་ཧཱུཾ། མ་ཧཱ་ཡོ་ག་ཨ་ཏ་ཏཱ་མ་ཧཱ་ས་མ་ཡ། །རུ་ལུ་རུ་ལུ་ཨ་ལ་ལ ་ཏེ། ཐོག་མར་བདག་ཉིད་རྟོགས་བསྒོམ་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲུལ་བར་བྱ། །འཁྲིལ་པའི་མཆོད་ཆེན་མཉམ་སྦྱོར་བའི། །བདག་ཉིད་མཉེས་པས་མཉེས་པར་བྱ། །བཟའ་དང་བཅའ་དང་བཏུང་དང་འོག། ་ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ནི་ཆོས་ཉིད་རོལ། །ཧེ་རུ་ཀ་ཡི་གནས་བཅུ་དང། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་མཐུང་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་ཆེན་འདིར། །ཞིང ་ཆེན་གསང་རྙིང་ཉེ?་རང་བཅས། །དམར་གྱི་ཨརྒ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་གཤེགས་ནས་བསྣབས་སུ་གསོལ། །ཛ:ཧཱུཾ་བཾ་ཧོ:། ཤྲཱི་ཧེ་རུ་ཀ་མཧཱ་བཛྲ། ཨ་བེ་ཤཾ་ཡོ། ཨ་བེ་ཤ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། པྲ་ཏི་ཛ(རྒྱུད་འགྲེལ་?་ཁ་ཧི་ཁ་ཧི། ད་ནི་ཁྲག་མཐུང་ཆེན་པོ་སྟེ། འཁོར་བའི་དྲ་བ་ཆགས་པ་དང། དམར་ཆེན་པོ་ཡི་རྒྱ་མཚོ་ལ། །འཁོར་གྱི་མཁའ་འགྲོ་རྣམས་དང་རོལ། མ་རུངས་འདོད་ལམ་ཆགས་ཤིང། །དམ་ཚིག་ལ་སྡང་དགྲ་ཆེན་རྣམས། །ཐུགས་རྗེ་བྱང་སེམས་ལྡན ་པ་ཡིས། །ངོ་མཐོན་སྟོབས་ཀྱིས་བསྒྲལ་བར་བྱ། །ཛ:ཧཱུཾ་བཾ་ཧོ:། ཤྲི་ཧེ་རུ་ཀ་མཧཱ་བཛྲ། སརྦ་དུཥྚ་ནས་མ་མུ་ཏྲ། མ་རང་ཧྲི་བ་སི་ཁ་ཧི་ཁ་ཧི། །ད་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་ལུས་བསྒྲལ་བ་དང། །གདུགས་པ་མ་ལུས་གདུལ་བའི་ཕྱིར། ཤ ་རུས་ལ་སོགས་བཟའ་བར་བྱའོ། །ོཾ་ཤྲི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ། མ་ཧཱ་མང་ས། མཧཱ་རཀྟ། མ་ཧཱ་བ་སུ་ཏ། མ་ཧཱ་ཙིཏྟ། མ་ཧཱ་གོ་རོ་ཙ་ན། ཤི་རིབ་ན་ཁཱ་ཁཱ་ཁཱ། ལེ་ལེ་ལེ། ཧཱུཾ་བྷཡོ་ཧཱུཾ་བྷཡོ་ཧཱུཾ་བྷཡོ། ཀོ་ཏཀྵ། ཀོ་ཏ་བ། ཀོ་ཏ་ཀོ་ཏ་བས་ལྕ། ཀ་ཏིར་ཀ་།ཀོ་ལཀྵ། ཀོ་ལ་བ། ཀོ་ལ་གོ ་ལ་པས་ལྕ། ཀོ་ལ་ཏ་ཐཱ། བསྒོམ་དབྱངས་ཡི་གེ་འབྲུ་བརྒྱད་བསྟན། །དབྱངས་དྲུག་བླངས་པས་དོན་དྲུག་འགྲུབ། །གསལ་བ་གསུམ་དང་ལྡན་པ་ཡིས། །རྣམ་གསུམ་ཚུལ་གྱིས་བཟླས་པ་བྱ། ། ཀི་དུ་ན་ཛཱ་ལ་ན། མཎྜལ་ཕཊ་ཕཊ། ཨོཾ་བཛྲ་ཧཱ་ཤྲི་ཧེ་རུ་ཀ་བཛྲ ་ཀྲོ་དྷི་ཤྭ་རི་སརྦ་དུཥྚ་ན་ཧཱུཾ་ཕཊ། རུ་ལུ་མ་ཧཱ་ས་མ་ཡ་ཧཱུཾ་རུ་ལུ་ཧཱུཾ་བྷཡོ་ཧཱུཾ། ཨ་ཏ་ཐཱ་ག་ཏ་མཧཱ་ཤྲི་ཧེ་རུ་ཀ། མ་ཧཱ་ཀྲོ་དྷི་ཤཱ་རི་ཧཱུཾ་ཕཊ། རུ་ལུ་རུ་ལུ་ས་མ་ཡ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷཡོ་ཧཱུཾ། ཨོཾ་རཏན་མ་ཧཱ་ཤྲི་ཧེ་རུ་ཀ། རཏན་མ་ཧཱ་ཀྲོ་དྷི་ཤྭ་རི་བི་ད་མ་ཧཱུཾ་ཕཊ། རུ་ལུ་རུ་ལུ་མ་ཧཱ་ས་མ ་ཡ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷཡོ་ཧཱུཾ། ཨོཾ་ཧྲི(རྒྱུད་འགྲེལ་ཨོཾ་མ་ཧཱ་སརྦ་ཏ་ཊཱ་ག་ཏ་བཛྲ་རཏན་པདྨ་ཨ་མོ་ཀ་མ་ཧཱ་བཛྲ་ཤྲཱི་ཧེ་རུ་ཀ། མ་ཧཱ་ས་མ་ཡ་ཧ་ཧེ་ཧཱུཾ་ཕཊ་།རུ་ལུ་རུ་ལུ་ཧཱུཾ་བྷཡོ་ཧཱུཾ། ཨེ་འོ་ཡ་མཚན་འཕྲུལ་ཆེན་གྱི། །སངས་རྒྱས་རྡོ་རྗེ་རང་བཞིན་དཔལ། དུག་དང་བདུད་རྩི་ཁྱད་མེད་པར། །དག་པའི་རང་བཞིན་རྣལ་འབྱོར ་ཐུགས། །ཀུན་ཏུ་བཟང་པོ་རྡོ་རྗེའི་སྐུ། །ཡེ་ཤེས་ལྔ་ཡི་ཁྲོ་རྒྱལ་གཙོ། །ཁྲག་འཐུང་འཇིགས་བྱེད་ཧེ་རུ་ཀ་།སངས་རྒྱས་མཛའ་ཡས་འགྲོ་བ་རྒྱ་མཚོ་འདུལ། །ཐུགས་རྗེ་བསམ་ཡས་ཁྲོ་རྒྱལ་ཀུན་གྱི་གཙོ། །ཁྲག་འཐུང་ཀུན་ལ་ཆེས་འཕགས་ཡིད་བཞིན་མཛད ་སེར་ནག་མཐིང་ནག་དམར་ནག་དང། །སྔོ་ནག་རི་རབ་ལྟ་བུར་བརྗིད་པའི་སྐུ། །སྐལ་པར་བཅས་པའི་མེ་རིའི་དབུས་གནས་པའི། །རོ་ཚོགས་མང་པོའི་དཀྱིལ་ན་ཞལ་རྔམ་པའི། །བསོད་ནམས་ལུས་འདུས་རྡོ་རྗེ་མི་ཟད་པའི། །སྐར་ཚོགས་མང་པོ་ཉི་ཟླའི་འོད་བཞིན་དུ། །ཆེ་བ་ཙན་དྲེགས ་པས་འཇིགས་པའི་ཚོགས་ཀུན་འཇོམས། །མཚུངས་མེད་ཆོ་འཕྲུལ་ཁྱད་པར་སྟོན་པ་ཡི། །འདོད་པའི་དབང་ཕྱུག་གར་གྱི་ཚུལ་བཞིན་བཞུགས། །ཟ་བྱེད་རྔམ་པས་ཐུགས་སྐུ་གསུང་གི་ཞལ། །ཁྲག་མཚོ་མཛའ་མེད་བསྐེམས་ཤིང་སྐལ་ཚོགས་འཇོམས། །ཁྲོ་གཉེར་སྙིང་འདྲེན ་འཇིགས་བྱེད་ཀློག་ལྟར་འགྱུར། །དུར་ཁྲོད་འབུམ་གྱི་དབུ་སྨུག་འཇིགས་པར་བརྗིད། །འཁོར་བའི་རྟོག་པ་འཇིག་མཛད་ཐོང་རློན་ཕྲེང་བས་བསྒེགས་།རོལ་ཕྱིར་རྩེ་མོར་སྣང་བས་ཨ་ཨ་ཧ་ལས་བཞད། །རང་ཉིད་ཆེ་བས་དབང་རྫོགས་དབུ་ལ་བརྒྱན། །སྨིན་རིས་ཁྲ་གཉེར ་གློག་བཞིན་རབ་འགྱུར་བས། ཕྱོགས་དང་འཐུན་པའི་ཁྲག་འཐུང་འགྱེད་ཅིང་བསྡུད། །སྤྲུལ་པ་དེ་ལྟ་བུས་ནི་ཟིལ་གནོན་པ། །འཇིགས་པའི་མུན་པའི་ཚོགས་ཆེན་རབ་བཤམས་ཀྱང། །སྡང་མིག་སྤྱན་ནི་ཉི་ཟླ་རྒྱས་འབར་བས། །འཇིགས་པའི་ཚོགས་ཕུང་སྡུག ་བསྔལ་གཏན་ནས་སྦྱོང། །ཁྲོས་པས་ཞལ་གདངས་སོ་ཆེན་བརྩིགས་འབར་བས། །སྲིད་པའི་རྩེ་ནས་དམྱལ་ཁམས་བསྙེགས་པ་ལྟར། །འཇིག་རྟེན་དུས་གཅིག་མིང་མཛད་ལམ་དྲུག་གཏན་ནས་གཅོད། །ཡེ་ཤེས་ཕྱག་བསྣམས་ཕྱག་མཚན་འབར་བ་ཡིས། །སྲིད ་གསུམ་མ་ལུས་རྡུལ་ཕྲན་སྟོབས་པར་མཛད། །རྐན་སྒྲས་རོལ་པས་འགྲོ་བ་ཕེག་བརྡེབས་བཞིན། །ཁམས་གསུམ་ཀུན་ལ་ཆོས་སྟོན་རྒྱས་པར་མཛད། །ཟས་སུ་ཁྲག་འཐུང་རྡོ་རྗེ་ཆེ་མཆོག་གསོལ། །འཇིགས་ཚོགས་བསད་པའི་ཀོ་རློན་གཡང་གཞིར་བསྣམས།། ་ཀླུ་འདུལ་ཡོན་ཏན་སྤྲུལ་ནག་སྟོང་གིས་ཀླུབས། །འཇིགས་བཅས་ཀླུ་ཡི་ཚོགས་ཀྱང་ཞབས་ཀྱིས་མནན། འདོད་ཆགས་འདུལ་བས་འདོད་ཆགས་ཀུན་གྱི་གཙོ། །འདོད་ཆགས་ཆེན་པོ་འདོད་ཆགས་ཉིད་ཀྱི་སྐུ། །མང་པོ་འཁོར་བཅས་འཇིགས་པ ་འཁོར་དུ་བྱས། །ཞེ་སྡང་འདུལ་བ་ཞེ་སྡང་ཀུན་གྱི་གཙོ། །ཞེ་སྡང་གདུག་བ་ཞེ་སྡང་ཀུན་གྱི་སྐུ། །འཇིགས་པའི་ཚོགས་རྣམས་འོད་ཀྱིས་ཀུན་བཞུ་བ། །རབ་ཏུ་འཇིགས་པའི་འཇིགས་པས་འཇིགས་པའི་གཟུགས། །གཏི་མུག་འདུལ་བ་གཏི་མུག ་ཉིད་ཀྱིས་གཙོ། །གཏི་མུག་བློ་སེལ་གཏི་མུག་ཆེན་པོའི་སྐུ། །མི་ཕྱེད་ཁྲག་འཐུང་སྲེན་ཆེན་རི་རབ་བསྟན། །ང་རྒྱལ་འདུལ་བ་ང་རྒྱལ་ཀུན་གྱི་གཙོ། །འཇིགས་ཚོགས་བསད་ནས་རོ་ཚོགས་མང་གི་གནས། །ཞལ་བགྲང་མཆེ་བཅིགས་ཆོག་པའི་དུས་མཛའ་མེད། །འཇིགS ་བས་ཕེབས་བར་དཀའ་ཞིང་རབ་ཏུ་བསྔགས། །ཕྲག་དོག་འདུལ་བས་འཕྲག་དོག་ཀུན་གྱི་གཙོ། །ཕྲག་དོག་ཆེ་མཆོག་ཁ་དོག་ཆེན་པོའི་སྐུ། །བུད་མེད་ཀུན་བསྡུས་དཀྱིལ་འཁོར་དབུས་གནས་ཤིང། །ལམ་ནོར་གདུག་པར་བཅས་པར་ཕར་གྱིས་གསོད། །ཞིང་གཤམ? ་ཐབས་གདུག་པ་འདུལ་བར་མན་བས། །སྐུ་འདྲ་འཇིགས་གཟུགས་ཀྱིས་སྐུ་ལ་བརྒྱན། །ཞབས་དང་ཕྱག་ཏུ་གྱུར་པ་བསམ་ཐག་ཆད། །ཞབས་ཆེན་གཡོན་པ་བརྐྱང་པས་ལྷ་གནོན་བདུད་ལ་ཁྱབ། །ཞབས་གཡས་ཐབས་ཆེན་མང་པོས་དབང་བསྡུས་འདོར་ཞིང་བསྐུམ། །རྡོ་རྗེ ་སེ་གོལ་ཕྱག་བསྔབས་གཉིད་ཆེན་རབ་སེལ་མཛད། འོད་ཆེན་དབུས་ན་ཀློག་ཆེན་རབ་འགྱུར་བ། །འཇིགས་པར་ཀློང་ན་མེད་པའི་དཔའ་བོ་ཁྱོད། །ཟས་ངན་བདུད་རྩིར་སྦྱར་བའི་སྨན་ཆེན་བདག། འཇིགས་བྱེད་ཁྱེད་ལྟ་བུ་ནི་རབ་ཏུ་བཀོན། །བསྐལ་པར་བགྲུས་ཀྱང་སླར་སྐྱེ་དྲི་མ ་ལ། ཡེ་ཤེས་ཉི་ཟེར་འོད་ཀྱིས་བྱིན་བརླབས་དང། །ཐུགས་རྗེ་དག་པའི་ཆར་གྱི་ཆོ་འཕྲུལ་གྱིས། །བརྡ་ཙམ་ཡུལ་ལ་རྨོངས་འཁྲུད་ལས་སྦྱོང་ཞིང། །ཤི་བའི་ལམ་འགོག་ཤེས་རབ་དཀྱིལ་འཁོར་དུ། །སྐྱེ་བ་བཏང་ནས་སྦྱོང་བ་ཐུགས་རྗེ་འཆར། །བྱམས་སྡང་མི་མངའ་བཀའ་ ་དྲིན་ཆེན་པོའི་གཏེར། །ཁྲག་འཐུང་སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ། །བསྙན་པའི་དངོས་གྲུབ་དྲིན་ལན་དུ། །གླུ་དྲུག་བསྟོད་པས་སྔོན་ཡང་བྱ། །གོས་རྒྱན་བཟའ་བཏུང་གླུ་ཚིག་དང། །བྲོ་གར་ཨ་ལི་ཀ་ལི་དག། སྲོག་དང་ལྡན་པས་བསྡུས་བྱས་ཏེ། །ཚོགས་ཕྱིར ་ཧཱུཾ་གིས་མཆོད་ཅིང་རོལ། །བདག་ཉིད་འདུལ་བའི་དབང་ཕྱུག་དུ། །རྟག་ཏུ་མཉམ་བཞག་ཁྲོ་བོའི་ཚུལ། །འཁོར་གྱི་ཁྲོ་བོ་དེ་བཞིན་ཏེ། མདོག་དང་ཕྱག་རྒྱ་ཐམས་ཅད་དང། །སྔགས་མཆོག་དམ་པ་མ་ལུས་གདོན། །ལྷག་མ་གཡོན་པས་རེག་བྱས་ཏེ། །ལན་གསུམ ་བརྗོད་དེ་བྱིན་བརླབས་པའང། །ོཾ་ཨཾ་ཧཱུཾ་ཨུ་ཙི་ཏི་སྟ་བཛྲ་མ་ཏི་ཏི་སྟཝ་སྭ་མཾ། །དེ་ནས་ཕྲ་མེན་འཁོར་བསྡུས་ནས། །སོ་སོ་ལས་དང་མཐུན་བྱས་ཏེ། །སོ་སོའི་གནས་སུ་བཞག་པར་བྱ། །དབང་དུ་བསྡུས་དང་བསྒོ་བའི་ཐབས། །ཐམས་ཅད་མ་ལུས་བྱོས་ཤིག ་པ། ལྷག་མ་བྱིན་ནས་དབང་ཡང་བསྐུར། །རང་གི་དམ་ཚིག་རབ་བསྒྲགས་པས། །གང་འདོད་ལས་དེ་བྱེད་པར་བསྒོ། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །ཤིན་ཏུ་གདུགས་ཅིང་གཏུམ་བག་ཅན། །ཐམས་ཅད་མ་ལུས་འདུལ་མཛད་པའི། །དབང་དང་བྱིན་རླབས ་རྨད་པོ་ཆེ། །ལྷ་ཆེན་ལ་སོགས་དབང་བསྡུས་ན། །འཁོར་རྣམས་རང་གི་སླས་སུ་བྱས། །སོ་སོའི་ལས་རྣམས་བསྐོས་པ་དེ། །ཇི་ལྟར་ཁས་སླངས་དམ་བཅས་པའི། །མ་རྟོགས་མྱུར་དུ་མངོན་པར་ཕྱུང། །དམ་བཅས་བཞིན་དུ་མ་བྱས་ན། །ཇི་ལྟར་རང་གི ་མནའ་བོར་བའི། །བསྡོམ་བཅས་དེ་ལས་འདའ་མ་བྱེད། །དམ་ཚིག་དེ་ལས་འདས་གྱུར་ན། །མགོ་ལུས་སྙིང་ཡང་ཚལ་བ་བདུན། །ཡག་ཤ་ཁྲོ་བོས་གཏུབ་པར་འགྱུར། །དེ་བས་རྣལ་འབྱོར་སྔགས་འཆང་གིས། །ཇི་ལྟར་བཅོལ་བ་བཞིན་དུ་བྱོས།། ་ལས་དེ་མངོན་དུ་མ་བྱས་ནས། །རང་གིས་མངའ་བོར་ཁས་བླངས་པའི། །རུལ་མྱགས་ཚིག་ནས་དམྱལ་བར་འགྲོ། །རྣལ་འབྱོར་དམ་ལ་གནས་གྱུར་པའི། །ལས་རྣམས་ཡོངས་སུ་བྱ་བ་དང། །འཁོར་རྣམས་བུ་གཅིག་བཞིན་དུ་སྐྱོངས། །ཕྲ་མེན་མ་ཡང་དངོས ་གྲུབ་ཐར?། །བཅོལ་བའི་ལས་རྣམས་མངོན་དུ་བྱོས། །ཞེས་བསྒོའོ། །གཞན་ཡང་འགྲོ་བ་ཐམས་ཅད་ལ། །འདོད་ཡོན་ལྔ་ཡིས་སྦྱིན་པ་བཏང། །དེ་ནས་ལས་རྣམས་རྫོགས་བྱས་ནས། །དབང་ཕྱུག་ཆེན་པོར་གནས་བརྟན་ནས། །རིགས་ལྔ་ཡེ་ཤེས་ལྔ་ལ་སོགས།། ་འཁོར་གྱི་དཀྱིལ་འཁོར་མ་ལུས་པ། །བདག་ལ་ཐམས་ཅད་བསྡུ་བར་བྱ། །སྤྱོད་ལམ་རྣམ་བཞིར་མ་ཉམས་བྱ། །དེ་ལྟར་བསྒྲུབ་པའི་དང་འཆད་པ། །ཡེ་ཤེས་ཚོགས་གཉིས་རྫོགས་བྱས་ནས། །རིག་པ་འཛིན་པའི་ས་ལ་གནས། །ཐེག་དམན ་སྤྱོད་པར་ཡོངས་མི་འགྱུར། །མི་ཁོམ་གནས་སུ་སྐྱེ་མི་འགྱུར། །སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ། །སངས་རྒྱས་ཞིང་ཡང་སྦྱོང་བར་བྱེད། །ངན་སོང་གནས་རྣམས་སྟོངS་པར་བྱེད། །ཡང་དག་མཆོག་གི་སྙིང་པོ་འགྲུབ། །ལས་ཀྱི་ཕྲེང་བ་བསྡུས་པ་ཡིས།། ་ཀུན་ཀྱང་ཚོགས་ཆེན་ས་ཐོབ་ཤོག། །།ཁྲོ་བོ་ཡང་དག་སྒྲོན་མ་བཞུགས།། །།ཡེ་ནས་སྤྲོས་མེད་ལྷུན་གྱིས་གྲུབ། །ཡེ་ཤེས་མཁྱེན་ལྡན་སྐུ་གསུངས་རྫོགས་པའི་དཔལ། །ཚད་མེད་ཡོན་ཏན་རྒྱ་མཚོའི་ཚོགས་མངའ་ཡིས? ་